Jump to content

ཀྱི་ལྕེ་དཀར་པོ་

ཡོང་ཁུངས་Wikipedia

སྔོ་སྨན་གྱི་རིགས་ཀྱི་ལྕེ་མེ་ཏོག་དཀར་པོ་འཆར་བ་ཞིག་རོ་ཁ། ཞུ་རྗེས་བསིལ། ནུས་པས་རྒྱུ་ཚད་དང༌། མཁྲིས་ཚད། མཆིན་ཚད་སོགས་ལ་ཕན། མིང་གི་རྣམ་གྲངས་ལ་སྐུ་དཀར་གནོད་སྦྱིན་ལྕེ་དང༌། ཁྱི་དཀར་དུང་གི་ཐག་པ་ཅན། པུ་དཀར་ཅན། བོང་རྣ་བ། ལ་ཕྲམ་དཀར་པོ། ཤ་ལང་པ། ཤ་ལང་འབངས། ཤེལ་ཏང་དཀར་པོ་བཅས་སོ། །

མིང་གཞན

[རྩོམ་སྒྲིག]

ཤེལ་ཏང་དཀར་པོ། ལ་ཕྲན་དཀར་པོ། ཤ་ལང་འབངས། ཏྲ་ཡ་ན་ཀུ་ཀུ་རྐ། བོ་རྣ་བ། སྐུ་དཀར། གནོད་སྦྱིན་ལྕེ། བུ་དཀར་ཅན། འདྲེ་རུག་པ་སོགས་ཀྱང་ཟེར།

སྤང་རྒྱན

འཁྲུངས་དཔེ་རུ། ཀྱི་ལྕེ་དཀར་པོ་སྤང་ལས་སྐྱེ། ལོ་མ་སྔོ་ལ་མཐུག་འཇམ་རིང་། སྡོང་པོ་དམར་ལ་མེ་ཏོག་དཀར། འབྲས་བུ་ནག་པོ་ལྕགས་ཕྱེ་འདྲ། ཞེས་བསྟན་པ་ལྟར་འདི་ནི་ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་སེར་སྐྱ་ཅུང་སྦོམ་ལ་རིང་བ་ཀ་རིལ་དབྱིབས་ཡིན་པ་དང་། ལོ་མ་ལྗང་སེར་མཐུག་ཅིང་སྣུམ་པར་འོད་མདངས་རྒྱས་པ་ཞེང་ཆེ་ལ་དཀྱུས་རིང་བ་མདུང་རྩེའི་དབྱིབས་ལ་རྩ་རིས་གསལ་བའི་ངར་བ་ཐུང་ཞིང་ལྡེམ་པ། རིང་ཐུང་སྐྱེ་གནས་དབང་གིས་ངེས་པ་མེད་ཅིང་། སྡོང་པོར་སྐྱེས་པའི་ལོ་མ་ཅུང་ཆུང་བ་ཁ་སྤྲོད་དུ་སྐྱེས་པས་སྨད་ཆས་སྡོང་པོ་བཏུམས་ཏེ་སྡོང་པོ་དང་ལོ་མའི་བར་མཚམས་ནས་ཡལ་ག་གྱེས་པ་དང་ཡལ་ག་མེད་པ་རྐྱང་པའང་ཡོད། མེ་ཏོག་དཀར་ལ་དམར་སེར་གྱི་མདངས་ཅུང་ཡོད། དབྱིབས་སྤང་རྒྱན་མེ་ཏོག་འདྲ་བ་སྡོང་པོ་དང་ཡལ་གའི་རྩེའམ་ལོ་མའི་མེ་མཚམས་ནས་རིམ་པས་བསྐོར་ནས་ཤར་ཞིང་། འབྲས་བུ་ཆུང་ལ་ནར་བའི་ནང་དུ་འབྲུ་གུ་སེར་ཞིབ་མང་པོ་ཡོད།