Jump to content

ཀོ་བྲག་པ་བསོད་ནམས་རྒྱལ་མཚན་

ཡོང་ཁུངས་Wikipedia

ཀོ་བག་པ་བསོད་ནམས་རྒྱལ་མཚན་ ཁོང་ནི་རབ་བྱུང་གསུམ་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ1182ལོར་དིང་རིར་ཡབ་གཙོ་བོ་རྒྱལ་གཡུང་དང་ཡུམ་སྟོད་མོ་རྗེ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གདུང་རུས་ནི་ལྡོང་ཡིན། རབ་བྱུང་བཞི་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ1261ལོར་སྐུ་གཤེགས། ཁོང་སེ་མིག་པ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། པཎ་ཆེན་ཤཱཀྱ་ཤྲཱི་ལས་བློ་སྦྱོང་གསན། བླ་མ་རྡོ་རྗེ་དཔལ་བ་ལས་རིག་འཛིན་བཅུ་དང་། རྫོགས་ཆེན་དམར་ཁྲིད་སོགས་ཆོས་མང་དུ་གསན། པཎ་ཆེན་རཏྣ་རཀྵི་ཏ་ལས་བདེ་མཆོག་གི་དབང་གསན། དགུང་ལོ་ཉི་ཤུ་རྩ་དགུ་པར་དགེ་སློང་གི་སྡོམ་པ་མནོས། དེ་ནས་ཏི་སེར་བྱོན་ཏེ་ལོ་ལྔའི་རིང་དུ་བཞུགས་པས་ཇི་ལྟ་བ་དང་ཇི་སྙེད་པའི་མངོན་སུམ་གྱི་ཡེ་ཤེས་བརྙེས། ཁྱད་པར་དུ་རྡོ་རྗེ་ལུས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་གཟིགས། དེ་ནས་མྱང་སྟོད་ཀོ་བྲག་ཏུ་དགོན་པ་གསར་འདེབས་མཛད་པས་ས་སྐམ་པོར་ཆུ་མིག་བརྡོལ། འགྲོ་བའི་དོན་རྒྱུན་མི་འཆད་པ་དང་རྒྱ་ཆེ་བ་སྒྲུབ་པའི་ཕྱིར་སློབ་མ་མང་དུ་བསྐྱངས་སོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་དཔལ་ཡང་དགོན་པ་དང་། རིན་པོ་ཆེ་རྒྱལ་མཚན་པ། རིན་པོ་ཆེ་ལྷ་བ། རིན་པོ་ཆེ་རྒྱལ་པོ། རིན་པོ་ཆེ་ཆོས་སྡིངས་པ། བྲན་སྟོན་ཤེར་སེང་། རྟོགས་ལྡན་དཀོན་སེང་སོགས་སོ། །

སློབ་དཔོན་འདི་ནི་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྫོགས་པའི་རིམ་པའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་ལ་མཁས་པའི་སློབ་དཔོན་ཞིག་ཏུ་ངོས་འཛིན་བྱས། ཁོང་བོ་བྷུ་ཏིའི་དུས་འཁོར་གྱི་བརྒྱུད་པ་དང་། དེ་བཞིན་བཀའ་བརྒྱུད་པའི་གྲུབ་མཐའ་དང་། ལམ་འབྲས་ཞ་མ་ལུགས་སོགས་དང་འདྲིས་ཆེ་ཞིང་དེར་གཏོགས་ཟེར་ཡང་། དངོས་སུ་ཆོས་བརྒྱུད་བྱེ་བྲག་པ་གང་གི་ཁོངས་སུ་གཏོགས་མིན་ཤེས་པར་དཀའ་