ཁྲི་སྒྲ་དཔུང་བཙན་

ཡོང་ཁུངས་Wikipedia

ཁྲི་སྒྲ་དཔུང་བཙན་ ཁོང་ནི་སྤྱི་ལོའི་དུས་རབས་གཉིས་པའི་དུས་སྨད་ཙམ་དུ་ཡབ་རྒྱལ་པོ་ཁྲི་བཙན་ནམ་དང་། ཡུམ་སྨན་ས་ཁྲི་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གི་སྐུ་བོན་ནི་ཞང་ཞུང་མུ་ཧ་ལ་རྒྱལ་གྱིས་མཛད། བཙུན་མོ་སྨན་བཟའ་ཀླུ་སྟེངས་ཁབ་ཏུ་བཞེས་ཏེ་རིགས་སྲས་ཁྲི་ཐོག་རྗེ་བཙན་སྐུ་འཁྲུངས། ཁོང་གི་བང་སོ་གངས་དཀར་རྩེ་ལ་བཏབ། ཁོང་ནི་འོག་གི་བཙན་ལྔ་ལས་བཙན་གསུམ་པ་ཡིན་ནོ།།