ཁ་བ་སྙིང་ལྕགས

ཡོང་ཁུངས་Wikipedia
   ཁ་བ་སྙིང་ལྕགས་ལགས་ནི་ཕྱི་ལོ༡༩༨༩ལོར་མཚོ་སྔོན་པོའི་འགྲམ་ནས་སྐྱེས། དངོས་མིང་ལ་སྙིང་ལྕགས་འབུམ་ཟེར།  ཕྱི་ལོ༢༠༠༨ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔལ་འབྱོར་དོ་དམ་སྡེ་ཁག་ཏུ་ཞུགས། ཕྱི་ལོ་༢༠༡༢ལོར་སློབ་གྲྭ་དེ་གའི་བོད་རིག་པའི་སློབ་གླིང་ནས་མཐར་ཕྱིན།  སློབ་ཆེན་སྐབས་སུ་རྒྱལ་ཡོངས་གངས་རྒྱན་མེ་ཏོག་རྟགས་མའི་བོད་ཀྱི་སློབ་ཆེན་སྙན་ངག་གྱེར་ཚོགས་སུ་ཕུལ་བྱུང་བྱ་དགའ་དང་། སྐབས་དང་བོའི་རྒྱལ་ཡོངས་བོད་ཀྱི་སློབ་ཆེན་པའི་རང་གྲོལ་སྨྱུག་གསར་བྱ་དགའ་ཐོབ།  ད་དུང་༼ལམ༽ཞེས་པའི་འཁྲབ་གཞུང་ཞིག་བརྩམས་ཏེ་བོང་སྟག་བདུད་འདུལ་སྐྱབས་སོགས་ཀྱིས་འཁྲབ།  ཕྱི་ལོ་༢༠༡༣ལོའི་ལོ་སྨད་ནས་བཟུང་ན་ཆུང་སློབ་མའི་ཀློག་དེབ་༼ཨ་ནུ་དཔེ་ཚོགས་༽ཀྱི་གསར་རྩོམ་ལས་ཀ་གཉེར། ཁོང་ནི་སྙན་ངག་པ་དང་བྱིས་སྒྲུང་གསར་རྩོམ་པ། ན་གཞོན་རྩོམ་པ་པོ་བཅས་ཡིན་ཞིང་། སྔ་ཕྱིར་ལྷུག་རྩོམ་བསྡུས་དེབ་༼འབུ་མེ་ལྕེབས༽དང་བྱིས་སྒྲུང་༼འབུ་མེ་ལྕེབས༽དཔར་བསྐྲུན་བྱས། ཕྱི་ལོ་༢༠༡༤ལོར་དངོས་བཤུས་གློག་བརྙན་༼རྫ་ཆུ་ཁའི་བྱིས་པ་༽ཕབ་བསྐྲུན་བྱས།  
   ཕྱི་ལོ༢༠༡༥ལོའི་སྤྱི་ཟླ༦པའི་ཚེས༢༦ཉིན་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་ཀྱི་ཆེད་དགོང་དྲོའི་དུས་ཚོད་བརྒྱད་ཡས་མས་ལ་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར།  དགོང་ལོ༢༦ལ་བཞུགས།