ཡུར་རྒ་ཨེ་བ་ན་སི་ཁད་ཐེེ།

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།

ལོ་རྒྱུས་མདོར་བསྡུས།[རྩོམ་སྒྲིག]

Jurga Ivanauskaitė

ཇོར་རྒ་ཨེ་བ་ན་སི་ཁད་ཐེ (Jurga Ivanauskaitė) ༡༩༦༡ ལོའི་ཟླ༡༡ཚེས༡༤ ལ་འཁྲུངས། ལྦེ་ནི་སུ་ནི། ལེ་སུ་ནི་ཡྰ་རུ་སྐུ་འཁྲུངས། ཁོ་མོ་ནི་ལེ་སུ་ནི་ཡྰ་སྐད་ཀྱི་རྩོམ་པ་པོ་ཞིག་ཡིན། ལྦེ་ནི་སུ་ནི་སྒྱུ་རྩལ་སློབ་གླིང་ནས་མཐར་ཕྱིན་ཅིང་། མོའི་ཐོག་མའི་བརྩམས་ཆོས་ནི་The Year of the Lilies of the Valley༼ལུང་ཤུར་གྱི་ལུག་མཉེ་མེ་ཏོག་གི་ལོ་དུས།༽ཟེར་བ་དེ་ཡིན་ལ། དེབ་དེ་༡༩༨༥ ལོར་པར་དུ་བསྐྲུན། དེའི་རྗེས་མོས་བསྟུད་མར་བརྩམས་སྒྲུང་དྲུག་དང་བྱིས་པའི་དེབ་གཅིག དཔྱད་རྩོམ་གྱི་དཔེ་དེབ་གཅིག་བཅས་སྤེལ། མོའི་བརྩམས་ཆོས་དབྱིན་སྐད། ལ་ཐེན་ལྦན། ཕོལ་ན་སྐད། ཨུ་རུ་སི། འཇར་མན། ད་དུང་སི་ལྦེ་སྡེ་དག་གི་སྐད་དུ་བསྒྱུར་མྱོང་ལ། ཁོ་མོ་ཤར་ཕྱོགས་ལ་ཐེངས་གཅིག་ཕེབས་རྗེས། མོ་བོད་དོན་ལ་འབད་བརྩོན་བྱེད་མཁན་ཅན་ཞིག་ཏུ་གྱུར། དགུང་ལོ༤༥ སྟེང་སྐྲན་ནད་ཅིག་གིས་རྐྱེན་བྱས་ནས་ཚེ་ལས་འདས་ནས་ཕུང་པོ་ Antakalnis ༼ཨན་ཏ་གལ་ནིས།༽དུར་ཁྲོད་དུ་སྦས་ཡོད་དོ། །

ཕྱི་ཕྱོགས་དྲྭ་མཐུད།[རྩོམ་སྒྲིག]