ལྗང་བུ།

ཡོང་ཁུངས་Wikipedia

ལོ་རྒྱུས།[རྩོམ་སྒྲིག]

མཚན་དངོས་རྡོ་རྗེ་ཚེ་རིང་། མི་ཚང་གི་རུས་ལྕེ་ནག་ཚང་།[རྩོམ་སྒྲིག]

ཆབ་བྲག་རྡོ་རྗེ་ཚེ་རིང་དང་། བསེ་རུ་དང་། རལ་གྲི་དང་། ནག་རྡོ་དང་དཔལ་སྒྲོན་སོགས་སྨྱུག་མིང་ཁ་ཤས་ཡང་དགོས་དབང་གིས་བེད་སྤྱོད་བཏང་མྱོང་ཡོད་འདུག

ཕྱི་ལོ ༡༩༦༣ ལོའི་ཕྱི་ཟླ ༦ པར་དེང་སང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་དུ་འབོད་པ་དེའི་བྲག་མཆོད་རྟེན་ཞོལ་གྱི་སྐུ་ཁང་ཟེར་པ་ཞིག་ལ་སྐུ་འཁྲུངས་པར། སྐུ་མཆེད་མིང་སྲིང་བཅུ་ཡོད་པ་ལས་གསུམ་པ་དེ་དང། ཕ་མ་གཉིས་ཀའི་ཕྱོགས་དེ་བོད་དང་སོག་པོའི་རུས་རྒྱུད་བསྲེས་མར་ཡོད་པ་ཞིག་ཡིན་འདུག སྐུ་ན་ཕྲ་དུས་ནས་བཟུང་ཡུལ་དུས་ཀྱི་རྟེན་འབྲེལ་དམིགས་བསལ་ཞིག་གི་འོག་ཏུ་ཤིང་བཟའ་སྐལ་བཟང་རིན་པོ་ཆེ་དང་། ལྕང་སྐྱ་རྡོ་རྗེ་ཚེ་རིང་། རྩེ་གཞུང་སྔགས་འཆང་ཆེན་པོ་ལྷ་མོ་སྐྱབས་སམ་ལྷ་སྨྱོན་རོལ་པའི་རྩལ་སོགས་ལས་བོད་ཀྱི་སྲོལ་རྒྱུན་ཆོས་རིག་གཉིས་ཀྱི་ཉིང་བཅུད་བྱིན་ཅན་གང་འཚམས་ལེན་པའི་བགོ་སྐལ་ཐོབ་ཡོད་པ་དང་། ལྷག་པར་དུ་ཁོང་གི་སྙན་ངག་མེ་ལོང་གི་སྦྱང་འབྲས་ལ་བསྔག་བརྗོད་ཆེན་པོ་ཐོབ་ཡོད་པའི་ཁར་རང་སྦྱོང་སོགས་ལ་བརྟེན་ནས་ཕྱི་རྒྱལ་རྩོམ་རིག་གི་ཤེས་བྱའི་རྨང་གཞི་ཡང་སྲ་བརྟན་དང་གྲ་རྒྱས་བྱུང་སྟེ། དགུང་ལོ་བཅུ་དྲུག་ཙམ་ནས་བཟུང་རང་རྐྱ་འཕེར་བའི་ངང་བོད་ཡིག་ཕྱག་རྩོམ་ཚགས་ཤོག་ཐོག་འདོན་སྤེལ་གནང་འགོ་ཚུགས་ཡོད་འདུག༼ཕྱིས་སུ་རྒྱ་ཡིག་རྩོམ་འབྲི་དང་བོད་རྒྱ་ཡིག་བསྒྱུར་སྐོར་གྱི་ཕྱག་ལས་མང་ཙམ་གནང་ཡོད་འདུག༽

༡༩༨༢ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ཞེས་པར་རྫས་སྦྱོར་རིག་པའི་སྐོར་ཟབ་སྦྱོང་གི་རིང་ལ། དེ་དུས་འཚོ་བཞུགས་ཀྱི་རྩོམ་པ་པོ་གྲགས་ཅན་དོན་གྲུབ་རྒྱལ་ལམ་རང་གྲོལ་མཆོག་དང་འགྲོགས་འདྲིས་གང་འཚམ་བྱུང་ཞིང་བློས་ཐུབ་གྲོགས་པོར་གྱུར་ཡོད་འདུག་ལ། རང་གྲོལ་ལགས་ཀྱི་གསུང་ཁྲིད་དང་ལམ་སྟོན་ཞུ་ལེན་མཛད་པའི་གོ་སྐབས་གང་མང་ཐོབ་ཡོད་ཅིང་། དུང་དཀར་རིན་པོ་ཆེ་བློ་བཟང་འཕྲིན་ལས་མཆོག་གི་སྙན་ངག་དང་འབྲེལ་བའི་གསུང་ཁྲིད་ལ་ཉན་པའི་གོ་སྐབས་ཡག་པོ་ཡང་ཐོབ་ཡོད་འདུག དུས་ཚོད་དེ་མཚམས་ཤིག་ལ་རྩོམ་རིག་ཙམ་མ་ཡིན་པར་ཁོང་གི་མི་ཚེའི་ལྟ་བ་ལ་ཡང་འགྱུར་བ་ཆེན་པོ་ཞིག་བྱུང་ཡོད་འདུག་ཚོད་ཕྱི་ཡིག་གི་རྩོམ་ཡིག་འགའ་རེར་འཁོད་འདུག

༡༩༨༣ ལོ་ནས ༡༩༨༨ བར་སྔ་གཞུག་ཏུ་རྩོམ་རིག་ཚོགས་པ་དང་གཞུང་འབྲེལ་མ་ཡིན་པའི་སྒེར་གཉེར་དུས་དེབ་མི་འདྲ་བ་རིགས་གཉིས་སྤེལ་བའི་གྲོས་འགོ་བཏོན་གནང་ཞིང་ཕྱག་བསྟར་ཡང་གནང་ཡོད་འདུག (རི་སྐྱེས་མེ་ཏོག་དང་མཐིང་ཟླ་་སྐར་ཚོམས་ཀྱིས་མཚོན)

༡༩༨༨ལོར་རྒྱ་ནག་ལན་ཅུའུ་གྲོང་ཁྱེར་རྟེན་གཞི་བྱས་ཡོད་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ཟེར་པ་དེ་ལས་བོད་ཀྱི་སྐད་བརྡ་རིག་པ་དང་རྩོམ་རིག་གི་ཆེད་ལས་ཐད་སྦྱངས་པ་མཐར་སོན་གྱི་ཕྱག་ཁྱེར་བཞེས་གནང་ཡོད་འདུག

ཁོང་ནི་སྒྲུང་གཏམ་དང་། སྙན་ངག་དང་། ཡིག་བསྒྱུར་དང་། གློག་བརྙན་འཁྲབ་གཞུང་།རིག་གཞུང་ཉམས་ཞིབ་ཀྱིས་མཚོན་རྩོམ་པའི་འཇུག་སྒོ་སྣ་ཚོགས་ལ་གཟབ་ཞུགས་དང་གྲུབ་འབྲས་བླ་ལྷག་བཞེས་ཟིན་རྩོམ་པ་པོ་སྐད་གྲགས་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག་ལ། གློག་བརྙན་འཁྲབ་ཁྲིད་དང་། འདྲ་པར་དང་རི་མོའི་སྒྱུ་རྩལ་གྱི་འདུ་འགོད་ལས་བརྩམ་བྱ་གཏོས་ཆེན་བྱུང་གནང་ཡོད་མཁན་ཞིག་ཀྱང་ཡིན་འདུག་མོད། ཀློག་མཁན་དང་ཉམས་ཞིབ་པ་ཐུན་མོང་གིས་ངོས་འཛིན་བྱེད་སྟངས་ལ་ཁོང་ནི་བོད་ཀྱི་དེ་རིང་རྩོམ་རིག་སྤྱི་དང་ལྷག་པར་སྙན་ངག་གསར་པའི་འབྲི་རྩོམ་གྱི་ཁྱུ་མཆོག་གམ་ཚབ་མཚོན་མི་སྣ་དེ་ཡིན་འདུག་པར། དབྱིན་ཇི་དང་ཧྥ་རན་སིས་མཚོན་སྐད་རིགས་བཅུ་གྲངས་ནང་ལ་ཁོང་གི་ཕྱག་རྩོམ་ཡིག་བསྒྱུར་ཞུས་ཡོད་འདུག བོད་ཡིག་ཐོག་ཕྱག་རྩོམ་མཛད་མཁན་གྱི་དེང་རབས་རྩོམ་མཁན་དག་ལས་ཁོང་ཉིད་རང་བཞིན་གྱིས་ཀློག་པ་པོ་མང་ཤོས་ཡོད་མཁན་ཚོའི་གྲལ་མགོར་བཞུགས་མྱོང་ཡོད་འདུག་ཅིང་ཁོང་གི་ལྗགས་རྩོམ་དག་སློབ་གྲྭ་ཆུང་འབྲིང་དང་ཕྱི་ནང་གཙུག་ལག་སློབ་ཆེན་ཁ་ཤས་ཀྱི་བསླབ་གཞི་ཁག་དང་ཡང་ན་བསླབ་རྗེས་གོ་བསྐྱེད་ཀྱི་ཟུར་ལྟའི་དེབ་རིགས་སུའང་བཞུགས་ཡོད་པ་རེད། ཁོང་གིས་རྒྱལ་ཁབ་རིམ་པ་དང་ཞིང་ལྗོངས་རིམ་པའི་རྩོམ་རིག་བྱ་དགའ་བཅུ་གྲངས་ཤིག་བཞེས་མྱོང་ཡོད་འདུག སྙན་ངག་འདུ་འཛོམས་ལང་ཚོའི་རྦབ་ཆུ (གཞུང་འབྲེལ་མ་ཡིན་པའི་བོད་པའི་སྙན་ངག་དུས་ཆེན་འབའ་ཞིག)་ཞེས་པས་མཚོན་རིག་གནས་བྱེད་སྒོ་དང་སྤྱི་ཚོགས་དགེ་རྩའི་ལས་འགུལ་སྣ་ཚོགས་སྤེལ་བའི་ཐད་ལ་ཡང་ཁོང་གིས་ཡང་ན་སྒྲིག་འཛུགས་ལམ་སྟོན་དང་ཡང་ན་མ་དངུལ་སྡུད་གཏོང་དང་།ཡང་ན་སྐུ་དངོས་སུ་ཐད་ཞུགས་མཛད་དང་མཛད་མུས་ཡིན་འདུག

༢༠༠༢--༢༠༢༡བར། འཇར་མན་དང་། ཨ་མེ་རི་ཀ་དང་། ཉི་ཧོང་སོགས་ཀྱིས་མཚོན་པའི་རྒྱལ་ཁབ་བཅུ་གྲངས་ཀྱི་གཙུག་ལག་སློབ་ཆེན་དང་ཉམས་ཞིབ་སྡེ་ཚན་ཁག་ཏུ " སྙན་ངག་གི་བོད " ལ་སོགས་ཀྱི་བཤད་པ་དང་འཆད་ཁྲིད་སྣ་ཚོགས་མཛད་གནང་ཡོད་པ་དང་རྒྱལ་སྤྱིའི་རང་བཞིན་གྱི་སྙན་ངག་དུས་སྟོན་དང་གློག་བརྙན་དུས་སྟོན་ལ་མཉམ་ཞུགས་གནང་ཡོད་འདུག་ལ། བཟོས་གནང་གློག་བརྙན་དག་ཀྱང་དབྱིན་ཇིའི་སྐུད་ལམ་བཞི་པ་ལ་སོགས་བརྙན་འཕྲིན་བརྒྱུད་ལམ་དང་གློག་བརྙན་ཁང་འདྲ་མིན་ནས་གཟིགས་འབུལ་ཐོབ་ཡོད་འདུག

གསར་གཏོད་ཀྱི་རང་བཞིན་ལྡན་པའི་ཕྱག་ལས་དེ་དག་གནང་བའམ་གམ་ལྷག་དོན་ཕྱག་རྩོམ་དེ་ཚོ་སྤེལ་གནང་པའི་དམིགས་ཡུལ་ཐད་ལ། " རང་གཞན་ཀུན་གྱི་རྣམ་ཤེས་ལ་བྱི་དོར་ཞུ་བའམ་ཡང་ན་ནང་སེམས་ཀྱི་ཁྲུས་ཆོག་གང་རུང་ཞིག་ཡིན་པར་ངོས་འཛིན་གནང་གིན་ཡོད"་ཅེས་བརྙན་འཕྲིན་བཅར་འདྲི་ཞིག་ལ་ཁོང་གིས་དེ་སྐད་གསུང་འདུག

༢༠༠༣ལོ་ནས་བཟུང་ད་ལྟ་བའི་ལས་ཤག་དང་གཟི་མིག་དགུ་པའི་རིག་གཞུང་སྐྱིད་སྡུག ཏཱ་རེ་གློག་བརྙན་སོགས་གསར་འཛུགས་མཛད་ཅིང་། གཞུང་འབྲེལ་མ་ཡིན་བའི་ཚགས་ཤོག་༼དུས་དེབ༽"ད་ལྟ་བ"ཞེས་པ་དེ་འདོན་སྤེལ་མཛད་པར་བོད་ཕྱི་ནང་དུ་དགའ་བསུ་ཚད་མེད་ཐོབ་ཅིང་གསར་བྱུང་རྩོམ་པོ་མང་དག་ཅིག་གི་བློ་སྒོ་དམིགས་སུ་འབྱེད་པའི་ནུས་པ་བཏོན་ཡོད་འདུག

ཁོང་གིས་རིམ་བཞིན་སློབ་འབྲིང་གི་ཚན་རིག་དགེ་རྒན་དང་སྲིད་གཞུང་གི་དྲུང་ཡིག དུས་དེབ་དང་ཚགས་པར་གྱི་རྩོམ་སྒྲིག་པ། རྩོམ་རིག་ཆེད་ལས་ཀྱི་རྩོམ་པ་པོ། ནུབ་གླིང་གཙུག་ལག་མཐོ་སློབ་ཀྱི་སྐད་དང་རྩོམ་རིག་གི་དགེ་རྒན། གློག་བརྙན་ཇུས་གཞི་འདིང་མཁན། རིག་གཞུང་བྱེད་སྒོ་དུ་མའི་བློ་འདོན་པ་དང་ཕྱག་བསྟར་འགན་འཛིན་བཅས་ཀྱི་ཕྱག་ལས་གཉེར་མྱོང་ཡོད་པར་། དེང་སང་ཧྥ་རན་སིིའི་ལྷོ་ཕྱོགས་ལ་གཟི་མིག་དགུ་པའི་རིག་གཞུང་སྐྱིད་སྡུག་དང་རྡོ་རྗེ་ཕ་ལམ་ཤེས་རིག་ཚོང་སྡེའི་འགན་འཛིན་གནང་ཐོག། གསར་རྩོམ་གྱི་མཛད་པ་སྣ་ཚོགས་སྐྱོང་བའི་ཞོར་ལ། གཙོ་བོ་བོད་ཕྲུག་རིག་སྟོབས་རྒྱས་པའི་ལས་འགུལ་དང་བོད་མིའི་འཕྲོད་བསྟེན་ཤེས་ཚད་གོང་མཐོར་གཏོང་བ། བོད་སྐ྄ོར་དཔེ་དེབ་དཔར་སྐྲུན་འགྲེམ་སྤེལ་གྱི་ལས་གཞི་སྤེལ་བ་སོགས་ལ་ཐུགས་གཞོལ་ནས་བཞུགས་མུས་སུ། ༼འབྲུག་གཏུམ་མོས་བྲིས།༽

བརྩམས་ཆོས་གཙོ་བོ།[རྩོམ་སྒྲིག]

བརྩམས་ཆོས་ཀྱི་དཀར་ཆག་རགས་པ།

བོད་ཡིག[རྩོམ་སྒྲིག]

《ལྗང་བུའི་རྩོམ་བཏུས-སྙན་ངག་དེབ》 ( ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ལན་གྲུའུ། 1996 )

《ལྗང་བུའི་རྩོམ་བཏུས-ལྷུག་རྩོམ་དེབ》 ( ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ལན་གྲུའུ། 1997 )

《གཟི་མིག་དགུ་བ》 ( སྙན་ངག་དེབ། ཞང་ཀང་ཐཱན་མཱ། ཧོང་ཀོང་། 2000 )

《ཧི་མ་ལ་ཡའི་རྒྱལ་སྲས》 ( བོད་སྐད་གློག་བརྙན། མཉམ་ཞུགས། ལས་མི་གཙོ་གྲས། ཧྲང་ཧད་གློག་བརྙན། 2005)

《ནས་ཆང་གི་སྐྱུར་ཁ》 ( སྙན་ངག་དེབ། རྒྱལ་སྤྱིའི་ཀློག་དེབ། ཧྲེན་ཀྲིན / ཧོང་ཀོང་། 2018)

《གཟི་མིག་དགུ་པ》 ( བསྐྱར་པར། ཞང་ཀང་ཐཱན་མཱ། ཧོང་ཀོང་། 2020 )

《བརྩེ་དུང་གི་གཏམ་རྒྱུད》 ( སྒྲུང་གཏམ་དེབ། རྒྱལ་སྤྱིའི་ཀློག་དེབ། ཧྲེན་ཀྲིན / ཧོང་ཀོང་། 2021)

《གཟི་མིག་དགུ་པ》 ( བསྐྱར་པར། གཟི་མིག་དགུ་པའི་རིག་ཚོགས། ཧྥ་རན་སི། 2021 )

《བརྩེ་དུང་གི་གཏམ་རྒྱུད》 ( བསྐྱར་པར། གཟི་མིག་དགུ་པའི་རིག་ཚོགས། ཧྥ་རན་སི། 2021 )

《གཞོག་པ》 ( སྙན་ངག་དེབ། གཟི་མིག་དགུ་པའི་རིག་ཚོགས། ཧྥ་རན་སི། 2021 )

《བརྗོད་མེད་ཁོ་རང་བརྗོད་པའི་རྒྱ་མཚོ་ཡིན》 ( སྙན་ངག་དེབ། རྒྱལ་སྤྱིའི་ཀློག་དེབ། ཧྲེན་ཀྲིན/ཧོང་ཀོང་། 2021 *འདོན་འགྱུར)

《ཁེར་ལབ་ཐན་ཐུན》 ( ལྷུག་རྩོམ་དེབ། རྒྱལ་སྤྱིའི་ཀློག་དེབ། ཧྲེན་ཀྲིན/ཧོང་ཀོང་། 2022 *འདོན་འགྱུར)

《སྟེས་དབང་དང་མཇུག་འབྲས》 ( སྒྲུང་གཏམ་དེབ། རྒྱལ་སྤྱིའི་ཀློག་དེབ ཧྲེན་ཀྲིན/ཧོང་ཀོང་། 2022 *འདོན་འགྱུར)

《གངས་རི་སེམས་མཇལ་མ》 ( སྙན་ངག་དེབ། བོད་དབྱིན་ཤན་སྦྱར། ཏཱ་རེ/གཟི་མིག་དགུ་པའི་རིག་ཚོགས། ཧྥ་རན་སི། 2022 *འདོན་འགྱུར)

《དྲན་པ་ཆུ་མིག་ཡང་སོས》 ( སྙན་ངག་དེབ། བོད་དབྱིན་ཤན་སྦྱར། ཏཱ་རེ/གཟི་མིག་དགུ་པའི་རིག་ཚོགས། ཧྥ་རན་སི། 2022 *འདོན་འགྱུར)

དབྱིན་ཡིག་དང་དབྱིན་སྐད།[རྩོམ་སྒྲིག]

གློག་བརྙན་སྐོར་ཞིག[རྩོམ་སྒྲིག]

《སྔགས་པ》(2005)

《ཨ་ནེ་ལྷ་ལྕམ》(2007)

《མཚོ་སྔོན་པོ》(2009)

《དབྱར་རྩྭ་རིན་པོ་ཆེ》(2014)

དཔལ་རྒྱལ་སྤྲུལ་སྐུ (མཉམ་ལས1994)

ནེའུ་ཅུང་རི་བོའི་བཙུན་མ་ཚོ (མཉམ་ལས1994)

ཀརྨ་པ་མཁྱེན་ནོ (མཉམ་ལས 1995)

འོས་སྤྲུལ (མཉམ་ཞུགས 落选灵童/6岁活佛1997 )

ཕོ་བྲང་པོ་ཏ་ལ 电影 ( མཉམ་ཞུགས། ལས་མི་གཙོ་གྲས། 2002 UNESCO + CCTV)

ཕོ་བྲང་པོ་ཏ་ལ 五集电视片 ( མཉམ་ཞུགས། ལས་མི་གཙོ་གྲས། 2002 CCTV )

《ཧི་མ་ལ་ཡའི་རྒྱལ་སྲས》 ( མཉམ་ཞུགས། ལས་མི་གཙོ་གྲས། 2005 上海电影制片厂 )

ཕྱག་དེབ་སྐོར་ཞིག[རྩོམ་སྒྲིག]

《གཟི་མིག་དགུ་པ》 (Lexington Books ཨ་རི། 2010 )

《གཞོག་པ》 ( སྙན་ངག་དེབ། བོད་དབྱིན་ཤན་སྦྱར། གཟི་མིག་དགུ་པའི་རིག་ཚོགས། ཧྥ་རན་སི། 2021)

《གངས་རི་སེམས་མཇལ་མ》 ( སྙན་ངག་དེབ། བོད་དབྱིན་ཤན་སྦྱར། གཟི་མིག་དགུ་པའི་རིག་ཚོགས། ཧྥ་རན་སི། 2022 *འདོན་འགྱུར )

《དྲན་པ་ཆུ་མིག་ཡང་སོས》 ( སྙན་ངག་དེབ། བོད་དབྱིན་ཤན་སྦྱར། གཟི་མིག་དགུ་པའི་རིག་ཚོགས། ཧྥ་རན་སི། 2022 *འདོན་འགྱུར )

ཧྥ་རན་སིའི་སྐད་ནང་གི་གློག་བརྙན།[རྩོམ་སྒྲིག]

《སྔགས་པ》(2005 chanal 4 ) /

《ཨ་ནེ་ལྷ་ལྕམ》(2007 Purple Productions) /

《མཚོ་སྔོན་པོ》(2009 Purple Productions) /

《དབྱར་རྩྭ་རིན་པོ་ཆེ》(2014 GZI /Tara Studio)

ཧྥ་རན་སིའི་སྐད་ཀྱི་དེབ།[རྩོམ་སྒྲིག]

《གཟུགས་མེད་ཀྱི་གཏུབ་གྲི》(2012 )

《རིགས་པའི་གཞུང་ལུགས་གསར་པ》(2021 GZI)

རྒྱ་ནག་སྐད་ནང་གི་གློག་བརྙན།[རྩོམ་སྒྲིག]

巴伽活佛(1994)

敏琼山的阿妮们(1995)

噶玛巴钦诺(1995)

འོས་སྤྲུལ(落选灵童/6岁活佛1997)

布达拉宫 电影(2001)

ཕོ་བྲང་པོ་ཏ་ལ 电视片(2002)

《དབྱར་རྩྭ་དགུན་འབུ》(2014 GZI /Tara Studio)


མར་མེས་ཕབ།

རྩོམ་ཁུངས། སྙན་ངག་དེབ།