བཅོམ་ལྡན་འདས།

ཡོང་ཁུངས་Wikipedia

བཅོམ་ལྡན་འདས་(ལེགས་སྦྱར་སྐད།: गौतम बुद्ध)སམ་སིདྡྷྰརྠ་(ལེགས་སྦྱར་སྐད།: सिद्धार्थ)ནི་རྒྱ་གར་བྱང་ཤར་ས་ཁུལ་གྱི་ཆོས་ཕྱོགས་ཀྱི་དགེ་རྒན་ཞིག་དང་ནང་པ་སངས་རྒྱས་སྲོལ་གཏོད་མཁན་རེད།

མི་ཚེ།[རྩོམ་སྒྲིག]

མངལ་འཁོར་བ་དང་འཁྲུངས་པ།[རྩོམ་སྒྲིག]

བཅོམ་ལྡན་འདས་ནི་Kapilavastuཉེ་འགྲམ་གྱི་ལུམ་བི་ནི་ཡི་ས་འཚོ་རིགས་རུས་སུ་སྐུ་འཁྲུངས་ཞིང་། ཁོང་གི་ཡབ་ནི་རྒྱལ་པོ་ཟས་གཙང་སེར་སྐྱའི་གཞི་དབང་བསྒྱུང་བྱེད་མཁན་གྱི་རྒྱལ་པོ་དང་ཁོང་གི་ཡུམ་ནི་ལྷ་མོ་སྒྱུ་འཕྲུལ་མ་བཙུན་མོ་རེད།


བཅོམ་ལྡན་འདས་མངལ་འཁོར་བའི་དགོང་མོ་དེར་ཁོང་གི་ཡུམ་ལ་གླང་ཆེན་དཀར་པོ་ཞིག་ལ་བ་སོ་དཀར་པོ་དྲུག་ཁོང་གི་གཡས་ངོས་སུ་འཛུལ་པའི་རྨི་ལམ་ཞིག་རྨིས་པ་དང་ཟླ་བ་བཅུའི་རྗེས་བཅོམ་ལྡན་འདས་སྐུ་འཁྲུངས་པ་རེད། ས་སྐྱའི་ལུགས་སྲོལ་ལྟར་ཁོང་གི་ཡུམ་ལ་མངལ་འཁོར་བའི་རྗེས་ནས་ལྐུ་བལྟམས་པའི་བར་ཁོ་མོ་Kapilavastuཡབ་ཀྱི་རྒྱལ་ཁབ་ནས་ཁ་བྲལ་བ་རེད། འོན་ཀྱང་ཁོང་གི་ཡུམ་ལ་ལུམ་བི་ནི་ལ་ཕེབས་པའི་ལམ་བར་དུ་ལྡུམ་ར་ཞིག་གི་སྤོས་དཀར་ཤིང་ཞིག་གི་འོག་ཏུ་ཁོང་སྐུ་བལྟམས་པ་རེད། སངས་རྒྱས་སྐུ་བལྟམས་པའི་རྟེན་འབྲེལ་ཆེད་མི་རྣམས་ཀྱིས་ས་ག་ཟླ་བ་ཞེས་གཏོང་གི་ཡོད། སངས་རྒྱས་ཀྱི་ཡུམ་སངས་རྒྱས་སྐུ་བལྟམས་པའི་ཉིན་ཁ་ཤས་སམ་ཉིན་བདུན་རྗེས་ཚེ་ལས་འདས་པ་རེད་བཤོད་སྲོལ་ཡོད། ཁོང་གི་མཚན་ལ་སིདྡྷྰརྠ་(ལེགས་སྦྱར་སྐད།: सिद्धार्थ)ཞེས་གསོལ་པ་རེད་དོན་ནི་"ཁོང་གི་དམིགས་ཡུལ་འགྲུབ་ཐུབ་པ་"ཞེས་པའི་དོན་ཡིན།

ཕོ་བྲང་ནང་གི་འཚོ་བ།[རྩོམ་སྒྲིག]

སིདྡྷྰརྠ་དགུང་ལོ་༡༦ལ་སོན་པའི་དུས་ཁོང་གི་ཡབ་ཀྱི་ཁོང་དང་ལོ་གཅིག་པ་ཡིན་པའི་ཁོང་གི་མ་སྤུན་སྲིང་མོ་གྲགས་འཛིན་མ་དང་གཉེན་སྒྲིག་བྱེད་དུ་བཅུག་གནང་བ་རེད། སྔར་སྲོལ་གོམས་གཤིས་ཀྱི་རྩིས་སྟངས་ལྟར་དུས་ཚོད་ཏག་ཏག་དུ་ཁོ་མོར་སྲས་གཅིག་འཁྲུངས་པ་དང་སྲས་དེའི་མཚན་ལ་སྒྲ་གཅན་འཛིན་ཞེས་གསོལ་བ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལོ་༢༩རིང་Kapilavastuདུ་རྒྱལ་སྲས་ཀྱི་འཚོ་བར་རོལ་བ་རེད། ཁོང་སྐུ་ན་གཞོན་དུས་སུ་ཕོ་བྲང་ནང་དུ་སོན་པ་དང་ཧིན་ཏུའི་ཆོས་ལ་ལ་དད་ཅིང་དཔའ་བོའི་སློབ་གསོ་རག་པ་རེད།

The Revelation and the 4 meeting[རྩོམ་སྒྲིག]

བགྲང་བྱ་༢༩རིང་ཁོང་གི་ཕོ་བྲང་ཕྱི་རོལ་དུ་འཚོ་བར་རོལ་ཞིང་དེའི་རིང་ཁོང་གིས་མི་རྣམས་ཀྱི་སྡུག་བསྔལ་འཚོར་ཞིང་དེ་ནི་བཤད་སྲོལ་ལྟར་ན་དེར་ཚོགས་འདུ་བཞི་ཟེར་ཞིང་འདིས་ཁོང་གི་མི་ཚེར་འགྱུར་བ་ཐེབས་པ་རེད། བགྲེས་སྲོང་ཞིག་གི་སྐུ་གཟུགས་གོབ་ཏོ་ཆགས་པའི་ཐོག་ནས་ཁོང་ལ་དུས་ཚོད་སྡུག་བསྔལ་ཤེས་ཚོར་བྱུང་བ་དང་ནད་པ་ཞིག་ནས་ཁོང་ལ་གཟུགས་པོའི་སྡུག་བསྔལ་ནི་དུས་ཚོད་དང་འབྲེལ་བ་མེད་པ་བསླབ་པ་དང་ཕུང་པོ་མེ་བསྲེགས་གཏོང་བ་གཟིགས་དུས་ཁོང་གིས་འདས་གྲོངས་ནི་གང་འདྲ་ཡིན་མིན་འཚོར་བ་རེད། མཐར་དབེན་པའི་རི་ཁྲོད་ཞིག་ནས་ཁོང་ལ་ཤེས་རབ་ནི་གང་འདྲ་ཡིན་མིན་སྟོན་པ་རེད།

སྒོམ་སྒྲུབ་ཀྱི་འཚོ་བ།[རྩོམ་སྒྲིག]

སིདྡྷྰརྠ་ཁོང་གི་ཆིབས་རྟར་བསྔགས་ལྡན་ཆིབས་ཏེ་ཏུན་པ་དང་མཉམ་དུ་ཕོ་བྲང་ནས་བྲོས་བྱོལ་ལ་ཕེབས་ནས་སྐུ་དྲག་གི་འཚོ་བ་དེ་སྤྲང་པོ་ལྟ་བུའི་འཚོ་བར་འགྱུར་པ་རེད། ཁོང་གིས་རི་ཁྲོད་པ་གཉིས་ཁོང་གི་སློབ་དཔོན་ལ་བརྟེན་ནས་བྱང་ཆུབ་པ་སྦྱངས་གནང་བ་དང་དེའི་རྗེས་རིང་ཕུར་མཐར་ཕྱིན་པའི་སྦྱངས་གནང་བའི་རྗེས་རིང་ཕུར་གྱིས་ ཁོང་གི་ཤུལ་འཛིན་པ་བྱེད་དགོས་པའི་རེ་བ་བཏོན་གནང་བ་རེད། འོན་ཀྱང་ཁོང་ད་དུང་འདོད་བློ་མ་ཁེངས་པར་མུ་མཐུད་འབད་ཐབས་གནང་པ་རེད། དེ་རྗེས་ཁོང་རངས་བྱད་སྐྱིད་པུ་སློབ་དཔོན་ལ་བརྟེན་པ་རེད། ཁོང་སྒོམ་སྒྲུབ་ཀྱི་འཚོ་བར་གྲུབ་འབྲས་ཡག་པོ་ཐོན་ཡིན་ནའང་ཁོང་དེར་འདོད་བློ་མ་ཁེངས་པར་ད་དུང་འབད་ཐབས་གནང་གི་ཡོད།

སངས་རྒྱས་པ།[རྩོམ་སྒྲིག]

གསུང་ཆོས་གནང་བ།[རྩོམ་སྒྲིག]

སངས་རྒྱས་སྐུ་མྱ་ངན་ལས་འདས་པ།[རྩོམ་སྒྲིག]

ལོ་རྒྱུས་དངོས།[རྩོམ་སྒྲིག]

དངོས་ལུགས་ངོ་བོ།[རྩོམ་སྒྲིག]

བཅོམ་ལྡན་འདས་དང་དེ་མིན་གྱི་ཆོས་ལུགས།[རྩོམ་སྒྲིག]

ཧིན་ཏུའི་ཆོས།[རྩོམ་སྒྲིག]

དབྱི་སི་ལན་གྱི་ཆོས་ལུགས།[རྩོམ་སྒྲིག]

ཡེ་ཤུའི་ཆོས་ལུགས།[རྩོམ་སྒྲིག]

File:བཅོམ་ལྡན་འདས་དང་ཡེ་ཤུའི་ཆོས་ལུགས། (ཡོ་ཟ་ཕྷད།).jpg

པར་རིས་བར་འཁྱམས།[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]