Jump to content

ཁྲི་སྙན་ས་ལེ།

ཡོང་ཁུངས་Wikipedia
ཁྲི་སྙན་ས་ལེ།

ཁྲི་སྙན་ས་ལེ་ནི་འུ་འཐུང་སྲོག་ཆགས་ཀྱི་རིགས་གཅིག་རེད།



ལོ་རྒྱུས།

[རྩོམ་སྒྲིག]

༄༅།།དེ་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ་ལས། པདྨ་དག་གི་གདན་ལ་བཞུགས། །ཕྱག་ན་པདྨ་བཟང་པོ་བསྣམས། །རིལ་བ་སྤྱི་བླུགས་ཕྱག་ན་བསྣམས། །ཁྲི་སྙན་ས་ལེའི་པགས་པ་མནབས། །ཞེས་འཕགས་པ་སྤྱན་རས་གཟིགས་ཀྱིས་རི་དྭགས་ཁྲི་སྙན་ས་ལའི་པགས་མནམས་པར་གསུངས་ཤིང་།

རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་བཤད་པ་ལས།

བྱོལ་སོང་གི་སྐྱེ་གནས་སུ་སྐྱེས་པའི་རི་དྭགས་ཁྲི་སྙན་ས་ལེ་ཡང་རྟག་ཏུ་སེམས་ཅན་ལ་བུ་གཅིག་པ་བཞིན་དུ་སེམས་པའི་སྙིང་རྗེ་དང་ལྡན་ན་ཐེག་པ་ཆེན་པོ་རྣམས་ཀྱིས་ལྟ་ཅི་སྨོས། ཞེས་རི་དྭགས་ཁྲི་སྙན་ས་ལེ་འདི་རྟག་ཏུ་སེམས་ཅན་ལ་བུ་གཅིག་པ་བཞིན་དུ་སེམས་པའི་སྙིང་རྗེ་དང་ལྡན་པར་བཤད་པས་བྱམས་སྙིང་རྗེ་ཡང་དག་འབྱུང་བ་ལ་ཤིན་ཏུ་ཕན་པའི་རྟེན་འབྲེལ་ལས་རྒྱ་བོད་ཀྱི་སྒོམ་ཆེན་པ་མང་པོའི་གདན་རི་དྭགས་འདིའི་པགས་པས་བྱེད་སྲོལ་ཡོད་འདུག་ཅིང་།

རྗེ་བཙུན་མི་ལའི་བླ་མ་དྲན་དྲུག་གི་མགུར་ལས། གནས་ཆེན་གྲོ་བོ་ལུང་གི་དགོན་པ་ན། །རྡོ་ཆེན་ཨ་མོ་ལི་ཀའི་ཁྲི་སྟེང་ན། །གདན་ཁྲི་སྙན་ས་ལེའི་པགས་སྟེང་ན། །དེ་ན་སུ་བཞུགས་སུ་མི་བཞུགས། །དེ་ན་སྒྲ་སྒྱུར་མར་པ་བཞུགས། །ཞེས་སྒྲ་བསྒྱུར་མར་པ་རི་དྭགས་ཁྲི་སྙན་ས་ལའི་པགས་གདན་གྱི་སྟེང་དུ་བཞུགས་པ་བཤད་ལ།

ལོ་ཙཱ་བ་རིན་ཆེན་བཟང་པོའི་གདན་སའི་མཐོ་ལྡིང་ལྷ་ཁང་གི་ལྡེབ་རིས་ལ་ལྷ་ཁང་གི་སྟེང་གི་རི་དྭགས་ཆོས་ཉན་ཆོས་འཁོར་གྱི་རི་དྭགས་ལ་རི་དྭགས་ཁྲི་སྙན་ས་ལེ་བྲིས་ཡོད་པས་རང་རེ་བོད་ཀྱི་འདུ་ཁང་དང་ལྷ་ཁང་སོགས་ཀྱི་སྟེང་གི་རི་དྭགས་ཆོས་འཁོར་གྱི་རི་དྭགས་འདི་ཡིན་པ་རྒྱ་གཞུང་དུ་ཁུངས་གསལ་བོར་ཡོད།

བླ་མ་མི་ཕམ་པའི་སྐད་གཉིས་ཤན་སྦྱར་ལས། ཁྲི་སྙན་ས་ལེའམ་ནག་ཁྲ། འཆི་མེད་མཛོད་ཀྱི་འགྲེལ་ལས་འདི་ལ་རི་དྭགས་ནག་ཁྲ་དང་། གཞུང་ནག་ཅེས་བྲིས་ཡོད་ཅེས་རྨེ་སྤྲུལ་རིན་པོ་ཆེས་གསུངས།


འདིའི་མིང་གི་རྣམ་གྲངས། ཀྲྀཥྞ་སཱ་ར། ཁྲི་སྙན་ས་ལེ། ཁྲི་སྙན་སཱ་ར། རི་དྭགས་གཞུང་ནག ཁྲི་གཉན། ནག་ཁྲ་རྣམས་སོ། ། འཕྲིན་སྟེགས་ཤིག་ལས་བཏུས། རྩོམ་མཁན་མི་གསལ།

པར་རིས་བར་འཁྱམས།

[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།

[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།

[རྩོམ་སྒྲིག]

ད་དུང་གཟིགས།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]