Jump to content

ཀ་ཐོག་དགོན།

ཡོང་ཁུངས་Wikipedia

ལོ་རྒྱུས།

[རྩོམ་སྒྲིག]

དགོན་པ་འདི་ནི་རབ་བྱུང་གཉིས་པའི་ཆུ་སྟག༼༡༡༢༢༽ལོར་ཁམས་འབྲི་ཆུའི་འགྲམ་ནས་འཁྲུངས་ཤིང་། ༡༡༩༢་ལོར་འདས་པའི་ཀ་དམ་པ་བདེ་གཤེགས་སམ་བདེ་གཤེགས་སྤོབས་པ་མཐའ་ཡས་སམ་རྗེ་བཙུན་ཤེས་རབ་སེངྒེ་ཡང་ཞུ་བ་དེས་ཁོང་དགུང་ལོ་༣༨ ལ་སོན་པའི་ས་ཡོས་༼༡༡༥༩༽ལོར་ཕྱག་བཏབ། ཁོང་ནི་འགྲོ་མགོན་ཕག་མོ་གྲུ་པའི་སློབ་མ་ཞིག་ཡིན། དགོན་པ་འདི་ནི་བསྟན་པ་ཕྱི་དར་རྗེས་ཀྱི་སྔ་འགྱུར་རྙིང་མ་པའི་གདན་ས་ལོ་རྒྱུས་རིང་ཤོས་ཤིག་ཡིན། དགོན་པ་འདི་ནས་ཀཿཐོག་བླ་རབས་བཅུ་གསུམ་ཞུ་བའི་སྐྱེས་ཆེན་དམ་པ་མང་པོ་ཡང་བྱོན་མྱོང་། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་ཞུ་བའི་མཁས་པ་ཆེན་པོ་དེ་ཡང་གདན་ས་འདིའི་སྤྲུལ་སྐུ་ཞིག་ཡིན་ཞིང་། ཁོང་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་བཀའ་འབྲེལ་བཞིན་ལ་དྭགས་སྟོད་སྨད་འདུམ་མཛད་པར་ཡང་ཕེབས་པ་སོགས་སྙན་གྲགས་ཆེན་པོ་ཞིག་ཡིན། གདན་ས་འདི་འཛིན་སྐྱོང་བྱེད་མཁན་ནི་གསེར་ཁྲི་ལྔ་ཟེར་བའི་སྤྲུལ་སྐུ་ཆེ་གྲས་ལྔ་ཡོད་དོ། །

ཆོས་ལུགས།

[རྩོམ་སྒྲིག]

ཀ་ཐོག་ནི་བོད་ཀྱི་གྲུབ་མཐའ་རྙིང་མ་པའི་དགོན་སྡེ་གཅིག་རེད།

ཟིན་ཐོའམ་དཔྱད་གཞི།

[རྩོམ་སྒྲིག]

ཀཿཐོག་ནི་བོད་བརྒྱུད་ནང་བསྟན་སྔ་འགྱུར་རྙིང་མ་པའི་ལུགས་འཛིན་པའི་དགོན་པ་ཞིག་རེད། དེ་ཡང་ཕྱིས་སུ་ཀཿཐོག་ཏུ་བདུད་འདུལ་དང་ཀློང་གསལ་སྙིང་པོ་ཞེས་པའི་གཏེར་སྟོན་གཉིས་ཀྱི་གཏེར་ཆོས་ཤུགས་ཆེར་དར་ཡོད།

དཔྱད་གཞིའི་དཀར་ཆག

[རྩོམ་སྒྲིག]

ད་དུང་གཟིགས།

[རྩོམ་སྒྲིག]

བོད་པའི་དགོན་སྡེའི་ཐོ།

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]