ཀུན་ཁྱབ་རོལ་མོ

ཡོང་ཁུངས་Wikipedia

ཀུན་ཁྱབ་རོལ་མོ Pop Music

ཀུན་ཁྱབ་རོལ་མོ་ཞེས་པ་ནི་གོ་བདེ་བ་དང་། བདེ་ལྕག་འཁྱུག་པ། ཁྱབ་གདལ་ཆེ་བ། ཉན་མཁན་མང་བ། རྩེད་འཇོ་དང་སྤྲོ་གསིང་དམིགས་བྱ་བྱེད་པ་བཅས་ཀྱི་རོལ་མོ་ལ་ཟེར་བ་དང་། ཡང་བའི་རོལ་མོ་དང་ཁྱབ་གདལ་རོལ་མོ་ཡང་ཟེར།

ཀུན་ཁྱབ་རོལ་མོ་ཞེས་པ་ནི་གོ་བདེ་བ་དང་། བདེ་ལྕག་འཁྱུག་པ། ཁྱབ་གདལ་ཆེ་བ། ཉན་མཁན་མང་བ། རྩེད་འཇོ་དང་སྤྲོ་གསིང་དམིགས་བྱ་བྱེད་པ་བཅས་ཀྱི་རོལ་མོ་ལ་ཟེར་བ་དང་། ཡང་བའི་རོལ་མོ་དང་ཁྱབ་གདལ་རོལ་མོ་ཡང་ཟེར། དེ་ནུབ་ཕྱོགས་སུ་བྱུང་ཞིང་དར་བ་རེད། སྤྱི་ཚོགས་ཐོག་ཏུ་དགོས་མཁོ་ཆེན་པོ་ཡོད་པས་གཞན་ལས་ཁྱབ་ཆེ་བ་དང་སྟབས་བདེ་ལ་གོང་ཁེ་བའི་འཛད་སྤྱོད་ཀྱི་ཆུ་ཚད་ལ་སླེབས་ཡོད་པ་རེད། ཀུན་ཁྱབ་རོལ་མོས་སྤྱིར་བཏང་ཉིད་རྒྱུན་གྱི་འཚོ་བ་ཉིད་བརྗོད་གཞི་བྱེད་པས་མངོན་སུམ་དང་ཉེ་བར་གཏུགས་ཡོད་པ་རེད། ཀུན་ཁྱབ་གླུ་དབྱངས་ཀྱིས་སྤྱིར་བཏང་བརྩེ་དགའ་དང་། གྱེས་དདུང་། དྲན་ཞེན་ལ་སོགས་མི་ཚེའི་མྱོང་ཚོར་མཚོན་པར་བྱེད་པ་དང་། ཀུན་ཁྱབ་རོལ་མོ་ལ་རྩེད་འཇོའི་ཤེས་ཆེ་ཙམ་ལྡན་ལ་བརྗོད་བྱ་རྗོད་བྱེད་ཚང་མ་རང་མོས་ཡིན་ཞིང་འགྱུར་བལ་ཆེ་བ་རེད། དེ་དག་འགྲོས་ཚིགས་གསལ་ལ་གཅིག་རྐྱང་ཡིན་པ་དང་། རྟ་དབྱངས་ཡིད་ལ་འཛིན་བྱེད་བདེ་བ་ཡོད་པས་མང་ཚོགས་ཀྱི་ཤས་ཆེན་པོ་ལྡན་ཡོད་པ་རེད། དུས་རབས20པའི་ལོ་རབས60-70པར་ཀུན་ཁྱབ་རོལ་མོ་ཉིད་རིམ་གྱིས་ཁྱད་ཆོས་སྣ་མང་དུ་གྱིར་བ་སྟེ། དཔེར་ན་ཁྱད་ཆོས་འདྲ་མིན་ལྡན་པའི་ལྗད་ཟི་རོལ་མོ་དང་རབ་ཁོལ་རོལ་མོ་ལྟ་བུ་ཡིན། རབ་ཁོལ་རོལ་མོས་སྐབས་དེར་དམག་འཁྲུག་ལ་ངོ་རྒོལ་བྱེད་པདང་། དུག་འཐེན་པ་སོགས་སྤྱི་ཚོགས་ཀྱི་གནད་དོན་ལ་དོ་སྣང་བྱས་ཡོད་པ་རེད།