དཀར་མཛེས་བུ་མོ།
དཀར་མཛེས་ས་ཁུལ་གྱི་བུ་མོ།
[རྩོམ་སྒྲིག]གཞས་ཤིག་གི་མིང་།
[རྩོམ་སྒྲིག]དཀར་མཛེས་བུ་མོ།
རི་དགའ།
དཀར་མཛེས་བུ་མོ་མཛེས་མ་ལགས།། མེ་ཏོག་ཤར་འདྲ་རེད། གསུང་སྐད་དེ་འདྲ་སྙན་པ་ལ་ཁུ་ཕྱུག་ཕར་བཞག་རེད། མཁུར་རས་དམར་པོ་དུར་དཀར་སོ།། སྤྱིན་རས་ཁྲ་ཁྲ་ཤིག། དཀར་ས་དཀར་ལ་དམར་ས་དམར།།་ བུ་ངའི་ཡིད་དབང་འཕྲོག།
ཁྱེད་རང་མེད་ན་འགྲོ་ལེ་མེད།། སེམས་ཐག་གོར་མོ་རྡོ།། ང་ལ་ཞལ་འཛོམས་གནང་རོགས་གནང་།། དགེ་བ་ཡོང་ངེ་རེད།།
དཔའ་ངར་དགོས་ན་་ཁྱེད་ལ་ཡོད།། དམར་ཡག་སྟག་དང་འདྲ།། སེམས་ཐག་ཆོད་པོ་ཁྱེད་ལ་ཡོད།། རལ་གྲི་གནམ་གཡུག་འདྲ།། བློ་བརྟན་འགྱུར་མེད་ཁྱེད་ལ་ཡོད།། རྡོ་རྗེ་བྲག་དང་འདྲ།། དམར་པོ་སྲོག་ལ་ཐུག་ཡོད་ཀྱང་། ཁྱེད་ཀྱིས་བློས་མི་གཏོང་།།
ས་ཕྱོགས་གང་དུ་སོང་ནཡང་།། ཁྱེད་རང་ཡིད་ལ་ཤར།། མཚན་མོ་རྨི་ལམ་ནང་དུ་ཡང་།། ཁྱེད་རང་ཡིད་ལ་དྲན།
New Tibetan Song 2014 Karze Girl Trinkhor V HD 1080
གཞས་དེ་འདི་རུ་ཉན་ཆོག https://www.youtube.com/watch?v=7quNJbzn3PE&index=2&list=PL9y5h3wK-1JNqCbP2OGgiG31gJmFaXxcC