གློག་བརྙན།

ཡོང་ཁུངས་Wikipedia

གློག་བརྙན་གྱི་ལོ་རྒྱུས།[རྩོམ་སྒྲིག]

གློག་བརྙན་ནི་འགུལ་སྐྱོད་ཐུབ་པའི་རི་མོ་དང་ལྡན་པ།
མཐོང་ཐུབ་བར་རྫས(visual medium)ཀྱི་ལོ་རྒྱུས་འཕེལ་རིམ་ནི། འགུལ་རིས། སྤྱིན་ཤོག གློག་བརྙན་ཁང་། ཡང་ན་གློག་བརྙན་ཡིན་པ་ཚང་མས་ངོས་འཛིན་གྱི་ཡོད།

གློག་བརྙན་ལག་རྩལ་གྱི་བྱུང་བ།གློག་[རྩོམ་སྒྲིག]

དུས་རབས19པའི་མགོར། ཚན་རིག་པ་ཚོས་མཐོང་འཛིན་སྣང་ཚུལ(visual phenomenon)ཞིག་ལ་དོ་སྣང་བྱུང་སྟེ། གོ་རིམ་ལྡན་པའི(still pictures)འགུལ་མེད་རི་མོ་འགའ་ཁག་སོ་སོར་བཞག་ཏེ་འགུལ་དུ་བཅུག་ན་འགུལ་བསྐྱོད་ཀྱི་འཁྲུལ་སྣང་སྟེར། མྱོང་ཚོར་དེ་ནི་ཚན་རིག་པ་དེ་ཚོས་ཟེར་བའི་མིག་ཤེས་རྒྱུན་མཐུད(persistence of vision)དེ། མིག་ཤེས་ཀྱིས་སྐར་ཆའི་ཆ་ཤས་རིང་སྤོ་ཟིན་པའི་དངོས་པོ་ཉར་འཛིན་ཐུབ་པ་ལ་ཟེར། མིག་ཤེས་ཀྱིས་མཐོང་ཐུབ་པའི་རི་མོ་ཉར་འཛིན་བྱས་པ་དེ་ད་ལྟ་ཡོངས་སུ་འཕྲོས་རིས(afterimage)ལ་ངོས་འཛིན་ཞིང་། མ་གཞི་འགུལ་བསྐྱོད་ཀྱི་ཤེས་ཚོར་ལ་སྔར་བཞིན་རྒྱུས་མངའ་ཆེན་པོ་མེད་མོད། ཡུན་རིང་ཞིག་ལ་ཚང་མས་དེ་ནི་འགུལ་རིས་གློག་བརྙན་གྱི་རྩ་དོན་དུ་འཛིན།

མིག་ཤེས་རྒྱུན་མཐུད་ཅེས་པའི་ཐ་སྙད་ཀྱིས་དུས་རབས19པའི་ནང་འགུལ་རིས་ཡོ་ཆས་ཚོད་ལྟ་བྱེད་པའི་སྐུལ་དེད་གཏོང་བ་རེད། དེ་དག་ཁྲོད་ཀྱི་ཡོ་ཆས་དང་པོ་ནི་ཁུང་བུ་ཡོད་པའི་སྒོར་ལེབ་ཀྱི་མཐའ་འཁོར་དུ་གོ་རིམ་ལྡན་པའི་རི་མོ་བཀོད་ཐོག མི་ཞིག་གིས་སྒོར་ལེབ་དེ་ཤེལ་སྒོ་ཞིག་གི་མདུན་དུ་བསྐོར་སྐབས་ཁུང་བུ་ལས་བལྟས་ཚེ་རི་མོ་འགུལ་བའི་སྣང་ཚུལ་ཐོན། ཡོ་ཆས་དེ་ལzoetropeཡིས1830ལོར་ལེགས་བཅོས་བཏང་སྟེ། ཁོག་སྟོང་དབྱིབས་ཀྱི་རྔ་སྒམ་ལ་ཐག་ལེབ་རི་མོ་ནང་ངོས་སུ་བཞག་སྟེ་བསྐོར་ན་གོང་མཚུངས་ཀྱི་སྣང་ཚུལ་ཐོན། 1870ལོའི་ཧྥ་རན་སིའི་གསར་གཏོད་མཁནÉmile Reynaud ཡིས་ལེགས་བཅོས་བྱས་ཏེ་ཤེལ་སྒོ་སྒམ་དཀྱིལ་དུ་བཞག ལོ་ངོ་འགའི་རྗེས་སུ་ཁོས་ལྡོག་འཕྲོས་རི་མོ་བརྙན་ངོས་སུ་སྟོན་ཐུབ་པའི་སྔོན་དཔག་དཔར་མ་གསར་སྤེལ་བྱས། 1892ལོ་ནས་མགོ་བཙུགས་ཏེ་ཁོས་ paris(ཧྥ་རན་སིའི་རྒྱལ་ས)ཟློས་གར་ཁང་དུ། འཁོར་ལོའི་ཐོག་པར་རིས་བརྒྱ་ཕྲག་མང་པོ་འདྲིལ་ནས་ཡོ་བྱད་བརྒྱུད་བསྟུད་མར་སྐར15འགུལ་ཐུབ་པའི་འགུལ་རིས་གློག་བརྙན་སྟོན།

བོད་ཀྱི་གློག་བརྙན་ལས་རིགས་ཀྱི་འཕེ[རྩོམ་སྒྲིག]

  • ངོ་སྤྲོད་མདོར་བསྡུས།གློགདྨ་ཚེ་བརྟན་ནི་སྤྱི་ལོ1969ལོའི་ཟླ12པར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སྐྱེས་ཤིང་། རྩོམ་རིག་རབ་འབྱམས་པའི་བསླབ་གནས་ཐོབ་པའི་དེང་རབས་བོད་ཀྱི་གཞོན་སྐྱེས་ཤེས་ལྡན་པ་ཞིག་ཡིན། སྤྱི་ལོ1991ལོ་ནས་སྤྱི་ལོ1995ལོའི་བར་དུ་ནུབ་བྱང་མི་རིགས་སློབ་ཆེན་དུ་བསླབ་གཞི་མཐའ་དག་ལ་སྦྱང་བ་དཔྱིས་ཕྱིན་པ་བྱས་ཤིང་། སྤྱི་ལོ1995ལོ་ནས་སྤྱི་ལོ2000ལོའི་བར་དུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་དུ་ཕྱག་ལས་གནང་མྱོང་། སྤྱི་ལོ2000ལོ་ནས་སྤྱི་ལོ2002ལོའི་བར་དུ་ཡང་བསྐྱར་ནུབ་བྱང་མི་རིགས་སློབ་ཆེན་དུ་ཕྱིན་ནས་རབ་འབྱམས་པའི་ཉན་ཐོས་ཀྱི་ཐད་དུ་འབད། སྤྱི་ལོ2002ལོ་ནས་སྤྱི་ལོ2004ལོའི་བར་དུ་པེ་པེ་ཅིན་གློག་བརྙན་སློབ་གླིང་དུ་སློབ་གཉེར་གནང་བ་དང་། སྤྱི་ལོ2004ལོའི་ལོ་མཇུག་ཏུ་པེ་ཅིན་ཧི་མ་ལ་ཡའི་གློག་བརྙན་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་སི་བཙུགས་པ་དང་། རིམ་གྱིས་ཀྲུང་གོའི་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་ཁོངས་མི་དང་། ཀྲུང་གོའི་གློག་བརྙན་མཁན་མཐུན་ཚོགས་ཀྱི་ཁོངས་མི། ཀྲུང་གོའི་གློག་བརྙན་རྩོམ་རིག་རིག་པའི་མཐུན་ཚོགས་ཀྱི་ཁོངས་མི་བཅས་སུ་གྱུར་པ་རེད། སྤྱི་ལོ1991ལོ་ནས་བཟུང་རྩོམ་རིག་བརྩམས་ཆོས་ཀྱི་ལས་སུ་ཞུགས་ཤིང་། སྔ་གཞུག་ཏུ་བོད་ཡིག་དང་རྒྱ་ཡིག་བཅས་ཀྱི་ལམ་ནས་བརྩམས་པའི་སྒྲུང་ཐུང་དང་སྒྲུང་རིང་ལྔ་བཅུ་ལྷག་མཛད། ལོ་ཙཱའི་བརྩམས་ཆོས་བཅུ་ལྷག་ཡོད་པ་རེད། དེ་དག་གི་ནང་ནས་བརྩམས་ཆོས་ཁག་ཅིག་དབྱིན་སྐད་དང་ཧྥ་རན་སིའི་སྐད། འཇར་མན་སྐད་སོགས་སུ་བསྒྱུར་ཡོད་པར་མ་ཟད། བོད་ཀྱི་སྦྲང་ཆར་རྩོམ་རིག་གི་བྱ་དགའ་དང་མཚོ་སྔོན་ཞིང་ཆེན་གྱི་སྐབས4བའི་རིག་རྩལ་གསར་རྩོམ་གྱི་བྱ་དགའ། ཀྲུང་གོའི་དེང་རབས་ཀྱི་མི་རིགས་གྲངས་ཉུང་གི་རྩོམ་རིག་གསར་རྩོམ་པ་ཕུལ་བྱུང་ཅན་གྱི་བྱ་དགའ་སོགས་བྱ་དགའ་མི་དམན་པ་གང་མང་བླངས་མྱོང་།

པདྨ་ཚེ་བརྟན་ནི་སྤྱི་ལོ1969ལོའི་ཟླ12པར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སྐྱེས་ཤིང་། རྩོམ་རིག་རབ་འབྱམས་པའི་བསླབ་གནས་ཐོབ་པའི་དེང་རབས་བོད་ཀྱི་གཞོན་སྐྱེས་ཤེས་ལྡན་པ་ཞིག་ཡིན། སྤྱི་ལོ1991ལོ་ནས་སྤྱི་ལོ1995ལོའི་བར་དུ་ནུབ་བྱང་མི་རིགས་སློབ་ཆེན་དུ་བསླབ་གཞི་མཐའ་དག་ལ་སྦྱང་བ་དཔྱིས་ཕྱིན་པ་བྱས་ཤིང་། སྤྱི་ལོ1995ལོ་ནས་སྤྱི་ལོ2000ལོའི་བར་དུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་དུ་ཕྱག་ལས་གནང་མྱོང་། སྤྱི་ལོ2000ལོ་ནས་སྤྱི་ལོ2002ལོའི་བར་དུ་ཡང་བསྐྱར་ནུབ་བྱང་མི་རིགས་སློབ་ཆེན་དུ་ཕྱིན་ནས་རབ་འབྱམས་པའི་ཉན་ཐོས་ཀྱི་ཐད་དུ་འབད། སྤྱི་ལོ2002ལོ་ནས་སྤྱི་ལོ2004ལོའི་བར་དུ་པེ་པེ་ཅིན་གློག་བརྙན་སློབ་གླིང་དུ་སློབ་གཉེར་གནང་བ་དང་། སྤྱི་ལོ2004ལོའི་ལོ་མཇུག་ཏུ་པེ་ཅིན་ཧི་མ་ལ་ཡའི་གློག་བརྙན་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་སི་བཙུགས་པ་དང་། རིམ་གྱིས་ཀྲུང་གོའི་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་ཁོངས་མི་དང་། ཀྲུང་གོའི་གློག་བརྙན་མཁན་མཐུན་ཚོགས་ཀྱི་ཁོངས་མི། ཀྲུང་གོའི་གློག་བརྙན་རྩོམ་རིག་རིག་པའི་མཐུན་ཚོགས་ཀྱི་ཁོངས་མི་བཅས་སུ་གྱུར་པ་རེད། སྤྱི་ལོ1991ལོ་ནས་བཟུང་རྩོམ་རིག་བརྩམས་ཆོས་ཀྱི་ལས་སུ་ཞུགས་ཤིང་། སྔ་གཞུག་ཏུ་བོད་ཡིག་དང་རྒྱ་ཡིག་བཅས་ཀྱི་ལམ་ནས་བརྩམས་པའི་སྒྲུང་ཐུང་དང་སྒྲུང་རིང་ལྔ་བཅུ་ལྷག་མཛད། ལོ་ཙཱའི་བརྩམས་ཆོས་བཅུ་ལྷག་ཡོད་པ་རེད། དེ་དག་གི་ནང་ནས་བརྩམས་ཆོས་ཁག་ཅིག་དབྱིན་སྐད་དང་ཧྥ་རན་སིའི་སྐད། འཇར་མན་སྐད་སོགས་སུ་བསྒྱུར་ཡོད་པར་མ་ཟད། བོད་ཀྱི་སྦྲང་ཆར་རྩོམ་རིག་གི་བྱ་དགའ་དང་མཚོ་སྔོན་ཞིང་ཆེན་གྱི་སྐབས4བའི་རིག་རྩལ་གསར་རྩོམ་གྱི་བྱ་དགའ། ཀྲུང་གོའི་དེང་རབས་ཀྱི་མི་རིགས་གྲངས་ཉུང་གི་རྩོམ་རིག་གསར་རྩོམ་པ་ཕུལ་བྱུང་ཅན་གྱི་བྱ་དགའ་སོགས་བྱ་དགའ་མི་དམན་པ་གང་མང་བླངས་མྱོང་།

ད་ལྟའི་བར་དུ་པར་དུ་བསྐྲུན་པའི་སྒྲུང་གཏམ་རིང་གྲས《རྗེ་བླ་མ་བོད་ལྗོངས་སུ་བཞུགས་དུས》ཞེས་པར་མཉམ་རྩོམ་དང་། བོད་ཡིག་གི་བརྩམས་སྒྲུང་ཕྱོགས་བསྒྲིགས་དེབ《བསླུ་བྲིད》དང་ལོ་ཙཱ་བྱས་པའི་བརྩམས་ཆོས་རིང་གྲས《བཤད་ནས་ཚར་རྒྱུ་མེད་པའི་གཏམ་རྒྱུད》སོགས་ཡོད།

སྤྱི་ལོ2002ལོ་ནས་བཟུང་གློག་བརྙན་བསྒྱུར་སྒྲིག་དང་འཁྲབ་ཁྲིད་ཀྱི་ལས་གཉེར་ཞིང་། ཁོང་གི་གློག་བརྙན་ཐོག་མ་སྟེ་གློག་བརྙན་ཐུང་ངུ《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ཞེས་པར་སྤྱི་ལོ2003ལོར་སྐབས4བའི་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་ཆེན་གློག་བརྙན་ཐུང་ངུའི་འགྲན་བསྡུར་ཚན་པའི་ཆེད་ལས་ཚོགས་ཆུང་གི་འཁྲབ་པའི་གློག་བརྙན་གྱི་ནང་དོན་རིགས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ་པར་མ་ཟད། པེ་པེ་ཅིན་གློག་བརྙན་སློབ་གླིང་གི་མཆོད་རྟེན་དབྱིབས་ཀྱི་བྱ་དགའ་ཞེས་པའི་སྐབས་དང་པོའི་གློག་བརྙན་རྩེ་གྲའི་བྱ་དགའ་དང་། པེ་པེ་ཅིན་གི་རྒྱལ་སྤྱིའིDVགླེང་སྟེགས་སྐབས་དང་པོའི་བྱུང་རིམ་གློག་བརྙན་གྱི་བྱ་དགའ། སྐབས2པའི་ཡ་ཞི་ཡའི་རྒྱལ་སྤྱིའི་གློག་བརྙན་ཐུང་ངུའི་དུས་ཆེན་དཔྱད་འདེམས་ཚོགས་པའི་བྱ་དགའ་བཅས་ཀྱང་ཐོབ་མྱོང་བ་རེད། 35mmཡི་ཚོན་ལྡན་གཏམ་རྒྱུད་ཐུང་ངུ《རྩྭ་ཐང》ཞེས་པར་སྐབས་གསུམ་པའི་རྒྱལ་སྤྱིའི་སློབ་གྲྭ་ཆེན་མོ་བའི་གློག་བརྙན་བརྩམས་ཆོས་འགྲེམས་སྟོན་གྱི་ཀྲུང་གོའི་སློབ་མའི་གློག་བརྙན་ཐུང་ངུ་རྩེ་གྲའི་བྱ་དགའ་ཐོབ་པར་མ་ཟད། ཧྥ་རན་སི་དང་ཉི་ཧོང་། ཨུ་རུ་སི། ཁོ་རེ་ཡ། ཧོ་ལན་སོགས་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་གློག་བརྙན་འགྲེམས་སྟོན་དུ་ཞུགས་པ་རེད།

དངོས་ཞུས་གློག་བརྙན《ཆེས་མཐའ་མཇུག་གི་སེར་སྲུང་བ》ཞེས་པར་སྤྱི་ལོ2004ལོརDISCOVERYའཁྲབ་ཁྲིད་པའི་འཆར་འགོད་ནང་དུ་བདམས་པ་དང་། 35mmབྱུང་རིམ་གློག་བརྙན་རིང་གྲས《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ཞེས་པར་སྤྱི་ལོ2005ལོར་སྐབས24བའི་ཁ་ན་ཏའི་གྲོང་ཁྱེར་ཝུན་ཀུ་ཧྭ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་སྟག་འབྲུག་ཞེས་པའི་དམིགས་བསལ་བྱ་དགའ་ཐོབ་པ་དང་། ཁོ་རེ་ཡའི་ཧྥུའུ་ཧྲན་རྒྱལ་སྤྱིའི་གློག་བརྙན་གྱི་དར་ལུགས་གསར་བའི་བྱ་དགའ། སྐབས25བའི་ཀྲུང་གོའི་གློག་བརྙན་གསེར་བྱ་བྱ་དགའི་འཁྲབ་ཁྲིད་པའི་གློག་བརྙན་ཐོག་མ་རྩེ་གྲའི་བྱ་དགའ། སྐབས30བའི་ཤང་ཀང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་རྒྱལ་སྤྱིའི་གློག་བརྙན་དཔྱད་འདེམས་མཁན་གྱི་མནའ་འབྲེལ་བྱ་དགའ། སྐབས30བའི་ཤང་ཀང་གི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གནམ་བདག་ཆོས་ལུགས་རིག་གནས་ཀྱི་བྱ་དགའ་སྟེ་ཁྱད་དུ་གཟེངས་སུ་བསྟོད་པའི་བྱ་དགའ། སྐབས13པའི་སློབ་ཆེན་སློབ་མའི་གློག་བརྙན་དུས་ཆེན་གྱི་གློག་བརྙན་ཐོག་མ་རྩེ་གྲའི་བྱ་དགའ། སྐབས9བའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ཡ་གླིང་གི་མི་སྣ་གསར་བའི་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ། སྐབས8པའི་ཁྲང་ཁྲུན་གློག་བརྙན་དུས་ཆེན་དཔྱད་སྡུར་ཚོགས་པའི་དམིགས་བསལ་བྱ་དགའ། སྤྱི་ལོ2006ལོའི་ཀྲུང་གོའི་གློག་བརྙན་སློབ་གླིང་གི་བྱ་དགའ་སྟེ་ཀྲུང་གོའི་གློག་བརྙན་བརྙན་འཕྲིན་བརྩམས་ཆོས་ཀྱི་མཐོང་ཚོར་སྒྱུ་རྩལ་གྱི་ལོ་དེའི་བྱ་དགའ་ཆེན་པོ་སོགས་བྱ་དགའ་མི་ཉུང་བ་ཞིག་ཐོབ་མྱོང་ཡོད། ཨ་རིའི་སན་ཧྥ་རན་སི་སི་ཁོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་ཧྥ་རན་སིའི་ནན་ཐེ་གླིང་ཆེན་གསུམ་གྱི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན། ཧྥ་རན་སིའི་པཱ་ལི་གྲོང་ཁྱེར་དུ་འཚོགས་པའི་ཀྲུང་གོའི་གློག་བརྙན་དུས་ཆེན། ཧོ་ལན་གྱི་ལོའུ་ཐུ་ཏན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན། ཉི་ཧོང་དུ་འཚོགས་པའི་ཀྲུང་གོའི་གློག་བརྙན་དུས་ཆེན་སོགས་སུ་འགྲེམ་སྟོན་ཡང་བྱས་པ་རེད།

སྤྱི་ལོ2007ལོར།《ཀ་ཐོག་སྨོན་ལམ་ཆེན་མོ》ཞེས་པའི་དངོས་ཞུས་གློག་བརྙན་དང《བསམ་ཡས་དགོན》ཞེས་པའི་ཀྲུང་གོའི་དགོན་སྡེ་གྲགས་ཅན་དང་སྐྱེས་ཆེན་དམ་པ་ཞེས་པའི་མུ་འབྲེལ་དངོས་ཞུས་གློག་བརྙན། སྤྱི་ལོ2008ལོར།《འཚོལ》དང《ཁྱི་རྒན》《དོར་མ་དུང་ཆེན་དར་སྲོལ་ཆེ་བའི་སྤྱི་ལོ1983ལོ》ཞེས་པའི་གཏམ་རྒྱུད་གློག་བརྙན་དང《ཀྲུང་གོའི་དགོན་སྡེ་གྲགས་ཅན་གྱི་འཕགས་པའི་དགེ་འདུན་དག་གི་རི་བོ་རྩེ་ལྔའི་སྤྱན་རས་གཟིགས་ཀྱི་སྒྲུབ་ཕུག》ཅེས་པའི་དངོས་ཞུས་གློག་བརྙན་ཕབ་སྐྲུན་བྱས།

  • གྲུབ་འབྲས་གཙོ་བོ།

ཝེ་ནེ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན།

སྤྱི་ལོ2015ལོར། སྐབས72པའི་ཝེ་ནེ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་ས་ངོས་སྙོམས་ཐིག་སྡེ་ཚན་གྱི་གསེར་སེང་བྱ་དགའ། 《ཐར་ལོ》འོས་མིང་དུ་ཚུད་པ།

ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན།

སྤྱི་ལོ2014ལོར། སྐབས17པའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་འགྲན་རྩོད་གཙོ་བོའི་བྱ་དགའ། 《གཡང་མདའ》འོས་མིང་དུ་ཚུད་པ།

སྤྱི་ལོ2009ལོར། སྐབས12པའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་འགྲན་རྩོད་གཙོ་བོའི་བྱ་དགའ། 《འཚོལ》འོས་མིང་དུ་ཚུད་པ།

སྤྱི་ལོ2009ལོར། སྐབས12པའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་འགྲན་རྩོད་གཙོ་བོའི་དཔྱད་སྡུར་ཚོགས་པའི་བྱ་དགའ། 《འཚོལ》བྱ་དགའ་ཐོབ་པ།

སྤྱི་ལོ2006ལོར། སྐབས9པའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་ཡ་གླིང་གི་མི་སྣ་གསར་བ་བྱ་དགའི་གློག་བརྙན་རྩེ་གྲ། 《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》འོས་མིང་དུ་ཚུད་པ།

སྤྱི་ལོ2006ལོར། སྐབས9པའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་ཡ་གླིང་གི་མི་སྣ་གསར་བ་བྱ་དགའི་འཁྲབ་ཁྲིད་པ་རྩེ་གྲ། 《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》བྱ་དགའ་ཐོབ་པ།

ཀྲུང་གོའི་གློག་བརྙན་གསེར་བྱའི་བྱ་དགའ།

སྤྱི་ལོ2005ལོར། སྐབས25པའི་ཀྲུང་གོའི་གློག་བརྙན་གསེར་བྱའི་བྱ་དགའི་འཁྲབ་ཁྲིད་པ་རྩེ་གྲའི་བརྩམས་ཆོས་ཐོག་མའི་བྱ་དགའ། 《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》བྱ་དགའ་ཐོབ་པ།

ཧྥུའུ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན།

སྤྱི་ལོ2005ལོར། སྐབས10པའི་ཧྥུའུ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་འགྲན་རྩོད་གཙོ་བོའི་དར་ལུགས་གསར་བའི་བྱ་དགའ། 《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》འོས་མིང་དུ་ཚུད་པ།

ཀྲུང་གོའི་ཁྲང་ཁྲུན་གློག་བརྙན་དུས་སྟོན།

སྤྱི་ལོ2006ལོར། སྐབས8པའི་ཀྲུང་གོའི་ཁྲང་ཁྲུན་གློག་བརྙན་དུས་སྟོན་གྱི་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ། 《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》འོས་མིང་དུ་ཚུད་པ།

སྤྱི་ལོ2006ལོར། སྐབས8པའི་ཀྲུང་གོའི་ཁྲང་ཁྲུན་གློག་བརྙན་དུས་སྟོན་གྱི་དཔྱད་སྡུར་ཚོགས་པའི་དམིགས་བསལ་བྱ་དགའ། 《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》བྱ་དགའ་ཐོབ་པ།

རྒྱ་སྐད་གློག་བརྙན་བརྒྱུད་སྒྲོག་བྱ་དགའ།

སྤྱི་ལོ2007ལོར། སྐབས7པའི་རྒྱ་སྐད་གློག་བརྙན་བརྒྱུད་སྒྲོག་བྱ་དགའི་འཁྲབ་ཁྲིད་པ་གསར་བ་རྩེ་གྲའི་བྱ་དགའ། 《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》འོས་མིང་དུ་ཚུད་པ།

པེ་ཅིན་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་སྟོན།

སྤྱི་ལོ2016ལོར། སྐབས23པའི་པེ་ཅིན་གྱི་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་ཆེན་གྱི་སྒྱུ་རྩལ་འཚོལ་དཔྱོད་བྱ་དགའ།《ཐར་ལོ》བྱ་དགའ་ཐོབ་པ།

སྤྱི་ལོ2016ལོར། སྐབས23པའི་པེ་ཅིན་གྱི་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་ཆེན་གྱི་གློག་བརྙན་རྩེ་གྲའི་བྱ་དགའ།《ཐར་ལོ》འོས་མིང་དུ་ཚུད་པ།

སྤྱི་ལོ2016ལོར། སྐབས23པའི་པེ་ཅིན་གྱི་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་ཆེན་གྱི་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ།《ཐར་ལོ》འོས་མིང་དུ་ཚུད་པ།

སྤྱི་ལོ2006ལོར། སྐབས13པའི་པེ་ཅིན་གྱི་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་ཆེན་གྱི་གློག་བརྙན་ཐོག་མ་རྩེ་གྲའི་བྱ་དགའ།《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》བྱ་དགའ་ཐོབ་པ།

ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་པའི་མཐུན་ཚོགས།

སྤྱི་ལོ2015ལོར། སྐབས6པའི་ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་ལོ་འཁོར་འཁྲབ་གཞུང་བཅོས་སྒྲིག་བྱ་དགའ། 《གཡང་མདའ》འོས་མིང་དུ་ཚུད་པ།

ཏུང་ཅིན་མ་འོངས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན།

སྤྱི་ལོ2011ལོར། སྐབས12པའི་ཏུང་ཅིན་མ་འོངས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་བརྩམས་ཆོས་རྩེ་གྲའི་བྱ་དགའ།《ཁྱི་རྒན》བྱ་དགའ་ཐོབ་པ།

ཐའེ་ཝན་གློག་བརྙན་གསེར་རྟ་བྱ་དགའ།

སྤྱི་ལོ2015ལོར། སྐབས52ཐའེ་ཝན་གྱི་གསེར་རྟ་གློག་བརྙན་བྱ་དགའི་འཁྲབ་གཞུང་བཅོས་སྒྲིག་རྩེ་གྲའི་བྱ་དགའ། 《ཐར་ལོ》བྱ་དགའ་ཐོབ་པ།

སྤྱི་ལོ2015ལོར། སྐབས52ཐའེ་ཝན་གྱི་གསེར་རྟ་གློག་བརྙན་བྱ་དགའི་གཏམ་རྒྱུད་གློག་བརྙན་རྩེ་གྲའི་བྱ་དགའ།《ཐར་ལོ》འོས་མིང་དུ་ཚུད་པ།

སྤྱི་ལོ2015ལོར། སྐབས52ཐའེ་ཝན་གྱི་གསེར་རྟ་གློག་བརྙན་བྱ་དགའི་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ།《ཐར་ལོ》འོས་མིང་དུ་ཚུད་པ།

དབྱི་ཐ་ལིའི་ཀྲུང་གོའི་གློག་བརྙན་དུས་སྟོན།

སྤྱི་ལོ2016ལོར། སྐབས1པའི་དབྱི་ཐ་ལིའི་ཀྲུང་གོའི་གློག་བརྙན་དུས་སྟོན་གྱི་གཏམ་རྒྱུད་གློག་བརྙན་རྩེ་གྲའི་བྱ་དགའ།《ཐར་ལོ》བྱ་དགའ་ཐོབ་པ།

འཁྲབ་ཁྲིད་བརྩམས་ཆོས།

སྤྱི་ལོ2015ལོར། 《ཐར་ལོ》གློག་བརྙན།

སྤྱི་ལོ2014ལོར། 《གཡང་མདའ》གློག་བརྙན།

སྤྱི་ལོ2011ལོར། 《ཁྱི་རྒན》གློག་བརྙན།

སྤྱི་ལོ2010ལོར། 《ལོ་ངོ་སྟོང་གི་བྱང་ཆུབ་ཀྱི་ལམ》བརྙན་འཕྲིན་ཟློས་གར།

སྤྱི་ལོ2008ལོར། 《བ་ཡན་ཁ་རིའི་ཁ་བ》གློག་བརྙན།

སྤྱི་ལོ2007ལོར། 《འཚོལ》གློག་བརྙན།

སྤྱི་ལོ2005ལོར། 《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》གློག་བརྙན།

འཁྲབ་གཞུང་བརྩམས་ཆོས།

སྤྱི་ལོ2011ལོར། 《ཁྱི་རྒན》གློག་བརྙན།

སྤྱི་ལོ2008ལོར། 《བ་ཡན་ཁ་རིའི་ཁ་བ》གློག་བརྙན།

སྤྱི་ལོ2007ལོར། 《འཚོལ》གློག་བརྙན།

སྤྱི་ལོ2005ལོར། 《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》གློག་བརྙན།

སྒྱུ་རྩལ་མཛུབ་སྟོན་གྱི་བརྩམས་ཆོས།

སྤྱི་ལོ2011ལོར། 《དབུས་ལམ་གྱི་ཉི་མ》གློག་བརྙན།

རྩོམ་རིག་བརྩམས་ཆོས།

སྤྱི་ལོ2004ལོར། 《ཆོས་སྒྲོན་དང་མོའི་བུ་བློ་ལྡན》

སྤྱི་ལོ2001ལོར། 《སློང་མོ་བ》

སྤྱི་ལོ1999ལོར། 《གངས》

སྤྱི་ལོ1997ལོར། 《བསླུ་བྲིད》

གསལ་བཤད།[རྩོམ་སྒྲིག]

སྤྱི་ལོ1985ལོའི་ཟླ12པའི་ཚེས28ཉིན་གྱི་ཕྱི་དྲོར། ཧྥ་རན་སིའི་མི་ལོས་དབྱི་ལོའུ་མི་ཨཱེར་དང་ཨོ་གོས་སི་ཏུའུ་ལོའུ་མི་ཨཱེར་སྤུན་མཆེད་ཀྱིས་རྒྱལ་ས་ཕཱ་རི་སིའི་ཁཱ་ཧྥེ་གསོལ་ཁང་ཆེན་མོ་ཞིག་གི་ས་འོག་ཁང་དུ་༼མེ་འཁོར་ས་ཚུགས་སུ་ཐོན་པ༽དང་༼བྱིས་པའི་གུང་གསོལ༽སོགས་བརྙན་ཐུང་བཅུ་ལྷག་ལས་གྲུབ་པའི་འཛམ་གླིང་སྟེང་གི་གློག་བརྙན་ཐེངས་དང་པོ་དེ་བསྟན་པ་ནས་བཟུང་དར་བ་ཡིན་ཅིང་། མིའི་རིགས་ཀྱི་ལོ་རྒྱུས་ནང་བྱུང་བའི་སྒྱུ་རྩལ་ཨང་བརྒྱད་པ་དེར་བགྲང་བ་ཡིན་ནོ།།

པར་རིས་བར་འཁྱམས།[རྩོམ་སྒྲིག]


ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]