ཀ་རྐྱང་ལེགས་བཤད་གུར་གུམ་མེ་ཏོག

ཡོང་ཁུངས་Wikipedia

ཞོགས་པའི་མཚམས་སྤྲིན་གྱི་ལང་ཚོ།། གཙང་བོའི་རླབས་ངོགས་སུ་འཕྱོ་དུས།། རྒྱང་རིང་ཡིད་རྟེན་གྱི་ན་ཆུང་།། སེམས་ཀྱི་དྲོད་ཐིགས་ལ་འཐིམ་སོང་།།

ཡུན་ཐུང་མཇལ་འཛོམས་ཀྱི་ཕྱི་མིག། སེམས་པའི་ཟབ་སུ་རུ་བརྐོས་དེ།། སླར་མཇལ་རེ་སྒུག་གི་སྤྲོ་བ།། ཡིད་ཀྱི་ཐེམ་བྱང་ལ་བསྟར་ཡོད།།


ལྷགས་རླུང་ཤུར་ཤུར་དུ་ལྡིང་ཞིང་།། སྡོང་ལོ་ཤུག་ཤུག་ཏུ་གཡོ་བས།། རྐང་དྲུག་བུང་བ་ཡི་ལྡིང་སྐོར།། སྔོན་གྱི་ལས་བསྐལ་དེ་དྲན་གི།།

དབྱར་གཞུང་རྩྭ་ཐང་གི་དྲི་མ།། ངེས་མེད་ཡུལ་ཕྱོགས་ལ་ཁྱབ་པས།། ངང་བའི་ཁྱུ་ཚོགས་ཀྱི་སྐད་བརྡ།། སེམས་ལ་གཟན་པ་དེ་ཡིན་འདུག།

ནོར་ནག་རི་ལུང་བ་ཁྱབ་ཀྱང་།། རང་བྱུང་མེ་ཏོག་གི་སྲོག་རྩ།། ནག་རིལ་དེ་དག་གི་སུག་པས།། སྐད་ཅིག་དེ་ཉིད་ལ་བཏུས་སོང་།།

ཀྱེ་མ་རྐང་དྲུག་ངའི་ལས་དབང་།། ཟིལ་མདངར་བདུད་རྩི་དེ་འདོད་ཀྱང་།། དངན་འཐེན་ཆོས་ཉིད་ཀྱི་བཀའ་བརྡར།། སུ་ཞིག་གཡོལ་བ་ཡང་སྟོངས་བསམ།།

དལ་མེད་སེམས་ངལ་གྱི་འགྲམ་ལྕགས།། རུལ་མེད་གནའ་རྫས་ཀྱི་རྔོམ་བརྗིད།། བབ་ཅོལ་སྨྲ་མཁས་ཀྱི་སྐྱེ་བོས།། ཡིད་ཀྱི་བརྩེ་བ་དག་གཞོམ་སོང་།།