Jump to content

Category:ཤེར་རྟོགས་རིག་པ།

ཡོང་ཁུངས་Wikipedia


མེ་ལྕེའི་ཁྲོད་ཀྱི་མི་རིགས། བདེན་པའི་དཔའ་བོས་བདེན་པའི་ལམ་ནས་རང་སྲོག་མི་རིགས་དོན་དུ་བཏང་།། སྙིང་སྟོབས་མེ་ལྕེ་མཁའ་ལ་བསྒྲེངས་ནས་རང་ལུས་སྒྲོན་མེའི་སྡོང་བུ་བཙུགས།། ཞི་བའི་གོམ་ཁ་མདུན་དུ་བསྐྱོད་ནས་བདེན་པའི་ཀི་སྒྲ་འཛམ་གླིང་བསྒྲགས།། གངས་རིའི་དཔའ་བོ་དཔའ་མོ་རྣམས་ལ་གུས་པས་སྙིང་ནས་དད་ཕྱག་འཚལ།།

རིན་ཆེན་མི་ལུས་རྒྱབ་ཏུ་བཞག་ནས་མི་རིགས་རང་དབང་དོན་དུ་གཉེར།། ཚེ་སྲོག་ཕངས་མེད་མེ་ལ་སྲེགས་ནས་བདེན་པའི་ཞལ་ཆེམས་འཛམ་གླིང་བཞག ། ཤ་ཁྲག་གཟུགས་ཀྱི་ཕུང་པོ་གྲུབ་པས་ཚ་དུངས་གཟུགས་ཟེར་ཡོད་ངེས་ཀྱང་།། བདེན་པའི་འབོད་ཚིག་ཀུན་ལ་སྤྲད་པར་གངས་རིའི་དཔའ་རྒོད་སྙིང་ནས་གུས།།

ཟུང་ཁྲག་མར་ཁུའི་རྒྱ་མཚོ་བསྒྱུར་ནས ཤ་རུས་བདེན་པའི་སྡུང་བུ་བཙུགས།། མེ་ལྕེས་འཛམ་གླིང་སྐོར་བ་བརྒྱབས་ནས་བདེན་ཚིག་སྒྲོན་མེ་ཀུན་ལ་བསལ།། མེ་ཐག་འཚུབས་པའི་གངས་རིའི་ཁྲོད་དུ་གངས་ཕྲུག་ཀི་སྒྲས་ས་གསུམ་འགུལ།། ལ་རྒྱའི་དཔའ་བོ་གངས་ཕྲུག་རྣམས་ལ་གུས་པས་སྙིང་ནས་གུས་འདུད་ཞུ།།

གངས་རིའི་འབངས་མིས་ཞི་བའི་ལམ་ནས་ཕྱག་གཉིས་འཐེ་བོ་གནམ་ལ་བསྒྲེངས།། གསོན་སྲེཊ་མེ་ཡིས་གློག་དམར་འཁྱུགས་ཤིག་བདེན་པའི་སྐད་སྒྲས་རི་ལུང་འགེང་།། འོན་ཀྱང་ལས་འབྲས་དྲང་སྲོང་རྣམས་ཀྱིས་སྤྱན་གཟིགས་ཅུང་ཙམ་མི་གནང་བ།། ཁ་བའི་བོད་མི་མནར་བཅོད་བཏང་མཚམས་ད་དུང་ཕྱི་མཐའ་མ་སླེབས་སམ།།

ཉམ་ཆུང་མི་རིགས་དྲང་སྲོང་རྣམས་ཀྱིས་རང་སྲོག་ཁྱེར་ནས་རྒྱལ་སྤྱིན་སྟེང་།། ཤ་ཁྲག་ལུས་དབང་མེ་ལ་ཕུལ་ནས་གནས་ལུགས་ཁྲི་ཕྲག་བརྗོད་ན་ཡང་།། བྱམ་བརྩེའི་སྤྱན་གཟིགས་ཅུང་ཙམ་མ་གནང་ད་དུང་ཁྲེམས་དང་གཙོན་ལ་བཅུ། གོས་མཚོན་མེད་པའི་མི་རིགས་ཤིག་ལ་བསགས་པའི་ནག་ཉེས་གང་ཡོད་དམ།།

ཐམས་ཅད་སྐྱོབ་པའི་དཀོན་མཆོག་དེ་དང་དཀར་ནག་འབྱེད་པའི་ལས་འབྲས་ཉིས།། ཁ་བའི་སྤུན་ཟླ་ཉེས་མེད་གནར་བཅོད་མཁྱེན་པའི་སྤྱན་ཀྱིས་མ་གཟིགས་སམ།། ཐར་ཐབས་མེད་པའི་ནག་ཉེས་ཡོད་ན་མངོན་སུམ་མི་གསུངས་ཅི་ཡིན་ནམ།། བདེན་པའི་ཐལ་མོ་གནམ་ལ་སྤྱར་བར་རྫོགས་མེད་ནག་ཉེས་ཡོད་དོན་མེད།།

དངོས་གནས་ཡིད་དམ་ལྷ་སྲུང་རྣམས་ལ་མཐུ་སྟོབས་ཡོད་ན་སྟོན་རན་རེད།། སྒོམ་ཆེན་བྱངས་སེམས་འཕགས་པ་རྣམས་ལ་སྨན་སྔགས་ཡོད་ན་སྒྲང་རན་རེད།། སྐྱབས་མེད་དགོན་མེད་མི་རིགས་ཤིག་ལ་མཁོ་དུས་མེད་ན་ཅི་ལ་ཕན།། གངས་ཅན་ལྷ་ཀླུ་གཞི་བདག་རྣམས་པ་མ་ཡེང་མ་ཡེང་སྡོང་གྲོགས་མཛོད།། གྲཱ་སྨྱོན་སྐལ་རབ་ནས་༢༠༡༢་༣་༢༦་མཚན་མོ་བྲིས།

སྡེ་ཚན་འདིའི་ནང་དུ་བར་སྐབས་སུ་ཤོག་ངོས་སམ་བརྙན་རིས་མི་འདུག།