ཁྲག་གཏར་བའི་གསོ་བཅོས་
ངོ་སྤྲོད་མདོར་བསྡུས།
[རྩོམ་སྒྲིག]ཁྲག་གཏར་བའི་གསོ་བཅོས་ནི་གནའ་སྔ་མོ་ནས་ཡོད་པའི་སྨན་བཅོས་བྱ་ཐབས་ཞིན་ཡིན། དེ་ཡང་མིའི་ལུས་པོའི་ཐོག་གི་ཆེད་བཙུགས་ཀྱི་ཁྲག་རྩ་རྟོལ་ནས་ཁྲག་གཙགས་ཤིང་ངན་ཁྲག་ཕྱིར་འབུད་ནས་ནད་གཞི་བཅོས་པའི་ཐབས་ཤིག་ལ་ཟེར།
ལོ་རྒྱུས།
[རྩོམ་སྒྲིག]ད་ལྟའི་བར་ལ་ལོ་རྒྱུས་ནང་འགོད་པའི་སྨན་བཅོས་ཀྱི་ཐབས་འདི་ལས་སྔ་བ་དང་འདི་ལས་རྙོག་རྫིང་ཆེ་བ་ཞིག་གང་ཡང་མ་མཐོང་། ལོ་ངོ་༣༠༠༠སྔོན་གྱི་ཨེའི་ཅེ་(埃及)རྒྱལ་ཁབ་ནང་ནད་གཞི་བཅོས་ཐབས་འདི་ཐེངས་ཐོག་མར་ཟིན་ཐོར་འགོད་པ་ཡིན། ཁྲག་གཏར་བའི་གསོ་བཅོས་འདི་དུས་རབས་༡༩པའི་ནང་ནད་ཐོག་བེད་སྤྱོད་བྱེད་པའི་མཐོ་རླབས་ཤིག་ཕྱུརཡོད། དེ་ནས་ལོ་ངོ་བརྒྱ་ཕྲག་ཁ་ཤས་སོང་བའི་རྗེས་མི་རྣམས་ཀྱི་ནད་བཅོས་ཐབས་འདི་གདུག་རྩུབ་དང་རྨོངས་རྟུལ་ཆེ་བའི་བྱ་བ་ཞིག་ལ་ངོས་འཛིན་བྱས་ནས་བེད་སྤྱོད་ཇེ་ཉུང་ཏུ་སོང་བ་ཡིན། ཨ་ཤེ་ཡ་གླིང་ཆེན་དང་ཡོ་རོབ། དེ་བཞིན་ཨ་མི་རི་ཁ་གླིང་ཆེན་སོགས་སུ་སྨན་པ་དང་ལྷ་འབེབས་མཁན་ཚང་མས་ཁྲག་གཏར་བའི་གསོ་བཅོས་ལ་རྟེན་ནས་ནད་གཞི་བཅོས་ཀྱི་ཡོད། ཁོ་ཚོས་བེད་སྤྱོད་བྱེད་པའི་ལག་ཆ་ཡང་རྩེ་མོ་རྣོ་བའི་ཤིང་གི་ལོ་མ་དང་། སོ་རྣོན་པོ། དེ་བཞིན་ཆེད་མངག་བཟོས་པའི་མདའ་གཞུ་སོགས་འདྲ་མིན་སྣ་ཚོགས་ཡོད། སྨན་གཞུང་ནང་གསལ་བར་མིའི་ལུས་པོའི་ཐོག་ཁྲག་གཙགས་ཆོག་པའི་གནས་༤༣ཡོད་པ་དང་དེའི་ནང་ནས་༡༤མགོ་བོའི་སྟེང་ཡོད་པར་གྲགས། དེའི་དབང་གིས་འདས་ཟིན་པའི་དུས་རབས་ཁ་ཤས་ནང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྐྲ་བཞར་ཁང་མང་ཆེ་བ་ཁྲག་གཏར་བའི་གསོ་བཅོས་བྱ་ཐབས་ལ་བརྟེན་ནས་ནད་གཞི་བཅོས་སའི་སྨན་ཁང་ལྟ་བུར་འགྱུར་ཡོད། དུས་རབས་ཉི་ཤུ་པའི་ནང་ཁྲག་གཏར་བའི་གསོ་བཅོས་བྱ་ཐབས་འདི་ཉམས་པར་གྱུར། ཡིན་ན་ཡང་ད་ཆའི་ཞིབ་འཇུག་གསར་པ་ལྟར་ན་ང་ཚོས་ཁྲག་གཏར་བའི་གསོ་བཅོས་ཐབས་འདི་ལ་ཡོངས་སུ་དགག་པ་རྒྱབ་ནི་ནོར་འཁྲུལ་ཞིག་ཡིན་པར་བཤད་ཅིང་། ཁྲག་ནང་ལ་ལྕག་གི་རྒྱུ་མང་བ་ལས་ཐོན་པའི་ནད་གཞི་ལ་ཁྲག་གཏར་བའི་གསོ་བཅོས་བྱ་ཐབས་འདིས་ཕན་ནུས་ཧ་ཅང་མངོན་གསལ་དོད་པོ་རེད་ཅེས་ཀུན་ཀྱིས་མཁས་ལེན་བྱེད་ཀྱི་ཡོད། སྨན་པ་དང་ཞིབ་འཇུག་པ་མང་པོས་ཁྲག་གཏར་བའི་གསོ་བཅོས་བྱ་ཐབས་འདིས་ད་དུང་སྙིང་གི་ནད་དང་ཁྲག་ཤེད་མཐོ་བ། གློ་བར་ཆུ་བསགས་པའི་ནད་གཞི་སོགས་ལ་ཡང་ཕན་ཐོག་ཡོད་པར་བཤད།
ཕན་ནུས་གཙོ་བོ།
[རྩོམ་སྒྲིག]ཚ་བ་འཇགས་པ། ཟུག་གཟེར་འཇོམས་པ། དུག་སེལ། སྐྲངས་པ་འཇགས་པ། ཟ་གཡའ་འཇོམས་པ། བཤལ་བར་ཕན་པ། སྐྱུག་པ་འཇོམས་པ་སོགས་ཀྱི་ནུས་པ་ལྡན་ནོ།
བེད་སྤྱོད་བྱེད་འཚམ་པའི་ནད་རིགས།
[རྩོམ་སྒྲིག]གྲང་ངད་ཀྱི་ནད་དང་ཚོར་བ་ཉམས་པའི་ནད་རྟགས། རྐེད་པའི་ནད། འཕོངས་རུས་ཀྱི་དབང་རྩའི་ནད། མགོ་ན་བ། མིག་ན་བ། ཁྲག་རྡོག་ཐོན་པ། ཟུང་ཁྲག་ཟད་པའི་ནད། གཞོན་ནུའི་ཡ་ཐོར། རློན་ཐོར་སོགས་ལ་ཕན་ནུས་ཆེན་པོ་ཐོན་གྱི་ཡོད།