User talk:Bumpa

Page contents not supported in other languages.
ཡོང་ཁུངས་Wikipedia

དགའ་བསུ་ཞུ! Welcome!

ཀ་ཡེ། Bumpa་ལགས། ཁྱེད་རང་ལྦེ་ཁེ་བོད་ཡིག་མ་རུ་ཕེབས་པར་welcome་དང་ཁྱེད་ཀྱིས་བཞག་པའི་བྱས་རྗེས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། ངའི་རེ་བར་ཁྱེད་རང་གནས་འདི་ལ་དགའ་ཞེན་དང་རྒྱུན་དུ་ཕེབས་པར་ཞུ། གཤམ་དུ་གསལ་བ་ནི་གསར་ཞུགས་མཁན་དག་ལ་ཉེ་བར་མཁོ་བའི་སྦྲེལ་མཐུད་ཡིན།

ཁྱེད་ཀྱིས་འདི་རུ་རྩོམ་སྒྲིག་མཛད་པར་སྤྲོ་པོ་ཡོང་རྒྱུ་དང་ལྦེ་ཁེ་བ་ཞིག་བྱ་རྒྱུ་ནི་ངའི་རེ་བ་ཡིན། དེ་བས་གླེང་མོལ་ཤོག་ངོས་ཀྱི་སྟེང་དུ་མིང་ཐོ་བཀོད་འདོད་ན་རླབས་རིས་བཞིའི་(~~~~)རྟགས་བཀོལ་ན་ཁྱེད་ཀྱི་མིང་དང་ཟླ་ཚེས་རང་འགུལ་གྱིས་སྦྱར་ཡོང་། གལ་ཏེ་ཁྱེད་ལ་རོགས་རམ་དགོས་ན་ en:Wikipedia:Where to ask a questionརུ་ཕེབས་ནས་དྲི་བ་འདོན་ཆོག་པ་ལས་གཞན་ངའི་གླེང་མོལ་ཤོག་ངོས་སུ་ང་ལ་དྲི་བ་འདོན་པའམ་ཡང་ན་{{helpme}} རང་གི་གླེང་མོལ་ཤོག་ངོས་སུ་བཞག་ན་ཅུང་མི་འགོར་བར་མི་གཞན་ཞིག་གིས་ཁྱེད་ལ་ལན་འདེབས་ངེས། ཁྱེད་རང་ཕེབས་པར་ཡང་བསྐྱར་དུ་དགའ་བསུ་ཞུ།--Viskonsas ༡༣:༤༢, ༨ ཟླ་བཅུ་བ། ༢༠༠༨ (UTC)[reply]

འབུམ་པ་རྒྱལ། མིང་གཞན་ལ་གླིང་སྨྱོན་ཡང་ཟེར། ཨ་མདོ་རེབ་གོང་གི་མི་ཡིན། ད་ལྟ་བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བའི་དྲ་དཔོན་གྱི་འགན་བཞེས་ཡོད།

བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བ༼ Tibetan Information Technology Web ༽ཐོག་མ་དེ་སྤྱི་ཟླ8པའི་ཚེས1ཉིན་གནའ་མཁར་ཟི་ལིང་ ནས་ཤར་གཏོང་བྱེད་མགོ་བརྩམས།

བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བའི་ཁྲོད་ཀྱི་བོད་ཡིག་པར་ངོས་ནི་འཛམ་གླིང་གཅིག་གྱུར་དང་ཚད་ལྡན་གྱི Unicodeབོད་ཡིག་སྟེ། Windows Vsitaམ་ལག་ཁྲོད་ཀྱི་ཧི་མ་ལ་ཡ་བོད་ཡིག་ཡིག་གཟུགས་དེ་བཀོལ་ཡོད་པ་མ་ཟད་བོད་ཡིག་དང་ཚད་མཐུན་གྱི་དྲ་རྒྱའི་སྔོན་ཐོན་ལག་རྩལ་བཀོལ་ཡོད་པས། འཛམ་གླིང་གི་ས་ཕྱོགས་གང་གི་རྩིས་འཁོར་ནས་ཀྱང་བོད་ཡིག་ལེགས་པར་འཆར་ཐུབ་པ་དང་པར་གཞི་རང་སྒྲིག་བྱེད་ཐུབ་པའི་དགེ་མཚན་ལྡན་པས་མིག་སྔར་འཛམ་གླིང་སྟེང་བོད་ཡིག་གི་བཟོས་པའི་དྲ་ཚིགས་ཁྲོད་ཅུང་འབུར་ཐོན་གྱི་ཁྱད་ཆོས་ལྡན་ཡོད་པ་རེད།

དྲ་ཚིགས་འདི་ནི་བློ་དམན་པ་གཉིས་ཀྱིས་བོད་ཀྱི་ཆ་འཕྲིན་ལག་རྩལ་ཐད་ནུས་པ་ཕྲན་ཙམ་རེ་འདོན་ཨེ་ཐུབ་སྙམ་པའི་ཀུན་སློང་དང་བཅས་ཏེ་བཟོས་པ་ཞིག་ཡིན་པ་ལས་སྲིད་གཞུང་དང་མི་སྒེར་གྱི་རྒྱབ་སྐྱོར་ཅི་ཡང་ཐོབ་མེད་པ་རེད། བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བར་བཅར་འདྲི་བྱེད་པ།

ཧི་གཟུགས་སྤྱད་པའི་དྲ་ཚིགས་གསར་བ་ཞིག་ལེགས་འགྲུབ་བྱུང་ཡོད་པ།[རྩོམ་སྒྲིག]

ཉེ་ཆར་ཕྲ་མཉེན་ཧི་མ་ལ་ཡའི་ཡིག་གཟུགས་དེ་འཛམ་གླིང་གི་ཡུལ་གྲུ་སོ་སོར་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་ཡོད་ལ། དེ་སྤྱད་ནས་བསྒྲུབ་པའི་དྲ་ཚིགས་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། རེབ་གོང་བོན་མང་དྲ་ཚིགས་ཅེས་པ་འདི་ཡང་ཕྲ་མཉེན་ཧི་མ་ལ་ཡའི་ཡིག་གཟུགས་སྤྱད་ནས་བསྒྲུབ་པའི་བོད་ཡིག་དྲ་ཚིགས་ཅིག་རེད། རེབ་གོང་བོན་མང་དྲ་ཚིགས་ནི་ཉིས་སྟོང་བརྒྱད་ལོར་རེབ་གོང་བོན་མང་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་འགན་ལེན་བྱས་ཏེ་བཟོས་པའི་བོད་རིག་པའི་དྲ་གནས་གསར་པ་ཞིག་ཡིན། དྲ་ཚིགས་འདིར་ནང་བསྟན་ཆོས་ལུགས་གྲུབ་མཐའ་ཁག་ལས་བོད་རང་ས་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཏེ། ལོ་རྒྱུས་ཀྱི་དུས་ཡུན་ཤིནཏུ་རིང་བོར་ཕྱིན་པའི་གཡུང་དྲུང་བོན་གྱི་རིག་གནས་སྤྱི་དང༌། ཁྱད་པར་དུ་མདོ་སྨད་བྱང་རྒྱུད་ཨག་ཏ་རོང་ངམ་ཡོངས་གྲགས་སུ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་དུ་འབོད་པའི་ཆར། རྒྱལ་གཤེན་བསྟན་པའི་བརྒྱུད་འཛིན་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་སྒྲུབ་སྡེའི་བྱུང་རིམ་གཙོ་བྱས་པའི་ལོ་རྒྱུས་ཀྱི་སྐོར་དང༌། བཅའ་ག་ཕྱག་ལེན་གྱི་རིམ་པ། གསུང་རབ་དཔེ་ཚོགས་ངོ་སྤྲོད། པར་རིས་དང་རོལ་དབྱངས་སྣ་ཚོགས།དཔྱད་གླེང་དང་རྩོམ་རིག་རིག་གནས། འཕྲིན་གསར་དང་སྐད་འཇོག་ས་བཅས་སྡེ་ཚན་ཆེན་པོ་དགུ་རུ་བཀོད་སྒྲིག་བྱས་ཡོད། ངེད་ཚོགས་པས་དྲ་ཚིགས་འདི་གསར་དུ་སྒྲུབ་པའི་དམིགས་ཡུལ་ནི། ཆོས་ལུགས་གྲུབ་མཐའི་ཆགས་སྡང་དང་ཕྱོགས་ཞེན་གྱི་ལྟ་བ་ཡོངས་སུ་སྤངས་ཏེ་རང་གི་ཡབ་མེས་ནས་བརྒྱུད་པའི་རིག་གནས་འདི་ཀུན་ལ་ངོ་སྤྲོད་པ་དང༌།རྒྱལ་ཁབ་ཕྱི་ནང་གི་བོད་རིག་པར་ཞིབ་འཇུག་བྱེད་མཁན་ ཡོངས་ལ་དཔྱད་གཞིའི་རྒྱུ་ཆ་མཁོ་འདོན་བྱེད་པ། དེ་མིན་གསར་སྐྱེས་གཞོན་རབས་པ་རྣམས་ལ་རང་གི་རིག་གནས་ལ་ངོས་འཛིན་དང་ཤེས་རྟོགས་གསར་བ་འབྱུང་བའི་ཆེད་དུ་ལགས་སོ།། རེབ་གོང་བོན་མང་དྲ་ཚིགས་ཅེས་པ་འདི་ལ་བཅར་འདྲི་བྱེད་པ།

Dear Bumpa, welcome to Tibetan wikipedia. I hope you will stay here and will do useful contributions. This wikipedia lacks active users, so your contributions are very welcomed. --Viskonsas ༡༣:༤༢, ༨ ཟླ་བཅུ་བ། ༢༠༠༨ (UTC)[reply]

"https://bo.wikipedia.org/w/index.php?title=User_talk:Bumpa&oldid=16458"ལས་སླར་རྙེད་སོང།