གངས་རི་སྐལ་ལྡན་དགོན།

ཡོང་ཁུངས་Wikipedia

༈ དེ་ནས་གུང་རུ་ལྡིང་འོག་ལ། །གུང་རུ་སྐལ་ལྡན་དགོན་པ་ནི། །རབ་བྱུང་དྲུག་པའི་ནང་ཚུད་ལ། །རྒྱ་སྟོན་ཆོས་རྗེའི་བཏབས་པ་འོ། །གཞན་ཡང་ཁ་ཅིག་རྒྱ་སྟོན་པ། །ནམ་མཁའ་རྡོ་རྗེས་བཏབ་ཞེས་བརྗོད། །གྲུབ་མཐའ་བཀའ་བརྒྱུ་པ་ཡིན་ནོ། །ང་དགུའི་དུས་སུ་རྩ་གཏོར་སོང་། །རབ་བྱུང་བཅུ་དྲུག་སྤྱི་ལོ་ནི། །ཆིག་སྟོང་དགུ་བརྒྱ་གྱ་ལྔ་ལོར། །བླ་མ་ཡེ་ཤེས་རྡོ་རྗེ་དང་། །མགོན་རྟོགས་ལེགས་ལྡན་དུང་ལུ་སོགས། འབྲེལ་ཡོད་ཀྱིས་ཉམས་གསོ་མཛད། །གྲུབ་པའི་མཐའ་ནི་སྔར་བཞིན་ནོ།།

༏ ཀུ་ཁུ་རི་ཁྲོད་ཞེས་པ་ནི། །རབ་བྱུང་དྲུག་པའི་ནང་དུ་ནི། །རྒྱ་སྟོན་ནམ་མཁའ་རྡོ་རྗེ་ཡིས། །ཕྱག་བཏབས་ཡིན་ཞེས་བཤད་གསོལ་འདུག །གྲུབ་པའི་མཐའ་ནི་བཀའ་བརྒྱུད་པ། །ང་དགུའི་དུས་སུ་རྩ་གཏོར་སོང་། །ད་ལྟ་ཉམས་གསོ་བྱུང་མེད་དོ།།

༏ མཚམས་ཁང་རི་ཁྲོད་ཞེས་པ་ནི། །བསྟན་གྲགས་སྤྲུལ་སྐུས་ཕྱག་བཏབ་ལ། །ལོ་དུས་གང་ཡིན་མི་གསལ་ལ། །ང་དགུའི་དུས་སུ་རྩ་བརླག་སོང་། །རབ་བྱུང་བཅུ་དྲུག་སྤྱི་ལོ་ནི། །ཆིག་སྟོང་དགུ་བརྒྱ་གྱ་དྲུག་ལོར། །བླ་མ་ཡེ་ཤེས་རྡོ་རྗེ་དང་། །མགོན་རྟོགས་ལ་སོགས་འབྲེལ་ཡོད་ཀྱིས། །སླར་ཡང་ཉམས་གསོ་མཛད་པ་འོ། །གྲུབ་མཐའ་བཀའ་བརྒྱུད་པ་ཡིན་ནོ།། །དེ་ལྟར་དགོན་གཅིག་རི་ཁྲོད་གཉིས། །གུང་རུ་ལྡིང་དཔོན་མངའ་ཁོང་ཡིན།