ཁྱི།

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།

ཁྱི་སེམས་ཅན་རེད།

Tibetansk spaniel.jpg

བོད་ཀྱི་སྤྱི་ཚོགས་ནང་དུ། ཁྱི་ནི་བདག་པོར་བློ་དཀར་བའི་སེམས་ཅན་ཞིག་ཏུ་བརྩི་ལ། བརྩེ་བའི་མཐའ་བརྟན་པའི་དཔེ་མཚོན་དུའང་འགོད། འོན་ཀྱང་། བོད་ཀྱི་ཡུལ་གྲུ་འགའ་རེར་ཁྱི་ཞེས་ཟེར་དུས་ཧ་ཅང་དམའ་འབེབས་ཀྱི་ཚིག་ཏུ་གོ། འདི་ནི་ཕལ་ཆེར་ཤར་ཕྱོགས་ཙི་ནའི་ཡུལ་གྱི་ཤུགས་རྐྱེན་འདྲ་ཐེབས་པ་ཨེ་ཡིན་སྙམ། བོད་ལ་ཁྱི་རིགས་མི་འདྲ་བ་འགའ་རེ་ཡོད་སྲིད་མོད། ཡོངས་སུ་གྲགས་པའི་ཁྱི་ནི་འབྲོག་ཁྱི་དང་ཨབ་སུག་གཉིས་ཀ་ཡིན། འབྲོག་ཁྱི་བཙན་ཤེད་ཆེ་ལ་གཤིས་བརྒྱུད་དྲང་བ། ཡུལ་དུས་གནམ་གཤིས་གང་ལའང་མི་འཇིགས། ཨབ་སུག་ཀྱང་འབྲོག་ཁྱི་བཞིན་དུ་བདག་པོར་བློ་དཀར་བ་ཞིག་ཡིན་མོད། འགྲུལ་བ་སོགས་མི་ཆ་མེད་ཀྱི་སྟེང་དུ་ངར་ངར་མི་བྱེད། ཨབ་སུག་གཤིག་བརྒྱུད་འཇམ་ལ་གཙང་སྦྲ་ལེགས་པས་མི་རྣམས་ཀྱིས་གཅེས་ཕྲུག་ལྟར་བརྩི་བ་ལས། སྒོར་བཞག་ཏེ་རྐུན་མ་སྲུང་བའི་འགན་མི་སྤྲོད། ཐེ་བྲག་པས་ཁ་སྣོན་བྱས།

"http://bo.wikipedia.org/w/index.php?title=ཁྱི།&oldid=123062"ལས་སླར་རྙེད་སོང།