Jump to content

སྒྲ་རིག་པ

ཡོང་ཁུངས་Wikipedia

སྔགས་ཀྱི་བཀླག་ཐབས་བསྡུས་པ་ཞེས་བྱ་བ།

[རྩོམ་སྒྲིག]

སྣར་ཐང་ལོ་ཙཱ་མཛད།

རྒྱ་གར་སྐད་དུ། མནྟྲ་སྱ་པ་ཐོ་པཱ་ཡ་བི་ཙིནྟ་ནཱ་མ།

བོད་སྐད་དུ། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །

མནྟྲ་སྱ་ནི་སྔགས་ཀྱིའོ།།  པཋོ་པཱ་ཡ་ནི་བཀླག་ཐབས་སོ།། བི་ཙིནྟ་ནི་བསྡུས་བ་འོ།།ནཱ་མ་ནི་ཞེས་བྱ་བའོ།།  དེ་ཉིད་ཡོངས་རྫོགས་བོད་སྐད་དུ་བསྒྱུར་ན་སྔགས་ཀྱི་བཀླག་ཐབས་ཞེས་བྱ་བའོ།

ཤིས་བརྗོད། མཆོད་བརྗོད།

ཚོགས་གཉིས་སྤྲིན་དཀར་འཛུམ་པ་ལས་འོངས་མཚན་དཔེའི་རི་དྭགས་གཟུགས་ཀྱིས་བཀྲ། །ཁྱེད་སྐུ་ཟླ་བ་ཆ་ཤས་ཡོངས་རྫོགས་ཕྲིན་ལས་འོད་དཀར་ཁོར་ཡུག་ཅན། །གང་གིས་མཐོང་ན་སྙིང་མུན་སེལ་བྱེད་གདུལ་བྱའི་མཁར་ཁྱབ་འགྲོས་གཉིས་པ། །དབྱངས་ཅན་ལྷ་མོ་མཚན་མོའི་མགོན་ཁྱོད་དེ་རིང་བདག་བློའི་ཀུ་མུད་སྐྱོངས། །

རྩོམ་པར་དམ་བཅའ་བ།

གསང་སྔགས་ཆོས་ཚུལ་ཟབ་མོའི་གཞལ་ཡས་ཁང་། །བདེ་བར་འཇུག་འདོད་གང་བློའི་བུ་མོ་ལ།།སྒྲ་སྦྱོར་སྔགས་ཀྱི་བརྗོད་ཚུལ་མགུལ་རྒྱན་མཆོག །གནད་ཀྱི་ཕྲེང་བ་དེ་རིང་ཁོ་བོས་སྦྱིན། །

གཞུང་དངོས།

༼ཡི་གེ་ངོ་བོ།༽ ངོ་བོ་ཨཱ་ལི་ཀཱ་ལི་སྟེ། །

ཕོ་མོ་མ་ནིང་གསུམ་དུ་གནས། །

ཡི་གེ་ངོ་བོ་ལ་ཨཱ་ལི་དང་ཀཱ་ལི་གཉིས་སུ་དབྱེ། 

ཨཱ་ལི ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨེེ། ཨོ་ཨོོ།
ཀཱ་ལི ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ།

ལེགས་སྦྱར་རམ་སཾསྐྲྀཏ་ཡེ་གེ་ལ་དབྱངས་དང་གསལ་བྱེད་གཉིས་སུ་དབྱེ་བ་དེར་སྒྲ་རྩོལ་དྲག་ཞན་དབང་གིས་རྟགས་ཀྱི་སྒོ་ནས་ཕོ་རྟགས་དང་མོ་རྟགས། མ་ནིང་གི་རྟགས་བཅས་ཀྱི་ཡེ་གེ་གསུམ་དུ་དབྱེ།

ཕོ་རྟགས་ཀྱི་ཡེ་གེ་ནི་ང་ཉ་ཎ་ན་མ་བཅས་ཕུད་པའི་གསལ་བྱེད་རྣམས་སོ།།

མོ་རྟགས་ཀྱི་ཡེ་གེ་ནི་རྀ་ལྀ་གཉིས་ཕུད་པའི་དབྱངས་རྣམས་སོ།།

མ་ནིང་གི་ཡེ་གེ་ནི་རྀ་ལྀའི་ཡི་གེ་དང་ང་ཉ་ན་ཎ་མ་རྣམས་སོ།།

ཐབས ཕོ་རྟགས ཀ་ཁ་ག་གྷ། ཙ་ཚ་ཛ་ཛྷ། ཊ་ཋ་ཌ་ཌྷ། ཏ་ཐ་ད་དྷ། པ་ཕ་བ་བྷ། ཡ་ར་ལ་ཝ། ཤ་ཥ་ས་ཧ།
ཤེས་རབ མོ་རྟགས ཨ་ཨི་ཨུ། ཨེ་ཨེེ་ཨོ་ཨོོ།
ཟུང་འཇུག མ་ནིང་གི་རྟགས རྀ་ལྀ།  ང་ཉ་ཎ་ན་མ།

༼དབྱངས་གསལ་རྣམས་ཀྱི་ཁམས་དང་སྐྱེ་གནས༽ཨ་ཀུ་ཧ་ྈྐ་ནམ་མཁའི་ཁམས། །

མགྲིན་པའི་གནས་ལས་སྐྱེ་བ་ཡིན། །

ཨ་ཡིས་མཚོན་པའི་དབྱངས་ཀྱི་ཨ་ཨཱ་གཉིས་དང་། ཀུ་ཡིས་མཚོན་པའི་ཀ་སྡེ་སྟེ། ཀ་ཁ་ག་གྷ་ང་། ཧ་དང་ྈྐ་སྟེ་དགུ་བོ་འདི་རྣམས་ནི་ནམ་མཁའི་ཁམས་སུ་གཏོགས་ལ། སྐྱེ་ཚུལ་མགྲིན་པའི་གནས་ལས་སྐྱེ་བ་ཡིན་ཏེ། དེ་ཡང་ནམ་མཁའ་ལ་རེག་བྱའི་ཐོགས་པ་དང་བྲལ་བ་ལྟར། ལྕེ་གང་ལ་ཡང་མ་རེག་པར་སྐད་ཀྱི་གདངས་སངས་སངས་སུ་མགྲིན་པའི་གནས་ལས་འབྱུང་བའོ།། སྤང་བྱ་ཞེ་སྡང་གི་གཉེན་པོ་བྱེད་ལ། མཐར་ཐུག་མེ་ལོང་ལྟ་བའི་ཡེ་ཤེས་སྐྱེ་བའི་རྒྱུ་བྱེད་དོ།།

ཨི་ཙུ་ཡ་ཤ་རླུང་གི་ཁམས། །

ལྕེ་རྩེ་སོ་རྐན་དག་ལས་སྐྱེ། །

ཨི་ཡིས་མཚོན་པའི་དབྱངས་ཀྱི་ཨི་ཨཱི་གཉིས་དང་། ཙུ་ཡིས་མཚོན་པའི་ཙ་སྡེ་སྟེ།ཙ་ཚ་ཛ་ཛྷ་ཉ་དང་། ཡ་དང་ཤ་བཅས་དགུ་བོར་རྣམས་ནི་རླུང་གི་ཁམས་སུ་གཏོགས་ལ། སྐྱེ་ཚུལ་ནི་ལྕེ་རྩེ་སོ་དང་རྐན་རྣམས་སྦྱར་བ་དག་ལས་སྐྱེ་ཞིང་། ལྕེ་ཡང་ཞིང་གཡོ་བའི་ཚུལ་ལས་འབྱུང་བ་ཡིན་ཏེ། རླུང་ནི་ཡང་ཞིང་གཡོ་བའི་བདག་ཉིད་ཅན་ཡིན་པས་སོ།།

སྤང་བྱ་ང་རྒྱལ་གྱི་གཉེན་པོ་བྱེད། མཐར་ཐུག་མཉམ་པ་ཡེ་ཤེས་སྐྱེ་བའི་རྒྱུ་བྱེད་དོ།།

རྀ་ཊུ་ར་ཥ་མེ་ཡི་ཁམས། །

སྤྱི་བོ་དག་ལས་སྐྱེ་བ་ཡིན། །

རྀ་ཡིས་མཚོན་པའི་དབྱངས་ཀྱི་རྀ་རཱྀ་གཉིས་དང་། ཊུས་མཚོན་པའི་ཊ་ཌ་ཋ་ཌྷ་ཎ་དང་། ར་ཥ་སྟེ་དགུ་བོ་འདི་རྣམས་ནི་མེའི་ཁམས་སུ་གཏོགས་ལ། སྐྱེ་ཚུལ་ནི་ལྕེ་རྩེ་སྟེང་ཏུ་བཀུག་སྟེ་རྐན་གྱི་མཐར་སྦྱར་བའི་སྦུབས་ཀྱིས་སྤྱི་བོ་དག་ལས་སྟོངས་སྟོངས་སུ་སྐྱེ་བ་ཡིན་ཏེ། མེ་གྱེན་དུ་འབར་བའི་རང་བཞིན་ཅན་ཡིན་པས་སོ།།

སྤང་བྱ་གཏི་མུག་འཇོམས། ཆོས་དབྱིངས་ཡེ་ཤེས་སྐྱེ་བའི་རྒྱུ་བྱེད་དོ།།

ཨུ་པུ་ཝ་ྉྤ་ཆུ་ཡི་ཁམས། །

མཆུ་ཡི་གནས་ལས་སྐྱེ་བ་ཡིན། །

ཨུ་ཡིས་མཚོན་པས་ཨུ་ཨཱུ་གཉིས་དང་། པུ་ཡིས་མཚོན་པའི་པ་སྡེ་སྟེ་པ་ཕ་བ་བྷ་མ་དང་།ཝ་དང་ ྉྤ་བཅས་དགུ་བོ་རྣམས་ནི་ཆུ་ཡི་ཁམས་སུ་གཏོགས་ལ། སྐྱེ་ཚུལ་ནི་མཆུ་གཉིས་སྦྱར་བའི་གནས་རླུང་ཤུགས་ཐར་དུ་འབྱུང་བ་ལས་སྐྱེ་བ་ཡིན་ཏེ། ཆུ་ནི་ཐུར་དུ་འབབ་པའི་རང་བཞིན་ཅན་ཡིན་པས་སོ།།སྤང་བྱ་ཕྲག་དོག་འཇོམས། བྱ་སྒྲུབ་ཡེ་ཤེས་སྐྱེ་བའི་རྒྱུ་བྱེད་དོ།།

ལྀ་ཏུ་ལ་ས་ས་ཡི་ཁམས། །

ལྕེ་རྩེ་སོ་ལས་སྐྱེ་བ་ཡིན། །

ལྀས་མཚོན་པའི་ལྀ་ལཱྀ་གཉིས་དང་། ཏུ་ཡིས་མཚོན་པའི་ཏ་སྡེ་སྟེ། ཏ་ཐ་ད་དྷ་ན་དང་། ལ་དང་ས་བཅས་དགུ་བོ་རྣམས་ནི་ས་ཡི་ཁམས་སུ་གཏོགས་ལ། སྐྱེ་ཚུལ་ནི་ལྕེ་རྩེ་སོ་ལས་སྐྱེ་ཞིང་ལྕེ་འཐས་འཐས་པོའི་ཚུལ་དུ་འབྱུང་བ་ཡིན་ཏེ།སའི་རང་བཞིན་སྲ་ཞིང་འཐས་པ་ཡིན་པས་སོ།།

སྤང་བྱ་འདོད་ཆགས་འཇོམས། སོ་སོར་རྟོག་པའི་ཡེ་ཤེས་སྐྱེ་བའི་རྒྱུ་བྱེད་དོ།།  

གནད།  དབྱངས་ཨེ་ཨེེ་གཉིས་ནི་ཨི་ཨཱི་དང་ཁམས་མཐུན་ལ། ཨོ་ཨོོ་གཉིས་ནི་ཨུ་ཨཱུ་དང་ཁམས་མཐུན་པའོ།།

འབྱུང་བ་ཆུང་བ་སྡེ་ལྔ་ནི། །ཀ་ཙ་ཊ་ཏ་པ་རྣམས་ས། །

ཁ་སོགས་ཆུ་ཡིན་ག་སོགས་མེ། །

གྷ་སོགས་རླུང་ཡིན་ང་སོགས་མཁའ། །

འབྱུང་བ་ཆེ་ཆུང་གི་ཁྱད་པར་ནི།

དབྱངས་གསལ་ཐམས་ཅད་ལ་བརྩི་བས་ཆེ་བ་ཡིན་ལ། ཆུང་བ་ནི་སྡེ་ལྔ་ཁོ་ན་ལ་བརྩི་ཞིང་གཞན་ལ་མི་བརྩི་བས་ཆུང་བའོ།།

ཆུ མེ རླུང་ ནམ་མཁའ
གྷ
ཛྷ
ཌྷ
དྷ
བྷ

དགྲ་གྲོགས་ཀྱི་བརྩི་གཞི།

ཨོཾ་དང་ན་མོ་ཏདྱ་ཐཱ། 

སྤངས་པའི་སྔགས་ཀྱི་ཐོག་མ་དང་། །

རང་གི་མིང་ཐོག་གཟུང་བར་བྱ།།

གསལ་བྱེད་བརྩེགས་སམ་འཕུལ་བཞག་ཡོད། །

དང་པོའི་ཡི་གེ་གཟུང་བར་བྱ། །

བསྒྲུབ་བྱའི་ཡི་དམ་ལྷ་དེའི་བསྙེན་སྔགས་ཀྱི་མགོར་ཡོད་པའི་ཨྃ་དང་ན་མོ་དང་། ཏདྱ་ཐཱ་ལྟ་བུའི་མགོ་རྒྱན་གང་ཡོད་དོར་བ་སྟེ། སྤངས་བའི་སྔགས་ཀྱི་ཐོག་མ་ན་ཡོད་པའི་ཡི་གེ་དེ་ཉིད་ངོས་བཟུང་བར་བྱ་སྟེ།ཨྃ་ཨ་ར་པ་ཙ་ན་དྷཱིཿལྟ་བུའི་ཨྃ་དོར་ནས་ཨ་ཡིག་བརྩི་བར་བྱ་བར་བྱ་བ་དང་།ན་མོ་རཏྣ་ཏྲ་ཡཱ་ཡ་ལྟ་བུའི་ན་མོ་དོར་ནས་ར་ཡིག་འཛིན་པ་དང་།ཏདྱ་ཐཱ།ག་ཏེ་ག་ཏེ་ལྟ་བུའི་ཏདྱ་ཐཱ་དོར་ནས་ག་ཡིག་བརྩི་བར་བྱ། དེ་ཡང་གསལ་བྱེད་བརྩེགས་པ་བློ་བཟང་དོན་འགྲུབ་ལྟ་བའི་བ་ཡིག་དང་། འཕུལ་བཞག་ཡོད་པ་མཁས་མཆོག་རིན་ཆེན་ལྟ་བུའི་མ་ཡིག་དང་། ཡི་གེ་རྐྱང་བ་བ་རི་ལོ་ཙཱ་བ་ལྟ་བུའི་བ་ཡིག་རྣམས་མིང་ཡིག་དང་པོའི་ཡི་གེར་ངོས་བཟུང་བར་བྱ།

དགྲ་གྲོགས་ཀྱི་འབྲས་བུ

གསལ་བྱེད་དགྲར་གྱུར་ནད་མང་ཞིང་།།

དབྱངས་ཡིག་དགྲར་གྱུར་སྲོག་དང་འབྲལ། །

ཐ་མལ་གྱུར་ན་འབྲས་བུ་མེད། །

གྲོགས་སུ་གྱུར་ན་དངོས་གྲུབ་འབྱུང་། །

དེ་ཕྱིར་དགྲ་གྲོགས་བརྩི་བ་གཅེས། །

དོན་ནི་ཡི་དམ་ལྷའི་སྔགས་ཀྱི་ཐོག་མ་ན་ཡོད་པའི་ཡི་གེ་ནི་གསལ་བྱེད་ཡིན་ཞིང་། དེ་རིང་གི་མིང་ཡིག་དང་པོའི་ཡི་གེ་དང་དགྲ་རུ་གྱུར་ན།ལུས་ལ་ནད་མང་པོ་འབྱུང་ཞིང་སྡུག་བསྔལ་བར་འགྱུར་རོ།།དབྱངས་ཡིག་དགྲ་རུ་གྱུར་ན་སྲོག་དང་འབྲལ་བའི་རྐྱེན་བྱུང་ནས་འཆི་བར་འགྱུར་ལ།དགྲ་གྲོགས་གང་ཡང་མ་ཡིན་པས་ནུས་མེད་དུ་གྱུར་ན་བཟང་ངན་གྱི་འབྲས་བུ་གང་ཡང་འབྱུང་བ་མེད་དོ།།གྲོགས་སུ་གྱུར་ན་དངོས་གྲུབ་འབྱུང་།

དགྲ་གྲོགས་ཀྱི་ངོ་བོ

ས་དགྲ་མེ་ཡིན་མེ་དགྲ་ཆུ། །

ཆུ་དགྲ་རླུང་ཡིན་རླུང་དགྲ་ས། །

མེས་ས་བསྲེག་པར་བྱེད། ཆུས་མེ་གསོད་པར་བྱེད། རླུང་གིས་ཆུ་སྐེམ་པར་བྱེད།ས་ཡིས་རླུང་འགེབ་པར་བྱེད།

ས་ནི་མེ་ལ་ནུས་པ་མེད། །

མེ་ནི་ཆུ་ལ་ནུས་པ་མེད། །

ཆུ་ནི་རླུང་ལ་ནུས་པ་མེད། །

རླུང་ནི་ས་ལ་ནུས་པ་མེད། །

སའི་དགྲ་མེ་ཡིན་པས། རང་གི་མིང་ཡིག་དང་པོ་མེ་ཡིན་ཞིང་།ཡི་དམ་ལྷ་ཡི་སྔགས་ཀྱི་ཐོག་མ་ས་ཡིག་ཡིན་པར་གྱུར་ན།དཔེར་ན་ས་ཡི་ནུས་བ་མེས་འཇོམས་པ་དང་འདྲ་བས་ནུས་མེད་དུ་འགྱུར་བས་སོ།།

ས་ཆུ་ཕན་ཚུན་གྲོགས་པོ་སྟེ། །

མེ་རླུང་ཕན་ཚུན་གྲོགས་པོ་ཡིན། །

ནམ་མཁའ་ཀུན་གྱི་གྲོགས་ཡིན་ཏེ། །

ཀུན་ཀྱང་ནམ་མཁའི་གྲོགས་སུ་འགྱུར། །

སས་ཆུ་རྟེན་ཅིང་ཆུས་ས་བསྐྱེད་པར་འགྱུར།རླུང་གིས་མེ་སྦོར་ཞིང་མེས་རླུང་སྡུད།གཞན་ཡང་འབྱུང་བ་ནང་འཕྲད་ན་ཡང་གྲོགས་སུ་འགྱུར།

དེ་ལྟར་དགྲ་དང་གྲོགས་ཤེས་པ། །

སྔགས་ཀྱི་ཀློག་ཚུལ་འདི་ལྟ་སྟེ། །

དབྱངས་ཀྱི་བཀླག་ཚུལ

ཡི་གེ་ཐུང་བ་གཅིག་ཡུན་བཀླག །

རིང་བ་གཉིས་ཀྱི་ཡུན་དུ་བཀླག །

ཤིན་ཏུ་རིང་བ་གསུམ་ཡུན་བཀླག །

པླུ་ཏ་ཡང་དེ་བཞིན་ནོ། །

དོན་ནི་སྐྱེས་བུ་དར་མ་ཞིག་གིས་སེ་གོལ་ལམ་མིག་འཛུམ་ཀྱི་ཡུན་ཚད།

ལྀ་ལ་རིང་བོ་མེད་ལ། མཚམས་སྦྱོར་ཀྱི་ཡི་གེ་ལ་ཐུང་ངུ་མེད།

འགྲེང་བུ་ན་རོ་ཡོད་གྱུར་ན། །

རིང་པོ་ཉིད་ཕྱིར་འ་འདོགས་འཁྲུལ། །

གསལ་བྱེད་ཀྱི་བཀླག་ཚུལ།

གསུམ་པའི་བཀླག་ཚུལམིང་གི་ཐོག་མར་སྡེ་པ་ཡི། །

གསུམ་པ་འས་ཕུལ་བཞིན་དུ་བཀླག །

དབུས་མཐར་བྱུང་ན་བོད་དང་མཚུངས།།

དོན་ནི་མིང་གང་གི་ཐོག་མ་རུ་སྡེ་བ་ལྔ་ཡི་གསུམ་པ་ག་ཛ་ཌ་ད་བ་རྣམས་བྱུང་ན། བོད་ཡིག་ལ་འས་འཕུལ་ཡོད་པ་བཞིན་དུ་བཀླག་པར་བྱ་ཞིང་། མིང་གི་དབུས་དང་མཐར་སྡེ་བའི་གསུམ་པ་ག་ཛ་ཌ་ད་བ་རྣམས་བྱུང་ན་བོད་ཀྱི་སྐད་དུ་འས་འཕུལ་མེད་པ་ཇི་ལྟར་བརྗོད་པ་་དེ་དང་མཚུངས་བའོ།།

བཞི་བའི་བཀླག་ཚུལ བཞི་པ་རྣམས་ནི་གསུམ་པ་ལ། །

ར་མགོ་ཧ་སྒྲ་ལྡན་པར་བཀླག །

ལོག་སྡེའི་བཀླག་ཚུལ  ཊ་སོགས་ལོགས་སྡེའི་བཀླག་ཚུལ་ནི། །

ལྕེ་རྩེ་རྐན་སྦྱར་སྟིབས་ཀྱིས་བསྒྱུར། །

ལྕེའི་རྩེ་མོ་ཡར་ལ་བཀུག་ནས་རྐན་ལ་སྦྱར་ཏེ།ཏ་སྡེ་ལ་ར་བཏགས་པའི་ཚུལ་དུ་ལྕེ་སྟིབས་ཀྱིས་བསྒྱུར་ནས་བཀླག

ཥའི་བཀླག་ཚུལཥ་ནི་ཁ་དང་ཆ་མཐུན་པར། །

རྐན་གྱི་ཕུགས་ནས་སྟོངས་ཀྱིས་འདོན། །

ཥ་ནི་བོད་ཀྱི་སྐད་ཀྱི་ཁའི་གདངས་དང་ཆ་ཅུང་ཞིག་ལྡན་པར་རྐན་གྱི་གྲེ་ཕུགས་ནས་མི་གསལ་བའི་ཚུལ་དུ་སྟོངས་ཀྱིས་འདོན་ལ་བོད་ཀྱི་སྐད་ལྟར་ཁ་གསལ་བ་ནི་མ་ཡིན་ནོ།།

ཀྵ་ཡི་བཀླག་ཚུལ།ཀྵ་ནི་ཁྱ་དང་ཆ་མཐུན་ཙམ། །

ཛ་ལ་ཉ་བཏགས་འགྱ་འམ་གཉའ།།

དམིགས་བསལ་ཅན་གྱི་ཡི་གེ་དེ་རྣམས་མ་ཡིན་པའི་གསལ་བྱེད་ལྷག་མ་ཐམས་ཅད་བོད་སྐད་ཇི་ལྟ་བ་བཞིན་དུ་བཀླག་ཆོག

དུ་མ་བརྩེགས་པའི་བཀླག་ཚུལ

གསལ་བྱེད་མི་འདྲ་དུ་མ་བརྩེགས། །

རང་སྒྲ་ཐོན་ཙམ་མྱུར་བར་བཀླག།

དབྱངས་དང་ང་རོ་འོག་མ་དབང་། །

དོན་ནི་གསལ་བྱེད་ཀྱི་ཡི་གེ་མི་འདྲ་བ་ཉིས་བརྩེགས་སམ་གསུམ་ལ་སོགས་པ་དུ་མ་བརྩེགས་པ་ཇི་ལྟར་ཡིན་ཀྱང་ཡི་གེ་རང་རང་གི་སྒྲ་ལྕེ་ཐོག་ཏུ་ཐོན་ཙམ་བྱས་ཏེ་མྱུར་བར་བཀླག་དགོས།སྟེང་འོག་ཏུ་དབྱངས་དང་ང་རོ་གང་ཡོད་ཀྱང་ཡི་གེ་འོག་མ་དེ་ལ་དབང་།

འདྲ་བ་བརྩེགས་པའི་བཀླག་ཚུལ

འདྲ་བའི་གསལ་བྱེད་བརྩེགས་གྱུར་ན།།

ཁ་ཁེངས་མཐོན་པོའི་གདངས་ཀྱིས་བཀླག །

འདྲ་བའི་གསལ་བྱེད་བརྩེགས་གྱུར་ན་ཁ་ཁེངས་སམ་གང་བའི་ཚུལ་དུ་མཐོན་པོའི་གདངས་ཀྱིས་བཀླག་པར་བྱ།

བརྩེགས་པའི་ཐོག་མ་གོང་མ་དབང་།།

དེ་འོག་རྣམས་ནི་དཀྱུས་སུ་བཀླག །

དོན་ནི་ཡི་གེ་སྔ་ཕྱིའི་བར་དུ་ཚེག་མེད་པར་ཕྱི་མའི་མགོར་ཡི་གེ་བརྩེགས་ཏེ་བྱུང་བའི་ཐོག་མ་སྟེ་སྟེང་གི་ཡི་གེ་དེ་གོང་མ་དེ་ལ་དབང་བར་ཡོད་པས་ཡར་སྦྱར་ཏེ་འདོན་དགོས་ལ། དེ་ཉིད་ཀྱི་འོག་མའི་ཡི་གེ་རྣམས་ནི་རང་རང་གི་སྐྱེ་གནས་འདོན་ཚུལ་ཅི་ལྟ་བ་བཞིན་དཀྱུས་སུ་བཀླག

ཉ་ཎ་ཡར་སྦྱར་ན་ལྟར་བཀླག །

ཉ་དང་ཎ་གཉིས་ཡི་གེ་ཕྱི་མའི་སྟེང་དུ་བྱུང་ན་ཡར་སྦྱར་ནས་བོད་ཀྱི་ན་ཡར་སྦྱར་བ་ལྟར་བཀླག

ཤ་ཥ་ཡར་སྦྱར་ས་ལྟར་བཀླག །

ཀ་ནི་ག་དང་ཙ་ཛ་ཊ། །

ཌ་ཏ་རྣམས་ནི་ད་རུ་བཀླག །

པ་ཡིག་རྣམས་ནི་བ་རུ་བཀླག །

འཁྲུལ་བ་སྤོང་བ།

གྷ་ཛྷ་ཌྷ་དྷ་བྷ་རྣམས་ནི། །

ཡི་གེ་གཉིས་གཉིས་འདོད་པ་འཁྲུལ། །

དེ་བཞིན་དབྱངས་ཀྱི་རྀ་ལྀ་གཉིས། །

ར་དང་ལ་རུ་འདོད་པ་འཁྲུལ། །

རྣམ་བཅད་ཀྱི་བཀླག་ཚུལ

རྣམ་བཅད་ས་རུ་བཀླག་པའམ། །

དྲག་པོར་བཅད་དེ་བཀླག་པར་བྱ། །

དོན་ནི།རྣམ་བཅད་ཀྱི་རྒྱུ་ར་དང་ས་གང་རུང་ལས་བྱུང་བས་རྣམ་བཅད་ཀྱི་ཡི་གེ་རྣམས་ཕལ་ཆེར་རམ་ཤས་ཆེ་བ་རྣམས་ས་རུ་བཀླག ཡང་ན་སྒྲ་དྲག་པོར་རྦད་ཀྱིས་བཅད་ནས་བཀླག་པར་བྱ།

རྣམ་བཅད དཔེ་བརྗོད ཀློག་ཐབས།
རྣམ་བཅད་ལུས་འགྱུར་བ། ན་མསྶ་མནྟ ན་མས་ས་མནྟ
རྣམ་བཅད་ལུས་མ་འགྱུར་བ ན་མཿས་ག་ར རྡུམ་རྡུམ་རྦད་ཀྱིས་བཅད་ནས་བཀླག

རྗེས་སུ་ང་རོའི་བཀླག་ཚུལ

རྗེས་སུ་ང་རོ་སྡེ་པ་ལ། །

རང་རང་སྡེ་པའི་ལྔ་པར་བཀླག །

དོན་ནི་ཀླད་གོར་ཅན་གྱི་ཡི་གེ་དེའི་ཕ་རོལ་ལལམ་རྗེས་སུ་སྡེ་བ་ལྔ་བོའི་ཡི་གེ་གང་དང་གང་བྱུང་ཡང་རང་རང་སོ་སོའི་སྡེ་བ་དེ་དང་དེའི་ལྔ་བར་གྱུར་བའི་ཡི་གར་གང་ཡིན་པ་དེར་བཀླག་དགོས།

ཡ་སོགས་བརྒྱད་ལ་ང་རུ་བཀླག །

ཡང་ན་སྡེ་ལྔའི་ཟླ་ལ་སྦྱར། །

ཡ་ལ་སོགས་པའི་ཡི་གེ་བརྒྱད་པོ་ཕ་རོལ་ལ་བྱུང་ན་ཀླད་གོར་དེ་ང་རུ་བཀླག་པར་བྱ།ཡང་ན་རང་རང་སྡེ་བ་ལྔའི་གང་དང་ཁམས་མཐུན་པར་སྡེ་བ་དེའི་ཟླ་ལ་སྦྱར་ནས་ཁམས་གང་དང་མཐུན་པའི་སྡེ་བ་དེའི་ལྔ་བར་བཀླག

ཤད་ཀྱིས་ཆོད་ན་རང་ཉིད་བརྩི། །

ཤད་མེད་ན་ནི་འོག་མ་བརྩི། །

ཤད་ཀྱི་ཆོད་ན་རང་ཉིད་ཐོག་བརྩི་བར་བྱ། ཤད་མེད་ན་ནི་འོག་མའི་ཡི་གེ་དབང་བཙན་པས་གང་ཐོབ་ཀྱི་ལུགས་བཞིན་བརྩི།

ཨོཾ་དང་ཧཱུཾ་གཉིས་མ་དང་ང་། །

ཚིག་གྲོགས་དག་ལ་བལྟོས་པ་མིན། །

དམིགས་བསལ་དུ་ཨྃ་དང་ཧཱུཾ་གཉིས་ཀྱི་ཀླད་གོར་མ་དང་ང་རུ་ཀློག་པ་ལས། གོང་དུ་བཤད་པ་བཞིན་དུ་ཚིག་གྲོགས་སམ་ཟླ་བོ་ཕྱི་མའི་ཡི་གེ་དག་ལ་ལྟོས་བ་མིན།

ལྕེ་རྩ་ཅན་དང་མཆུ་ཅན་བཀླག་ཚུལ

ལྕེ་རྩ་ཅན་དང་མཆུ་ཅན་གཉིས། །

ཨ་ཀ་ཨ་པ་ཞེས་པའམ། །

ཀོ་ཝ་པོ་ཝ་ཞེས་པར་བཀླག །

ཡ་བཏགས་པའི་བཀླག་ཚུལ

ཡ་བཏགས་ཕལ་ཆེར་འགྲེང་བུ་ནི། །

ཡའི་སྒྲ་ཅུང་ཟད་ལྡན་པར་བཀླག །

དོན་ནི་གསལ་བྱེད་ཀྱི་ཡི་གེ་ལ་ཡ་བཏགས་པ་ཕལ་ཆེར་འགྲེང་བུ་ཡོད་པའི་ཚུལ་གྱིས་བཀླག་པར་བྱ་སྟེ། ཤུགས་ལ་ཡ་སྒྲ་ཅུང་ཟད་ཅིག་དང་ལྡན་པར་བྱས་ནས་བཀླག

ཡ་ལ་ཡ་བཏགས་ཡ་རང་ཉིད། །

ཀ་ཁའི་ཡ་བཏགས་བོད་བཞིན་བཀླག །

ར་ལ་ཡ་བཏགས་ར་ཡར་བཀླག །

ཝ་བཏགས་པའི་བཀླག་ཚུལ

ཝ་བཏགས་ཕལ་ཆེར་ན་རོ་སྟེ། །

ཝ་སྒྲ་ཅུང་ཞིག་ལྡན་པར་བཀླག །

རྀ་ལྀ་ཞུགས་པའི་བཀླག་ཚུལ

ཀ་སོགས་སྲོག་ཏུ་རྀ་ལྀ་ཞུགས། །

གི་གུ་ཕྱིར་ནི་ལོག་གྱུར་ན། །

ཀི་རྀ་ཀི་ལྀ་ཞེས་མྱུར་བཀླག །

ཀ་སོགས་ར་དང་ལ་བཏགས་ནས། །

གི་གུ་ཕྱིར་ནི་མ་ལོག་ན། །

ཀ་རི་ཀ་ལི་ཞེས་པར་བཀླག །

ཀེ་ཤ་ཅན་གྱི་བཀླག་ཚུལ

ཨཻ་དང་ཨཽ་ཡི་བཀླག་ཚུལ་ནི། །

ཨེ་ཨི་ཨོ་ཨུ་ཞེས་པར་བཀླག །

དེ་བཞིན་ཀ་སོགས་སྲོག་ཞུགས་ན། །

ཀེ་ཨི་ཀོ་ཨུ་སོགས་སུ་བཀླག །

རྒྱས་པར་སློབ་དཔོན་ངག་ལས་སློབས། །

མདོར་བསྡུས་ཙམ་འདི་སྐད་གཉིས་པ། །སྣར་ཐང་ལོ་ཙཱ་གང་དེ་ལ། །

བཤེས་གཉེས་བློ་གྲོས་དཔལ་འབར་གྱིས། །ཐང་པོ་ཆེ་རུ་བསྐུལ་ནས་སྦྱར། །

དེ་ལས་བྱུང་བའི་དགེ་བ་ཡིས།།འགྲོ་རྣམས་སྔགས་དོན་རྣམས་གཟིགས་ཤོག །

སྔགས་ཀྱི་ཀློག་ཐབས་ཞེས་བྱ་བ་རྫོགས་སོ།། །།

ཡི་གེ མཚོན་རྟགས མིང་གཞན།
རྗེས་སུ་ང་རོ སྣ་ལྡན། ཐིག་ལེའི་རྣམ་ཅན།
རྣམ་བཅད ཿ ནུ་མ་ཟུང་གི་རྣམ་ཅན། རྣམ་བཅད། ནུ་མ་ཉིས་སྒྲིག་གི་རྣམ་པ།
ལྕེ་རྩ་ཅན ཌཱ་མ་རུའི་རྣམ་ཅན། 
མཆུ་ཅན གླང་ཆེན་མྱོས་བུམ། གླང་ཆེན་མགོའི་ཤ་འབུར་བུའི་དབྱིབས་དང་འདྲ་བས།
ཀེ་ཤ་ཅན ཨེེ  ཨོོ སྤོས་རིང་གི་དུད་པ་ལྟ་བུའི་ཟེད་པོ
པླུཏ་ཅན། ལེགས་སྦྱར་ཡིག་གི་སྒྲ་གདངས་རིང་ཤོས་མཚོན་བྱེད།
ཧལནྟ གསལ་བྱེད་སྲོག་མེད་ཀྱི་རྟགས།

སྒྲ་རིག་པའི་གོ་དོན།

སྒྲ་རིག་པ་ཞེས་བ་ནི་སྐད་རིགས་མི་འདྲ་བ་སོ་སོའི་རང་རང་གི་ཡུལ་གྱི་དོན་གྱི་ངོ་བོ་ཙམ་འཛིན་པའི་མིང་དང་། དེར་བརྗོད་དོན་གསལ་བར་བྱེད་པའི་རྐྱེན་རྣམ་དབྱེ་ཚིག་ཕྲད་སོགས་སྦྱར་བ་ལ་བརྟེན་ནས་བརྗོད་བྱའི་དོན་འཕྲོད་པར་བྱེད་པའི་ཆོས་ཉིད་གཞིར་བཟུང་སྟེ་གཏན་ལ་ཕབ་པའི་རིག་པའི་གཞུང་ལུགས་ཞིག་ལ་གོ

རྒྱ་གར་གྱི་སྒྲ་རིག་པའི་ཁྱད་ཆོས།

གཅིག  ཐུང་མོང་གི་ཁྱད་ཆོས། མིང་ཚིག་ཡི་གེ་གསུམ་གྱི་ཚོགས།

གཉིས། རང་བཞིན་རྐྱེན་རྣམ་འགྱུར་གསུམ།

རྒྱ་གར་གྱི་སྒྲ་རིག་པ་མ་ལུས་བ་མདོར་བསྡུས་ན། །རང་བཞིན་རྐྱེན་དང་རྣམ་འགྱུར་གསུམ་དུ་འདུ།

རང་བཞིན་ནི་གཞི། རྐྱེན་ནི་གྲོགས། རྣམ་འགྱུར་ནི་སྒྱུར་བ།

༡ རང་བཞིན།

རང་བཞིན་ལ་དབྱེ་ན་གཉིས། སྒྲའི་སྐྱེ་གནས་སུ་གྱུར་བའི་བྱ་བ་འབའ་ཞིག་རྟོགས་པར་བྱེད་པའི་བྱིངས་དང་། དོན་དང་ལྡན་པའི་མིང་ངམ་རྟགས་གཉིས་ཡིན།

བྱིངས་ནི་བོད་ཀྱི་ཀ་ལ་སོགས་པ་ལྟ་བུའི་ཁོ་ནའི་དོན་མི་སྟོན་པ་ལ་ཟེར།དེ་ལ་དབྱེ་ན། མདོའི་བྱིངས་དང་། རྐྱེན་གྱིས་བཅོས་པའི་བྱིངས།

གླེགས་བམ་ལས་བྱུང་བའི་བྱིངས།

མིང་ངམ་རྟགས་ནི། ཞོའི་སྐད་དོད་ད་དྷི་ཞེ་ས་པའི་རྟགས་བཞག་ཅེས་བ་ལྟར། རྟགས་དང་མིང་གཉིས་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན། བྱེད་རྐྱེན་དང་རྣམ་དབྱེ་སོགས་མ་ཡིན་པའི་དོན་གྱི་ངོ་བོ་ཙམ་བརྗོད་པ་ནི་མིང་དང་། བྱིངས་དང་རྣམ་དབྱེ་བོར་བ་ནི་རྟགས་སོ།།

རྟགས་ལ་གསལ་བྱེད་ཀྱི་མཐའ་ངེས་བ་ཅན་གྱི་སྒོ་ནས། སྐྱེས་པའི་རྟགས། བུད་མེད་ཀྱི་རྟགས། མ་ནིང་གི་རྟགས་ཅེས་རྟགས་གསུམ་གྱི་སྒོ་ནས་བསྟན་ཡོད།

༢ རྐྱེན།

རྐྱེན་ནི་སྒྲའི་རང་བཞིན་མིང་དང་ཚིག་བྱིངས་གང་རུང་བསྒྲུབ་པ་བདེ་བླག་ཏུ་འགྲུབ་པར་བྱེད་པའི་གྲོགས་ལྟ་བུ་ཡིན།བོད་རང་སྐད་དུ་བྱས་ན། སྔོན་རྗེས་ཀྱི་འཇུག་པ་ལྟ་བུ་ཡིན།

༣ རྣམ་འགྱུར།

རྣམ་འགྱུར་ནི་རྣམ་དབྱེ་དང་རྣམ་དབྱེ་མ་ཡིན་པའི་རྐྱེན་ལ་བརྟེན་ནས་བྱིངས་དང་།རྟགས་དང་། གཟུགས་དང་།བརྗོད་བྱ་གཞན་ཡང་གཞན་དུ་སྒྱུར་བར་བྱེད་པའི་ཆོས་ལ་ཟེར། བོད་རང་སྐད་དུ་བྱས་ན། ཡ་ར་ལ་འདོགས་གཟུགས་གཞན་དུ་འགྱུར་བ་ལྟ་བུ་རེད། མཚམས་སྦྱོར་ལྔའི་སྐབས་ཀྱི་བསྒྱུར་བ་དང་དབྱི་བ་ནི་ཡི་གེ་ཙམ་གྱི་འགྱུར་བ་ཡིན།

སྒྲ་ལྡན་གྱི་ཡི་གེ ཧ་ནས་བ་བར་གྱི་ཡི་གེ
སྒྲ་མེད་ཀྱི་ཡི་གེ ཁ་ནས་ས་བར་གྱི་ཡི་གེ
དྲོ་བའི་ཡི་གེ ཤ་ཥ་ས་ཧ དབུགས་དྲོ་བར་བྱ་བའི་ཕྱིར
སྣ་ལྡན་ཡི་གེ ཉ་མ ཁ་སྣ་གཉིས་ལས་བརྗོད་པ
མཐར་གནས་ཡི་གེ ཡ་ར་ལ་ཝ རང་རང་ཁམས་མཐུན་གྱི་སྡེ་བའི་མཐར་བཞག
མཐར་ཟད་ཡི་གེ ཀཥ ཡི་གེ་ཐམས་ཅད་ཀྱི་ཟད་མཐར་གནས་བའི་ཕྱིར
འཕེལ་བའི་ཡི་གེ ཨཱ་ཨཱརྲ་ཨེེེེ་ཨོོ ཨ་རྀ་ཨི་ཨུ་ལས་འཕེལ་བའོ
ཡོན་ཏན་ཡི་གེ ཨརྲ་ཨེེ་ཨོ རྀ་ཨི་ཨུའི་ཡོན་ཏན་ཡིན་ནོ།།
ལྕི་བའི་ཡི་གེ ཕ་རོལ་དུ་བརྩེགས་པ་དང་རྣམ་བཅད།ཐིག་ལེ་རྣམས་ཡོད་པ།
ཡང་བའི་ཡི་གེ ཕ་རོལ་ཏུ་བརྩེགས་པ་སོགས་མེད་པའི་ཐུང་ངུ་ནི་ཡང་བའོ།།

སྒྲ་རིག་པའི་དཀའ་གནད་མཆན་འགྲེལ།

རྗེས་འབྲེལ། ཕྱི་མ་སྔ་མ་ལ་བརྟེན་པའམ་རག་ལས་བ།

འགྲོ་བའི་དོན་ཅན། ཀྲིཏ྄་དང་རྣམ་དབྱེ་རྐྱེན་སོགས་དངོས་མ་ཡིན་པ་དེ་དག་དང་རྗེས་སུ་འབྲེལ་བའི་ཡི་གེ་གང་ཞིག་ཡོད་པ་རྣམས་ལ་ནི་ཨིཏ྄་མིང་ཅན་ཞེས་བྱ་ཞིང་། དེ་དག་ནི་རྐྱེན་གཞན་དང་ཕྲད་མ་ཐག་ཨཏ྄་འདོགས་པའི་རྒྱུ་མམཚན་གྱིས་བྱ་བྱུང་ཟིན་པས་དེའི་ཁོངས་ནས་ཕྲལ་ཏེ་དབྱི་དགོས་པའི་ཕྱིར་ན་འགྲོ་བའི་དོན་ཅན་ཞེས་བརྗོད་ལ། དེ་མིན་རྗེས་འབྲེལ་དབྱི་བ་སོགས་ཀྱང་འགྲོ་བའི་དོན་ཅན་ཡིན།

ཨིཏ྄འི་མིང་ཅན། ཡི་གེ་དང་བྱིངས་དང་རྐྱེན་དང་རྣམ་འགྱུར་རྣམས་ཀྱི་རང་གི་ཆ་ཤས་མ་ཡིན་པར་མཚན་མའི་དོན་དུ་སྦྱར་བའི་རྗེས་སུ་འབྲེལ་བའི་ཡི་གེ་རྣམས་ནི་འདིར་ཨིཏ྄་ཅེས་བྱ་ཞིང་མཚན་མ་བྱེད་པའི་རྒྱུ་མཚན་གྱིས་བྱ་བ་གང་ཡིན་པ་དེ་བཡངུ་ཟིན་ནས་མི་གནས་པར་འགྲོ་བ་སྟེ་དབྱི་བར་བྱེད་པའི་ཕྱིར་བོད་སྐད་དུ་དབྱི་བ་ཞེས་བྱ།

ཊི། བྱིངས་སམ་རྐྱེན་ནམ་མིང་གི་མཐའི་གསལ་བྱེད་སྲོག་མེད་དང་སྔོན་མའི་དབྱངས་བཅས་ལ་ཊི་ཞེས་བརྗོད་དོ།།

ཨུ་པ་དྷཱ། བྱིངས་སམ་རྐྱེན་ནམ་མིང་གི་མཐའི་གསལ་བྱེད་སྲོག་མེད་དེ་ལ་ཨུ་པ་དྷཱ་ཞེས་བརྗོད་དོ།།

ཨཱ་ག་མ། རྐྱེན་གང་ཞིག་གཉེན་དང་འདྲ་བ་ནམ་དགོས་པའི་ཚེ་ན་ཕན་འདོགས་པར་བྱེད་ནུས་བ་ཞིག་ལ་གོ ཨཱ་ག་མ་ནི་ལུང་ངམ་གློ་བུར་བའི་དོན་ཡིན།

ཏ྄་ཡིག་རྗེས་འབྲེལ། དབྱངས་ཡིག་གང་ཞིག་གི་མཐར་ཏ྄་ཡིག་རྗེས་འབྲེལ་དུ་བྱས་ནས་བསྟན་པ་རྣམས་ཀྱིས་ཏ྄་ཡིག་སྦྱོར་ཡུལ་གྱི་དབྱངས་དེ་ཉིད་ཐུང་ངུ་ཡིན་ན་ཐུང་ངུ་དང་། རིང་བོ་ཡིན་ན་རིང་བོར་བརྗོད་པའི་ཡུན་ཚད་ཀྱི་དུས་གང་ཡིན་པ་དེ་ཉིད་གཟུང་བར་སྟོན་པ་པ་ཡིན།

བརྗོད་དོན། བརྗོད་བདེ་བའི་དོན་དུ།

ཁྱད་དོན།

མཚམས་སྦྱོར་ལྔ་བ་ཞེས་བྱ་བ་བཞུགས་སོ།

མིང་གི་རབ་ཏུ་བྱེད་པ།

ཨ་ཨི་ཨུ་རྀ་ལྀ་མཚུངས་བ་རྣམས་སོ།།

ཨ་ཨི་ཨུ་རྀ་ལྀ་བཅས་རྩ་བའི་དབྱངས་ཡིག་ལྔ་བོ་འདི་རྣམས་ལ་མཚུངས་བའི་ཡི་གེ་ཞེས་ཆོ་ག་འབྱུང་བའི་ཕྱིར་མིང་ཏུ་བཏགས་སོ།།

ཐུང་ངུ་རིང་བོ་པླུཏས་ཕྱེ་བ་རྣམས་འདྲ་བ་རྣམས་སོ།།

མཚུངས་པའི་ཡི་གེ་ལྔ་བོ་ལ་ཡང་ཡུན་ཚད་མི་འདྲ་བའི་དབང་གིས་རིང་པོ་ཐུང་ངུ་པླུཏ་བཅས་གསུམ་གསུམ་དུ་དབྱེའོ།། གསུམ་གསུམ་ནང་ཕན་ཚུན་འདྲ་བའི་ཡི་གེ་ཞེས་བརྗོད་དོ།།

མཚུངས་པའི་ཡི་གེ་ཞེས་པའི་མཚུངས་བ་་ནི་དོན་གྱི་ངོ་བོ་ཆ་ནས་གཅིག་མཚུངས་ཡིན་པའི་དོན།

འདྲ་བའི་ཡི་གེ་ཞེས་པའི་འདྲ་བ་ནི་དོན་གྱི་ངོ་བོ་གཅིག་མཚུངས་ཡིན་པར་མ་ཟད། གདངས་ཀྱི་རིང་ཐུང་གི་ཁྱད་ཙམ་ལས་ཡིག་གཟུགས་ཀྱི་རི་མོའང་ཆ་འདྲ་བའི་དོན།

ལྷག་མ་འཇིག་རྟེན་ལས་གྲུབ་བོ་ཞེས་འཆད་དོོ།།

རིང་ཐུང་གི་ཚད་སོགས་གཞུང་འདིར་དངོས་སུ་མ་བཤད་པའི་ལྷག་མ་འཇིག་རྟེན་དང་བསྟན་བཅོས་རྣམས་ལ་གྲགས་ཤིང་གྲུབ་པ་རྣམས་ཀྱང་འདིར་བཤད་པར་བྱའོ།།

ཨེ་ཨེེ་ཨོ་ཨོོ་མཚམས་སྦྱོར་གྱི་ཡི་གེ་རྣམས་སོ།།

ཨེ་ཨེེ་ཨོ་ཨོོ་ཞེས་བ་ནི་ཨ་ཨི་ལས་ཨེ་དང་།ཨ་ཨེ་ལས་ཨེེ། ཨ་ཨུ་ལས་ཨོ་དང་། ཨ་ཨོ་ལས་ཨོོ་བཅས་འདུས་ཤིང་མཚམས་སྦྱོར་བ་ལས་གྲུབ་པའི་ཡི་གེ་ལྔ་བོ་འདི་རྣམས་ལ་མཚམས་སྦྱོར་གྱི་ཡི་གེ་ཞེས་བརྗོད་དོ།།

གཉིས་པོ་རྣམས་དབྱངས་སོ།།

མཚུངས་བའི་ཡི་གེ་དང་མཚམས་སྦྱོར་གྱི་ཡི་གེ་གཉིས་ཀྱི་སྤྱིའི་མིང་ལ་དབྱངས་ཞེས་བརྗོད།

ཨ་བོར་བ་ནཱ་མིན྄་རྣམས་སོ།།

ཨ་ཡིག་རིང་ཐུང་དོར་རྗེས་ཀྱི་དབྱངས་ལྷག་མ་རྣམས་ལ་ནཱ་མིན྄་ཡི་གེ་ཞེས་བརྗོད།

ཧ་ཡ་ཝ་ར་ལ། ཉ་ཎ་ན་ང་མ། ཛྷ་ཌྷ་དྷ་གྷ་བྷ། ཚ་ཌ་ད་ག་བ།

ཁ་ཕ་ཚ་ཋ་ཐ། ཙ་ཊ་ཏ་ཀ་པ།  ཤ་ཥ་ས་རྣམས་སོ།།

ཐོག་མ་དང་མཐའ་མ་དག་གིའོ།།

ཐོག་མའི་ཡི་གེ་དང་མཐའ་མའི་ཡི་གེ་ལྷན་གཅིག་བརྗོད་པས་སྐབས་སུ་དེ་གཉིས་ཀྱི་བར་གྱི་ཡི་གེ་རྣམས་ལ་གོ་བར་བྱེད།

བསྡུ་བའི་མིང་ལ། ཧ་སའི་ཡི་གེ ཧ་བའི་ཡི་གེ ཙ་པའི་ཡི་གེ  ཛ་བའི་ཡི་གེ ཛྷ་བྷའི་ཡི་གེ ཁ་པའི་ཡི་གེ ཁ་སའི་ཡི་གེ  ཉ་མའི་ཡི་གེ  ཡ་པའི་ཡི་གེ ཨ་བའི་ཡི་གེ

ཧ་ས་རྣམས་ནི་གསལ་བྱེད་རྣམས་སོ།།

ཐོག་མའི་ཡི་གེ་ཧ་དང་མཐའ་མའི་ཡི་གེ་གཉིས་ལྷན་གཅིག་བརྗོད་པའི་དེ་གཉིས་ཀྱི་བར་གྱི་ཡི་གེ་རྣམས་ནི་གསལ་བྱེད་རྣམས་སོ།།

དབྱངས་ཀྱིས་དམན་པ་གསལ་བྱེད་དོ།།

དབྱངས་མེད་པ་སྟེ་སྲོག་མེད་ཁོ་ན་ཡིན་པ་ནི་གསལ་བྱེད་ཡིན།

ཨིཏ྄་ནི་བྱ་བའི་ཆེད་དུའོ།།

གསལ་བྱེད་རྣམས་ལ་སྲོག་ཏུ་ཨ་ཡིག་ཞུགས་པ་ནི་ངག་ལ་བརྗོད་བདེ་བར་བྱ་བའི་ཆེད་དུ་ཡིན།

གང་ཨིཏ྄འི་མིང་ཅན་དེ་ནི་དབྱིའོ།།

ཀྲིཏ྄་དང་རྣམ་དབྱེ་རྐྱེན་སོགས་དངོས་མ་ཡིན་པ་དེ་དག་དང་རྗེས་སུ་འབྲེལ་བའི་ཡི་གེ་གང་ཞིག་ཡོད་པ་རྣམས་ལ་ནི་ཨིཏ྄་མིང་ཅན་ཞེས་བྱ་ཞིང་། དེ་དག་ནི་རྐྱེན་གཞན་དང་ཕྲད་མ་ཐག་ཨཏ྄་འདོགས་པའི་རྒྱུ་མམཚན་གྱིས་བྱ་བྱུང་ཟིན་པས་དེའི་ཁོངས་ནས་ཕྲལ་ཏེ་དབྱི་དགོས་པའི་ཕྱིར་ན་འགྲོ་བའི་དོན་ཅན་ཞེས་བརྗོད་ལ། དེ་མིན་རྗེས་འབྲེལ་དབྱི་བ་སོགས་ཀྱང་འགྲོ་བའི་དོན་ཅན་ཡིན།

ཡི་གེ་མི་མཐོང་བ་ཕྱིས་བའོ།།

གཏན་དུ་ཕྱིས་ནས་ཡི་གེ་གཟུགས་མི་མཐོང་བར་བྱས་ཤིང་བསུབ་པ་ནི་དབྱི་བོའོ།

ཡི་གེ་རྣམ་པར་འགོག་པ་ནི་དབྱི་བ་ཙམ་མོ།།

ཡི་གེ་གཞན་དང་ནོར་བ་རྣམ་པར་འགོག་པའི་ཆེད་དུ་སྦྱར་བ་རྣམས་དབྱི་བའི་ཆོ་ག་ཡིན་མོད་ཀྱང་རྐྱེན་རང་གིས་ངོ་བོའི་ཆོ་ག་དང་བྱེད་པ་རྣམས་ཕྱིས་ན་འབྱུང་བས་ནི་དབྱི་བ་ཙམ་ཡིན།

གཉེན་དང་འདྲ་བ་ནི་ཨཱ་ག་མའོ།།

རྐྱེན་གང་ཞིག་གཉེན་ཉེ་གྲོགས་པོ་ནང་བཞིན་དགོས་པའི་ཚེ་ན་ཕན་འདོགས་པར་བྱེད་པ་ནི་ཨཱ་ག་མ་ཡིན། ཨཱ་ག་མའི་དོན་ནི་ལུང་ངམ་གློ་བུར་བའི་དོན་ཡིན།རང་རེའི་བོད་སྐད་དུ་བྱས་ན་ཚིག་ཕྲད་དང་འདྲ།

དགྲ་བ་དང་འདྲ་བ་ནི་ཀུན་ནས་བསྒྱུར་བའོ།།

ཡི་གེ་བསྒྱུར་བ་ནི་དགྲ་ཇག་གི་སྤྱོད་པ་དང་འདྲ་བར་ཡི་གེའི་གཟུགས་གཞན་ནས་གཞན་དུ་བསྒྱུར་བར་བྱེད།

དབྱངས་བར་ན་མེད་པའི་ཧ་ས་རྣམས་ཡང་དག་པར་སྦྱར་རོ།།

གསལ་བྱེད་སྲོག་མེད་གཉིས་དང་གསུམ་ལ་སོགས་པ་བརྩེགས་པ་དེ་ལ་ཡང་དག་པར་སྦྱོར་བ་ཞེས་བརྗོད།

ཀུ་ཙུ་ཊུ་ཏུ་པུ་སྡེ་བ་རྣམས་སོ།།

ཀུ་ཞེས་པའི་ཀ་སྡེ་གོ་བ་ལྟ་བུ་ཨུ་ཡིག་སྲོག་ཏུ་ཞུགས་པས་རང་རང་གི་སྡེ་བའི་ཡི་གེ་ལྔ་བོ་ཡོངས་སུ་གཟུང་བར་བྱ་བའི་དོན་ཡིན།

ཨར྄་ཨེཏ྄་ཨོ་ནཱ་མའི་ཡོན་ཏན་ནོ།།

རྐྱེན་གྱི་ནུས་བ་དང་། བྱིངས་རང་ངོས་ཀྱི་ཡོན་ཏན་ལས་ནཱ་མིན྄འི་ཡི་གེ་རྣམས་ཀྱི་ནང་ནས་རྀའི་ཨར྄་དང་ཨིའི་ཨཏ྄། ཨུའི་ཨོ་རུ་བསྒྱུར་བ་བཅས་ནི་ཨ་ཡིག་བོར་བའི་ནཱ་མིན྄་གྱི་ཡི་གེ་དེ་དག་གི་ཡོན་ཏན་ཡིན།

ཨཱ་ཨཱར྄་ཨེེ་ཨོོ་འཕེལ་བའོ།།

ཉྣིཏ྄་སོགས་རྐྱེན་གྱི་ནུས་བ་ལ་བརྟེན་ནས། ཨ་ཐུང་གི་ཨཱ་དང་། རྀ་ཡིག་གི་ཨཱར྄་དང་། ཨི་ཡིག་གི་ཨེེ། ཨུ་ཡིག་གི་ཨོོ་རུ་འཕེལ་བ་བཅས་ལ་འཕེལ་བའི་ཡི་གེ་མིང་ཅན་བཞི་ཞེས་བྱ།

མཐའི་དབྱངས་ལ་སོགས་པ་ཊིའོ།།

བྱིངས་སམ་རྐྱེན་ནམ་མིང་གི་མཐའི་གསལ་བྱེད་སྲོག་མེད་དང་སྔོན་མའི་དབྱངས་བཅས་ལ་ཊི་ཞེས་བརྗོད།

མཐའ་ལས་སྔ་མ་ཨུ་པ་དྷཱའོ།།

བྱིངས་སམ་རྐྱེན་ནམ་མིང་གི་མཐའི་གསལ་བྱེད་སྲོག་མེད་ཀྱི་ཡི་གེ་ཁོ་ནའི་སྔོན་མ་ན་ཡོད་པའི་དབྱངས་དེ་ལ་ཨུ་པ་དྷཱ་ཞེས་བརྗོད།

ཕ་རོལ་ཏུ་བརྩེགས་པ་སོགས་མེད་པའི་ཐུང་ངུ་ནི་ཡང་བའོ།།

ཕ་རོལ་ཏུ་བརྩེགས་པ་དང་རྣམ་བཅད། རྗེས་སུ་ང་རོ་སོགས་མེད་པའི་ཐུང་ངུ་ནི་ཡང་བའི་ཡི་གེ་ཡིན།

དབྱངས་ཀྱི་མཚམས་སྦྱོར།

དབྱངས་ལ་ཨིཡ྄འོ།།༼ད་དྷི   ཨཱ་ན་ཡ༽

ཚུར་མཐའ་ལ་ཨི་ཡིག་རིང་ཐུང་གང་བྱུང་ཡང་ཕ་རོལ་ལ་དེ་དང་འདྲ་བ་མ་ཡིན་པའི་དབྱངས་ཡིག་བྱུང་ཚེ་ཚུར་མཐའི་ཨི་ཡིག་ཨ་ཡ྄་རུ་འགྱུར།

ཧ་ས་ལ་ར་ཧ་མ་ཡིན་པའི་ཧ་ས་རྣམས་སོ།།༼ ད་དྷ྄ཡ྄   ཨཱ་ན་ཡ༽

ཕ་རོལ་ཏུ་ཧ་སའི་ཡི་གེ་བྱུང་ན། ཚུར་མཐའ་ལ་ར་ཧ་གཉིས་མ་ཡིན་པའི་ཧ་སའི་ཡི་གེ་རྣམས་གང་བྱུང་བ་དེ་གཉིས་སུ་འགྱུར།

ཚུར་མཐའ ཕ་རོལ
ཧ་ས ར་ཧ་མ་ཡིན་པའི་ཧ་ས
ཚུར་མཐའི་ཧ་ས་གཉིས་བརྗོད

ཛྷ་བྷ་ལ་ཛ་བ་རྣམས་སོ།།༼དདྷ྄དྷ྄ ཡ྄    ཨཱ་ན་ཡ    ༽

ཕ་རོལ་ལ་ཛྷ་བྷའི་ཡི་གར་བྱུང་ཚེ། ཚུར་མཐའི་ཇྷ་བྷའི་ཡི་གེ་དེ་རང་དང་སྡེ་བ་གཅིག་པའི་གྲངས་མཚུངས་ཀྱི་གསུམ་པ་ཛ་བ་རྣམས་སུ་འགྱུར།

ཚུར་མཐའ ཕ་རོལ
ཛྷ་བྷའི་ཡི་གེ ཛྷ་བྷའི་ཡི་གེ
ཚུར་མཐའི་ཛྷ་བྷ་རྣམས་ཛ་བ་རྣམས་སུ་འགྱུར

དབྱངས་མེད་པ་ཕ་རོལ་ཏུ་ཡང་དག་པར་སྦྱར་རོ།།༼ ད་ད྄དྷ྄ ཡ྄  ཨཱ་ན་ཡ  ༽

ཚུར་མཐའི་ཧ་ས་དབྱངས་མེད་རྣམས་ཕ་རོལ་གྱི་དབྱངས་སམ་གསལ་བྱེད་དབྱངས་ལྡན་གང་ཡོད་པ་དེ་དང་ཡང་དག་པར་སྦྱོར་རོ།།

ར་ལས་ཡ་བ་གཉིས་སོ།༼ གོོ་རཱི  ཨ་ཏྲཿ  ༽

ཚུར་མཐའ་ལ་དབྱངས་སྔོན་ན་ཡོད་པའི་ར྄་ཡིག་བྱུང་ཚེ། ཕ་རོལ་གྱི་ཡ྄་དང་བ་དག་གཉིས་སུ་འགྱུར།

ཚུར་མཐའ ཕ་རོལ
དབྱངས་སྔོན་གྱི་ར྄་ཡིག ཡ྄ བ྄
ཕ་རོག་ཡ྄་བ྄་གཉིས་སུ་འགྱུར

༼དབྱངས་ལ་༽ཨུཝ྄འོ། རྀ་ར྄འོ།ལྀ་ལ྄འོ།༼མ་དྷུ ཨ་ཏྲཿ   པི་ཏྲྀ   ཨརྠཿ   ལྀ  ཨ་ནུ༽

རང་དང་མི་འདྲ་བའི་དབྱངས་ཕ་རོལ་ལ་བྱུང་ན་ཚུར་མཐའི་ཨུ་ཡིག་ཝ྄་དང་རྀ་ཡིག་ར྄། ལྀ་ཡིག་ལ྄་རུ་འགྱུར་འགྲོ།

ཨེ་ཨཡ྄འོ། ཨོཨབ྄འོ། ༼ནེ  ཨ་ནཾ  བྷོ  ཨ་ཏི༽

དབྱངས་གང་རུང་ཕ་རོལ་ལ་བྱུང་ན་ཚུར་མཐའི་ཨེ་ཡིག་ཨ་ཡ྄་དང་། ཨོ་ཡིག་ཨ་ཝ་རུ་འགྱུར་འགྲོ

གསལ་བྱེད་ལ་དབྱངས་རྣམས་མཚམས་སྦྱོར་བ་མ་ཡིན་ནོ།༼གོ ཡུ་ཏིཿ༽

དབྱངས་ཕ་རོལ་ལ་ཚུ་རོལ་གྱི་དབྱངས་མཚམས་སྦྱོར་བ་ཡིན་གྱི།གསལ་བྱེད་ཕ་རོལ་ལ་དབྱངས་ཚུ་རོལ་རྣམས་མཚམས་སྦྱོར་བ་མ་ཡིན།

ཨེེ་ཨཱཡ྄འོ། ཨོོ་ཨཱ་བའོ།༼ནེེ ཨ་ཀཿ   ཏོོ ཨི་ཧ༽

དབྱངས་གང་རུང་ཕ་རོལ་ལ་བྱུང་ན་ཚུ་རོལ་གྱི་ཨེེ་ཨ་ཡ྄་དང་ཨོོ་ཨ་ཧ྄་རུ་འགྱུར་འགྲོ

ཚིག་མཐའི་ཡ་བ་དག་ཡང་ན་དབྱིའོ།

ཨེེ་ཡིག་ཨཱ་ཡ྄་རུ་བསྒྱུར་བ་ལ་སོགས་པ་རྣམས་ཀྱི་ཡ྄་ཡིག་དང་ཝྲ་ཡིག་ཡང་ན་དབྱི་བར་བྱ།

ཕྱིས་བ་ལ་སླར་མཚམས་སྦྱོར་བ་མ་ཡིན་ནོ།།༼ཧེ་ས་ཁེ ཨི་ཏི༽

ཚིག་མཐའི་ཡ྄་ཝ྄་དག་ཕྱིས་པའི་རྗེས་སུ་སླར་ཕ་རོལ་ལ་མཚམས་སྦྱོར་བ་མ་ཡིན་ནོ།།

ཡང་སྡེབ་སྦྱོར་གྱི་དགོས་དབང་གིས་སླར་ཕ་རོལ་གྱི་དབྱངས་དང་མཚམས་སྦྱོར་བ་ཡང་ཡོད།

ཨེཏ྄་ཨོ་ཏ྄་ལས་ཨཏ྄འོ།༼ཏེ  ཨ་ཏྲཿ༽

ཚུ་རོལ་གྱི་ཚིག་མཐར་ཨེཏ྄་དང་ཨོཏ྄་གནས་བའི་ཚེ། ཕ་རོལ་ལ་ཨ་ཡིག་ཐུང་ངུ་བྱུང་ན་དབྱི་བར་བྱ།

ཚུ་རོལ ཕ་རོལ
ཚིག་མཐར་ཨེ་ཨོ་ཐུང་ངུ་ཁོ་ན
ཨ་ཐུང་དབྱི

འདྲ་བའི་ཡི་གེ་ལ་ལྷན་གཅིག་ཏུ་རིང་བའོ།།༼ཤྲཱདྡྷཱ  ཨ་ཏྲཿ༽

ཚུ་རོལ་མཐའ་ལ་ཨ་སོགས་མཚུངས་བའི་ཡི་གེ་རྣམས་བྱུང་བ་ལ།ཕ་རོལ་ཏུ་རང་དང་འདྲ་བའི་ཡི་གེ་བྱུང་ན།གཉིས་ཀ་ལྷན་གཅིག་ཏུ་འདུས་ནས་རིང་བོར་འགྱུར་འགྲོ

ཨ་ཨི་ལ་ཨེའོ། ཨ་ཨུ་ལ་ཨོའོ།༼   ཏ་བ ཨི་དཾ       གཾ་གཱ ཨུ་ད་ཀཾ༽

ཚུར་མཐའི་ཨ་ཡིག་རིང་ཐུང་དང་ཕ་རོལ་གྱི་ཨི་ཡིག་རིང་ཐུང་གཉིས་ཀ་འདུས་བ་ལས་ལྷན་གཅིག་ཏུ་ཨེ་ཡིག་ཏུ་འགྱུར་ལ། ཚུར་མཐའི་ཨ་ཡིག་རིང་ཐུང་དང་ཨུ་ཡིག་རིང་ཐུང་གཉིས་ཀ་འདུས་བ་ལས་ལྷན་གཅིག་ཏུ་ཨོ་ཡིག་ཏུ་འགྱུར་འགྲོ

༼ཨ༽ རྀ་ཨར྄འོ།ལ་ལར་ཨཱར྄འོ།༼རྀ་ཎ རྀ ཎཾ༽

ཚུར་མཐའི་ཨ་ཡིག་རིང་ཐུང་དང་ཕ་རོལ་གྱི་རྀ་ཡིག་གཉིས་འདུས་བ་ལས་ལྷན་གཅིག་ཏུ་ཨར྄་དུ་འགྱུར་ལ།ཡང་ན་ཨཱར྄་དུ་འགྱུར།

༼ཨ༽ལྀ་ཨ་ལའོ། ༼ཏ་བ  ལྀ་ཀཱ་རཿ༽

ཚུར་མཐའི་ཨ་ཡིག་རིང་ཐུང་དང་ཕ་རོལ་གྱི་ལྀ་ཡིག་གཉིས་འདུས་བ་ལས་ལྷན་གཅིག་ཏུ་ཨལ྄་དུ་འགྱུར།

ཨེ་ཨེེ་ཨེེའོ། ཨོ་ཨོོ་ཨོོ།༼ཏ་བ ཨེཥཱ   ཏ་བ ཨོ་ད་ནཾ༽

ཚུར་མཐའི་ཨ་ཡིག་རིང་ཐུང་གང་རུང་ནི་ཕ་རོལ་གྱི་ཨེ་༼ཨོ༽དང་ཨེེ་༼ཨོོ༽ཡིག་གང་རུང་དང་འདུས་བ་ལས་ལྷན་གཅིག་ཏུ་ཨེེ་ཡིག་ཏུ་འགྱུར།

ཨོཥྠ་དངཨོ་ཏུ་དག་གི་ཡང་ནའོ།།༼བིམྦ  ཨོཥྠ   སྠུ་ལོ  ཨོ་ཏུ༽

ཚུར་མཐའི་ཨ་ཡིག་ནི་ཕ་རོལ་གྱི་ཨོཥྠ་དང་ཨོ་ཏུ་ཚིག་སྡུད་ཅན་དང་འདུས་བ་ལས་ཨོོ་ཀེ་ཤ་ཅན་དུ་མི་འགྱུར་བར་ཡང་ན་ཨོ་རུ་འགྱུར།

རང་བཞིན་དུ་གནས་པའི་མཚམས་སྦྱོར།

ཨ་མཱི་མ་ཡིན་ནོ།།༼ཨ་མཱི ༽

ཚུར་མཐའ་ཨཱ་མི་དང་ཕ་རོལ་ལ་དབྱངས་ཡིག་བྱུང་ན་མཚམས་སྦྱོར་ཐོབ་པ་མ་ཡིན།

ཚུ་རོལ ཕ་རོལ
ཨཱ་མི དབྱངས།
མཚམས་སྦྱོར་མི་ཐོབ།

ཨྰི་ཨཱུ་ཨེ་གཉིས་ཉིད་ལ་འོ།།༼ཨགྣཱིཨ་ཏྲ མེ་དག་འདིར པ་ཊཱུ་ཨ་ཏྲ གྲུང་བོ་དག་འདིིར ཨཱ་ལེ ཨཱ་ན་ཡ  ཕྲེང་བ་དག་ལོངས་ཤོག༽

རྣམ་དབྱེ་གཉིས་ཚིག་བྱིན་ནས་གྲུབ་ཟིན་པའི་ཚིིག་མཐའི་ཨཱི་ཡིག་དང་ཨཱུ་ཡིག་དང་ཨེ་ཡིག་རྣམས་ཕ་རོལ་གྱི་དབྱངས་ལ་རྟག་ཏུ་མཚམས་སྦྱོར་བ་མ་ཡིན། གཉིས་ཞེས་བ་གཉིས་ཚིག་གི་དོན།

ཨ་ཨོ་ནི་པ་ཏའོ།༼ཨཱ་ཨེ་ཝཾ་མ་ནྱ་སེ ནོ་ཨ་ཏྲ་སྠཱ་ཏ་བྱཾ ཨ་ཨེ་ཧི ཨི་ཨིནྡྲ་པ་ཤྱ  ཨུ་ཨུཏྟི་ཥྠ༽

ངེས་ཚིག་གི་ཨཱ་དང་ཨོ་ཡིག་ནི་པཱ་ཏ་རྣམས་དང་། ཧ་ས་དང་དབྱངས་རྐྱང་བ་རྣམས་ཀྱང་མཚམས་སྦྱོར་ཐོབ་པ་མ་ཡིན་ནོ།

པླུ་ཏའོ།༼ཧེ་དེ་བ་དཏྟ྅ཨེ་ཧི ཀྱེ་ལྷས་བྱིན་ཚུར་ཤོག༽

ཚུ་རོལ་མིང་མཐར་པླུཏ་བྱུང་བ་ལའང་ཕ་རོལ་གྱི་དབྱངས་ལ་མཚམས་སྦྱོར་བ་མ་ཡིན་།

རྒྱང་རིང་བོར་འབོད་པ་ལའང་ཊི་པླུཏ་འོ།།༼༽

པླུཏ་དེ་གང་དུ་ཐོབ་ཅེ་ན། རྒྱང་རིང་བོར་འབོད་པ་ལ་དང་། འང་སྒྲས། སྐད་གསངས་མཐོན་པོར་ཀློག་པ་དང་། གླུ་ལེན་པ་སོགས་ཀྱི་མིང་མཐའི་ཊིའི་བླུཏ་འགྱུར་རོ།།

གསལ་བྱེད་ཀྱི་མཚམས་སྦྱོར།

ཙ་པ་རྣམས་ཨ་བ་ལ་ཛ་བ་རྣམས་སོ།།༼ཥཊ྄ ཨ་ཏྲཿ  དྲུག་འདིར བཱ་ཀ྄ ཡ་ཐཱ བདེ་པའི་ཚིག ཝཀ྄ ཨཱི་ཤྭ་ར ངག་གི་དབང་ཕྱུག༽

ཚུར་མཐའ་ཙ་པའི་ཡི་གེ་བྱུང་ན་དེའི་ཕ་རོལ་ལ་ཨ་བའི་ཡི་གེ་བྱུང་བ་ལ།ཚུ་རོལ་གྱི་ཙ་པའི་ཡི་གེ་གོ་རིམ་ལྟར་རང་སྡེའི་གསུམ་པ་ཛ་བ་རྣམས་སུ་འགྱུར།

ཚུ་རོལ ཕ་རོལ
ཙ་པ ཨ་བ
ཙ་པ་རྣམས་ཛ་བ་རྣམས་སུ་འགྱུར

ཉ་མ་ལ་ཡང་ན་ཉ་མ་རྣམས་སོ།༼༽

ཚུར་མཐའ་ཙ་པའི་ཡི་གེ་ནི་དེའི་ཕ་རོལ་ལ་ཨ་བའི་བྱེ་བྲག་ཉ་མ་བྱུང་ན་རང་དང་སྡེ་བ་གཅིག་པའི་ལྔ་བ་ཉ་མ་རྣམས་སུ་འགྱུར།ཡང་ན་མི་འགྱུར་བར་སྤྱི་མདོ་ལྟར་སྒྲུབ་པར་བྱ།

ཙ་པ་ལས་ནི་ཤ་ནི་ཚའོ།།༼༽

ཚུ་རོལ་ཚིག་མཐར་ཙ་པའི་ཡི་གེ་དང་།ཕ་རོལ་ལ་ཤ་ཡིག་བྱུང་ན།ཕ་རོལ་གྱི་ཤ་ཡིག་ཚ་ཡིག་ཏུ་འགྱུར།

ཧའི་ཛྷ་བྷ་རྣམས་སོ།།༼༽

ཚུ་རོལ་ཚིག་མཐར་ཙ་པ་བྱུང་ན་དེའི་ཕ་རོལ་གྱི་ཐོག་མ་ཧ་ཡིག་བྱུང་བ་ནི་མཐའི་ཙ་པའི་གྲངས་མཚུངས་ཀྱི་ཛྷ་བྷ་རྣམས་སུ་ཡང་ན་འགྱུར།

སྟུའི་ཤྩུ་རྣམས་ཀྱི་ཤྩུའོ།།༼༽

ཚུ་རོལ་གྱི་ཚིག་མཐའི་ས་ཡིག་དང་།ཏུ་ཞེས་བ་ཏ་སྡེའི་ཡི་གེ་ལྔ་པོ་གང་རུང་ཡོད་པ་ལ།ཕ་རོལ་དུ་ཤ་ཡིག་དང་ཙུ་ཞེ་ཙ་སྡེའི་ཡི་གེ་ལྔ་བོ་རྣམས་གང་རུང་བྱུང་ན་ཚུ་རོལ་གྱི་ཤ་ཡིག་དང་།ཏ་སྡེའི་ལྔ་བོ་ཙ་སྡེ་ལྔའི་གྲངས་མཚུངས་སུ་འགྱུར།ཕན་ཚུན་ལྡོག་ནཡང་དེ་བཞིན་དུ་འགྱུར།

ཤ་ལས་མ་ཡིན་ནོ།།༼༽

འོན་ཀྱང་ཚུ་རོལ་ཏུ་ཤ་ཡིག་བྱུང་བ་ལ་ཕ་རོལ་ཏུ་ཏ་སྡེ་བྱུང་ཡང་ཙ་སྡེར་འགྱུར་བ་མ་ཡིན།

ཥ་ཊུ་རྣམས་ཀྱི་ཥ་ཊུའོ།།༼༽

ཚུ་རོལ་མཐའི་ས་ཡིག་དང་ཏ་སྡེ་རྣམས་ནི་ཕ་རོལ་ཏུ་ཥ་ཡིག་དང་ཊ་སྡེའི་ལྔ་བོ་གང་རུང་བྱུང་ན་དེ་རྣམས་ཀྱི་ས་ཥདང་ཏ་སྡེ་ཊ་སྡེ་རྣམས་སུ་གྲངས་མཚུངས་སུ་འགྱུར།

ཏུའི་ལ་ལ་ལའོ།༼༽

ཚུ་རོལ་ཚིག་མཐར་ཏ་དང་ན་ཡིག་བྱུང་ཞིང་ཕ་རོལ་ལ་ལ་ཡིག་བྱུང་ན་ལ་ཉིད་དུ་བསྒྱུར།

མཐར་གནས་རྣམས་གཉིས་སུ་དབྱེ་འོ།༼༽

ཥ་ལས་མ་ཡིན་ནོ།།༼༽

མཐའི་ཊི་ལས་སོ།།༼༽

ན྄་ཚ་ཏ་ལ་སཀ྄འོ།༼༽

ཤ་ལ་ཙཀ྄་ཡང་ན་འོ།༼༽

ཐུང་ངུ་ལས་ང་ན྄་རྣམས་དབྱངས་ལ་གཉིས་སོ།༼༽

ཚ་ཡིའོ།༼༽

ཁ་ས་ལས་ཛྷ་ས་རྣམས་ཀྱི་ཙ་པ་རྣམས་སོ།།༼༽

མའའི་རྗེས་སུ་ང་རོའོ།༼༽

ཚིག་མཐའ་དང་ཛྷ་ས་དག་ལ་ཡང་ནའོ།༼༽

ཛྙཱི་སྡེབ་སྦྱོར་ལའོ།༼༽

ཡ་བ་ལ་ཡ་མ་ཡང་ན་འོ།༼༽

ཡ་བ་ཕ་རོལ་ལ་ཡ་བ་་ལ་ཡང་ནའོ།༼༽

རྣམ་བཅད་ཀྱི་མཚམས་སྦྱོར།

རྣམ་པར་བཅད་བྱའི་སའོ།༼ཀཿ ཏ་ནོ་ཏི ཀཿ  ཙ་ནོ་ཏི  གང་རྒྱས་བར་བྱེད་དང་སུ་སྤྱོད་པར་བྱེེད༽

ཚུ་རོལ་གྱི་རྟགས་མཐར་རྣམ་བཅད་ཡོད་ན་དེའི་ཕ་རོལ་ལ་ཁ་ས་སྒྲ་མེད་ཀྱི་ཡི་གེ་བྱུང་ན་རྣམ་བཅད་དེ་ཉིད་ས྄་རུ་འགྱུར་འགྲོ

ཤ་ཥ་ས་ལ་ཡང་ན་འོ།༼ཀཿ ཤེ་ཏེ  ཀཿ  ཥཎ྄ེཌ   ཀཿ སཱ་དྷུཿ སུ་ཉལ། གང་ལེགས དུམ་བུ་གང༽

དམིགས་བསལ། ཁ་སའི་ནང་ཚན་གྱི་ཡི་གེ་ཤ་ཥ་ས་གསུམ་ཕ་རོལ་ལ་བྱུང་ན་ཚུར་མཐའི་རྣམ་བཅད་ས྄་རུ་འགྱུར་ལ། ཡང་ན་རང་སོར་གནས་ཀྱང་ཆོག་གོ

ཀུ་པུ་དག་ལ་ྈྐྉྤ་དག་ཡང་ན་འོ།༼ཀཿ ཀ་རོ་ཏི ཀཿ ཁ་ལུ ཀཿ པ་ཋ་ཏི ཀཿ ཕ་ལ་ཏི  ཨི་བྱེད། ངན་པ་གང་།  གང་ཀློག་པར་བྱེད། གང་འབྲས་བུ་བྱེད༽

ཕ་རོལ་ལ་ཁ་སའི་ནང་ཚན་ཀ་ཁ་དང་པ་ཕ་གཉིས་བྱུང་ན། ཚུར་མཐའི་རྣམ་བཅད་དེ་ནི་ྈྐྉྤ་དག་ཏུ་ཡང་ན་འགྱུར། ཡང་ན་མི་འགྱུར་བར་སྤྱི་མདོ་ལྟར་སྒྲུབ་ཀྱང་རུང་།

 རྣམ་བཅད་ལས་བྱུང་བའི་ཀ་ཁ་དང་པ་ཕ་བརྗོད་དོན་ཡིན་པས་ཕྱིས་བར་བྱ།

ཚུ་རོལ ཕ་རོལ
རྣམ་བཅད ཀ་ཁ  པ་ཕ
ཕ་རོལ་ནི་གོ་རིམ་བཞིན་ྈྐ་ྈྑ་ྉྤ་ྉྥ་རུ་འགྱུར།

བཱ་ཙའི་པ་ཏི་ལ་སོགས་པ་རྣམས་སོ།

དམིགས་བསལ་དུ་བཱ་ཙཿ པ་ཏི་ལ་སོགས་པའི་མིང་གི་སྒྲ་རྣམས་ཚིག་ཕྲད་དུ་བཤད་པའི་ཕྱིར་ན། མདོ་གོང་མ་ལྟར་མི་འགྱུར་བར་བྱེ་བྲག་མེད་པར་ས྄་རུ་བསྒྱུར་བར་བྱ། མདོ་གཞན་ནས་བཤད་པའི་ནི་པཱ་ཏ་རྣམས་ཀྱང་དེ་དག་གི་ལུགས་བཞིན་དུ་བྱའོ།།

བཱ་ཙཿ པ་ཏིཿ སྨྲ་བའི་བདག་པོ
པ་ན པ་ཏིཿ ནགས་བདག་སྟེ་སེང་གེ
བྲྀ་ཧ་ཏ྄ པ་ཏིཿ རིག་བྱེད་བདག་པོའམ་ཕུར་བུ།༼ཏའི་ས྄འོ།༽
ཀཱ་རཿ ཀ་རཿ བྱེད་པ་པོ
པཱ་རཿ ཀ་རཿ མཆོག་གི་བྱེད་པ་པོ
ཏཏ྄ ཀ་རཿ ཆོམ་རྐུན
བྷཱཿ ཀ་རཿ འོད་བྱེད་དེ་ཉི་མ
ཧ་རིཏ྄ ཙཎྡྲཿ འཕྲོག་བྱེད་ཟླ་བ། ༼སྟུའི་ཤྩུ་རྣམས་ཀྱི་ཤྩུའོ༽

ཨ་ཧན྄འི་རཱ་ཏྲི་མ་ཡིན་རྣམས་ལ་ར྄འོ།༼༽

ཨ་ཧན྄འི་ན྄་ཡིག་ས྄་རུ་བསྒྱུར་ཏེ་ས྄་དེ་ཡང་རྣམ་བཅད་ཀྱི་གཟུགས་སུ་བསྒྱུར་ནས་ཚིག་ཏུ་གྲུབ་པའི་མཐའི་རྣམ་བཅད་ནི་ཕ་རོལ་ཏུ་རཱ་ཏྲི་སོགས་མ་ཡིན་པ་བྱུང་ན་རྲ་རུ་འགྱུར།

ཨ་ཧཿ པ་ཏིཿ ཉི་མོའི་བདག་པོའམ་ཉི་མ།
ཨ་ཧཿ ག་ཎ ཉི་མོའི་ཚོགས།
ཨ་ཧཿ རཱ་ཏྲིཿ ཉིན་མཚན།༼ཧ་བ་ལའོ༽
ཨ་ཧཿ རྰུ་པཾ ཉིན་མོའི་གཟུགས།

ཨཏ྄་ལས་ཨཏ྄་ལ་ཨུ་འོ།༼ཀཿ ཨརྠ  དོན་གང་།༽

ཚུ་རོལ་གྱི་ཨ་ཐུང་མཐའི་རྣམ་བཅད་ལ་ཕ་རོལ་ལ་ཡང་ཨ་ཐུང་བྱུང་ན། བར་གྱི་རྣམ་བཅད་དེ་ཨུ་རུ་འགྱུར།

ཚུ་རོལ ཕ་རོལ
ཨ་ཐུང་མཐའི་རྣམ་བཅད ཨ་ཐུང་།
རྣམ་བཅད་ཨུ་རུ་འགྱུར།

ཧ་བ་ལའོོ།༼ཀཿ  ག་ཏཿ  གང་ལ་འགྲོ  དེ་བཿ ཡཱ་ཏི། ལྷ་ཐོབ་བོ། མ་ནཿ ར་ཐཿ ཡིད་ཀྱི་ཤིང་རྟ༽

ཨ་ཐུང་མཐའི་རྣམ་བཅད་ནི་དེའི་ཕ་རོལ་ལ་ཧ་བའི་ཡི་གེ་བྱུང་ན་ཨུ་ཡིག་ཏུ་འགྱུར་འགྲོ།

ཨཱ་ལས་ཨ་བ་ལ་་དབྱི་འོ།༼དེ་བཱཿ  ཨ་ཏྲཿ ལྷ་རྣམས་འདིར། བཱ་ཏཱཿ བནྟིཿ རླུང་བཞོན༽

ཚུ་རོལ་ཨྰ་ཡིག་རིང་མཐའི་རྣམ་བཅད་ནི་དེའི་ཕ་རོལ་ལ་ཨ་བའི་ཡི་གེ་བྱུང་ན་དབྱི་བར་བྱ།

ཚུ་རོལ ཕ་རོལ
ཨཱ་མཐའི་རྣམ་བཅད ཨ་བ
རྣམ་བཅད་དབྱི་བར་བྱ

དབྱངས་ལ་ཡ྄་ཉིད་ཡང་ན་འོ།༼དེ་བཱཿ ཨ་ཏྲཿ ལྷ་རྣམས་འདིར༽

ཚུ་རོལ ཕ་རོལ
ཨཱ་མཐའི་རྣམ་བཅད། དབྱངས།
རྣམ་བཅད་ཡྲ་རུ་བསྒྱུར

དམིགས་བསལ་དུ་ཚུ་རོལ་ཨཱ་ཡིག་རིང་མཐའི་རྣམ་བཅད་ནི་དེའི་ཕ་རོལ་དབྱངས་ཡིག་བྱུང་ན་ཡ྄་ཉིད་་དུ་ཡང་ན་འགྱུར།ཡང་ན་གོང་ལྟར་རྣམ་བཅད་ཕྱིས་བ་ལ་མཚམས་མི་སྦྱོར།

བྷོས྄་ལས་སོ།

མདོ་འོག་མའི་དམིགས་བསལ་དུ་བྷོས྄་ལ་སོགས་པའི་ས྄འི་རྣམ་བཅད་ནི།དེའི་ཕ་རོལ་ཨ་བའི་ཡི་གེ་བྱུང་ཡང་ར྄་རུ་མི་འགྱུར་བར་དབྱི་བར་བྱ།

བྷོཿ ཨེ་ཧི ཀྱེ་འདིར་བྱོན།
བྷ་གོཿ ནམ་སྟེ སྐལ་ལྡན་ལ་ཕྱག་འཚལ་ལོ།
ཨ་གྷོཿ ཡཱ་ཧི སྡིག་པ་དེངས་ཤིག

ན་མིན྄་ལས་ར྄འོ།༼ཨ་གྣིཿ ཨཏྲཿ  མེ་འདིར། པ་ཊུཿ ཡ་ཛ་ཏེ མཁས་པའི་ལྷ་མཆོད༽

ཚུ་རོལ་ན་མིན྄འི་ཡི་གེ་མཐའི་རྣམ་བཅད་ནི་ཨ་བའི་ཡི་གེ་ཕ་རོལ་ལ་བྱུང་ན་ར྄་རུ་འགྱུར།

ཨུ་ཥས྄འི་བུདྷ་ལ་ར་འོ།།༼ཨུ་ཥས྄ བུདྷ སྔོན་ནས་གསལ་བ༽

ཨུ་ཥས྄འི་ཚིག་མཐའི་རྣམ་བཅད་ནི།དེའི་ཕ་རོལ་ལ་བུདྷ་བྱུང་ན་ན་མིན྄་ཡི་གེ་མིན་ཡང་ར྄་རུ་འགྱུར་འགྲོ

ཁ་ཡིག་གི་རང་བཞིན་ཅན་གྱི་ཁ་པ་ལ་ཡང་ནའོ།༼གཱིཿ པ་ཏིཿ སྨྲ་བའི་བདག་པོ དྷཱུཿ པ་ཏིཿ ས་ཡི་བདག་པོ༽

ངོ་བོ་ར་ཡིག་ལས་བྱུང་བའི་མཐའི་རྣམ་བཅད་ནི།དེའི་ཕ་རོལ་ལ་ཁ་པའི་ཡི་གེ་བྱུང་ན་ར྄་རུ་འགྱུར་འགྲོ།ཡང་ན་སྤྱི་མདོ་ལྟར་སྒྲུབ་པར་བྱ།ཀུ་པུ་དག་ལ་ཞེས་བ།

ར་ལས་སོ།༼པྲཱ་ཏཱཿ ཨ་ཏྲཿ ཐོ་རེངས་འདིར  ཨནྟཿ ག་ཏཿ ནང་དུ་འགྲོ༽

ངོ་བོ་ར྄་ཡིག་ལས་བྱུང་བའི་མཐའི་རྣམ་བཅད་ནི་ནཱ་མིན྄་གྱི་མཐའ་མ་ཡིན་ཀྱང་ཨ་བའི་ཡི་གེ་ཕ་རོལ་ལ་བྱུང་ནའང་ར྄་རུ་འགྱུར།

ར་ལ་དབྱི་སྟེ་རིང་བོའང་ངོ།༼པུ་ནཿ རཱ་མ་ཏེ སླར་ཡང་རྩེད་མོ་བྱེད ཤུཀྟིཿ རཱུ་པྱཱཏྨ་ནཱ་བྷཱ་ཏི ཉ་ཕྱིས་དངུལ་གྱི་བདག་ཉིད་དུ་་སེམས་པར་བྱེད༽

ར྄་ཡིག་ལས་བྱུང་བའི་རྣམ་བཅད་ནི་ར་ཡིག་ཕ་རོལ་ལ་བྱུང་ན་དབྱི་ཞིང་།དེའི་དབྱངས་སྔོན་མའང་རིང་བོར་འགྱུར།

ས་དང་ཨེ་ཥ་ལས་ཧ་ས་ལའོ།༼སཿ ཨ་ར་ཏི  ཨེ་ཥཿ ཧ་ས་ཏི དེ་སྤྱོད་པར་བྱེད། འདི་དང་འགྲོགས་པར་བྱེད།༽

དེ་སྒྲའི་སྐད་དོད་ས་དང་འདི་སྒྲའི་སྐད་དོད་ཨེ་ཥ་གཉིས་ཀྱི་མཐའི་རྣམ་བཅད་ནི་རྟག་ཏུ་དབྱི་བར་བྱ།

མིང་ལས་ཚིག་ཏུ་སྒྲུབ་པ།

སི་ལ་སོགས་པའི་རྣམ་དབྱེ་ནི་མིང་ངམ་རྟགས་མཐའ་དེ་དག་ཁོ་ནར་འཇུག་པ་ལས་བྱིངས་དངོས་ཀྱི་མཐར་མི་འཇུག

རྒྱ་གར་གྱི་རྣམ་དབྱེ།

རྣམ་དབྱེ གཅིག་ཚིག གཉིས་ཚིག མང་ཚིག
དང་པོ སི ཨཽ ཛས྄
གཉིས་པ ཨམ྄ ཨཽ ཤས྄
གསུམ་པ ཊཱ བྷྱཱཾ བྷིས྄
བཞི་བ་ ངེ བྷྱཱཾ བྷྱས྄
ལྔ་བ་ ང་སི བྷྱཱཾ
དྲུག་པ ང་ས྄ ཨོས྄ ཨཱམ྄
བདུན་པ་ ངི་ ཨོས྄ སུཔ྄
བརྒྱད་པ