གསར་མ།

ཡོང་ཁུངས་Wikipedia

གསང་སྔགས་གསར་མ་ནི་བོད་དུ་དར་བའི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་བསྟན་པ་དར་བའི་སྔ་ཕྱི་གཉིས་ལས་ཕྱི་མའི་མིང་དུ་ཆགས་པ་ཡིན། དེ་ཡང་དུས་རབས་བཅུ་པ་ནས་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་དང་། མར་འབྲོག་འགོས་གསུམ་སོགས་ཀྱིས་བསྒྱུར་བའི་གསང་སྔགས་ཀྱི་རྒྱུད་དང་དེའི་དགོངས་འགྲེལ་གྱི་གཞུང་རྣམས་ལ་གསང་སྔགས་གསར་མ་དང་དེ་དག་ཉམས་ལེན་གཙོ་བོར་བྱེད་མཁན་རྣམས་ལ་གསར་མ་པ་ཞེས་མིང་དུ་འདོགས་པ་ཡིན། དེང་དུས་སུ་བོད་དུ་དར་བའི་ཆོས་བརྒྱུད་ཐམས་ཅད་ལས་གསང་སྔགས་རྙིང་མ་པ་མ་གཏོགས་པ་གཞན་བཀའ་བརྒྱུད་པ་དང་། ས་སྐྱ་པ། ཇོ་ནང་པ། དགེ་ལུགས་པ་སོགས་ཚང་མ་ཡང་གསང་སྔགས་གསར་མ་པ་ཡིན་ནོ།།

"https://bo.wikipedia.org/w/index.php?title=གསར་མ།&oldid=114364"ལས་སླར་རྙེད་སོང།