ག་བུར་

ཡོང་ཁུངས་Wikipedia

ག་བུར་ལ་རིགས་གསུམ་ལས་ག་བུར་ཏེ། Broneo comphora 龙脑冰片 གཙོ་བོ་ཧིན་རྡུ་ཉི་ཤིས་ཡའི་ཀ་རི་མནྡ་དང་། སུའུ་མུན་ཏཱ་ལ་ཞེས་པར་འཁྲུངས་པ་དང་། ཕྱིས་ཐའེ་ཝན་སོགས་སུ་འདེབས་འཛུགས་བྱེད། རྒྱུན་ལྗང་ཤིང་ཕུང་མཐོ་ཚད་སྨི་5-7ཙམ་ཟིན་པ། ལོ་མ་མཐུག་འཇམ་འོད་དང་ལྡན་པ། མེ་ཏོག་དཀར་པོ་འདབ་མ་ལྔ་པ་འབྲས་བུ་སྐྱ་བོ་འཇོང་ནར་ཅན། ཤིང་པགས་ཀྱི་གས་སྲུབ་ནས་ཚི་བའམ་ག་བུར་འཛག་པས་རང་བྱུང་གི་ཞུན་ཆགས་སྲ་མཁྲེགས་ཅན་འབྱུང་བ་ལས། ལེན་ཐབས་ནི་ཤིང་སྡོང་བཅད་ནས་ཞིབ་མོར་གཙབ་ཐོག་ཆུར་བཙོས་པའི་རླངས་ཞུན་གྲང་རྗེས་ཞུན་ཆགས་བྱུང་བ་ཡིན། ཁ་དོག་ཅུང་ཟད་དཀར་ལ་ཕལ་ཆེར་སྒྲིབ་མེད་ཁ་བའི་ཕྱེ་མ་འདྲ ། བཅང་ན་ཅུང་ཟད་སྣུམ་ཞིང་འབྱར་བག་གི་ཉམས་དང་། དྲིན་ཞིམ་ལ་བྲོ་བ་བསིལ་ཉམས་ཅན། མེར་བསྲེགས་ན་དུ་བ་ནག་པ་འཐུལ་བ་དང་། འགའ་ཞིག་མི་འཐུལ་བ་ཕག་སྒྲ་སྒྲོག་པ་བཅས་སོ།

"https://bo.wikipedia.org/w/index.php?title=ག་བུར་&oldid=132048"ལས་སླར་རྙེད་སོང།