གངས་ལྗོངས་ཨ་ཅག་ལགས་

ཡོང་ཁུངས་Wikipedia
Jump to navigation Jump to search

བོད་ཀྱི་གླུ་གཞས་ཞིག་གི་མིང་ཡིན་ནོ་

གཞས་ཚིག་[རྩོམ་སྒྲིག]

༄༅། གངས་ལྗོངས་ཨ་ཅག་ལགས། གལ་ལེར་རྒྱང་རིང་ནས་ཡོང་། སེམས་གཏིང་གི་གླུ་གཅིག་ལེན། དབུ་སྐྲ་སིལ་ལས་འཇམ་པ། གངས་ལྗོངས་ཨ་ཅག་ལགས། གལ་ལེར་རྒྱང་རིང་ནས་ཡོང་། ཞལ་རས་གངས་ལྷ་མེ་ཏོག་བཞད་པ་དེ་དང་འདྲ་བྱུང་། ཡར་ཀླུང་གཙང་པོ་བརྒལ་ནས། ཧི་མ་ལ་ནས་ཐོན་སོང་། རབ་དཀར་ལྷད་མེད་ཀྱི་སེམས། ཐག་རིང་ཕྱོགས་ལ་འཕུར། ཨོའོ་ ཡ་ལ་སོའོ།

གཞས་པ་[རྩོམ་སྒྲིག]