༢༠༢༢ལོའི་ཁ་ཐར་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་
ཟླ༡༡པའི་ཚེས༢༠ཉིན་གྱི་ས་གནས་དེ་གའི་ཕྱི་དྲོའི་དུས་ཚོད༡༧དང་སྐར་མ༤༠སྟེང་། ༢༠༢༢ལོའི་ཁ་ཐར་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་དབུ་ཚུགས་མཛད་སྒོ་དེ་ཧེ་ཝན་ལུས་རྩལ་ར་བར་གཟབ་རྒྱས་ངང་འཚོགས། ཐེངས་འདིའི་འགྲན་བསྡུར་ལ་འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནས་ཐོན་པའི་ལུས་རྩལ་རུ་ཁག༣༢ཀྱིས་ཉིན༢༨རིང་འཛམ་གླིང་གི་ཆེས་མཐོའི་གར་སྟེགས་སྟེང་ཛ་དྲག་གི་འགྲན་བསྡུར་རབ་དང་རིམ་པ་བརྒྱུད་དེ་རང་རང་གི་ཕུགས་བསམ་མངོན་དུ་འགྱུར་བར་འབད་བརྩོན་བྱེད་རྒྱུ་རེད།[༡]