ཁང་ལུང་ལི།

ཡོང་ཁུངས་Wikipedia
ཁང་ལུང་ལི།
སྐྱེས་པའི་ཟླ་ཚེས་Template:Br separated entries
ཤི་བའི་ཚེས་གྲངས་Template:Br separated entries
Template loop detected: Template:Infobox person/Wikidata

ཁང་ལུང་ལི།(康龙丽)གསོ་རིག་གི་རྒྱུད་འཛིན་རིག་པ་དང་། ཁོར་ཡུག་དང་ནད་རིགས་འབྲེལ་ཡོད་ཀྱི་རྐྱེན་རྩ་ཞིབ་འཇུག་བྱེད་པའི་ལས་ལ་ཞུགས་པ། དེང་གི་ཀྲུང་གོའི་གསོ་རིག་སྐྱེ་དངོས་རྫས་འགྱུར་དང་ཆ་རྡུལ་སྐྱེ་དངོས་རིག་པའི་སློབ་ཚོགས་ཀྱི་ལས་འཛིན་པ། སློད་ཁྲིད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། 《ཕྱི་རྒྱལ་གྱི་གསོ་རིག་ས་ཁམས་ཡན་ལག》དུས་དེབ་ཀྱི་རྒྱུན་ལས་རྩོམ་སྒྲིག་ཨུ་ཡོན། ཀྲུང་གོའི་རྒྱུད་འཛིན་རིག་པའི་རྒྱུད་འཛིན་བློ་འདྲི་བྱ་ཡུལ་གྱི་སྨན་པ། གླིང་ཆེན་ཨ་མེ་རི་ཁའི་མིའི་རིགས་ཀྱི་རྒྱུད་འཛིན་རིག་པ་བཅས་ལ་རྒྱལ་ཁབ་ཀྱི་ཁྲིམས་འཛིན་གསལ་འབྱེད་ཀྱི་ཐོབ་ཐང་ཡོད།

རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩ་དང་ཚན་རྩལ་སྡེ་ཁག སློབ་གསོ་སྡེ་ཁག་སོགས་ཀྱི་ཚན་རིག་ཞིབ་འཇུག་རྣམ་གྲངས་༣༠ལྷག་ཙམ་གཙོ་འགན་བཞེས་ནས་ལེགས་སྒྲུབ་ཐུབ་ཡོད་པ་རེད། དཔྱད་རྩོམ་སྤེལ་བ་༡༠༠ལྷག གཙོ་སྒྲིག་གམ་ལེ་ཚན་ནང་ཞུགས་མཁན་ཚན་རིག་ཞིབ་འཇུག་གི་གསུང་རྩོམ་༤བཅས་ཡོད།

སྔ་ཕྱིར་སློབ་གསོ་སྡེ་ཁག་གི་རང་བྱུང་ཚན་རིག་བྱ་དགའ་དང་བོད་རང་སྐྱོང་ལྗོངས་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་སོགས་༡༠ལྷག་ཐོབ་པ་ཡིན།༺རྒྱལ་ཡོངས་ཀྱི་དམིགས་བསལ་ལེགས་སྐྱེས་འབུལ་མཁན་ན་གཞོན་ཆེད་ལས་མཁས་པ།༻དང་༺ལྔ་གཅིག་ངལ་རྩོལ་གཟེངས་རྟགས།༻དེ་བཞིན་༺རྒྱལ་ཡོངས་ཀྱི་ཕུལ་བྱུང་ཚན་རྩལ་ལས་དོན་པ།༻སོགས་ཀྱི་མཚན་སྙན་དང་གཟི་བརྗིད་ཐོབ།