ཁ་དྲོན་ནང་པ་བློ་བཟང་བསྟན་འཛིན་

ཡོང་ཁུངས་Wikipedia

ཁ་དྲོན་ནང་པ་བློ་བཟང་བསྟན་འཛིན།[རྩོམ་སྒྲིག]

རྗེ་འདི་ནི་མདོ་སྨད་ཤར་རྒྱུད་གྲོ་ཆེན་གྱི་ཡུལ་དུ་ཡབ་ཚེ་རིང་དོན་གྲུབ་དང་ཡུམ་ཀླུ་མོ་ཡག་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི(༡༧༣༠)ལོར་སྐུ་འཁྲུངས། དགུང་ལོ་བདུན་པར་ཁྱ་དགེ་བློ་གྲོས་རྒྱ་མཚོའི་མདུན་ནས་དགེ་བསྙེན་བསྒྲུབས། དེ་རྗེས་ཁྱ་དགེ་བློ་གྲོས་བསོད་ནམས་མདུན་ནས་རབ་ཏུ་བྱུང༌། མཚན་བློ་བཟང་བསྟན་འཛིན་དུ་གསོལ། དགུང་ལོ་ཉེར་གཅིག་པར་སློབ་དཔོན་བརྩོན་འགྲུས་བཟང་པོའི་མདུན་ནས་དགེ་ཚུལ་དང་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དཀའ་སྤྱད་ཀྱིས་ཉམས་ལེན་དང་ཆོས་འཆད་དབང་ལུང་གནང་བ་སོགས་ཀྱིས་དུས་འདའ་བར་མཛད། བཀའ་རྩོམ་སྐོར། 《བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས》དང༌། 《ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་སྨྱུང་ཆོག》《བླ་མའི་རྣལ་འབྱོར་དང་ལྷག་པའི་ལྷ་འགའ་ཞིག་གི་སྒྲུབ་ཐབས》《འཇམ་དབྱངས་དམར་སེར་གྱི་སྒྲུབ་ཐབས》སོགས་མང་དུ་མཛད། དགུང་ལོ་རེ་དྲུག་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ཤིང་ཡོས(༡༧༩༥)ལོར་ཞི་བར་གཤེགས།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།