ཁྲན་ཅུན་ཝུ།

ཡོང་ཁུངས་Wikipedia
ཁྲན་ཅུན་ཝུ།
སྐྱེས་པའི་ཟླ་ཚེས་Template:Br separated entries
སྐྱེ་ས།པེ་ཅིང་གྲོང་ཁྱེར། Edit this on Wikidata
ཤི་བའི་ཚེས་གྲངས་Template:Br separated entries
རྒྱལ་ཁོངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ། Edit this on Wikidata
མ་ཡུམ་སློབ་གྲྭ་Peking University Edit this on Wikidata
ལས་རིགས།chemist Edit this on Wikidata
Template loop detected: Template:Infobox person/Wikidata

ཁྲན་ཅུན་ཝུ་ནི་རྡོ་སྣུམ་བཙོ་སྦྱང་བཟོ་སྐྲུན་མཁས་ཅན་ཞིག་ཡིན། ༡༩༢༧ལོའི་ཟླ༣ཚེས༡༧ཉིན་པེ་ཅིང་དུ་སྐུ་འཁྲུངས་ཤིང་ཕ་ཡུལ་ནི་ཧྥུ་ཅན་གྲང་ལར་ཡིན། ༡༩༤༨ལོར་པེ་ཅིང་སློབ་ཆེན་ནས་སློབ་ཐོན་བྱུང་། ཀྲུང་གོའི་རྡོ་སྣུམ་རྫས་བཟོ་ཚོགས་པ་ལོའོ་ཡང་རྡོ་སྣུམ་རྫས་བཟོ་ལས་བཟོ་སྐྲུན་ཀུང་སིའི་ལག་རྩལ་ཨུ་ལྷན་གྱི་ཀྲུའུ་རེན་ཡིན། དེ་སྔ་བཟོ་སྐྲུན་ཀུང་སི་དེ་གའི་སྒྲིག་སྦྱོར་ཇུས་འགོད་པ་དང་། བཟོ་གྲྭའི་ཇུས་འགོད་པ། སྤྱི་ཁྱབ་བཟོ་བཀོད་པ། རྡོ་སྣུམ་བཟོ་ལས་ཚན་པའི་སྣུམ་བཙོ་སྦྱང་ལག་རྩལ་གྱི་འགག་སྒྲོལ་ཚོ་ཚུང་གི་ཆེད་ལས་དབུ་འཛིན་བཅས་ཀྱི་འགན་བཞེས་མྱོང་། ༡༩༩༠ལོར་“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་གྲྭའི་ཇུས་འགོད་ཆེན་མོའི་”མཚན་སྙན་གནང་། ༡༩༩༡ལོར་ཀྲུང་གོའི་ཚན་རྩལ་གླིང་རིག་གནས་ཚན་ཁག་གི་ཨུ་ཡོན་ལ(ཡོའན་ཧྲི)བདམས་ཐོན་བྱུང་།

གཙོ་བོ་རྡོ་སྣུམ་བཙོ་སྦྱང་ལས་གྲྭའི་ཇུས་འགོད་དང་ལག་རྩལ་གསར་སྤེལ་གྱི་ཕྱག་ལས་གནང་གི་ཡོད། དུས་རབས༢༠ལོ་རབས༦༠རང་རྒྱལ་གྱི་རྒྱུག་གཟུགས་ཅན་གྱི་འདེད་འགྱུར་གས་འགྱུར་གྱི་བཟོ་ལས་སྒྲིག་སྦྱོར་ཐོག་མ་དེ་ཇུས་འགོད་ལེགས་འགྲུབ་བྱུང་བ་དང་། ལོ་རབས༨༠པར་རང་རྒྱལ་གྱི་ཕྱོགས་གཅིག་རྟེན་རྣམ་པའི་འདེད་འགྱུར་གས་འགྱུར་གྱི་བཟོ་ལས་སྒྲིག་སྦྱོར་ཐོག་མ་དེ་ཁྲིད་སྟོན་ཇུས་འགོད་ལེགས་འགྲུབ་བྱུང་ཞིང་། རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་བྱ་དགའ་རིམ་པ་དང་པོ་ཐོབ་ལ། ཕྱིས་སུ་འདེད་འགྱུར་གས་འགྱུར་གྱི་བཟོ་སྐྲུན་ལག་རྩལ་ལ་མུ་མཐུད་ལེགས་བཅོས་གནང་བས་གྲུབ་འབྲས་མི་ཉུང་བ་ཐོབ་ཡོད། དེ་སྔ《འདེད་འགྱུར་གས་འགྱུར་གྱི་བཟོ་རྩལ་དང་བཟོ་བཀོད》ཅེས་པ་གཙོ་སྒྲིག་གནང་མྱོང་།

པར་རིས་བར་འཁྱམས།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག[རྩོམ་སྒྲིག]