ངར་བ་ཐང་

ཡོང་ཁུངས་Wikipedia

ངར་བ་ཐང་།[རྩོམ་སྒྲིག]

ཐང་དེ་ལྷོ་ཁའི་ཁུལ་དུ་ཡོད་ངེས་ཀྱང་ཞིབ་ཕྲའི་ས་གནས་གང་དུ་ཡོད་མེད་དང་གྲི་གུམ་བཙན་པོའི་བང་སོ་ས་གནས་གང་དུ་ཡོད་མེད་སྐོར་བཤད་ཚུལ་མི་འདྲ་བ་ཡོད། འགའ་ཞིག་གིས་ཀོང་པོ་ནས་ལྷོ་ཁར་གདན་དྲངས་པ་དང་། འཕྱིང་ལུང་གིས་ཀོང་པོ་ནས་ལྷ་ཁར་གདན་དྲངས་པ་དང་། འཕྱིང་ལུང་ངར་ཐར་ངམ་དར་ཐང་ཞེས་པ་ལྷ་ཁར་ཡོད་པ་བཤད། 《རྒྱ་བོད་ཡིག་ཚང》སོགས་ལོ་རྒྱུས་འགའ་ཞིག་ནང་བང་སོ་དེ་ཀོང་ཡུལ་གསེ་མོ་ཕུག་ཏུ་བརྩིགས་པར་བཤད། དེ་ལྟར་ན་ངར་པ་ཐང་ཡང་ཀོང་པོར་ཡོད་དགོས་པ་ལྟ་བུ་ཞིག་སྣང་བས་མཁས་པའི་དབང་པོ་རྣམས་ཀྱིས་ཞིབ་དཔྱད་མཛད་པར་ཞུ། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།