ལས་རིགས།

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།

ལས་རིགས་

ཁམ་བྷོ་ཌི་ཡར་ནང་ཆོས་དར་ཚུལ། ཁམ་བྷོ་ཌི་ཡར་ནང་ཆོས་དར་ཚུལ་བཤད་པ་ལ་རྒྱལ་ཁབ་ངོ་སྤྲོད་མདོ་ཙམ་དང་ཆོས་འབྱུང་དངོས་གཉིས་ལས་དང་པོ་ནི། ཁམ་བྷོ་ཌི་ཡ་ནི་བོད་རྒན་ཚོས་༼ཀམ་པོ་ཛ་༽ཞེས་འབོད་ལ་མགོ་སེར་ཚོས་༼ཁམ་བྷོ་ཌི་ཡ་༽ཞེས་ཟེར་ཡང་དོན་དུ་སྒྲ་ངོ་མར་༼Combuja ཁམ་བྷུ་རྗ་༽ཟེར་བའི་ཡུལ་འདི་ནི་ལྷོ་ཤར་ཨེ་ཤ་ཡའི་མངའ་ཁུལ་རྒྱ་གར་རྒྱ་མཚོའི་མཚོ་ཁུག་ཏུ་ཆགས་པའི་རྒྱལ་ཁབ་ཆུང་ངུ་ཞིག་ཡིན། རྒྱལ་ཁབ་ཀྱི་ས་ཁྱོན་ལ་སྤྱེ་ལེ་གྲུ་བཞི་མ་༡༨༡༠༣༥ ཡོད་ཅིང་ནུབ་བྱང་ན་ཐཱ་ལན་ཌི་དང་། བྱང་ཤར་ན་ལཱོསུ། ཤར་ཕྱོགས་སུ་ཝེཊ་ནམ་སོགས་ཁྱིམ་མཚེས་རྒྱལ་ཁག་དང་ས་མཚམས་འབྲེལ་ནས་ཡོད། རྒྱལ་ཡོངས་མི་འབོར་ས་ཡ་བཅུ་བཞི་དང་གྲངས་ཆུང་བརྒྱད་༤༌༨ ཡོད་པ་དག་ལས་བརྒྱ་ཆ་༩༥ ཙམ་ནང་པ་ཤ་སྟག་པ་ཡིན། རྒྱལ་ཁབ་ཀྱི་མི་འབོར་བརྒྱ་ཆ་༩༠༌༠ ཐམ་པ་ཁུ་མར་མི་རིགས་དང་། ཝེཊ་ནམ་བརྒྱ་ཆ་༥༌༠། ནག་ཧན་བརྒྱ་ཆ་༡༌༠། དེ་མིན་ཆན་དང་། རི་བྲག་པའི་རིག་མི་འདྲ་བ་སུམ་ཅུ་པོ་བསྔོམས་ན་བརྒྱ་ཆ ༤༌༠ ཡོད་པར་གྲགས། གཞུང་འབྲེལ་སྐད་ཡིག་༼ཁུ་མར་༽དང་གཞུང་འབྲེལ་ཆོས་ལུགས་གནས་བརྟན་སྡེ་པ་དང་། རྒྱལ་ས་༼ཕནོམ་པཱེན་༽དང་རྒྱལ་དར་དམར་པོ་ཨང་ཀོར་ལྷ་ཁང་ཡོད་པ། ཤོག་དངུལ་ལ་རཱེལ་ཟེར་ཞིང་ཨ་སྒོར་གཅིག་ལ་རཱེལ་༤༡༥༠ ཐམ་པ་གནས། ། གཉིས་པ་ཆོས་འབྱུང་དངོས་ལ་འཇུག་ན་སྤྱི་ལོའི་སྔོན་གྱི་ལོ་༢༣༨ ལ་སྟོབས་ཀྱི་རྒྱལ་པོ་ཨ་ཤོ་ཀའི་ཕོ་ཉ་བ་དགེ་སློང་སོ་ན་དྷ་ཐེ་ར་དང་། ཨུ་ཊ་ར་ཐེ་ར་གཉིས་ནང་ཆོས་ཁྱབ་སྤེལ་བགྱི་སླད་དུ་༼སུ་ཝ་ན་ཕུ་མི་༽ཁུལ་དུ་ཕྱག་ཕེབསཤིང་ནང་ཆོས་དར་སྤེལ་ཤུགས་ཆེར་བགྱིས། 《དེང་སང་ཐཱེ་མངའ་ཁུལ་གྱི་སུ་ཝ་ན་ཕུ་མི་ཞེས་པའི་ས་གནས་དེ་ཡིན་མིན་པར་དཔྱད་པར་རིག》 དུས་དེ་ནས་བཟུང་༼སུ་ཝ་ན་ཕུ་མི་༽ཁྱོན་ཡོངས་ལ་ནང་ཆོས་དར་རྒྱས་ཀྱི་རྩེ་མོར་སོན་ཡོད་པ་ནི། སྐབས་དེའི་ཁམ་བྷོ་ཌི་ཡའི་ཁུལ་གྱི་གནའ་བོའི་ལོ་རྒྱུས་འགངས་ཆེན་ཁག་ལས་རྟོགས་ནུས་པ་སྟེ། དཔེར་ན་ཧྥུ་ནན་རྒྱལ་རྒྱུད་ཀྱི་རྒྱལ་ཐོག་དང་པོ་༼ཧྥུ་ནན་༽གྱིས་རང་གི་རྒྱལ་སའི་ཁུལ་དུ་ནང་པའི་ཆོས་གྱི་ཆེ་བ་དང་། དེ་བགྱིས་པའི་དགེ་མཚན་སོགས་དངོས་དོན་བརྒྱུད་བསྒྲགས་གནང་ཡོད་པ་དང་། ཧྥུ་ནན་རྒྱལ་རྒྱུད་དག་ལས་སྤྱི་ལོ་༤༧༨ ནས་༥༤༥། བར་བྱུང་བའི་༼ཁཱུན་ཌིན་ཡ་རྗ་ཡ་ཝར་མན་༽གྱིས་གཞུང་འབྲེལ་ཐོག་རྒྱ་གར་གྱི་དགེ་འདུན་པ་༼ན་གྷ་སེ་ན་༽རྒྱ་ནག་ཏུ་ཆོས་སྤེལ་བར་མངགས་པ་ཙམ་མ་ཟད། གོང་མ་དེ་ཉིད་རང་གི་སྐབས་ཏེ་སྤྱི་ལོའི་དུས་རབས་དྲུག་པའི་མགོ་སྟོད་ཙམ་ན། སླར་ཡང་ཁུ་མར་གྱི་སྐད་ཡིག་སྨྲ་བའི་ཧྥུ་ནན་གྱི་དགེ་སློང་༼སང་གྷ་པ་ལ་ཐེ་ར་དང་། མོན་ཊ་ཐེ་ར་༽གཉིས་རྒྱ་ནག་ལ་མངགས་ཤིང་གོང་མར་ནང་ཆོས་ཀྱི་ལྟ་གྲུབ་དང་། སྒོམས་པའི་ལག་ལེན་སོགས་བསླབས། ཁྱད་པར་དུ་དགེ་སློང་སང་གྷ་པ་ལས་༼བྷི་མུཊྚི་མག་གྷ་༽《རང་དབང་གི་ལམ་》ཞེས་པའི་གསུང་རབས་སམ་མདོ་གལ་ཆེན་ཞིག་རྒྱ་སྐད་ལ་བསྒྱུར་བར་གྲགས་ཤིང་གསུང་རབས་དེ་རྒྱ་ནག་གི་སངས་རྒྱས་གྷོ་ས་ཁ་རའི་མདོ་༼བྷི་ཤུདྡྷ་མག་གྷ་༽《དག་པའི་ལམ་》ཞེས་པའི་གསུང་རབས་ལས་ཀྱང་སྔ་བར་གྲགས་ལ། བར་སྐབས་སུ་གསུང་རབས་འདི་རྒྱ་སྐད་ཁོ་ནར་བཞུགས་པ་ལས་དེང་གི་ཆར་ཡུལ་གྲུ་དུ་མའི་སྐད་དུ་བསྒྱུར་ཏེ་དར་ཁྱབ་བྱུང་བར་བཤད། ། སྤྱི་ལོ་༥༡༤ ནས་༥༣༩ བར་བྱུང་བའི་ཁམ་བྷོ་ཌི་ཡའི་རྒྱལ་པོ་༼རུ་ཌ་ཝར་མས་༽རང་ཉིད་ཀྱི་མངའ་འབངས་ལ་དད་རྟེན་དུ་སྟོན་པའི་དབུ་སྐྲ་ཉག་མ་རིང་པོ་ཞིག་འཚོལ་སྒྲུབ་གནང་བ་དང་། སྐབས་དེའི་དུས་རབས་༥ པ་དང་༦ པའི་སྟོད་ཆར་ཧྥུ་ནན་རྒྱལ་ཁམས་སུ་གནས་བརྟན་སྡེ་པ་དང་སྃསྐྲྀཏ་གཉིས་ནི་ཕུན་ཚུན་ཟུང་དུ་འབྲེལ་ཏེ་དར་རྒྱས་ཀྱི་ཡང་རྩེར་སོན་ཡོད་པར་མངོན་ལ། དུས་རབས་བདུན་པའི་ནང་ཁམ་བྷོ་ཌ་ཡའི་གནས་བརྟན་སྡེ་པ་དག་གིས་ལྷོ་རྒྱུད་ཁུལ་དུ་༼པ་ལི་༽སྐད་ཡིག་བཀོལ་སྤྱོད་ཤུགས་ཆེར་གནང་སྟེ་པ་ལི་དར་ཁྱབ་ཤིན་ཏུ་ཆེ་བར་གྱུར། སྤྱི་ལོ་༨༨༩ ནས་༩༠༠ བར་ལ་བྱུང་བའི་སྙན་གྲགས་ཅན་གྱི་རྒྱལ་པོ་༼ཡ་སོ་ཝར་མས་༽༼སཱོ་གྷ་ཏ་་་ཨས་ར་མ་༽《ཁྱེའུའི་རི་ཁྲོད་》ཞེས་ཤིན་ཏུ་བཟོ་བཀོད་ལེགས་པའི་རི་ཁྲོད་དེའི་འཆར་འགོད་དང་བཟོ་བསྐྲུན་ཀྱང་བྱས། དེ་དུས་ཁམ་བྷོ་ཌ་ཡའི་རྒྱལ་ཁམས་སུ་ནང་པ་དང་ཡབ་ཆེན་ཚངས་པའི་ཆོས་ལུགས་སམ་ཧིན་དྷུའི་ཆོས་ལུགས་《ཝི་ཤི་ན་དང་ཝཱེས་ན་བྷི་སྟེ་ཁྱབ་འཇུག་གསོལ་བའི་སྲོལ་》གཉིས་ཆ་དར་ཞིང་རྒྱས་པར་གྲགས། སྤྱི་ལོ་༩༦༨ ནས་༡༠༠༡ བར་གྱི་རྒྱལ་པོ་༼རྗ་ཡ་ཝརྨས་༥༽ ༼ར་རྗེན་དྲ་ཝར་མའི་༢༽ཤུལ་འཛིན་གནང་སྐབས་རྒྱལ་ཁམས་སུ་ཐེག་ཆེན་གཙོ་ཆེར་དར་རྒྱས་བྱུང་བ་དང་། དེར་ཡོད་ནང་པའི་ཆོས་རྒྱུད་མི་འདྲ་བ་གསུམ་པོར་རྒྱལ་པོས་རོགས་རམ་དང་བརྒྱུད་སྐུལ་གནང་མུས་ཀྱིས་དུས་རབས་བཅུ་པའི་བར་མཇུག་བསྐྱལ་ཞིང་དུས་རབས་བཅུ་པར་ཐེག་ཆེན་སླར་ཡང་དར་རྒྱས་གང་འཚམ་སོང་ཡོད་པར་བཤད། འདིར་ཁ་གསལ་མི་འདུག་ཀྱང་ཡིག་ཆ་གཞན་ཞིག་ཏུ་དུས་རབས་༨ པ་ཡན་མན་ནས་རྒྱལ་པོ་ཧིན་དྷུའི་རྗེས་སུ་འབྲངས་ཏེ་ནང་ཆོས་འགོག་སྡོམ་བྱས་པ་སོགས་དཀའ་ཚེགས་རིམ་པར་ཕྲད་དེ་ཐ་ན་དུས་རབས་བཅུ་པའི་ནང་དུ་ཡང་ནང་ཆོས་ཉམས་གསོ་མ་བྱུང་ཞེས་བཤད་འདུག ཡིན་ནའང་ནང་ཆོས་རྦད་དེ་རྩ་མེད་དུ་སོང་མེད་ཀྱང་བདག་མེད་ཀྱི་དྭ་ཕྲུག་ཞིག་དང་འདྲ་བར་ཉམས་ཐག་པར་གནས་ཡོད་པ་སྨོས་ཅི་དགོས། དེ་རྗེས་ཤྲི་ལངྐའི་རྒྱལ་པོ་ ༼པྲ་མཀ་ར་མ་བྷ་ཧུས་༡༽རང་ཉིད་ཀྱི་སྲས་མོ་ཁམ་བྷོ་ཌི་ཡར་བག་མར་བཏང་བར་གྲགས་པའི་གཏང་སའི་རྒྱལ་པོ་ནི་ཕལ་ཆེར་༼རྗ་ཡ་ཝརྨ་༧༽ཡིན་པ་འདྲ་ཟེར། ཁོང་ནི་སྤྱི་ལོ་༡༡༨༡་ནས་༡༢༢༠བར་གྱི་རྒྱལ་པོ་ཞིག་སྟེ་ཡབ་༼དྷར་ནིན་དྲ་ཝརྨའི་༢༽ཤུལ་འཛིན་རྒྱལ་སྲས་ཡིན་པ་དང་། ཁོང་ནི་སྤྱིེར་ནང་ཆོས་ལ་དད་སེམས་དཀར་ཞིང་ཁྱད་པར་དུ་ཐེག་པ་ཆེན་པོའི་རིགས་ཀྱི་ཡོན་ཏན་སྙིང་རྗེ་ཆེ་ཞིང་གཏོང་ཕོད་ལྡན་པ། གཞན་ལ་རོགས་ཕན་བགྱི་བ་སོགས་རྣམ་དཀར་སྒྲུབ་པར་དགའ་བ་ཞིག་སྟེ་ ༼ཊོབ་རམྷ་༽རྡོ་བརྐོས་ཡིག་གེའི་ནང་གསལ་ལྟར་སྐབས་དེའི་རྒྱལ་ཡོངས་ན་གཙུག་ལག་ཁང་༧༩༨ དང་སྨན་ཁང་༡༠༢ ཡོད་པ་དག་ཡོངས་རྫོགས་རྒྱལ་པོས་འགོ་འདྲེན་དང་རྒྱབ་སྐྱོར་གནང་བ་ཉག་གཅིག་ལ་བརྟེན་ནས་བྱུང་བར་གསལ་བ་སོགས་ཀྱིས་མཚོན། ཐེག་ཆེན་པའི་རྒྱབ་རྟེན་དང་དཔུང་གཉེན་དུ་བཞེངས་ཏེ་བླ་ན་མེད་པའི་ཆོས་རྒྱལ་ཞིག་གི་དཔེ་མཚོན་ཡང་དག་ཏུ་གྱུར་ཡོད་སྟབས་སྐུ་གཤེགས་རྗེས་༼མ་ཧཱ་པ་ར་མ་སཱོ་གྷ་ཏ་སྟེ་༽༼ཆེས་བླ་མེད་ཀྱི་རྒྱལ་སྲས་དམ་པ་༽ ཞེས་པའི་མཚན་བསྟོད་ཀྱང་ཐོབ་ཡོད་པར་སྣང་། འོན་ཀྱང་ཁོང་གཤེགས་རྗེས་སུ་རྒྱལ་ཁོང་ན་༼སིངྒ་ལའི་༽གནས་བརྟན་པའི་ཆོས་དར་ཤུགས་ཆེ་བས་རྒྱལ་རྒྱུད་ཀྱི་ཆེ་མཐོང་དང་ཐོབ་དབང་རྦད་དེ་ཉམས་ཆག་སོང་སྟེ་༼ལྷ་ཡི་རྒྱལ་པོ་གསོལ་མཆོད་༽ཅེས་རྒྱལ་པོ་རྗ་ཡ་ཝརྨ་ལྷ་རུ་བརྩིས་ཏེ་མཆོད་བསྟོད་བྱེད་སྲོལ་དག་ཀྱང་ལྐོག་ནས་གསང་སྟེ་བྱེད་དགོས་པའམ་བག་ལ་ཞ་བའི་གནས་སྟངས་ཤིག་བྱུང་བར་བཤད། དེའི་རྐྱེན་གྱིས་ཕལ་ཆེར་རྗ་ཡ་ཝརྨའི་སྲས་པོར་ངེས་པའི་༼ཏ་མ་ལིན་དྷ་མ་ཧ་ཐེ་ར༽《མ་ཧ་ཐེ་ར་ནི་བསླབ་པ་རྒན་པར་ཞེ་སའི་ཚིག་གཅིག་ཡིན་པ་འདྲ》ཡང་དགེ་སློང་ཞིག་དང་འགྲོགས་ཏེ་བྷར་མར་ཕེབས་དགོས་བྱུང་བར་མངོན། གང་ལྟར་༼རྗ་ཡ་ཝརྨའི་༽སྲིད་དབང་རྫོགས་པ་ནས་བཟུང་ཐེག་ཆེན་ཡང་ཉམས་རྒུད་དུ་སོང་པ་དང་ཆབས་གཅིག་རྒྱལ་ཁམས་སུ་གནས་བརྟན་པའི་རྒྱལ་བསྟན་དར་རྒྱས་ཀྱི་ཡང་རྩེར་སླེབས་སོང་བ་དང་། སྤྱིར་ན་དུས་རབས་༡༢་པའི་ཕྱེད་ཙམ་ནས་བཟུང་གནས་བརྟན་སྡེ་པའི་བསྟན་པའི་འབྱུང་ཁུངས་ལྷོ་སིང་ག་ལའི་རིང་ལུགས་དེ་ཉིད་ལྷོ་ཤར་ཨེ་ཤ་ཡའི་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་དར་རྒྱས་བྱུང་སྟེ་སིང་ག་ལའི་གནས་བརྟན་པའི་ཆོས་དང་། སིང་ག་ལའི་གནས་བརྟན་དག་གི་མཚན་སྙན་དང་འདྲ་བ་ནི་སྐབས་དེར་ནང་པ་སུ་འང་མེད་པར་བཤད། དུས་སྐབས་དེར་ཁམ་བྷོ་ཌི་ཡའི་རྒྱལ་སྲས་ཤིག་ཀྱང་ཤྲི་ལང་ཀར་གནས་བརྟན་པའི་ཞབས་ལ་གཏུགས་ཏེ་ནང་ཆོས་སློབ་གཉེར་གནང་ཡོད་པར་གྲགས། འོན་ཀྱང་ད་རུང་དུས་རབས་༡༣པའི་ནང་༼ལྷོ་ཀམ་བྷུ་རྗ་༽སོགས་སུ་ནང་བསྟན་དར་ཞིང་རྒྱས་མུས་ཀྱང་ས་གནས་གཞན་དུ་ཆོས་བརྒྱུད་གཞན་པ་ཡང་《ཐེག་ཆེན་མིན་ནམ་སྙམ་》 ཡོད་བཞིན་པ་བརྗོད་མི་དགོས་པར་སྣང་། རྗེས་སོར་ཁྱིམ་མཚེས་ཐ་ལན་ཌིས་བཙན་འཛུལ་བྱས་ཏེ་ཁམ་བྷོ་ཌི་ཡིའི་ས་ཁོངས་རྒྱ་ཆེར་བཙན་གནོན་གྱིས་དབང་དུ་བསྒྱུར་སྐབས་ཐ་ལན་གྱི་ཆོས་དང་རིག་གཞུང་གིས་ཤུགས་རྐྱེན་ངེས་པར་ཐེབ་ཡོད་ཀྱང་གནས་བརྟན་པའི་ནང་ཆོས་ཀྱི་འགྲོ་ཁྱབ་ནི་ད་རུང་ཡོད་མུས་ཡིན་པར་བཤད། དེ་ནས་རིན་པས་སྔོན་ཆད་ཨང་ཀོར་དུས་ཀྱི་ཧིན་དྷུའི་ལྷ་རྟེན་དག་གི་ཚབ་ལ་ནང་པའི་སྐུ་འདྲ་བཞེངས་པ་སོགས་བྱས་ཏེ་ནང་ཆོས་དར་ཁྱབ་ཇེ་ཆེར་སོང་སྟབས། དེང་སང་རྒྱལ་ཁོངས་ན་ཧིན་དྷུའི་ཆོས་ལུགས་དངོས་ཀྱི་རྗེས་ཤུལ་ཙམ་ཡང་རྙེད་དཀའ་བའི་ཚོད་དུ་ཡོད་ཀྱང་དམངས་ཁྲོད་དུ་ནང་ཆོས་དང་ཧིན་དྷུ་བསྲ་བསྲེས་ཀྱི་ཆོ་ག་བྱེད་མཁན་ནི་ཡོད་པར་མངོན། དུས་རབས་༡༥ པའི་༼ཇི་ན་ཀ་ལ་མ་ན་༽ཞེས་པའི་ཆོས་འབྱུང་དེ་ནི་ལང་ཀ་དང་ཁམ་བྷོ་ཌི་ཡ་དབར་གྱི་ཆོས་རིག་འབྲེལ་ལམ་འབྱེད་པའི་ལྡེ་མིག་ལྟ་བུ་ཞིག་ཡིན་པར་གྲགས། སྤྱི་ལོ་༡༥༡༦ ནས་༡༥༦༦ བར་གྱི་རྒྱལ་པོ་༼ཨང་ཆན་༽གྱིས་རང་གི་རྒྱལ་སར་༼ཕ་གྷོ་དྷ་༽སྟེ་མཆོད་རྟེན་དང་རྒྱལ་ཁོངས་ཀྱི་ས་གནས་གཞན་དུ་གཙུག་ལག་ཁང་དུ་མ་བཞེངས་བ་དང་དུས་མཚུངས་ནང་ཆོས་རྒྱ་ཁྱབ་གཏོང་རྒྱུའི་བཀའ་བཀོད་གནང་བ་སོགས་ཀྱིས་ནང་ཆོས་དར་རྒྱས་མུ་མཐུད་དེ་སོང་ཡོད། སྤྱི་ལོ་༡༥༧༦ ནས་༡༥༩༤ བར་གྱི་རྒྱལ་པོ་༼ས་དྷ་༽མཆོག་གིས་སྔོན་ཆད་༼དུས་རབས་༡༢ པའི་ནང་གི་རྒྱལ་པོ་སཱུར་ཡ་ཝརྨས་༽བཞེངས་པའི་ཐོག་སོ་གསུམ་ཡོད་པའི་ཨང་ཀོར་གཙུག་ལག་ཁང་《གནའ་བོར་དབང་ཕྱུག་གི་མཚན་མ་གསོ་སའི་ལྷ་ཁང་ཞིག་》ཉམས་གསོ་མཛད་པ་སོགས་ཆོས་ཀྱི་རྒྱལ་པོའི་ཕྲིན་ལས་བསྐྱངས་སོ། ། དེས་ནས་དུས་རབས་༡༧ པ་དང་༡༨ པའི་རིང་ཁམ་བྷོ་ཌི་ཡར་ཁྱིམ་མཚེས་ཐཱ་ལན་ཌིས་བཙན་འཛུལ་བྱས་ཏེ་ཆབ་སྲིད་ལ་ཤུགས་རྐྱེན་སྣ་ཚོགས་བཏང་མོད་རྩ་བའི་ནང་ཆོས་ཀྱི་འཕེལ་ཕྱོགས་ལ་གནོད་སྐྱོན་གཏང་མེད་པ་སྟེ། ཐཱ་ལན་ཌིའི་རྒྱལ་པོ་ཡང་ནང་པའི་ཆོས་རྒྱལ་ཞིག་ཡིན་པས་སོ། ། དེ་རྗེསསྤྱི་ལོ་༡༨༦༣ ནས་༡༩༥༤ བར་ཁམ་བྷོ་ཌི་ཡ་རྒྱལ་ཁམས་འདི་ཉིད་༼ཧྥརེན་སིའི་༽མི་སེར་སྤེལ་ཡུལ་གྱི་འོག་ཏུ་སྡོད་སྐབས་ཀྱི་ནང་ཆོས་ནི་གཙུག་ལག་ཁང་གི་དགེ་འདུག་པ་དག་གིས་འབད་བརྩོན་ལ་བརྟེན་ནས་རྒྱུན་སྲིང་བྱས། སྤྱིར་ཧྥརན་སིའི་གཞུང་གིས་ཁམ་བྷོ་ཌི་ཡིའི་མི་དམངས་ལ་ཤེས་ཡོན་སློབ་སྤྱོང་གི་གོ་སྐབས་སྤྲད་པ་ཧ་ཅང་ཉུང་ཞིང་སྐད་སྒྱུར་བའི་ཆེད་དུ་ཉུང་ཤས་ལ་སློབ་སྤྱོང་སྤྲོད་ཀྱི་ཡོད་པ་འདྲ། མི་སེར་སྤེལ་པའི་དཔོན་རིགས་ཚོས་དམིགས་བཀར་དུ་དགེ་འདུན་པ་དག་ལ་བརྙས་སྨོད་དང་མཐོང་ཆུང་བྱེད་པ་ཙམ་མ་ཟད་ཁུ་མར་སྐད་དང་རིག་གཞུང་རྩ་གཏོར་གཏོང་རྒྱུའི་ངན་བྱུས་ལག་ལེན་བསྟར་བར་བརྟེན་དགེ་འདུན་པ་དག་གིས་ཀྱང་གཙུག་ལག་ཁང་དུ་ཉིན་བཞིན་སློབ་གྲྭ་ཚོགས་ཏེ་ངོ་རྒོལ་གནང་བ་སོགས་བྱུང་ཡོད། རིང་མིན་ཧྥརན་སི་ལས་བཅིངས་འགྲོལ་ཐོབ་རྗེས་རྒྱལ་པོ་༼ན་རོ་དྷོམ་སཱི་ཧ་ནུས་༽གཞུང་མོལ་ཚོགས་འདུའི་ཐོག་ནང་ཆོས་ལ་ཆེས་མཐོའི་གོ་བབ་གནང་བ་སོགས་གཟིགས་སྐྱོང་ཆེན་པོས་སྐབས་དེར་ནང་པའི་མཁས་དབང་༼སོམ་དྷེག་ཆཱོན་ནཊ་དང་། ཕང་ཁོཊ། ཀཱེཝ་ཆོན་༽ལྟ་བུ་ནར་སོན་ཞིང་། ཁོང་རྣམ་པའི་དབུ་ཁྲིད་འོག་ཁམ་བྷོ་ཌི་ཡར་ནང་ཆོས་བླ་ལྷག་ཏུ་དར་རྒྱས་སོང་ཡོད་པར་བཤད། སྤྱི་ལོ་༡༩༦༧ ལོར་༼མ་ཧ་ན་མ་སི་ཏིས་༽དབུ་ཁྲིད་པའི་ཁམ་བྷོ་ཌི་ཡའི་དགེ་འདུན་པ་བརྒྱད་དང་། ཐཱ་ལན་ཌིའི་༼ན་བྷིས་པུ་རའི་༽དགེ་འདུན་པ་ཉེར་ལྔ་བཅས་ལྷན་གཅིག་གིས་ཤྲཱི་ལང་ཀར་ཕྱིན་ཏེ་སིང་ག་ལིའི་ལུགས་ཀྱི་༼ཨཔ་སམ་པ་དྷ་༽སྟེ་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་ཏེ་སྡོམ་རྒྱུན་གཙང་སེལ་གནང་བ་སོགས་མཛད་དོ། ། དེ་རྗེས་སྤྱི་ལོ་༡༩༧༥ ལོར་ཁམ་བྷོ་ཌི་ཡ་དམར་ཤོག་གིས་དབང་དུ་བསྒྱུར་ནས་ནང་ཆོས་རྩ་གཏོར་གཏོང་འཆར་གྱིས་བྱེད་ངན་སྤེལ་ཏེ་ནང་ཆོས་ནུབ་ལ་ཉེ་བའི་གནས་སུ་གྱར་མུར་ངང་། སྤྱི་༡༩༧༩ ལོར་༼ཝེཊ་ནམ་༽དྲག་པོས་བཙན་འཛུལ་འོག་དགེ་འདུན་པ་ཙམ་མ་ཟད་ཆོས་དད་ཅན་གྱི་སྐྱེ་བོ་དག་ཀྱང་བསད་པའམ་བྲོས་བྱོལ་དུ་འགྲོ་དགོས་པའི་གནས་སུ་གྱར། ནང་པའི་གཙུག་ལམ་ཁང་དང་ཆོས་དཔེ་ཁང་ཕལ་མོ་ཆེར་གཏོར་བཅོམ་ཚབས་ཆེན་ཐེབ་སྟེ་གོད་ཆག་བློ་ཡུལ་ལས་འདས་པ་བྱུང་། དེང་གི་དུས་ནའང་ཁམ་བྷོ་ཌི་ཡར་ཆབ་སྲིད་ཀྱི་འགྱུར་ལྡོག་རྐྱེན་པ་དང་། ནང་པའི་མཁས་དབང་དང་། ཤེས་ཡོན་ལྡན་པའི་དབུ་ཁྲིད་ཉུང་དྲགས་ཏེ་མ་འདང་བ་སོགས་དཀའ་ངལ་ཕྲན་བུ་ཡོད་རུང་། སྤྱིར་འབད་བརྩོན་ཆེན་པོས་བསྟན་པ་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་གནང་བཞིན་ཡོད་པ་དང་། བྱེ་བྲག་ཏུ་གཞུང་འབྲེལ་ཆོས་རིག་བློན་ཆེན་གྱི་གོ་བབ་ཡོད་པ། ནང་པའི་མཐོ་སློབ་ཁག་ཏུ་གཞུང་ལུགས་ལ་ཐོས་བསམ་གནང་གཞིན་པ། གཞུང་འབྲེལ་ཆོས་ལུགས་ཀྱི་ཐད་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་༤༣ པར་”ཁུ་མར་ཡུལ་མི་ཕོ་མོ་སུ་ཡིན་རུང་ཆོས་ལུགས་དད་པ་རང་དབང་དང་། དེའང་ཆོས་ལུགས་གཞན་གྱི་ལྟ་གྲུབ་དང་། མི་མང་གི་བདག་དབང་དང་སྲུང་སྐྱོབ་ལ་མི་གནོད་པའི་ཐོག་ནས་ཆོས་ཀྱི་བྱེད་སྒོ་གང་ཞིག་ཡིན་རུང་རང་དབང་གིས་སྤེལ་ཆོག་པ་ཁག་ཐེག་ཡིན་”ཞེས་དང་། དགེ་འདུན་པའི་ཤེས་ཡོན་སློབ་སྦྱོང་ཐད་ལ་གཞུང་གིས་མཐུན་རྐྱེན་འབུལ་ཚུལ་རྩ་ཁྲིམས་དོན་ཚན་༦༨ པར་” པ་ལིའི་སློབ་གྲྭ་དང་། ནང་པའི་མཐོ་སློབ་རྒྱ་ཁྱབ་གཏོང་དགོས་”ཞེས་འཁོད་པ་སོགས་ཀྱིས་མཚོན་རྒྱལ་ཁབ་ན་ཆོས་དད་རང་དབང་ཚད་ལྡན་ཡོད་པ་བཅས་ཀྱིས་མ་འོངས་པར་རྒྱལ་བསྟན་བླ་ནས་བླ་འབར་བ་གདོན་མི་ཟ་བ་ཞིག་གོ །།

ཁམ་བྷོ་ཌི་ཡར་ནང་ཆོས་དར་ཚུལ། ཁམ་བྷོ་ཌི་ཡར་ནང་ཆོས་དར་ཚུལ་བཤད་པ་ལ་རྒྱལ་ཁབ་ངོ་སྤྲོད་མདོ་ཙམ་དང་ཆོས་འབྱུང་དངོས་གཉིས་ལས་དང་པོ་ནི། ཁམ་བྷོ་ཌི་ཡ་ནི་བོད་རྒན་ཚོས་༼ཀམ་པོ་ཛ་༽ཞེས་འབོད་ལ་མགོ་སེར་ཚོས་༼ཁམ་བྷོ་ཌི་ཡ་༽ཞེས་ཟེར་ཡང་དོན་དུ་སྒྲ་ངོ་མར་༼Combuja ཁམ་བྷུ་རྗ་༽ཟེར་བའི་ཡུལ་འདི་ནི་ལྷོ་ཤར་ཨེ་ཤ་ཡའི་མངའ་ཁུལ་རྒྱ་གར་རྒྱ་མཚོའི་མཚོ་ཁུག་ཏུ་ཆགས་པའི་རྒྱལ་ཁབ་ཆུང་ངུ་ཞིག་ཡིན། རྒྱལ་ཁབ་ཀྱི་ས་ཁྱོན་ལ་སྤྱེ་ལེ་གྲུ་བཞི་མ་༡༨༡༠༣༥ ཡོད་ཅིང་ནུབ་བྱང་ན་ཐཱ་ལན་ཌི་དང་། བྱང་ཤར་ན་ལཱོསུ། ཤར་ཕྱོགས་སུ་ཝེཊ་ནམ་སོགས་ཁྱིམ་མཚེས་རྒྱལ་ཁག་དང་ས་མཚམས་འབྲེལ་ནས་ཡོད། རྒྱལ་ཡོངས་མི་འབོར་ས་ཡ་བཅུ་བཞི་དང་གྲངས་ཆུང་བརྒྱད་༤༌༨ ཡོད་པ་དག་ལས་བརྒྱ་ཆ་༩༥ ཙམ་ནང་པ་ཤ་སྟག་པ་ཡིན། རྒྱལ་ཁབ་ཀྱི་མི་འབོར་བརྒྱ་ཆ་༩༠༌༠ ཐམ་པ་ཁུ་མར་མི་རིགས་དང་། ཝེཊ་ནམ་བརྒྱ་ཆ་༥༌༠། ནག་ཧན་བརྒྱ་ཆ་༡༌༠། དེ་མིན་ཆན་དང་། རི་བྲག་པའི་རིག་མི་འདྲ་བ་སུམ་ཅུ་པོ་བསྔོམས་ན་བརྒྱ་ཆ ༤༌༠ ཡོད་པར་གྲགས། གཞུང་འབྲེལ་སྐད་ཡིག་༼ཁུ་མར་༽དང་གཞུང་འབྲེལ་ཆོས་ལུགས་གནས་བརྟན་སྡེ་པ་དང་། རྒྱལ་ས་༼ཕནོམ་པཱེན་༽དང་རྒྱལ་དར་དམར་པོ་ཨང་ཀོར་ལྷ་ཁང་ཡོད་པ། ཤོག་དངུལ་ལ་རཱེལ་ཟེར་ཞིང་ཨ་སྒོར་གཅིག་ལ་རཱེལ་༤༡༥༠ ཐམ་པ་གནས། ། གཉིས་པ་ཆོས་འབྱུང་དངོས་ལ་འཇུག་ན་སྤྱི་ལོའི་སྔོན་གྱི་ལོ་༢༣༨ ལ་སྟོབས་ཀྱི་རྒྱལ་པོ་ཨ་ཤོ་ཀའི་ཕོ་ཉ་བ་དགེ་སློང་སོ་ན་དྷ་ཐེ་ར་དང་། ཨུ་ཊ་ར་ཐེ་ར་གཉིས་ནང་ཆོས་ཁྱབ་སྤེལ་བགྱི་སླད་དུ་༼སུ་ཝ་ན་ཕུ་མི་༽ཁུལ་དུ་ཕྱག་ཕེབསཤིང་ནང་ཆོས་དར་སྤེལ་ཤུགས་ཆེར་བགྱིས། 《དེང་སང་ཐཱེ་མངའ་ཁུལ་གྱི་སུ་ཝ་ན་ཕུ་མི་ཞེས་པའི་ས་གནས་དེ་ཡིན་མིན་པར་དཔྱད་པར་རིག》 དུས་དེ་ནས་བཟུང་༼སུ་ཝ་ན་ཕུ་མི་༽ཁྱོན་ཡོངས་ལ་ནང་ཆོས་དར་རྒྱས་ཀྱི་རྩེ་མོར་སོན་ཡོད་པ་ནི། སྐབས་དེའི་ཁམ་བྷོ་ཌི་ཡའི་ཁུལ་གྱི་གནའ་བོའི་ལོ་རྒྱུས་འགངས་ཆེན་ཁག་ལས་རྟོགས་ནུས་པ་སྟེ། དཔེར་ན་ཧྥུ་ནན་རྒྱལ་རྒྱུད་ཀྱི་རྒྱལ་ཐོག་དང་པོ་༼ཧྥུ་ནན་༽གྱིས་རང་གི་རྒྱལ་སའི་ཁུལ་དུ་ནང་པའི་ཆོས་གྱི་ཆེ་བ་དང་། དེ་བགྱིས་པའི་དགེ་མཚན་སོགས་དངོས་དོན་བརྒྱུད་བསྒྲགས་གནང་ཡོད་པ་དང་། ཧྥུ་ནན་རྒྱལ་རྒྱུད་དག་ལས་སྤྱི་ལོ་༤༧༨ ནས་༥༤༥། བར་བྱུང་བའི་༼ཁཱུན་ཌིན་ཡ་རྗ་ཡ་ཝར་མན་༽གྱིས་གཞུང་འབྲེལ་ཐོག་རྒྱ་གར་གྱི་དགེ་འདུན་པ་༼ན་གྷ་སེ་ན་༽རྒྱ་ནག་ཏུ་ཆོས་སྤེལ་བར་མངགས་པ་ཙམ་མ་ཟད། གོང་མ་དེ་ཉིད་རང་གི་སྐབས་ཏེ་སྤྱི་ལོའི་དུས་རབས་དྲུག་པའི་མགོ་སྟོད་ཙམ་ན། སླར་ཡང་ཁུ་མར་གྱི་སྐད་ཡིག་སྨྲ་བའི་ཧྥུ་ནན་གྱི་དགེ་སློང་༼སང་གྷ་པ་ལ་ཐེ་ར་དང་། མོན་ཊ་ཐེ་ར་༽གཉིས་རྒྱ་ནག་ལ་མངགས་ཤིང་གོང་མར་ནང་ཆོས་ཀྱི་ལྟ་གྲུབ་དང་། སྒོམས་པའི་ལག་ལེན་སོགས་བསླབས། ཁྱད་པར་དུ་དགེ་སློང་སང་གྷ་པ་ལས་༼བྷི་མུཊྚི་མག་གྷ་༽《རང་དབང་གི་ལམ་》ཞེས་པའི་གསུང་རབས་སམ་མདོ་གལ་ཆེན་ཞིག་རྒྱ་སྐད་ལ་བསྒྱུར་བར་གྲགས་ཤིང་གསུང་རབས་དེ་རྒྱ་ནག་གི་སངས་རྒྱས་གྷོ་ས་ཁ་རའི་མདོ་༼བྷི་ཤུདྡྷ་མག་གྷ་༽《དག་པའི་ལམ་》ཞེས་པའི་གསུང་རབས་ལས་ཀྱང་སྔ་བར་གྲགས་ལ། བར་སྐབས་སུ་གསུང་རབས་འདི་རྒྱ་སྐད་ཁོ་ནར་བཞུགས་པ་ལས་དེང་གི་ཆར་ཡུལ་གྲུ་དུ་མའི་སྐད་དུ་བསྒྱུར་ཏེ་དར་ཁྱབ་བྱུང་བར་བཤད། ། སྤྱི་ལོ་༥༡༤ ནས་༥༣༩ བར་བྱུང་བའི་ཁམ་བྷོ་ཌི་ཡའི་རྒྱལ་པོ་༼རུ་ཌ་ཝར་མས་༽རང་ཉིད་ཀྱི་མངའ་འབངས་ལ་དད་རྟེན་དུ་སྟོན་པའི་དབུ་སྐྲ་ཉག་མ་རིང་པོ་ཞིག་འཚོལ་སྒྲུབ་གནང་བ་དང་། སྐབས་དེའི་དུས་རབས་༥ པ་དང་༦ པའི་སྟོད་ཆར་ཧྥུ་ནན་རྒྱལ་ཁམས་སུ་གནས་བརྟན་སྡེ་པ་དང་སྃསྐྲྀཏ་གཉིས་ནི་ཕུན་ཚུན་ཟུང་དུ་འབྲེལ་ཏེ་དར་རྒྱས་ཀྱི་ཡང་རྩེར་སོན་ཡོད་པར་མངོན་ལ། དུས་རབས་བདུན་པའི་ནང་ཁམ་བྷོ་ཌ་ཡའི་གནས་བརྟན་སྡེ་པ་དག་གིས་ལྷོ་རྒྱུད་ཁུལ་དུ་༼པ་ལི་༽སྐད་ཡིག་བཀོལ་སྤྱོད་ཤུགས་ཆེར་གནང་སྟེ་པ་ལི་དར་ཁྱབ་ཤིན་ཏུ་ཆེ་བར་གྱུར། སྤྱི་ལོ་༨༨༩ ནས་༩༠༠ བར་ལ་བྱུང་བའི་སྙན་གྲགས་ཅན་གྱི་རྒྱལ་པོ་༼ཡ་སོ་ཝར་མས་༽༼སཱོ་གྷ་ཏ་་་ཨས་ར་མ་༽《ཁྱེའུའི་རི་ཁྲོད་》ཞེས་ཤིན་ཏུ་བཟོ་བཀོད་ལེགས་པའི་རི་ཁྲོད་དེའི་འཆར་འགོད་དང་བཟོ་བསྐྲུན་ཀྱང་བྱས། དེ་དུས་ཁམ་བྷོ་ཌ་ཡའི་རྒྱལ་ཁམས་སུ་ནང་པ་དང་ཡབ་ཆེན་ཚངས་པའི་ཆོས་ལུགས་སམ་ཧིན་དྷུའི་ཆོས་ལུགས་《ཝི་ཤི་ན་དང་ཝཱེས་ན་བྷི་སྟེ་ཁྱབ་འཇུག་གསོལ་བའི་སྲོལ་》གཉིས་ཆ་དར་ཞིང་རྒྱས་པར་གྲགས། སྤྱི་ལོ་༩༦༨ ནས་༡༠༠༡ བར་གྱི་རྒྱལ་པོ་༼རྗ་ཡ་ཝརྨས་༥༽ ༼ར་རྗེན་དྲ་ཝར་མའི་༢༽ཤུལ་འཛིན་གནང་སྐབས་རྒྱལ་ཁམས་སུ་ཐེག་ཆེན་གཙོ་ཆེར་དར་རྒྱས་བྱུང་བ་དང་། དེར་ཡོད་ནང་པའི་ཆོས་རྒྱུད་མི་འདྲ་བ་གསུམ་པོར་རྒྱལ་པོས་རོགས་རམ་དང་བརྒྱུད་སྐུལ་གནང་མུས་ཀྱིས་དུས་རབས་བཅུ་པའི་བར་མཇུག་བསྐྱལ་ཞིང་དུས་རབས་བཅུ་པར་ཐེག་ཆེན་སླར་ཡང་དར་རྒྱས་གང་འཚམ་སོང་ཡོད་པར་བཤད། འདིར་ཁ་གསལ་མི་འདུག་ཀྱང་ཡིག་ཆ་གཞན་ཞིག་ཏུ་དུས་རབས་༨ པ་ཡན་མན་ནས་རྒྱལ་པོ་ཧིན་དྷུའི་རྗེས་སུ་འབྲངས་ཏེ་ནང་ཆོས་འགོག་སྡོམ་བྱས་པ་སོགས་དཀའ་ཚེགས་རིམ་པར་ཕྲད་དེ་ཐ་ན་དུས་རབས་བཅུ་པའི་ནང་དུ་ཡང་ནང་ཆོས་ཉམས་གསོ་མ་བྱུང་ཞེས་བཤད་འདུག ཡིན་ནའང་ནང་ཆོས་རྦད་དེ་རྩ་མེད་དུ་སོང་མེད་ཀྱང་བདག་མེད་ཀྱི་དྭ་ཕྲུག་ཞིག་དང་འདྲ་བར་ཉམས་ཐག་པར་གནས་ཡོད་པ་སྨོས་ཅི་དགོས། དེ་རྗེས་ཤྲི་ལངྐའི་རྒྱལ་པོ་ ༼པྲ་མཀ་ར་མ་བྷ་ཧུས་༡༽རང་ཉིད་ཀྱི་སྲས་མོ་ཁམ་བྷོ་ཌི་ཡར་བག་མར་བཏང་བར་གྲགས་པའི་གཏང་སའི་རྒྱལ་པོ་ནི་ཕལ་ཆེར་༼རྗ་ཡ་ཝརྨ་༧༽ཡིན་པ་འདྲ་ཟེར། ཁོང་ནི་སྤྱི་ལོ་༡༡༨༡་ནས་༡༢༢༠བར་གྱི་རྒྱལ་པོ་ཞིག་སྟེ་ཡབ་༼དྷར་ནིན་དྲ་ཝརྨའི་༢༽ཤུལ་འཛིན་རྒྱལ་སྲས་ཡིན་པ་དང་། ཁོང་ནི་སྤྱིེར་ནང་ཆོས་ལ་དད་སེམས་དཀར་ཞིང་ཁྱད་པར་དུ་ཐེག་པ་ཆེན་པོའི་རིགས་ཀྱི་ཡོན་ཏན་སྙིང་རྗེ་ཆེ་ཞིང་གཏོང་ཕོད་ལྡན་པ། གཞན་ལ་རོགས་ཕན་བགྱི་བ་སོགས་རྣམ་དཀར་སྒྲུབ་པར་དགའ་བ་ཞིག་སྟེ་ ༼ཊོབ་རམྷ་༽རྡོ་བརྐོས་ཡིག་གེའི་ནང་གསལ་ལྟར་སྐབས་དེའི་རྒྱལ་ཡོངས་ན་གཙུག་ལག་ཁང་༧༩༨ དང་སྨན་ཁང་༡༠༢ ཡོད་པ་དག་ཡོངས་རྫོགས་རྒྱལ་པོས་འགོ་འདྲེན་དང་རྒྱབ་སྐྱོར་གནང་བ་ཉག་གཅིག་ལ་བརྟེན་ནས་བྱུང་བར་གསལ་བ་སོགས་ཀྱིས་མཚོན། ཐེག་ཆེན་པའི་རྒྱབ་རྟེན་དང་དཔུང་གཉེན་དུ་བཞེངས་ཏེ་བླ་ན་མེད་པའི་ཆོས་རྒྱལ་ཞིག་གི་དཔེ་མཚོན་ཡང་དག་ཏུ་གྱུར་ཡོད་སྟབས་སྐུ་གཤེགས་རྗེས་༼མ་ཧཱ་པ་ར་མ་སཱོ་གྷ་ཏ་སྟེ་༽༼ཆེས་བླ་མེད་ཀྱི་རྒྱལ་སྲས་དམ་པ་༽ ཞེས་པའི་མཚན་བསྟོད་ཀྱང་ཐོབ་ཡོད་པར་སྣང་། འོན་ཀྱང་ཁོང་གཤེགས་རྗེས་སུ་རྒྱལ་ཁོང་ན་༼སིངྒ་ལའི་༽གནས་བརྟན་པའི་ཆོས་དར་ཤུགས་ཆེ་བས་རྒྱལ་རྒྱུད་ཀྱི་ཆེ་མཐོང་དང་ཐོབ་དབང་རྦད་དེ་ཉམས་ཆག་སོང་སྟེ་༼ལྷ་ཡི་རྒྱལ་པོ་གསོལ་མཆོད་༽ཅེས་རྒྱལ་པོ་རྗ་ཡ་ཝརྨ་ལྷ་རུ་བརྩིས་ཏེ་མཆོད་བསྟོད་བྱེད་སྲོལ་དག་ཀྱང་ལྐོག་ནས་གསང་སྟེ་བྱེད་དགོས་པའམ་བག་ལ་ཞ་བའི་གནས་སྟངས་ཤིག་བྱུང་བར་བཤད། དེའི་རྐྱེན་གྱིས་ཕལ་ཆེར་རྗ་ཡ་ཝརྨའི་སྲས་པོར་ངེས་པའི་༼ཏ་མ་ལིན་དྷ་མ་ཧ་ཐེ་ར༽《མ་ཧ་ཐེ་ར་ནི་བསླབ་པ་རྒན་པར་ཞེ་སའི་ཚིག་གཅིག་ཡིན་པ་འདྲ》ཡང་དགེ་སློང་ཞིག་དང་འགྲོགས་ཏེ་བྷར་མར་ཕེབས་དགོས་བྱུང་བར་མངོན། གང་ལྟར་༼རྗ་ཡ་ཝརྨའི་༽སྲིད་དབང་རྫོགས་པ་ནས་བཟུང་ཐེག་ཆེན་ཡང་ཉམས་རྒུད་དུ་སོང་པ་དང་ཆབས་གཅིག་རྒྱལ་ཁམས་སུ་གནས་བརྟན་པའི་རྒྱལ་བསྟན་དར་རྒྱས་ཀྱི་ཡང་རྩེར་སླེབས་སོང་བ་དང་། སྤྱིར་ན་དུས་རབས་༡༢་པའི་ཕྱེད་ཙམ་ནས་བཟུང་གནས་བརྟན་སྡེ་པའི་བསྟན་པའི་འབྱུང་ཁུངས་ལྷོ་སིང་ག་ལའི་རིང་ལུགས་དེ་ཉིད་ལྷོ་ཤར་ཨེ་ཤ་ཡའི་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་དར་རྒྱས་བྱུང་སྟེ་སིང་ག་ལའི་གནས་བརྟན་པའི་ཆོས་དང་། སིང་ག་ལའི་གནས་བརྟན་དག་གི་མཚན་སྙན་དང་འདྲ་བ་ནི་སྐབས་དེར་ནང་པ་སུ་འང་མེད་པར་བཤད། དུས་སྐབས་དེར་ཁམ་བྷོ་ཌི་ཡའི་རྒྱལ་སྲས་ཤིག་ཀྱང་ཤྲི་ལང་ཀར་གནས་བརྟན་པའི་ཞབས་ལ་གཏུགས་ཏེ་ནང་ཆོས་སློབ་གཉེར་གནང་ཡོད་པར་གྲགས། འོན་ཀྱང་ད་རུང་དུས་རབས་༡༣པའི་ནང་༼ལྷོ་ཀམ་བྷུ་རྗ་༽སོགས་སུ་ནང་བསྟན་དར་ཞིང་རྒྱས་མུས་ཀྱང་ས་གནས་གཞན་དུ་ཆོས་བརྒྱུད་གཞན་པ་ཡང་《ཐེག་ཆེན་མིན་ནམ་སྙམ་》 ཡོད་བཞིན་པ་བརྗོད་མི་དགོས་པར་སྣང་། རྗེས་སོར་ཁྱིམ་མཚེས་ཐ་ལན་ཌིས་བཙན་འཛུལ་བྱས་ཏེ་ཁམ་བྷོ་ཌི་ཡིའི་ས་ཁོངས་རྒྱ་ཆེར་བཙན་གནོན་གྱིས་དབང་དུ་བསྒྱུར་སྐབས་ཐ་ལན་གྱི་ཆོས་དང་རིག་གཞུང་གིས་ཤུགས་རྐྱེན་ངེས་པར་ཐེབ་ཡོད་ཀྱང་གནས་བརྟན་པའི་ནང་ཆོས་ཀྱི་འགྲོ་ཁྱབ་ནི་ད་རུང་ཡོད་མུས་ཡིན་པར་བཤད། དེ་ནས་རིན་པས་སྔོན་ཆད་ཨང་ཀོར་དུས་ཀྱི་ཧིན་དྷུའི་ལྷ་རྟེན་དག་གི་ཚབ་ལ་ནང་པའི་སྐུ་འདྲ་བཞེངས་པ་སོགས་བྱས་ཏེ་ནང་ཆོས་དར་ཁྱབ་ཇེ་ཆེར་སོང་སྟབས། དེང་སང་རྒྱལ་ཁོངས་ན་ཧིན་དྷུའི་ཆོས་ལུགས་དངོས་ཀྱི་རྗེས་ཤུལ་ཙམ་ཡང་རྙེད་དཀའ་བའི་ཚོད་དུ་ཡོད་ཀྱང་དམངས་ཁྲོད་དུ་ནང་ཆོས་དང་ཧིན་དྷུ་བསྲ་བསྲེས་ཀྱི་ཆོ་ག་བྱེད་མཁན་ནི་ཡོད་པར་མངོན། དུས་རབས་༡༥ པའི་༼ཇི་ན་ཀ་ལ་མ་ན་༽ཞེས་པའི་ཆོས་འབྱུང་དེ་ནི་ལང་ཀ་དང་ཁམ་བྷོ་ཌི་ཡ་དབར་གྱི་ཆོས་རིག་འབྲེལ་ལམ་འབྱེད་པའི་ལྡེ་མིག་ལྟ་བུ་ཞིག་ཡིན་པར་གྲགས། སྤྱི་ལོ་༡༥༡༦ ནས་༡༥༦༦ བར་གྱི་རྒྱལ་པོ་༼ཨང་ཆན་༽གྱིས་རང་གི་རྒྱལ་སར་༼ཕ་གྷོ་དྷ་༽སྟེ་མཆོད་རྟེན་དང་རྒྱལ་ཁོངས་ཀྱི་ས་གནས་གཞན་དུ་གཙུག་ལག་ཁང་དུ་མ་བཞེངས་བ་དང་དུས་མཚུངས་ནང་ཆོས་རྒྱ་ཁྱབ་གཏོང་རྒྱུའི་བཀའ་བཀོད་གནང་བ་སོགས་ཀྱིས་ནང་ཆོས་དར་རྒྱས་མུ་མཐུད་དེ་སོང་ཡོད། སྤྱི་ལོ་༡༥༧༦ ནས་༡༥༩༤ བར་གྱི་རྒྱལ་པོ་༼ས་དྷ་༽མཆོག་གིས་སྔོན་ཆད་༼དུས་རབས་༡༢ པའི་ནང་གི་རྒྱལ་པོ་སཱུར་ཡ་ཝརྨས་༽བཞེངས་པའི་ཐོག་སོ་གསུམ་ཡོད་པའི་ཨང་ཀོར་གཙུག་ལག་ཁང་《གནའ་བོར་དབང་ཕྱུག་གི་མཚན་མ་གསོ་སའི་ལྷ་ཁང་ཞིག་》ཉམས་གསོ་མཛད་པ་སོགས་ཆོས་ཀྱི་རྒྱལ་པོའི་ཕྲིན་ལས་བསྐྱངས་སོ། ། དེས་ནས་དུས་རབས་༡༧ པ་དང་༡༨ པའི་རིང་ཁམ་བྷོ་ཌི་ཡར་ཁྱིམ་མཚེས་ཐཱ་ལན་ཌིས་བཙན་འཛུལ་བྱས་ཏེ་ཆབ་སྲིད་ལ་ཤུགས་རྐྱེན་སྣ་ཚོགས་བཏང་མོད་རྩ་བའི་ནང་ཆོས་ཀྱི་འཕེལ་ཕྱོགས་ལ་གནོད་སྐྱོན་གཏང་མེད་པ་སྟེ། ཐཱ་ལན་ཌིའི་རྒྱལ་པོ་ཡང་ནང་པའི་ཆོས་རྒྱལ་ཞིག་ཡིན་པས་སོ། ། དེ་རྗེསསྤྱི་ལོ་༡༨༦༣ ནས་༡༩༥༤ བར་ཁམ་བྷོ་ཌི་ཡ་རྒྱལ་ཁམས་འདི་ཉིད་༼ཧྥརེན་སིའི་༽མི་སེར་སྤེལ་ཡུལ་གྱི་འོག་ཏུ་སྡོད་སྐབས་ཀྱི་ནང་ཆོས་ནི་གཙུག་ལག་ཁང་གི་དགེ་འདུག་པ་དག་གིས་འབད་བརྩོན་ལ་བརྟེན་ནས་རྒྱུན་སྲིང་བྱས། སྤྱིར་ཧྥརན་སིའི་གཞུང་གིས་ཁམ་བྷོ་ཌི་ཡིའི་མི་དམངས་ལ་ཤེས་ཡོན་སློབ་སྤྱོང་གི་གོ་སྐབས་སྤྲད་པ་ཧ་ཅང་ཉུང་ཞིང་སྐད་སྒྱུར་བའི་ཆེད་དུ་ཉུང་ཤས་ལ་སློབ་སྤྱོང་སྤྲོད་ཀྱི་ཡོད་པ་འདྲ། མི་སེར་སྤེལ་པའི་དཔོན་རིགས་ཚོས་དམིགས་བཀར་དུ་དགེ་འདུན་པ་དག་ལ་བརྙས་སྨོད་དང་མཐོང་ཆུང་བྱེད་པ་ཙམ་མ་ཟད་ཁུ་མར་སྐད་དང་རིག་གཞུང་རྩ་གཏོར་གཏོང་རྒྱུའི་ངན་བྱུས་ལག་ལེན་བསྟར་བར་བརྟེན་དགེ་འདུན་པ་དག་གིས་ཀྱང་གཙུག་ལག་ཁང་དུ་ཉིན་བཞིན་སློབ་གྲྭ་ཚོགས་ཏེ་ངོ་རྒོལ་གནང་བ་སོགས་བྱུང་ཡོད། རིང་མིན་ཧྥརན་སི་ལས་བཅིངས་འགྲོལ་ཐོབ་རྗེས་རྒྱལ་པོ་༼ན་རོ་དྷོམ་སཱི་ཧ་ནུས་༽གཞུང་མོལ་ཚོགས་འདུའི་ཐོག་ནང་ཆོས་ལ་ཆེས་མཐོའི་གོ་བབ་གནང་བ་སོགས་གཟིགས་སྐྱོང་ཆེན་པོས་སྐབས་དེར་ནང་པའི་མཁས་དབང་༼སོམ་དྷེག་ཆཱོན་ནཊ་དང་། ཕང་ཁོཊ། ཀཱེཝ་ཆོན་༽ལྟ་བུ་ནར་སོན་ཞིང་། ཁོང་རྣམ་པའི་དབུ་ཁྲིད་འོག་ཁམ་བྷོ་ཌི་ཡར་ནང་ཆོས་བླ་ལྷག་ཏུ་དར་རྒྱས་སོང་ཡོད་པར་བཤད། སྤྱི་ལོ་༡༩༦༧ ལོར་༼མ་ཧ་ན་མ་སི་ཏིས་༽དབུ་ཁྲིད་པའི་ཁམ་བྷོ་ཌི་ཡའི་དགེ་འདུན་པ་བརྒྱད་དང་། ཐཱ་ལན་ཌིའི་༼ན་བྷིས་པུ་རའི་༽དགེ་འདུན་པ་ཉེར་ལྔ་བཅས་ལྷན་གཅིག་གིས་ཤྲཱི་ལང་ཀར་ཕྱིན་ཏེ་སིང་ག་ལིའི་ལུགས་ཀྱི་༼ཨཔ་སམ་པ་དྷ་༽སྟེ་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་ཏེ་སྡོམ་རྒྱུན་གཙང་སེལ་གནང་བ་སོགས་མཛད་དོ། ། དེ་རྗེས་སྤྱི་ལོ་༡༩༧༥ ལོར་ཁམ་བྷོ་ཌི་ཡ་དམར་ཤོག་གིས་དབང་དུ་བསྒྱུར་ནས་ནང་ཆོས་རྩ་གཏོར་གཏོང་འཆར་གྱིས་བྱེད་ངན་སྤེལ་ཏེ་ནང་ཆོས་ནུབ་ལ་ཉེ་བའི་གནས་སུ་གྱར་མུར་ངང་། སྤྱི་༡༩༧༩ ལོར་༼ཝེཊ་ནམ་༽དྲག་པོས་བཙན་འཛུལ་འོག་དགེ་འདུན་པ་ཙམ་མ་ཟད་ཆོས་དད་ཅན་གྱི་སྐྱེ་བོ་དག་ཀྱང་བསད་པའམ་བྲོས་བྱོལ་དུ་འགྲོ་དགོས་པའི་གནས་སུ་གྱར། ནང་པའི་གཙུག་ལམ་ཁང་དང་ཆོས་དཔེ་ཁང་ཕལ་མོ་ཆེར་གཏོར་བཅོམ་ཚབས་ཆེན་ཐེབ་སྟེ་གོད་ཆག་བློ་ཡུལ་ལས་འདས་པ་བྱུང་། དེང་གི་དུས་ནའང་ཁམ་བྷོ་ཌི་ཡར་ཆབ་སྲིད་ཀྱི་འགྱུར་ལྡོག་རྐྱེན་པ་དང་། ནང་པའི་མཁས་དབང་དང་། ཤེས་ཡོན་ལྡན་པའི་དབུ་ཁྲིད་ཉུང་དྲགས་ཏེ་མ་འདང་བ་སོགས་དཀའ་ངལ་ཕྲན་བུ་ཡོད་རུང་། སྤྱིར་འབད་བརྩོན་ཆེན་པོས་བསྟན་པ་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་གནང་བཞིན་ཡོད་པ་དང་། བྱེ་བྲག་ཏུ་གཞུང་འབྲེལ་ཆོས་རིག་བློན་ཆེན་གྱི་གོ་བབ་ཡོད་པ། ནང་པའི་མཐོ་སློབ་ཁག་ཏུ་གཞུང་ལུགས་ལ་ཐོས་བསམ་གནང་གཞིན་པ། གཞུང་འབྲེལ་ཆོས་ལུགས་ཀྱི་ཐད་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་༤༣ པར་”ཁུ་མར་ཡུལ་མི་ཕོ་མོ་སུ་ཡིན་རུང་ཆོས་ལུགས་དད་པ་རང་དབང་དང་། དེའང་ཆོས་ལུགས་གཞན་གྱི་ལྟ་གྲུབ་དང་། མི་མང་གི་བདག་དབང་དང་སྲུང་སྐྱོབ་ལ་མི་གནོད་པའི་ཐོག་ནས་ཆོས་ཀྱི་བྱེད་སྒོ་གང་ཞིག་ཡིན་རུང་རང་དབང་གིས་སྤེལ་ཆོག་པ་ཁག་ཐེག་ཡིན་”ཞེས་དང་། དགེ་འདུན་པའི་ཤེས་ཡོན་སློབ་སྦྱོང་ཐད་ལ་གཞུང་གིས་མཐུན་རྐྱེན་འབུལ་ཚུལ་རྩ་ཁྲིམས་དོན་ཚན་༦༨ པར་” པ་ལིའི་སློབ་གྲྭ་དང་། ནང་པའི་མཐོ་སློབ་རྒྱ་ཁྱབ་གཏོང་དགོས་”ཞེས་འཁོད་པ་སོགས་ཀྱིས་མཚོན་རྒྱལ་ཁབ་ན་ཆོས་དད་རང་དབང་ཚད་ལྡན་ཡོད་པ་བཅས་ཀྱིས་མ་འོངས་པར་རྒྱལ་བསྟན་བླ་ནས་བླ་འབར་བ་གདོན་མི་ཟ་བ་ཞིག་གོ །། (རིག་འཛིན་ཁྱུང་པོའི་དྲྭ་བ་ལས་) http://neytramo.blogspot.in

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]