ཀྲུང་གོའི་རྒྱལ་རབས།

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།
རྒྱ་ནག་རྒྱལ་རབས་རོབ་རྩིས་ཀྱི་མངའ་ཁོངས།

ཀྲུང་གོའི་དཔལ་ཡོན་འདི་ནི་རྨ་ཆུ་གཙང་པོ་དང་འབྲི་ཆུ་གཙང་པོའི་ཉེ་འདབས་ཀྱི་གཤོངས་ས་ཁུལ་ནས་བྱུང། མ་ཟད་འབྲི་ཆུ་གཙང་པོ་ནི་ཀྲུང་གོའི་དཔལ་ཡོན་དར་བའི་སྲོག་རྩ་ཡང་ཡིན། ཀྲུང་གོའི་དཔལ་ཡོན་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་འཛམ་གླིང་གི་ཆེས་སྔ་བའི་དཔལ་ཡོན་ཞིག་ཡིན། ཧ་ལམ་ལོ་ངོ་ལྔ་སྟོང་ཙམ་གྱི་ལོ་རྒྱུས་ཡོད། སྤྱིར་གནའ་དུས་ཀྱི་རྒྱལ་རབས་ལོ་རྒྱུས་དེབ་ཐེར་ཆེན་མོ་དང་སྨྱུག་ཤིང་ལོ་རྒྱུས་དེབ་ཐེར་གཞིགས་ན་ཧྲང་རྒྱལ་རབས་མ་བྱུང་གོང་ཤའ་རྒྱལ་རབས་བྱུང་ཚུལ་གསལ་ཡང། ཧྲང་རྒྱལ་རབས་ (c. 1700–1046 BC) ནི་ཡིག་ཐོག་བཀོད་ཡོད་པའི་ལོ་རྒྱུས་རྙིང་ཤོས་དེ་ཡིན། རྒྱ་ནག་གི་རིག་གཞུང་དང་ རྩོམ་རིག་ ལྟ་གྲུབ་སོགས་མང་དག་ཞིག་ལྷག་པར་ཀྲུའུ་རྒྱལ་རབས་(1045–256 BC) སྐབས་འཕེལ་རྒྱས་བྱུང།

ཆིན་རྒྱལ་རབས་ 221 BC སྐབས་གོང་མ་དང་པོ་ཆིན་ཧྲི་ཧོང་གྱི་རྒྱལ་ཕྲན་སིལ་མ་རྣམས་གཅིག་འགྱུར་མཛད་སྟེ་རྒྱ་ནག་ནི་གོང་མ་རིམ་བྱོན་གི་དབང་བསྒྱུར། རྒྱ་ནག་གི་རྒྱལ་རབས་མཐའ་མ་ཆིང་རྒྱལ་རབས་ནི་ 1912 ལོར་མི་སེར་རྒྱལ་ཁབ་དུ་འགྱུར། 1949ལོར་རྒྱ་ནག་མི་དམངས་སྤྱི་བཐུན་རྒྱལ་ཁབ་དབུ་བརྙེས།

རྒྱ་ནག་རྒྱལ་རབས་ནི་ཆབ་སྲིད་གཅིག་འགྱུར་དང་སིལ་མ་འཐོར་བའི་ལོ་རྒྱུས་ཀྱི་རྒྱུན་རིམ་གྲངས་མང་ཞིག་མ་ཟད། ཉེ་འཁོར་གྱི་རིགས་གཞན་ཚོས་དབང་སྒྱུར་བྱས་སྟེ་འཕེལ་རིམ་འམ་ཉམས་རྒུད་གང་མང་བྱུང། མ་ཟད་ནུབ་ཕྱོགས་རྒྱལ་ཁབ་དང། ཨེ་ཤི་ཡའི་གླིང་ཆེན་གྱི་རྒྱལ་ཁབ་གཞན་རྣམས་དང་ཕྱིར་བསྐྱོད་འགྲོ་འོང་འབྲེལ་ལམ་གང་བྱུང་གི་ཐོག། མ་ཟད་རིག་གཞུང་མཉམ་སྲེས་ཤུགས་འོག་དེང་དུས་རྒྱ་ནག་རིག་གཞུང་གི་ཆ་ཤས་ཞིག་ཏུ་འགྱུར།

ནང་དོན།

རྒྱ་ནག་གི་གནའ་རབས་ལོ་རྒྱུས།[རྩོམ་སྒྲིག]

ཤའ་རྒྱལ་རབས། (c. 2100 – c. 1600 BC)[རྩོམ་སྒྲིག]

ཤའ་རྒྱལ་རབས་ནི་རྒྱ་ནག་གི་རྒྱལ་རབས་ཐོག་མ་འདི་ཡིན། སྤྱིར་ཤའ་རྒྱལ་རབས་འདི་དངོས་ཡོད་བྱུང་ཡོད་མིན་ཐད་ལྟ་ཚུལ་གང་མང་ཡོད་ཀྱང། གནའ་དངོས་ཤུལ་རྫས་དཔྱད་རིག་པ།འགའ་གཞིར་བཟུང་དངོས་དཔང་ཐུབ་ཡོད། སི་མ་ཆན་གི་བཙམས་པའི་རྒྱལ་རབས་དེབ་ཐེར་ཆེན་མོ་གཞིར་ན་ཤའ་རྒྱལ་རབས་ནི་སྤྱི་ལོའི་གོང་གི་ 2200 ཙམ་བྱུང་ཚུལ་བཤད་ཡོད། གནའ་དངོས་ཤུལ་རྫས་དཔྱད་རིག་པ་འགས་ཧའ་ནན་ཞིང་ཆེན་དུ་དབུས་སུ་ཡོད་པའི་ཨིེརལི་ཏོའོ་ནས་འཚོལ་ཞིབ་བྱས་ཡོད། ཟངས་ཀྱི་གཏེར་རྡོ་བཞུ་སྦྱོང་བྱེད་པའི་ཡོ་ཆས་སྤྱི་ལོའི་གོང་ཀྱི་ལོ་ངོ་ 2000 བྱས་པ་ཞིག་བཙལ་རྙེད་ཐུབ་ཡོད།

གནའ་བོའི་གཏམ་རྒྱུད་གཞིར་ན་ཤའ་རྒྱལ་རབས་འདི་ སྤྱི་ལོའི་གོང་ཀྱི་ལོ་ངོ་ 1600 ཙམ་ལ་མིང་ཏེའོ་དམག་འཁྲུག་གི་རྐྱེན་པས་མཇུག་སྒྲིལ།

ཧྲང་རྒྱལ་རབས། (c. 1700–1046 BC)[རྩོམ་སྒྲིག]

Remnants of advanced, stratified societies dating back to the Shang found primarily in the Yellow River Valley

སྤྱི་ལོའི་གོང་ཀྱི་ལོ་ངོ་ 1600 ནས་ 1046 ཙམ་བར་ཀྱི་ཧྲང་རྒྱལ་རབས་ནི་ཚན་པ་གཉིས་སུ་དབྱེ་ཆོག། ཧྲང་རྒྱལ་རབས་ཀྱི་དུམ་བུ་གོང་མ་ནི་དེང་དུས་ཀྱི་ ཨར་ལི་སྒང་དང་ ཀྲང་ཀྲའུ་ ཧྲང་ཁྲང་སོགས་སུ་ཆགས་ཚུལ་བཙལ་རྙེད་ཐུབ་པ་དང། དུམ་འཚམ་གཉིས་པ་ནི་ ཧྲང་རྒྱལ་རབས་ཕྱི་མ་འམ་ཡིན་རྒྱལ་རབས་ཞིས་འབོད་པ་དང། དེང་དུས་ཀྱི་ཧའ་ནན་ཞིང་ཆེན་ཁོངས་ཨན་ཡང་ས་ཁུལ་དུ་ཡིན། ཧྲང་རྒྱལ་རབས་ཀྱི་རྒྱལ་ས་དགུ་འབྱུང་བའི་ཐ་མ་དེ་ཡིན། སྤྱི་ལོའི་གོང་ཀྱི་ལོ་ངོ་༡༢༠༠ཙམ་ནས་ཡིན་པའི་ རུས་པ་དང་སྲོག་ཆགས་སྐོགས་ཤུན སྟེང་བྲིས་པའི་རྒྱ་ཡིག་འབྲི་གཟུགས་ཞིག་ཀྱང་ ཨན་ཡང་ནས་བཙལ་རྙེད་འབྱུང།

ཧྲང་རྒྱལ་རབས་སྐབས་ཐང་ཧྲང་ནས་བཙིས་པའི་ཀྲུའུ་ཧྲང་རྒྱལ་པོའི་བར་ཁྱོན་རྒྱལ་པོ་ 31 བྱུང། དུས་རབས་དེ་སྐབས་རྒྱ་རིགས་ཀྱི་གནམ་ལྷ་དང་ གཤིས་ལྷ་ དེ་མིན་ ལྷ་ཐམས་ཅད་ཀྱི་དཔོན་ས་ལྷ་སོགས་ལྷ་འདྲ་མིན་ལ་དད་མོད་བྱེད་ཀྱི་ཡོད། མ་ཟད་དུས་རབས་དེ་སྐབས་ཀྱི་མི་རྣམས་ནས་རང་ཉིད་མེས་པོ་དམ་པ་དང་ ཕ་མེས་ ཡང་མེས་རྣམས་འདས་གྲོངས་རྗེས་ཐམས་ཅད་འགྱུར་འགྲོ་བའི་ཡོད་ཆེས་བྱེད། ཁྱིམ་ཚང་ཕལ་མོ་ཆེས་རང་ཉིད་ཀྱི་མེས་པོ་རྣམས་ལ་མཆོད་པ་བྱེད།

རྒྱལ་རབས་དེབ་ཐེར་ཆེན་མོར་གཞིགས་ན་ཧྲང་རྒྱལ་རབས་ཀྱི་དུས་རྒྱལ་ས་ཐེངས་དྲུག་ཙམ་གནས་སྤོས་བྱས། སྤྱི་ལོའི་གོང་ཀྱི་ལོ་ངོ་ 1350 སྐབས་ཆེས་མཐའ་མཇུག་ཀྱི་གནས་སྤོས་ནི་ཡིན་ས་ཁུལ་དུ་བྱས་ཏེ་ཡིན་རྒྱལ་རབས་ཀྱི་འགོ་བཙམས། དུས་རབས་དེ་ནི་འསྐལ་ལྡན་དུས་རབས་ཞིས་ཀྱང་བརྗོད། དེ་མིན་ཧྲང་དུས་རབས་ཕྱི་མ་ཡང་འབོད།

དུས་རབས་རྗེས་མའི་ནང་བྱུང་བའི་རྒྱའི་རྒྱལ་རབས་མཁས་ཅན་མཁས་ཅིག་སྣང་ཚུལ་ལ། རྒྱལ་རབས་གཅིག་འཇུག་སྒྲིལ་རྗེས་གཞན་ཞིག་འགོ་འཙུགས་ཏེ་གཅིག་མཇུག་གཅིག་མཐུད་པར་བརྗོད་ཀྱང། དོན་དངོས་ཀྱི་གནའ་བོའི་རྒྱ་ནག་ཆབ་སྲིད་ནི་རྙོག་འཛིང་ཆེ་བ་ཞིག་སྟེ། མཁས་དབང་མང་པོ་ཞིག་གི་དགོངས་ཚུལ་ལ་ཤའ་རྒྱལ་རབས་དང། ཧྲང་རྒྱལ་རབས་གཉིས་ཕལ་ཆེར་དུས་གཅིག་ལ་མཉམ་གནས་ཡོད། མ་ཟད་ཀྲའུ་རྒྱལ་རབས་ཀྱི་སྔ་མ་དང་ཧྲང་རྒྱལ་རབས་གཉིས་མཉམ་གནས་བྱུང་བ་ལྟ་བུ།


ཀྲའུ་རྒྱལ་རབས། (1046–256 BC)[རྩོམ་སྒྲིག]

Bronze ritual vessel (You), Western Zhou Dynasty

རྒྱལ་ས།: ཤི་ཨན་དང། ལོའོ་ཡང།

ཀྲའུ་རྒྱལ་རབས་ནི་རྒྱ་ནག་རྒྱལ་རབས་ཐོག་དུས་ཡུན་རིང་ཤོས་ཡི་རྒྱལ་རྒྱུད་ཞིག་ཡིན། དུས་ཡུན་ལོ་ངོི་༡༣༠༠ལྷག་ཙམ་གྱི་ལོ་རྒྱུས་ཡོད། ཀྲའུ་རྒྱལ་རབས་ནི་རྨ་ཆུ་གཙང་པོའི་གཤོངས་སུ་སྤྱི་ལོའི་གོང་ཀྱི་དུས་རངས་ཉི་ཤུ་པ་རྫོགས་འཚམ་སུ་འགོ་ཚུགས། ཕྱིར་ཧྲང་རྒྱལ་རབས་ཀྱི་མངའ་ཁོངས་བརྩན་འཟུང་བྱས། ཧྲང་རྒྱལ་རབས་དེ་ཡང་ཐོག་མར་ཕྱེད་ཞིང་བྲན་ལམ་ལུངསམནས་འགོ་ཚུགས། ཀྲུའུ་རིགས་རྒྱུད་ནི་ཐོག་མར་ཧྲང་མངའ་ཁུལ་གྱི་ནུབ་ཕྱོགས་སུ་གནས་སྡོད་བྱེད་ཀྱིན་ཡོད་པ་དང། ཧྲང་རྒྱལརབས་སྐབས་ཀྲུའུ་ཚོ་པའི་འགོ་ཁྲིད་དེ་ནུབ་ཕྱོགས་མཐའ་སྲུང་དཔོན་དུ་བསྐོ་བཞག་མཛད། དམུ་ཝི་དམག་འཁྲུག་སྐབས་ཀྲུའུ་ཚོ་པའི་གཙོ་བོ་ཝུའུ་རྒྱ་པོ་དང་ཁོང་གི་སྤུན་མཆེད་ཀྱི་རྒྱབ་སྐྱོར་འོག་ཧྲང་རྒྱལ་རབས་ཕམ་ཉེས་གཏང།

དེ་སྐབས་ཀྲུའུ་རྒྱལ་པོས་རྒྱལ་ཁམས་ཐམས་ཅད་གཅིག་སྒྲིལ་ཡོང་ཆེད་གནམ་འོག་གྱི་འཚོ་འཛིན་ཅེས་པའི་ལྟ་ཚུལ་གསར་པ་ཞིག་གཏོད། ལྟ་ཚུལ་དེས་ཕྱིས་སུ་འབྱུང་བའི་རྒྱལ་རབས་མང་པོ་ཞིག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། རྒྱ་ནག་གི་དབང་འཛིན་སུས་བྱེད་དགོས་མིན་གནམ་ཐོག་ནས་ཐག་གཅོད་པ་ལྟར་བརྗོད། མ་ཟད་རང་བྱུང་ཀྱི་གནོད་འཚེ་ཚབས་ཆེན་བྱུང་ཚེ་གནམ་འོག་གི་འཚོ་འཛིན་ཅེས་པའི་གོང་མིང་ཤོར་འགྲོ་བའི་ཡིད་ཆེས་བྱེད་ཀྱི་ཡོད། དེ་ལྟར་བྱུང་ཚེ་གོང་མ་ཚང་ནས་སྔོན་མ་དེ་གནས་དབྱུང་གཏོང་ནས། ཁྱིམ་རྒྱུད་གསར་པ་ཞིག་གི་གནམ་འོག་གྱི་འཚོ་འཛིན་ཅེས་པའི་གོང་མིང་འཛིན་ཀྱི་ཡོད།

ཀྲུའུ་རྒྱལ་རབས་སྐབས་ཐོག་མར་རང་ཉིད་ཀྱི་རྒྱལ་ས། རྨ་ཆུ་གཙང་པོའི་ཡན་ལག་ཝེ་ཆུ་འགྲམ་དུ་གནས་པའི། དེང་དུས་ཤི་ཨན་གྲོང་ཁྱེར་ནུབ་ཕྱོགས་སུ་གནས་སྤོས་བྱས། འོན་ཀྱང་སྲིད་འཛིན་ས་ཁུལ་རིམ་བཞིན་འཕེལ་རྒྱས་སུ་ཕྱིན་པས་འབྲི་ཆུ་གཙང་པོའི་གཤོངས་སུ་རྒྱ་སྐྱེད་བྱུང། དེ་ནི་ཐེངས་དང་པོའི་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་གནས་སྤོས་བྱས་པའི་མི་འབོར་ཤུགས་ཆེ་ཤོས་ཞིག་ཡིན།

དཔྱིད་དུས་དང་སྟོན་དུས་རྒྱལ་རབས། (722–476 BC)[རྩོམ་སྒྲིག]

Chinese pu vessel with interlaced dragon design, Spring and Autumn period

རྒྱལ་ས།: ཡན་རྒྱལ་ཕྲན། པེ་ཅེང་; ཆིན་རྒྱལ་ཕྲན་། ཤིའི་་ཨན་

སྤྱི་ལོའི་གོང་ཀྱི་དུས་རབས་༨ པའི་ནང། དཔྱིད་དུས་དང་སྟོན་དུས་ཀྱི་རྒྱལ་རབས་སྐབས་ཆབ་སྲིད་ཀྱི་དབང་ཤུགས་ཕྱོགས་འགོས་སུ་ཕྱིན། མིང་དེ་ལྟར་དཔྱིད་དུས་དང་སྟོན་དུས་ཞེས་པའི་ལོ་རྒྱུས་དེབ་ཐེར་གི་ཤུགས་རྐྱེན་འོག་འཐོབ། དུས་རབས་དེ་སྐབས་དེ་སྔོན་ཀྲུའུ་རྒྱལ་རབས་གི་མངའ་ཁོངས་འོག་གནས་པའི་ས་ཁུལ་ཁག་གི་དཔོན་དམག་རྣམས་དབང་ཆར་དག་སྐྱེལ་བྱེད་པ་དང། གོང་མར་གྱེན་ལོག་བྱེད་འགོ་བཙུགས། སྐབས་འདིར་ཆིན་ལན་སོགས་པའི་བྱང་ཤར་གྱི་རུ་ཚོགས་ནས་བཙན་འཛུལ་བྱས་པས་ཉེན་ཚབས་ཆེ་རུ་བཏང། དེའི་རྐྱེན་པས་ཀྲུའུ་རྒྱལ་རབས་ཀྱི་རྒྱལ་ས་ལོའོ་ཡང་ཤར་ཕྱོགས་སྤོས།

ཀྲུའུ་རྒྱལ་རབས་ཀྱི་དུས་སྐབས་གཉིས་པ་༼ཤར་ཀྲུའུ་རྒྱལ་རབས་༽ དུས་འགོ་བཙུགས། དཔྱིད་དུས་དང་སྟོན་དུས་རྒྱལ་རབས་ཡང་ཀྲུའུ་དབུས་མའི་རྒྱལ་རབས་ཉམས་མས་སུ་ཕྱིན་ཏེ་རྒྱལ་ཕྲན་སིལ་མར་འགྱུར་བའི་དུས་རབས་མཚོན། ས་ཁུལ་སོ་སོའི་དབང་ཤུགས་ཆེ་བའི་མི་སྣ་ཁག་གི་ཆབ་སྲིད་དབང་ཐང་ཟིན་པ་དང་ མིང་ཙམ་དུ་ཀྲུའུ་རྒྱལ་པོའི་ཆབ་འབང་དུ་གནས། མ་ཟད་ས་ཁུལ་ཁ་ཅིག་གི་འགོ་པ་ཚོས་རང་ཉིད་ལ་རྒྱལ་རིགས་ཀྱི་གོང་མིང་ཡང་གསོལ། དེ་སྐབས་རྒྱ་ནག་ནི་རྒྱལ་ཕྲན་སིལ་མ་བརྒྱ་ཙམ་གི་འདུས་པ་ཞིག་དུ་འགྱུར། རྒྱལ་ཕྲན་ཁ་ཅིག་ནི་གྲོང་ཚོ་ཞིག་གི་ཆེ་ཆུང་ཙམ་ལས་མེད།

དུས་རབས་དེ་སྐབས་ཀྱི་ཆབ་སྲིད་འཕེལ་གྲིབ་ཤུགས་ཆེ་བས་ Confucianism དང་ Taoism, Legalism Mohism ལ་སོགས་པའི་རྒྱ་ནག་གི་ཆེས་ཕུལ་བྱུང་ལྟ་གྲུབ་ཁག་སོ་སོའི་བསམ་བློའི་སློབ་གཉེར་མེ་ཏོག་ཡང་བཞད།

སྡང་ཟུག་ཅན་གྱི་རྒྱལ་ཕྲན་དུས་རབས་། (476–221 BC)[རྩོམ་སྒྲིག]

ཆབ་སྲིད་ཀྱི་གནས་འབབ་ལྷག་པར་སྲ་བརྟན་ཕྱིན་རྗེས། སྤྱི་ལོའི་གོང་གི་དུས་རབས་ ༥ འི་མཇུག་ཙམ་དུ་རྒྱལ་ཕྲན་བདུན་གནས་ཐུབ་ཡོད། རྒྱལ་ཕྲན་དེ་རྣམས་ཕན་ཚུན་དམག་འཐབ་ཀྱི་དུས་ཡུན་དེར་སྡང་ཟུག་ཆེ་བའི་རྒྱལ་ཕྲན་དུས་རབས་ཟེར། སྤྱིར་མིང་ཙམ་དུ་ཡོད་པའི་ཀྲུའུ་རྒྱལ་པོ་མུ་འཐུད་སྤྱི་ལོའི་གོང་གི་ལོ་ ༢༥༦ བར་གནས་ཡོད་ཀྱང་དོན་ཐོག་གི་བདག་དབང་ཆུང་ངུ་ཙམ་ལས་མེད།

དམག་འཁྲུག་རྒྱལ་ཁབ་དེ་དག་གི་ཁྱིམ་མཚེས་མངའ་ཁུལ་ནི། དེང་སྐབས་ཀྱི་སི་ཁྲོན་དང་ལེའོ་ནིང་སོགས་རྣམས་ས་ཁུལ་འཛིན་སྐྱོང་གསར་པའི་རྒྱལ་ཡོངས་དམག་སྤྱི་ཆེན་མོ་དང་ཞིང་ཆེན་ལམ་ལུགས་(郡縣/郡县)འོག་ཟླ་སྒྲིལ་བཏང་ཟིན། དེ་འདྲ་བའི་ལམ་ལུགས་ནི་དཔྱིད་དུས་དང་སྟོན་དུས་ལོ་རྒྱས་རྒྱལ་རབས་ནས་བཟུང་འགོ་བཙུགས་ཡོད། མ་ཟད་དེ་ཆ་ཤས་ཙམ་དེང་དུས་ཀྱི་ཞིང་ཆེན་དང་རྫོང་(省縣/省县).ལམ་ལུགས་ཐོག་མཐོང་རྒྱུ་ཡོད།

དུས་རབས་དེ་སྐབས་ཀྱི་མཐའ་མའི་རྒྱ་སྐྱེད་ནི་ཆིན་ཀྱི་རྒྱལ་པོ་ཡིང་ཀྲང་ཀྱི་སྐུ་དུས་སུ་བྱུང། སྤྱི་ལོའི་གོང་གི་ལོ་༢༡༤ ཙམ་ལ་ཁོང་གི་རྒྱལ་ཕྲན་སིལ་མ་མང་པོའི་སྟོབས་ཤུགས་རྣམས་ཆིག་སྒྲིལ་མཛད། ཀྲེ་ཅང་དང་ ཕུའུ་ཅན་ གོང་ཏུང་ གོང་ཤི་སོགས་ལ་མུ་མཐུད་བཙན་འཛུལ་བྱས་ཏེ། རང་ཉིད་གོང་མ་དང་པོ་ཆིང་ཧྲི་ཧོང་དུ་དྲིལ་བསྒྲགས་མཛད།

རྒྱ་ནག་གོང་མའི་དུས་རབས།[རྩོམ་སྒྲིག]

ཆིན་རྒྱལ་རབས། (221–206 BC)[རྩོམ་སྒྲིག]

རྒྱལ་ས་: ཤན་ཡང།

རྒྱལ་རབས་མཁན་རྣམས་ཀྱི་ཆིན་རྒྱལ་རབས་ནས་ཆིང་རྒྱལ་རབས་ཀྱི་མཇུག་མ་སྒྲིལ་བར་རྒྱ་ནག་གོང་མའི་དུས་རབས་ཞེས་དགོངས་པ་གཅིག་མཐུན་ཡིན། སྤྱིར་ཆིན་གོམ་མ་དང་པོའི་གོང་བུ་གཅིག་སྦྲེལ་གྱི་དུས་ཡུན་ནི་ལོ་ངོ་༡༢ ཙམ་ལས་གནས་མེད་ཀྱང། ཁོང་གི་རྒྱ་རིགས་གནས་ཡུལ་ཁག་ཚང་མ་ཁྲིམས་ལུགས་ལྡན་པའི་སྲིད་གཞུང་ཤན་ཡང་དུ་བྱས་ནས་མཉམ་གནས་ཐུབ་པ་མཛད་ཡོད།

ཧན་རྒྱལ་རབས། (202 BC–AD 220)[རྩོམ་སྒྲིག]

ཧན་རྒྱལ་རབས་ཀྱི་ལོ་རྒྱུས་རྒྱས་པ་འདིར་གཟིགས་རོགས།

གླེའུ་གོང་བུ་ཞེས་རྒྱ་ཡིག་ནས་བོད་སྐད་དུ་སྒྱུར་སྐབས་རྒྱ་སྐད་ཀྱི་སྒྲ་ཐོན་པོ་རང་མ་བྱུང་བ་ལས། དོན་དུ་ལིའུ་ཀོང་ཨུ་ཞེས་པ་སྟེ། ལིའུ་ནི་ཧན་རྒྱལ་རབས་ཀྱི་གོང་མའི་རུས་མིང་ཡིན་པ་དང། ཀོང་ཨུ་ནི་གོང་མ་ཀོང་ཨུ་རྟི་ཞེས་ཏུང་ཧན་(ཧན་ཤར་མ་)རྒྱལ་རབས་ཀྱི་གོང་མ་དང་པོའི་མིང་ཡིན་ཅིང་། མིང་ངོ་མ་ལ་ལིའུ་ཤིའུ་ཟེར། སྤྱི་ལོ་༢༥ནས་༥༧བར་ལོ་༣༣རིང་སྲིད་དབང་བཟུང་། ཝང་མང་གིས་བཙུགས་པའི་སྲིད་གཞུང་གསར་པ་ལ་ངོ་རྒོལ་བྱེད་ཆེད་ཞིང་པའི་གྱེན་ལངས་ཀྱི་ལས་འགུལ་ནང་ཞུགས་ནས་དེའི་འགོ་ཁྲིད་བྱད་ཏེ་སླར་ཡང་རྒྱལ་ཡོངས་གཅིག་གྱུར་བྱས་པའི་བྱ་བཞག་ནང་བྱས་རྗེས་ཡོད་པའི་མི་ཞིག་ཡིན་ལ་། ཧན་རྒྱལ་རབས་ཀྱི་གདུང་རྒྱུད་ནས་བྱུང་ཞིང་། སྐབས་དེར་ཆེ་བཙན་ས་བདག་གྲལ་རིམ་གྱི་ཚབ་བྱས་ནས་བཀས་བཀོད་རྒྱུད་འཛིན་གྱི་གཅིག་གྱུར་རྒྱལ་ཁབ་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུའི་འདོད་ཚུལ་འཛིན་མཁན་ཡིན།

ཁོ་པས་གྱེན་ལངས་ཞིང་པའི་དམག་དཔུང་གི་འགོ་ཁྲིད་བྱས་རྗེས་དམག་དཔུང་གི་སྒྲིག་ཁྲིམས་རང་བཞིན་ལ་ཤུགས་སྣོན་བརྒྱབ་པ་དང། ས་གནས་གང་དུ་རྒྱལ་ཁ་ཐོབ་ཀྱང་དེར་གནའ་རབས་ཀྱི་ཤུལ་བཞག་དངོས་པོ་ལ་གཏོར་བཤིག་མི་ཡོང་བའི་འབད་བརྩོན་གང་ཐུབ་ཡོད་པའི་མི་བཀོལ་སྤྱོད་བྱེད་པ་བཅས་ཀྱི་བྱ་ཐབས་བཟུང་བས། ཁོ་པའི་ཆབ་སྲིད་དང་དམག་དོན་ཐོག་གི་རྒྱལ་ཁ་ཐོབ་ཐུབ་པའི་འགན་སྲུང་བྱུང་བ་མ་ཟད། ཞིང་པའི་གྱེན་ལངས་དམག་དཔུང་ནང་ཁུལ་ཁ་བྲལ་དང་སྒྲིག་ཁྲིམས་མེད་པའི་གནས་བབ་བེད་སྤྱད་ནས་རིམ་བཞིན་དྲག་གནོན་བྱེད་ཐུབ་པ་བྱུང་མཐར།

སྤྱི་ལོ་༢༥ལོར་རང་ཉིད་གོང་མ་བྱས་ཤིང། ཧན་རྒྱལ་རབས་སླར་ཡང་བསྐྱར་གསོ་བྱས། རྒྱལ་ས་ནི་ལོའོ་དབྱང་(དེང་སང་ཧོ་ནན་ཞིང་ཆེན་གྱི་ལོའོ་དབྱང་)ཡིན། ཧན་ཤར་མའི་རྒྱལ་རབས་དེར་སྔ་རྗེས་སུ་རྒྱལ་པོ་བཅུ་བཞི་བྱུང་སྟེ། ༡.ཧན་ཀོང་ཨུ་རྟི་ལིའུ་ཤིའུ། ༢.ཧན་མིན་རྟི་ལིའུ་ཀྲོང། ༣.ཧན་ཀྲང་རྟི་ལིའུ་རྡ། ༤.ཧན་ཧའོ་རྟི་ལིའུ་ཀྲའོ་ ༥.ཧྲན་ཧྲང་རྟི་ལིའུ་ལོང། ༦.ཧན་ཨན་རྟི་ལིའུ་ཧུ། ༧.ཧན་ཧྲའོ་རྟི་ལིའུ་པེའན། ༨.ཧན་ཧྲུན་རྟི་ལིའུ་སྦའོ། ༩.ཧན་ཁྲུང་རྟི་ལིའུ་པིང། ༡༠.ཧན་ཀྲི་རྟི་ལིའུ་ཙུའན། ༡༡.ཧན་ཧུའན་རྟི་ལིའུ་ཀྲི། ༡༢.ཧན་ལིང་རྟི་ལིའུ་ཧོའང། ༡༣.ཧན་ཧྲའོ་རྟི་ལིའུ་པིའན། ༡༤.ཧན་ཤན་རྟི་ལིའུ་ཞིའེ་བཅས་ཀྱིས་སྤྱི་ལོ་༢༥ནས་༢༢༠བར་ལོ་གྲངས་༡༩༥རིང་སྲིད་དབང་བཟུང།

ཏུང་ཧན་(ཧན་ཤར་མ་)རྒྱལ་རབས་འདི་ལ་དུས་སྐབས་གསུམ་དུ་ཕྱེ་ཞིང། དུས་སྐབས་དང་པོ་ནི་གོང་མ་དང་པོ་ཧན་ཀོང་ཨུ་རྟི་ནས་ཧན་ཀྲང་རྟི་ནས་ཧན་ཀྲང་རྟི་མ་འདས་བར་གྱི་ལོ་༦༤བར་ཡིན། དུས་སྐབས་དེ་ནི་ཏུང་ཧན་རྒྱལ་རབས་འཕེལ་རྒྱས་སུ་འགྲོ་བའི་དུས་སྐབས་ཡིན་པ་དང། ཧན་ཀོང་ཨུ་རྟིས་དེ་སྔོན་བྲན་གཡོག་བདག་པོས་བྲན་གཡོག་འཚོང་བ་དང་གསོད་པ་སོགས་གང་འདོད་དུ་བྱེད་པའི་དབང་ཆ་ལ་ཚོད་འཛིན་བྱས་ཏེ་ཁྲིམས་ལུགས་གསར་པ་བཟོས་པ་དང། འཚོ་ཐབས་བྲལ་བའི་དབུལ་ཕོངས་རྣམས་ལ་ལོ་གསུམ་རེའི་མཚམས་སུ་སྐྱོབ་གསོའི་འབྲུ་རིགས་ཐེངས་རེ་སྤྲོད་པ་སོགས་བྱས་ཏེ་ཞིང་པའི་གྱེན་ལངས་སླར་ཡང་མུ་མཐུད་ནས་མི་འབྱུང་བའི་བྱ་ཐབས་འགའ་ཞིག་བཟུང་བར་བརྟེན་གནས་སྐབས་གཞི་ཁྱོན་ཆེ་བའི་གྱེན་ལངས་འཇགས་ཐུབ་ཙམ་བྱུང་ཡོད་

གོང་མ་ཧན་ཀྲང་རྟི་འདས་རྗེས་སྤྱི་ལོ་༡༡༩ལོར་ཧན་ཧྲོའོ་རྟིས་སྲིད་དབང་བཟུང་ནས་ཧན་ལིང་རྟི་མ་འདས་བར་གྱི་ལོ་གྲངས་༡༠༡ཙམ་གྱི་རིང་ནི་ཏུང་ཧན་རྒྱལ་རབས་ཀྱི་སྲིད་དབང་ཉམས་རྒུད་དུ་འགྲོ་བའི་དུས་ཡིན་ཞིང། དེའི་རིང་ལ་གོང་མ་མང་ཆེ་བ་སྲིད་དབང་བཟུང་སྐབས་ལོ་ཆུང་བའི་རྐྱེན་གྱིས་གོང་མ་སྔོན་མའི་བཙུན་མོ་རྣམས་ཀྱིས་སྲིད་དབང་ལག་ཏུ་བཟུང་སྟེ། ཁོ་པ་ཚོའི་རིགས་རྒྱུད་རྣམས་ལ་དཔོན་པོའི་གོ་གནས་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་དེ་མོ་ཕྱོགས་ཀྱི་ཉེ་བརྒྱུད་དབང་འཛིན་ཕྱོགས་ཁག་འགོ་བཙུགས་ཤིང། གཞན་ཡང་ཉེ་བརྒྱུད་མིན་པའི་བློན་པོ་དང། ཉུག་རུམ་པ་རྣམས་ཀྱིས་དབང་ཆ་ལག་དུ་བཟུང་ནས་ཏུང་ཧན་རྒྱལ་རབས་ཀྱི་སྲིད་དབང་དེ་མིང་ཡོད་དོན་མེད་ཅིག་ཏུ་གྱུར་པ་རེད། གོང་མ་ཧན་ཤན་རྟི་ཡི་ཁྲུའུ་ཕིང་ཁྲི་ལོ་དང་པོ་ནས་ཅིན་ནུམ་མའི་རྒྱལ་རབས་ཀྱི་སྲིད་དབང་དེ་མིང་ཡོད་མེད་ཅིག་གྱུར་པ་རེད།

གོང་མ་ཧན་ཤན་རྟི་ཡི་ཁྲུའུཕིང་ཁྲི་ལོདང་པོ་ནས་ཅིན་ནུབ་མའི་རྒྱལ་རབས་ཀྱི་གོང་མ་དང་པོ་ཅིན་ཨུ་རྟི་ཡི་ཐའི་ཁང་ཁྲི་ལོ་དང་པོ་(སྤྱི་ལོ་༡༩༠ནས་༢༠༨)བར་གྱི་ལོ་གྲངས་༩༡གི་རིང་ནི་ཏུང་ཧན་རྒྱལ་རབས་ཁ་འཐོར་དང་རྩ་མེད་དུ་འགྲོ་བའི་དུས་སྐབས་ཡིན་ཞིང། དུས་སྐབས་དེ་ལ་གོང་མ་ཧན་ཤན་རྟི་ཡི་ཁྲུའུ་ཕིང་ཁྲི་ལོ་དང་པོ་ནས་ཅན་ཨན་ཁྲི་ལོ་བཅུ་དགུ་ནི་དུས་སྐབས་སྔོན་མ་དང། དེ་ནས་ཅིན་ནུབ་མའི་རྒྱལ་རབས་ཀྱི་གོང་མ་དང་ཅིན་ཨུ་རྟི་ཡི་ཐའི་ཁང་ཁྲི་ལོ་དང་པོ་(སྤྱི་ལོ་༢༠༨ནས་༢༨༠)བར་གྱི་ལོ་བདུན་ཅུ་དོན་གསུམ་ནི་དུས་སྐབས་རྗེས་མ་ཡིན། དུས་སྐབས་སྔོན་མའི་བཅུ་དགུའི་རིང་ཏུང་ཀྲུའོ་ཕྱོགས་ཁག་གིས་ལོའོ་དབྱང་ས་གནས་གཙོ་བོར་བྱས་པའི་ནུབ་རྒྱུད་ས་ཁུལ་བཟུང་ཞིང། ཡོན་ཧྲའོ་ཕྱོགས་གཏོགས་དང་བཅས་པས་ལོའོ་དབྱང་གི་ཤར་རྒྱུད་ས་ཁུལ་བཟུང། དེ་མིན་ས་གནས་ཚང་མར་ཆེ་བཙན་ས་བདག་ཕྱོགས་ཁག་གྲངས་ལས་འདསམཔ་བྱུང་བ་རྣམས་ཕན་ཚུན་གཅིག་འོག་ཏུ་གཅིག་མ་འདུས་པའི་དམག་འཁྲུག་རྒྱུན་མི་ཆད་པ་བྱས་པའི་ནང་ཁོ་པ་ཚོ་ནང་ཁུལ་གསོད་རེས་དང། རྒྱ་ཆེའི་མི་དམངས་རྣམས་དམག་འཁྲུག་ནང་བསད་པ་དང་། ལྟོགས་ཤི་ཐེབས་པ། ཡུལ་གྱར་དུ་འགྲོ་དགོས་པ་སོགས་སྡུག་བསྔལ་ཚབས་ཆེན་གྱི་ནང་དུ་ལྷུང་ཞིང། གཅིག་གྱུར་ཐོག་བདེ་འཇགས་ཡོང་བའི་རེ་འདུན་རྒྱུན་མི་ཆད་པར་མཐོ་རུ་སོང་བ་ཞིག་བྱུང་ཡོད།

ཧན་ནུབ་མའི་རྒྱལ་རབས།[རྩོམ་སྒྲིག]

ཤིན་རྒྱལ་རབས།[རྩོམ་སྒྲིག]

ཧན་ཤར་མའི་རྒྱལརབས།[རྩོམ་སྒྲིག]

ཝའི་དང་ཇིན་དུས་རབས།(AD 265–420)[རྩོམ་སྒྲིག]

ཝུའུ་ཧུའུ་དུས་རབས། (AD 304–439)[རྩོམ་སྒྲིག]

བྱང་ཕྱོགས་དང་ལྷོ་ཕྱོགས་ཀྱི་རྒྱལ་རབས། (AD 420–589)[རྩོམ་སྒྲིག]

དུས་རབས་བར་མའི་རྒྱ་ནག།[རྩོམ་སྒྲིག]

སུའི་རྒྱལརབས། (AD 589–618)[རྩོམ་སྒྲིག]

རྒྱལ་ས་ ཏའ་ཤིང་; རྒྱལ་ས་གཉིས་པ་: ཏུང་དུའུ་ སུའི་རྒྱལ་རབས་ནི་སྤྱི་ལོ་ 589 ལོར་ བྱང་ཕྱོགས་མི་རིགས་མཉམ་འདྲེས་ཆེན་པོ་དང། ཅང་ནན་ས་ཁུལ་གི་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་བས། སླར་ཡང་ལོ་ངོ་བཞི་བརྒྱ་ལྷག་ཙམ་བར་སྲིད་དབང་ཁ་ཐོར་འགྱུར་བ་རྣམས་གཅིག་འགྱུར་མཛད་ཐུབ། དབུས་སྲིད་གཞུང་དུ་ཁག་གསུམ་སྡེ་དྲུག་ལམ་ལུགས་བཙུགས། ས་གནས་སོ་སོར་ཀྲོའུ་དང་ཅུན་ རྫོང་བཅས་རིམ་པ་གསུམ་གྱི་འཛིན་སྐྱོང་མཛད། ལྷོ་བྱང་གི་དཔལ་འབྱོར་བརྗེ་རེས་དང་ སུའི་རྒྱལ་རབས་གི་རྒྱལ་ཡོངས་དབང་སྒྱུར་སྲ་བརྟན་གཏོང་ཆེད་དུ་ལྷོ་ཕྱོགས་ཡུས་ཧན་ནས་བྱང་ཕྱོགས་ཀྲུའུ་ཅུན་བར་མི་བཟོས་གཙང་པོ་སྐྲུན། དངུལ་སྲང་གི་ལམ་ལུགས་འཐུས་ཚང་བྱས། རྒྱ་ནག་ལྕགས་རི་རིང་པོ་ཡང་རྒྱ་བསྐྱེད་མཛད། ནང་ཆོས་ནི་གཞུང་འབྲེལ་གི་ཆོས་ལུགས་སུ་ངོས་འཛིན་གནང། གང་ལྟར་རྗེས་གི་རྒྱལ་རབས་ ཐང་གོང་མའི་སྐབས་གི་སྲིད་དབང་ཐད་ཕན་ཐོགས་ཤུགས་ཆེ་བྱུང། འོན་ཀྱང་དམག་འཁྲུག་དང་ཞིང་བའི་འོས་ལངས་ བ་ཀང་དམག་ སོགས་རྒྱ་རྐྱེན་མང་དག་ཞིག་རྐྱེན་སྲིད་དབང་ཁ་འཐོར།

ཐང་རྒྱལ་རབས། (AD 618–907)[རྩོམ་སྒྲིག]

རྒྱལ་ས། :ཁྲང་ཨན་ དང་ ལོའོ་ཡང་ ཐང་རྒྱལ་རབས་ནི་གོང་མ་ཀའོ་ཛུ་ནས་སྤྱི་ལོ་༦༡༨ལོའི་ཟླ་བ་དྲུག་པའི་ཚེས་༡༨ཉིན་འགོ་ཚུགས། སྐབས་དེ་ནི་རྒྱ་ནག་གི་བསྐལ་པ་རྫོགས་ལྡན་གྱི་དཔལ་ཡོན་དུས་རབས་ཡིན། ལྷག་པར་དུ་སྒྱུ་རྩལ་དང། རྩོམ་ཡིག། སྙན་ངག། བཟོ་རྩལ་སོགས་ལ་འཕེལ་རྒྱས་མྱུར་པོ་ཞིག་ཕྱིན་ཡོད། ནང་ཆོས་ནི་སྐབས་དེའི་མེ་སེར་དཀྱུས་མའི་ནང་ཤས་ཆེ་བའི་དད་མོས་ཆོས་ལུགས་ཞིག་ཏུ་འགྱུར་ཡོད། རྒྱལ་ས་ཁྲང་ཨན། དེང་དུས་ཀྱི་ཤིའ་ཨན་གྲོང་ཁྱེར་ནི་སྐབས་དེའི་འཛམ་གླིང་ཐོག་ཀྱི་གྲོང་ཁྱེར་ཆེ་ཤོས་ཞིག་ཡིན

རྒྱལ་རབས་ ༥ དང་ རྒྱལ་ཁམས་ ༡༠ (AD 907–960)[རྩོམ་སྒྲིག]

སུང་དང། ལེའོ། ཇིན་ ཤའ་ནུབ་མའི་རྒྱལ་རབས། (AD 960–1234)[རྩོམ་སྒྲིག]

སུང་རྒྱལ་རབས་ཀྱི་རྒྱལ་ས་: ཀའི་ཕང་ དང་ ལི་ཨན་

ལེའི་རྒྱལ་རབས་ཀྱི་རྒྱལ་ས་ ;ཧྲང་ཇིན་དང་ ནན་ཅིང་ ཐོག་མོག།

ཇིན་རྒྱལ་རབས་ཀྱི་རྒྱལ་ས།; ཧྲང་ཇིན་དང་ ཀྲུང་དུ་ ཀའི་ཕང་

ཤའ་ནུབ་མའི་རྒྱལ་ས; ཡིན་ཁྲུན་

ཡོན་རྒྱལ་རབས། (AD 1271–1368)[རྩོམ་སྒྲིག]

ཡོན་རྒྱལ་རབས་ཀྱི་དུས་མཇུག་ཏུ། ཆབ་སྲིད་ངན་རུལ་དུ་གྱུར་པ་དང་། རང་བྱུང་ཐན་སྐྱོན་ཡང་རྒྱུན་མི་ཆད་པར་བྱུང་། བཀྲེས་ལྟོགས་ཀྱིས་མནར་བའི་ཞིང་པ་ཚོས་གཞི་ཁྱོན་ཆེ་བའི་ངོ་རྒོལ་འཐབ་རྩོད་སྤེལ། ཀྲུའུ་ཡོན་ཀྲང་གིས་འོས་ལངས་དམག་དཔུང་ལ་མགོ་ཁྲོད་བྱས་ནས། དབྱིན་ཐེན(应天)བཟུང་བ་དང་། སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན། 1368 ལོའི་མགོར། ཀྲུའུ་ཡོན་ཀྲང་གིས་དབྱིན་ཐེན་རྒྱལ་ས་བྱས་ཏེ་མིང་ནན་ཅིན་དུ་བསྒྱུར་ཅིང་། རང་གོང་མར་བསྡད་ནས། མིང་རྒྱལ་རབས་བཙུགས། ཀྲུའུ་ཡོན་ཀྲང་ནི་མིང་ཐའེ་ཙུའུ་བྱ་བ་དེ་ཡིན། ལོ་དེའི་སྟོད་ཀར། མིང་རྒྱལ་རབས་ཀྱི་དམག་དཔུང་གིས་རྒྱལ་ས་བཟུང་། ཡོན་རྒྱལ་རབས་ཀྱིས་རྒྱལ་ཡོངས་ལ་དབང་བསྒྱུར་བ་མཇུག་རྫོགས།

དེང་རབས་སྔ་མ།[རྩོམ་སྒྲིག]

མིང་རྒྱལ་རབས། (AD 1368–1644)[རྩོམ་སྒྲིག]

1368 ལོའི་མགོར། ཀྲུའུ་ཡོན་ཀྲང་གིས་དབྱིན་ཐེན་རྒྱལ་ས་བྱས་ཏེ་མིང་ནན་ཅིན་དུ་བསྒྱུར་ཅིང་། རང་གོང་མར་བསྡད་ནས། མིང་རྒྱལ་རབས་བཙུགས། མིང་ཐའེ་ཙུའུ་ཡིས་སྲིད་ཁྲི་བཟུང་རྗེས། སྲིད་འཛིན་ལས་ཁུངས་བཅོས་སྒྱུར་བྱས་ནས། རྒྱལ་པོའི་དབང་ཆར་ཤུགས་བསྣན། ས་གནས་སུ་ཞིང་ཆེན་མེད་པར་བཟོས། ཀྲུང་དབྱང་གི་ཐད་གཏོགས་ཟི་གསུམ་བཙུགས་ཏེ། དམངས་སྲིད་དང་། ཉེས་ཁྲིམས། དམག་སྲིད་བཅས་ལ་དོ་དམ་བྱས། ཀྲུང་དབྱང་དུ་ཕྱིང་སང་སྤྱི་ཁྱབ་བློན་ཆེན་མེད་པར་བཟོས་པ་དང་། བཀའ་སྲིད་སྒྲོག་སྤེལ་ཁག་དོར་ཏེ། བློན་སྡེ དང་། དུད་ཁྱིམ་སྡེ། གུས་ལུགས་སྡེ། དམག་སྡེ། ཁྲིམས་སྡེ། བཟོ་སྡེ བཅས་སྡེ་ཁག་དྲུག་གིས་གོང་མའི་སྲིད་དོན་ཁག་བགོས་བདག་གཉེར་བྱས། རྒྱལ་ཡོངས་ཀྱི་དམག་སྲིད་དབང་ཆ་ཆེན་པོ་ཚང་མ་གོང་མའི་ལག་ཏུ་གཅིག་སྡུད་བྱས།

དབང་སྒྱུར་སྲ་བརྟན་དུ་གཏོང་ཆེད། མིང་ཐའེ་ཙུའུ་ཡིས་བུ་རབས་ཚ་རྒྱུད་རྣམས་ལ་ས་གནས་ཁག་གི་རྒྱལ་ཕྲན་རྒྱལ་པོའི་ཆོ་ལོ་བསྩལ་ཏེ། དམག་དོན་གྱི་དབང་ཆ་ཆེན་པོ་སྤྲད། མིང་ཐའེ་ཙུའུ་འདས་རྗེས། རྒྱལ་གཞིས་འཛིན་པའི་གོང་མ་ཅན་ཝུན་ཏི་བྱ་བས་རྒྱལ་ཕྲན་རྒྱལ་པོའི་སྟོབས་ཤུགས་ཉིན་རེ་བཞིན་ཆེ་རུ་འགྱུར་བ་དེས། རང་ཉིད་ལ་ཉེན་ཁ་གྲུབ་པ་རྟོགས་ནས།བཀའ་ཕབ་སྟེ་རྒྱལ་ཕྲན་མེད་པར་གཏོང་བ་ལག་ལེན་དུ་བསྟར། པེ་ཕིང་གི་ཡན་ཝང་ཀྲུའུ་ཏི་བྱ་བས“བྱུར་ཆགས་ཞི་འཇགས”སུ་གཏོང་བའི་དར་ཆ་བསྒྲེངས་ནས། དམག་བསླངས་ཏེ་ཅན་ཝུན་ཏི་ལ་ངོ་རྒོལ་བྱས། ལོ་རྒྱུས་སུ་དེར“ཅིན་ནན་གཡུལ་འགྱེད”ཟེར།

མིང་རྒྱལ་རབས་ཀྱི་དུས་དཀྱིལ་དུ་མཚོ་སྲུང་ལྷོད་པར་གྱུར་པས། ཤར་ལྷོའི་མཚོ་རྒྱུད་ཀྱི་ཚོང་པ་གཡོ་ཁྲམ་ཅན་གྱིས་འཇའ་ཇག་ཁྲིད་དེ་མཚོ་རྒྱུད་དུ་ཡོང་ནས། མཉམ་འཕྲོག་མཉམ་བགོ་བྱེད་པ་རེད། ཁོ་ཚོས་གང་སར་སྲེག་གསོད་བཅོམ་གསུམ་བྱས་པ་དེས། མི་སེར་གྱི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་པ་ཚབས་ཆེན་ཐེབས་པས། མིང་སྲིད་གཞུང་གིས་ལོ་ན་གཞོན་པའི་དམག་དཔོན་ཆི་ཅི་ཀོང་བྱ་བ་ཀྲེ་ཅང་ཤར་ཕྱོགས་ཀྱི་མཚོ་རྒྱུད་དུ་འཇའ་ཇག་འགོག་པར་མངགས། ཆི་ཅི་ཀོང་གིས་བཙུགས་པའི་འཇའ་འགོག་དམག་དཔུང་དེ། སྦྱོང་བརྡར་ ནན་མོ་བྱས་པ་བརྒྱུད་ནས། སྒྲིག་ལམ་དམ་ཞིང་དཔའ་ངར་ཆེ་ལ་དམག་ཇུས་ལ་མཁས་པས། མི་རྣམས་ཀྱིས་“ཆི་ཀྱྰ་དམག”ཟེར། ཆི་ཅི་ཀོང་གིས་ཆི་ཀྱྰ་དམག་ཁྲིད་ནས་ཐའེ་ཀྲོའུ་ས་ཆར་བསྐྱོད། མང་ཚོགས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག་ཏུ། དམག་འཁྲུག་ཐེངས་དགུ་ལ་བརྒྱབ་ནས་ཐེངས་དགུ་ལ་རྒྱལ་ཁ་ཐོབ་སྟེ། ཀྲེ་ཅང་དུ་གནས་པའི་འཇའ་ཇག་མྱུར་དུ་བཏུལ།

ཆིང་རྒྱལ་རབས། (AD 1644–1911)[རྩོམ་སྒྲིག]

རྒྱལ་ས་: ཧྲན་ཡང་དང་པེ་ཅེང།

ཆིང་རྒྱལ་རབས་ནི་གོང་མའི་རྒྱལ་རབས་མཐའ་མ་དེ་ཡིན་པ་དང་ མན་ཇུ་རིགས་ཀྱིས་འཛིན་སྐྱོང་བྱས། དེ་ནི་རྒྱ་རིགས་མ་ཡིན་པས་རིགས་ཀྱི་དུས་རབས་གཉིས་པ་དེ་ཡིན། མན་ཇུ་བ་རྣམས་ལ་དེ་སྔོན་ཇུར་ཆེན་ཞེས་འབོད་པ་དང་ མིང་རྒྱལ་རབས་ཀྱི་སྐབས་བྱང་ཤར་མཚམས་རྒྱ་ནག་ལྕགས་རི་རིང་པོའི་ཕྱི་ངོས་སུ་གནས་སྡོད་བྱེད་ཀྱི་ཡོད།

སྤྱི་ལོའི་དུས་རབས་༡༩ མགོ་སྟོད་ནས་བཟུང་མན་ཇུ་རྒྱལ་རབས་ཉམས་མགོ་ཚུགས་ཤིང༌། དེ་ཡང་དཔོན་རིགས་ཁྲོད་ལྐོག་ཟ་རུལ་སུངས་ཉིན་རེ་བཞིན་ཚབས་ཆེར་འགྲོ་བཞིན་པ་དང༌། ནང་པའི་རྗེས་འཇུག་ཏུ་སྒྲོག་མཁན་པེ་ལེན་ཅའོ་དང་ཐེན་ལི་ཅའོ་སོགས་ཆོས་ལུགས་ཁ་ལ་འཁྱེར་བའི་ཞིང་པའི་གྱེན་ལངས་ལས་འགུལ་གཞི་རྒྱ་ཆེ་བ་སྔ་རྗེས་སུ་ལངས་པ་མ་ཟད། དབྱིན་ཇི་དང་ཧོ་ལནཌ། པོར་ཅི་གྷལ་སོགས་ཀྱིས་རྒྱ་ནག་ལ་བཙན་ཤེད་ཀྱིས་ཚོང་འབྲེལ་བྱེད་དགོས་པའི་གནོན་ཤུགས་སྤྲད་པ་དང༌། ལྷག་པར་དུ་དབྱིན་ཇིའི་ཚོང་པ་ཚོས་སྤྱི་ལོ་༡༧༨༧ ལོ་ནས་ཚོང་ཟོག་གཞན་དང་མཉམ་དུ་རྒྱ་ནག་ནང་ཉལ་ཐ་འདྲེན་ཚོང་ཤུགས་ཆེར་བྱས་པས། རྒྱ་ནག་ལ་ཚོང་འབྲེལ་གྱི་གྱོང་གུད་ཆེན་པོ་ཕོག མན་ཇུ་གཞུང་གིས་སྤྱི་ལོ་༡༨སྤྱི་ལོ་༡༥ ལོར་ཉལ་ཐ་འགོག་སྡོམ་གྱི་ཁྲིམས་ཡིག་བཟོས་ཏེ་ཕྱི་རྒྱལ་གྱི་གྲུ་གཟིངས་ལ་སྔོག་བཤེར་བྱེད་དུ་བཅུག་ཀྱང༌། ཉལ་ཐའི་ཚོང་ལམ་གཅོད་མ་ཐུབ། སྤྱི་ལོ་༡༨༣༩ ལོར་མན་ཇུ་གཞུང་གིས་བཏང་བའི་སྐུ་ཚབ་ཀྱིས་ཀོང་ཀྲོའུ་རུ་དབྱིན་ཇིའི་ཚོང་པའི་ལག་ནས་བཙན་འཕྲོག་བྱས་པའི་ཉལ་ཐ་རྒྱ་མ་ཁྲི་༢༣༧ ལྷག་སྡེབ་གཅིག་ལ་མེར་བསྲེགས་པས། ལོ་ཕྱི་མར་དབྱིན་གཞུང་གིས་དགྲ་སྐྱིན་ལེན་རྒྱུའི་དམག་འཐབ་བསླངས། ཉལ་ཐའི་དམག་འཁྲུག་དེ་ལོ་གཅིག་ལྷག་ཙམ་ལ་རྒྱུན་མཐུད་པ་དང༌། སྤྱི་ལོ་༡༨༤སྤྱི་ལོ་༡ ལོར་དབྱིན་ཇིའི་དམག་དཔུང་རྒྱ་ནག་གི་གྲོང་ཁྱེར་ནན་ཅིན་དུ་སླེབས་ཏེ། ཧོང་ཀོང་བཅད་བཟུང་དང༌། ཧྲང་ཧེ་དང་ཀོང་ཀྲོའུ་སོགས་སུ་ཚོང་འབྲེལ་འགག་སྒོ་གསར་འབྱེད་དང༌། གུན་གསབ་ཀྱི་ཆད་དངུལ་འབོར་ཆེན་སྤྲོད་དགོས་པའི་" ནན་ཅིན་ཆིངས་ཡིག་" བཞག དེར་མཐུད། ཨ་རི། ཧཕ་རན་སི། ར་ཤི་ཡ། ཇ་པན་བཅས་ནས་སྔ་རྗེས་སུ་རྒྱ་ནག་ལ་བཙན་འཛུལ་གྱིས། རྒྱ་ནག་དེ་" ཕྱེད་བཀས་བཀོད་རྒྱུད་འཛིན་དང་ཕྱེད་མི་སེར་སྤེལ་ཡུལ་" གྱི་ཡུལ་ལུང་ཞིག་ཏུ་བསྒྱུར།

སྤྱི་ལོ་༡༨༥༡ ནས་སྤྱི་ལོ་༡༨༦༤ བར། རྒྱ་ནག་ནང་ཁུལ་དུ་མན་ཇུ་གོང་མར་ངོ་ལོག་གི་དྲག་ཟིང་རྒྱུན་མཐུད་བྱུང་བ་དང༌། ཡེ་ཤུ་ཆོས་ལུགས་ཀྱི་རྗེས་འཇུག་པ་ཧོང་ཞིའུ་ཆོན་ཟེར་བ་ཞིག་གིས་གྱེན་ལོག་གིས། ནན་ཅིན་རྒྱལ་ས་བྱས་པའི་རྒྱ་ནག་ལྷོ་རྒྱུད་ཀྱི་ཞིང་ཆེན་སྐོར་ཞིག་ཏུ་ཞི་བདེ་གནམ་རྒྱལ་ཟེར་བའི་རྒྱལ་ཁབ་བཙུགས་པ་དང༌། དེ་བཞིན་ཧཕུ་ཅན་སོགས་སུ་མན་ཇུར་ངོ་རྒོལ་དང༌། མཱིང་རྒྱལ་རབས་བསྐྱར་གསོའི་ལས་འགུལ་རྩོམ་མཁན་" ཐེན་ཏི་ཧོས། " ཨན་ཧོས་དང་ཧོ་ནན་སོགས་བྱང་རྒྱུད་ཀྱི་ཞིང་ཆེན་བརྒྱད་ཙམ་ནས་མི་འབོར་འབུམ་གཉིས་ཙམ་ཡོད་པའི་" ཉན་ཅུན་" གྱི་ངོ་ལོག་དང༌། སྤྱི་ལོ་༡༨༦༢ ནས་༡༨༧༣ བར། ཧྲའན་ཞི་དང༌། ཀན་སུའུ། ཉིན་ཞ། ཟི་ལིང་བཅས་སྐོར་ཁག་བཞིའི་ཧོས་རིགས་ཀྱི་དྲག་པོའི་གྱེན་ལོག ཧྲང་ཧེ་རུ་" ཏ་མིན་གོ་" འཛུགས་མཁན་" ཞའོ་ཏའོ་ཧོས་" སོགས་ཀྱིས་མན་ཇུ་གཞུང་ལ་སུན་གཙེར་དྲག་རྒོལ་མཚམས་མ་ཆད་པར་སྤེལ་ཡོད། སྤྱི་ལོ་༡༨༩༤ ལོར་ཉི་ཧོང་དང་མན་ཇུའི་དབར་ཀོ་རི་ཡ་ཕྱེད་གླིང་གི་བདག་ཐོབ་རྩོད་ཆེད་" ལྕགས་ཕག་ལོའི་གསར་བརྗེ་" ལངས་ཏེ། ཐའེ་ཝན་དང་ཉེ་སྐོར་གླིང་ཕྲན་ཤོར་བ་མ་ཟད། ཉི་ཧོང་ལ་དངུལ་སྲང་དུང་ཕྱུར་༢་༣ ལྷག་གི་གུན་གསབ་སྤྲོད་དགོས་པའི་ཆིངས་ཡིག་བཞག

སྤྱི་ལོ་༡༨༩༩ ལོར། རྒྱ་ནག་ཧྲན་ཏུང་དང་ཧོ་པེ་སོགས་སུ་ཐོག་མར་མན་ཇུར་ངོ་རྒོལ་དང༌། མཱིང་རྒྱལ་རབས་བསྐྱར་གསོའི་འབོད་ཚིག་སྒྲོག་མཁན་གྱི་ཚོགས་པ་" དབྱི་ཧོ་ཐོན་" ཟེར་བ་ཞིག་རིམ་གྱིས་མན་ཇུར་རོགས་འདེགས་དང༌། ཕྱི་གླིང་བ་རྩ་གཏོར་གྱི་དགོས་འདུན་འདོན་མཁན་ཞིག་ཏུ་གྱུར་ཏེ། རྒྱ་ནག་གི་རིག་གཞུང་རྙིང་བར་ཞེན་ཁོག་འཆང་བའི་སྟོབས་ཤུགས་རྙིང་བའི་སྐུལ་སློང་འོག པེ་ཅིང་དུ་བཅའ་སྡོད་ཕྱི་རྒྱལ་གཞུང་ཚབ་ཁག་ལ་བསྐོར་རྒོལ་བྱསཔ་དང༌། ཡེ་ཤུའི་ཆོས་སྤེལ་མཁན་ཕྱི་རྒྱལ་བ་༢༤༠ དང༌། རྒྱ་རིགས་ཡེ་ཤུའི་རྗེས་འཇུག་པ་ཁྲི་གཉིས་ལྷག་བསད་པ་མ་ཟད། ཆོས་ཚོགས་དང་འབྲེལ་བ་གང་ཡང་མེད་པའི་རྒྱ་རིགས་དཀྱུས་མ་དེ་ལས་མང་བ་ཞིག་དམར་བསད་དང༌། ས་གནས་ཁག་གི་ཡེ་ཤུའི་ལྷ་ཁང་མེར་བསྲེགས། ཕྱི་རྒྱལ་ཀྱི་དངོས་ཟོག་དང་ལྟ་གྲུབ་ལ་ཕྱོགས་ཡོངས་ནས་འགོག་རྒོལ་གྱི་དོན་རྐྱེན་བསླངས། ནུབ་ཕྱོགས་པས་དོན་རྐྱེན་འདིར་(Boxer Rebellion) ཟེར་གྱི་ཡོད།

ཛ་དྲག་གི་གནས་སྟངས་དེའི་ཐད། རྒྱལ་མོ་ཚི་ཞི་ཡིས་ཕྱི་རྒྱལ་ཁག་གི་ཕྱི་འབྲེལ་མི་སྣས་གནད་དོན་ཞི་འཇགས་ཡོང་ཐབས་ཀྱི་འབྲེལ་གཏུགས་ལ་བཟང་ཕྱོགས་ཀྱི་བརྡ་ལན་སྤྲད་མེད་པར་མ་ཟད། དེ་ལས་ལྡོག་སྟེ། སྤྱི་ལོ་༡༩༠༠ ལོའི་ཟླ་༡ ནང་" དབྱི་ཧོ་ཐོན་" ལ་གཞུང་འབྲེལ་རྒྱབ་རོགས་བྱེད་དགོས་པའི་བཀའ་རྒྱ་བཏང་སྟེ། ས་གནས་འགའ་ཤས་སུ་ཚོགས་པ་དེར་དམག་ཕོགས་རྒྱགས་སྤྲོད་དང༌། གཞུང་གི་དམག་དཔུང་སྐོར་ཞིག་དེའི་ནང་འཛུལ་དུ་བཅུག་པས། དྲག་ཟིང་གི་གཞི་རྒྱ་སྔར་བས་ཇེ་ཆེར་ཕྱིན་ཏེ། པེ་ཅིན་དུ་ས་ཁག་སོ་སོ་ནས་ཡོང་བའི་ཚོགས་པ་དེའི་མི་སྣ་འབུམ་གཅིག་ལྷག་འཛོམས། ཕྱི་འབྲེལ་གྱི་གྲོས་མོལ་ལ་ཕན་འབྲས་མ་ཐོན་པ་དང༌། དྲག་ཟིང་གི་རྣམ་པ་ཉིན་རེ་བཞིན་ཇེ་ཐུར་འགྲོ་བཞིན་ཡོད་པར་བརྟེན། ཉི་ཧོང་དང་ཨུ་རུ་སི། དབྱིན་ལནྜ། ཧྥ་རན་སི། འཇར་མན། ཨ་རི། དབྱི་ཊ་ལི། རྒྱལ་པོ་གཅིག་གི་དབང་བསྒྱུར་འོག་ཡོད་པའི་ཨོ་སི་ཊོ་ལི་ཡ་དང་ཧང་གྷ་རི་མནའ་འབྲེལ་(Austro-Hungarian Empire) བཅས་རྒྱལ་ཁབ་བརྒྱད་མཉམ་འབྲེལ་བྱས་པའི་དམག་དཔུང་གིས་གཞུང་ཚབ་ཁང་སྲུང་སྐྱོབ་ཀྱི་མིང་ཐོག་ནས་རྒྱ་ནག་ཏུ་དཔུང་འཇུག་བྱས་ཤིང༌།

ཟླ་༦ ཚེས་༢༡ ཉིན། མན་ཇུ་གཞུང་གིས་ཀྱང་དམག་འཐབ་ཀྱི་ཁྱབ་བསྒྲགས་དང་མཉམ་དུ། ཕྱི་རྒྱལ་བ་ཕོ་གསོད་མཁན་ལ་དངུལ་སྲང་ལྔ་བཅུ་དང༌། ཕྱི་རྒྱལ་བ་མོ་གསོད་མཁན་ལ་དངུལ་སྲང་བཞི་བཅུ། ཕྱི་རྒྱལ་བའི་ཕྲུ་གུ་གསོད་མཁན་ལ་དངུལ་སྲང་སུམ་ཅུ་གཟིགས་གསོལ་སྤྲོད་རྒྱུའི་ཐ་ཚིག་བཀྲམ། མཉམ་འབྲེལ་དམག་གིས་ཟླ་༧ ཚེས་༡༤ ཉིན་ཐེན་ཅིན་བཟུང་བ་དང༌། ཟླ་༨ ཚེས་༡༦ ཉིན་པེ་ཅིན་བཟུང༌། རྒྱལ་མོ་ཚི་ཞི་དང་ཕོ་བྲང་གི་སྐུ་འཁོར་རྣམས་ཞི་ཨན་དུ་བྲོས། སྤྱི་ལོ་༡༩༠༡ ལོའི་ཟླ་༩ ཚེས་༧ ཉིན། བཙན་ཤེད་ཀྱིས་མན་ཇུ་གཞུང་གིས་དངུལ་སྲང་དུང་ཕྱུར་༤་༥ གུན་གསབ་སྤྲོད་དགོས་པའི་" ལྕགས་གླང་ཆིངས་ཡིག་" བཞག་ལོ་དེ་ནས་བཟུང༌། སུན་ཀྲུང་ཧྲན་གྱིས་མགོ་འཁྲིད་པའི་གསར་བརྗེ་ཚོགས་པས་གོ་མིང་ཏང༌།གྱེན་ལངས་ཀྱི་ལས་འགུལ་གཅིག་རྗེས་གཉིས་མཐུད་དུ་སྤེལ་བ་དང༌། གྱེན་ལངས་ཕམ་ཉེས་ཐེངས་བཅུ་བྱུང་བའི་རྗེས་ཀྱི་སྤྱི་ལོ་༡༩༡༢ ཟླ་༡ ནང༌། ཀྲུང་ཧྭ་མི་སེར་རྒྱལ་ཁབ་དངོས་སུ་བཙུགས།

དེང་དུས་རྒྱ་ནག་ལོ་རྒྱུས།[རྩོམ་སྒྲིག]

ཞིབ་ཕྲའི་གནད་དོན་ རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་ལོ་རྒྱུས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་གཟིགས་རོགས།

རྒྱལ་རབས་མཁན་ཚང་མས་ཁས་ལེན་པ་ཞིག་ལ། ཆིང་རྒྱལ་རབས་ཀྱི་ཉམས་རྒྱུད་དེས་རྒྱ་ནག་ཀྱི་དེང་རབས་ལོ་རྒྱུས་དབྱེ་འཚམ་ཞིག་ཡིན། འོན་ཀྱང་ཆིང་རྒྱལ་རབས་ཀྱི་ཉམས་རྒྱུད་དུ་འགྲོ་བའི་རྒྱུ་རྐྱེན་ནི་གོང་གི་ལོ་ངོ་ ༡༣༠ རིང་གྱི་ལོ་རྒྱུས་ལྡན་ཡོད། ཀོ་ལོམ་པི་ཡའི་དེང་དུས་རྒྱ་ནག་རྒྱལ་རབས་ཀྱི་སློབ་སྟོན་་རྩོམ་སྒྲིག་པ་ཁེའ་ཐ་ཤོའོ་པས་ཁུངས་སྐྱེལ་ར་སྤྲོད་བྱེད་པར་གཞིགས་ན། སྤྱི་ལོ་1780 ལོའིདབྱེ་འཚམ་ནི་དེང་རབས་རྒྱ་ནག་གྱི་ལོ་རྒྱུས་འགོ་འཙུགས་ས་ཞིག་ཡིན། དུས་རབས་བཅུ་དགུ་དང་ཉི་ཤུའི་ནང་རྒྱ་ནག་ཆབ་སྲིད་གཡང་གཟར་ཉམས་རྒུད་དེ་ཡོང་རྐྱེན་ཕྱོགས་སྡོམས་ཞིག་ཏུ་ཡིན་པ་ཚོར་ཐུབ།

གོ་མིན་རྒྱལ་ཁབ།་ཀྱི་ལོ་རྒྱུས། (1912–1949)[རྩོམ་སྒྲིག]

རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་ལོ་རྒྱུས་རྒྱས་པ་འདིར་གཟིགས་རོགས།

རྒྱལ་ས་ : ནན་ཅིང་དང། པེ་ཅེངཁྲུང་ཆིན་ དེ་མིན་དམག་འཁྲུག་སྐབས་ཀྱི་ཡུན་ཐུང་རྒྱལ་ས་ཁག་ཅིག། 1949རྗེས་སུ་ ཐའི་པའི

སུན་ཏུང་ཧྲན་, མི་སེར་རྒྱལ་ཁབ་ཀྱི་སྲིད་འཛིན་དང་པོ།

མཁས་དབང་སུན་ཏུང་ཧྲན་གྱི་གསར་བརྗེ་བསམ་བློས་གཡོ་འགུལ་བློ་སྤོབས་སྤེལ་བར་བརྟེན། སློབ་ཕྲུག་ཚོགས་པ་དང་ གཞོན་སྐྱེས་ལས་མི། དམག་ཞབས་མི་སྣ་སོགས་ཀྱི་མན་ཇུ་གོང་མ་ཚང་ཀྱི་ཞུམ་པའི་གནས་སྟངས་དང་ཞེ་སུན་འོག་ཆིང་སྲིད་གཞུང་འགོ་བརྟིང་སློག་ཏེ་མི་སེར་རྒྱལ་ཁབ་དབུ་བརྙེས། 1911 ལོའི་ཟླ་བ་བཅུ་པའི་ཚེས་བཅུ་ཉིན་ཝུའུ་ཧན་དུ་དྲག་དམག་གྱེན་ལངས་གསར་བརྗེ་འམ་ཝུའུ་ཁྲང་གྱེན་ལངས་དེ་བྱུང། 1912 ལོའི་ཟླ་བ་གསུམ་པའི་ཚེས་12ཉིན་ནན་ཅིང་དུ་མི་སེར་རྒྱལ་ཁབ་ཀྱི་འཕྲལ་སེལ་སྲིད་གཞུང་བཙུགས།

སྲིད་འཛིན་དང་པོར་སུན་ཏུང་ཧྲན་བསྐོ་བཞག་མཛད། འོན་ཀྱང་མན་ཇུ་གོང་མ་མཐའ་མ་དེ་གནས་དབྱུང་གཏོང་ཆེད་བཞག་པའི་གྲོས་མཐུན་ཡི་གེ་གཞིར་གཟུང། ཆབ་སྲིད་འགན་དབང་རྣམས་དམག་དོན་དཀོད་འདོམས་པ་དང་དེ་སྔོན་ཆིང་སྲིད་གཞུང་སྐབས་ཀྱི་སྲིད་བློན་ཡོན་ཤི་ཁའི་ལ་རྩིས་སྤྲོད་བྱེད་དགོས་བྱུང། ཐག་གཅོད་དེར་སུན་ཏུང་ཧྲན་ཁོང་རྗེས་སུ་བློ་ཕམ་ཤུགས་ཆེ་སྐྱེས། རྗེས་ཀྱི་ལོ་ཤས་ནང་ཡོན་ཤི་ཁས་རྒྱལ་ཁབ་དང་ས་ཁུལ་རིམ་པའི་གྲོས་ཚོགས་སྣུབ་སྟེ་གོང་མའི་ལམ་ལུགས་བསྐྱར་གསོའི་ཐབས་ཤེས་སྣེ་མང་སྤྱད། 1915ལོའི་ཕྱིས་སུ་ཁོང་རང་ཉིད་གོང་མ་ཡིན་སྐོར་ཁྱབ་བསྒྲགས་བྱས། སྐབས་དེའི་ཡོན་གྱི་ཆབ་སྲིད་ཕུགས་འདུན་དེར་རང་ཉིད་ཀྱི་གཤམ་འོག་མི་སྣས་ངོ་ལོག་ཤུགས་ཆེར་བྱས་རྐྱེན། 1916ལོའི་ཟླ་བ་གསུམ་པའི་ནང་གནས་དབྱུང་བཏང། ལོ་དེའི་ཟླ་བ་དྲུག་པའི་ནང་འདས་གྲོངས་སུ་ཕྱིན།

1916 ལོའི་ཡོན་ཤི་ཁའི་གློ་བུར་འདས་གྲོངས་དེས་རྒྱ་ནག་གི་ཆབ་སྲིད་གི་བསྟི་གནས་སྟོང་ཆར་ལུས། སྤྱིར་གོ་མིན་སྲིད་གཞུང་ཀྱི་བདག་དབང་མུ་མཐུད་གནས་ཀྱང་བརྟན་ལྷིངས་ཞིག་ནམ་ཡང་མེད། དེས་དམག་ཀྱི་རྗེ་བོའི་དུས་རབས་བསྐྱར་བསུས་བྱས། སྐབས་དེར་རྒྱལ་ཁམས་ཡོང་རྫོགས་ཞིང་ཆེན་རིམ་པའི་དམག་དཔུང་ཀྱི་འགོ་འཁྲིད་མི་སྣས་འཐབ་རྩོད་འོག་དབང་སྒྱུར་བྱས་ཡོད།

འཛམ་གླིང་དམག་ཆེན་དང་པོའི་མཇུག་འབྲས་དུ་བཞག་པའི་ཝར་སི་ལི་ཆིང་ཡིག་ནང་དོན་དུ་དེ་སྔ་འཇར་མན་གཞུང་ལ་ཡོད་པའི་རྒྱ་ནག་ཧྲན་ཏུང་གི་ཁེ་ཕན་ཁག་ཉི་ཧོང་ལ་རྩིས་སྤྲོད་བྱས་པས། པེ་ཅིང་དུ་སློབ་མ་གཙོ་བོར་གྱུར་པའི་མང་ཚོགས་ཀྱིས་མན་ཇུ་གཞུང་ལ་ངོ་རྒོལ་མཚོན་པའི་ཁྲོམ་སྐོར་སྐད་འབོད་དང༌། ལས་ཀ་དང་སློབ་ཁྲིད་མཚམས་འཇོག་སོགས་" བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་" བྱེད་པའི་" ལྔ་བཞི་ལས་འགུལ་" གྱི་ཤུགས་རྐྱེན་རྒྱ་ནག་ཧྲིལ་པོར་ཁྱབ་འཕེལ་བྱུང་སྟེ། ཤེས་ཡོན་ཅན་ཚོས་རྒྱ་ནག་རྒྱལ་ཁབ་དཀའ་ཉེན་ལས་སྐྱོབ་ཐབས་ལ་བསམ་གཞིགས་བགྲོ་གླེང་རྒྱ་ཆེར་བྱས། རྒྱ་ནག་ཕྱོགས་ནས་ཝར་སི་ལི་ཆིངས་ཡིག་ལ་མིང་རྟགས་འགོད་མེད། དེས་རྐྱེན་ངོ་རྒོལ་ལས་འགུལ་དེར་ལྷག་བསམ་གྱི་གྲུབ་འབྲས་ཆེན་པོ་ཞིག་ཐོབ། ལྔ་བཞི་ལས་འགུལ་གིས་བསྐུལ་རྐྱེན་བྱེད་པའི་རིག་གནས་ལས་འགུལ་གསར་པ་དེ་ 1920s དང་ 1930s ཙམ་གྱི་བཅུ་ཕྲག་ཁ་ཤས་ནང་ཡར་ངོའི་ཟླ་ལྟར་རྒྱས།

ཤེས་ཡོན་ཅན་ཚོས་རྒྱ་ནག་རྒྱལ་ཁབ་དཀའ་ཉེན་ལས་སྐྱོབ་ཐབས་ལ་བསམ་གཞིགས་བགྲོ་གླེང་རྒྱ་ཆེར་བྱས། ཁྲིན་ཏུའུ་ཞིའུ་དང་ལི་ཏ་ཀྲའོ་སོགས་མཁས་པ་སྐོར་ཞིག་གིས་རྒྱ་ནག་རྗེས་ལུས་དང་དབུལ་ཕོངས་ལས་སྐྱོབ་བྱེད་ནི་གུང་ཁྲན་རིང་ལུགས་ཁོ་ན་ཉིད་ཡིན་པའི་དྲིལ་བསྒྲགས་བྱས་པ་དང༌། ས་གནས་སོ་སོར་གུང་ཁྲན་རིང་ལུགས་ལ་ཞིབ་འཇུག་བྱེད་པའི་ཚོགས་ཆུང་ཡང་མང་དུ་དར། 1920ལོའི་ཟླ་བ་གསུམ་པར་ཝེ་ཅིང་སེ་ཅེ་སོགས་ཀྲུང་གོར་ཡོང་ནས་གུང་ཁྲན་ཏང་གི་ཡན་ལག་ཅིག་འཛུགས་རྩིས་བྱས། 1921ལོའི་ཟླ་བ3པར་ཁྲེན་ཏུའུ་ཞིའུ་དང་ལི་ཏ་ཀྲའོ། ཚའེ་ཧོ་སེན་སོགས་ཕན་ཚུན་འབྲེལ་གཏུགས་བྱུང་བ་དང་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་འཛུགས་རྒྱུའི་དམ་བཅའ་བརྟན་པོ་བཞག 1921ལོའི་ཟླ་བ་བདུན་པའི་ཚེས་ཉི་ཤུ་རྩ་གཉིས་ཉིན་རྒྱལ་ཡོངས་ཀྱི་ས་ཆ་ཁག་ནས་ཡོང་བའི་ཚོགས་མི་བཅུ་གསུམ་ཧྲང་ཧའེ་པོ་ཝུན་གྱི་སྐྱེས་མའི་སློབ་གྲྭའི་ཉལ་ཁང་དུ་ཐོག་དང་པོར་འདུ་འཛོམས་བྱས་ཤིང་། ཀྲུང་གོ་གུང་ཁྲན་ཏང་ཞེས་པ་ཡང་མི་རྣམས་ཀྱིས་སེམས་ཤུགས་བརྟན་པོས་རྒྱལ་སྤྱིའི་གླུ་གཞས་གཏོང་བ་དང་དུས་མཚུངས་སུ་དབུ་བརྙེས།

1941 ལོའི་སྐབས་གྱི་རྒྱ་ནག་དང་དབུས་ཨེ་ཤི་ཡ་རྒྱལ་ཁབ།
File:1942 Map of Japanese Empire.jpg
1942 ལོའི་སྐབས་གྱི་རྒྱ་ནག་དང་ཉི་ཧོང་རྒྱལ་ཁབ།

1925 ལོའི་དཔྱིད་ཀར། སུང་ཀྲུང་ཧྲན་པེ་ཅིན་དུ་འདས། 1926 ལོར། གོ་མིན་ཏང་ནང་ཁུལ་དུ་ཆབ་སྲིད་ལངས་ཕྱོགས་ཐད་རྩོད་གླེང་གིས་དུམ་བུ་གཉིས་སུ་གྱེས་པ་དང༌། ཅང་ཅེ་ཧྲི་ཡིས་གོ་མིན་ཏང་གི་དམག་སྤྱིའི་གོ་གནས་བཟུང་སྟེ། འབྲི་ཆུ་བྱང་རྒྱུད་ཀྱི་དམག་ཤེད་ཅན་འདུལ་འཇོམས་ཀྱི་དམག་འཁྲུག་བསླངས་པས་སྒེར་གྱི་གྲགས་པ་རྒྱས། གོ་མིན་ཏང་གི་ནང་ཁུལ་དུ་གུང་ཁྲན་ཏང་གིས་ལྐོག་ཇུས་གཤོམ་གྱི་ཡོད་ལུགས་ཀྱི་རྩོད་གླེང་བྱུང་བ་དང༌། དམར་ཤོག་ཚོགས་པས་ཧུའུ་ནན་སོགས་སུ་ས་ཞིང་བཅོས་བསྒྱུར་གྱིས་ཞིང་བདག་ལ་འཐབ་རྩོད་དང་ཁྲག་སྦྱོར་གྱི་དོན་རྐྱེན་བསླངས་པར།གོ་མིན་ཏང་གི་ས་གནས་ལས་བྱེད་ཚོས་བཟོད་སྒོམ་བྱེད་ཐབས་མེད་སྟབས། དམར་ཤོག་ཚོགས་མི་དང་འབྲེལ་ཡོད་ཆིག་སྟོང་ཙམ་བསད། 1927 ལོར་ཧྲང་ཧེ་དང་ཝུའུ་ཧན་སོགས་ནས་ཀྱང་དམར་ཤོག་ཚོགས་མི་གཙང་སེལ་གྱི་བྱེད་སྒོ་སྤེལ་བས ། གོ་གུང་མཉམ་འབྲེལ་གྱི་རྨང་གཞི་ཐོར་ཞིག་ཏུ་སོང༌།

1934 ལོའི་ཟླ་ 10 ནས་བཟུང༌། དམར་དམག་རྣམས་" ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་བསྐྱོད་" བྱེད་མགོ་ཚུགས། 1935 ལོའི་ཙུན་དབྱི་ཚོགས་འདུའི་སྟེང༌། མའོ་ཙེ་ཏུང་ལ་དམར་ཤོག་གི་དབང་ཆ་ཐོབ། དམར་དམག་རྣམས་ཅང་ཞི་དང་ཀོས་ཀྲོའུ། སི་ཁྲོན། མདོ་ཁམས་གཉིས་ཀྱི་ས་ཐོག་ཏུ་སླེབས་ཏེ་འཕྲོག་བཅོམ་གྱི་སྤྱོད་ངན་ཚབས་ཆེ་བརྩམས་ཡོད་ཚུལ་མའོ་ཙེ་ཏུང་གིས་ཨ་རིའི་གསར་འགོད་པ་སི་ནོ་ལ་ཁས་ལེན་བྱས་ཡོད། ཀན་སུའུ། ཧྲའན་ཞི་བཅས་བརྒྱུད་དེ། མཐར་ཧྲའན་ཞི་བྱང་རྒྱུད་དུ་ལིའུ་ཀྲི་ཏན་གྱི་དམག་དཔུང་དང་བསྡོངས་ཏེ། ཧྲའན་ཀན་ཉིན་རྟེན་གཞི་བཙུགས་པ་དང༌། རྒྱང་བསྐྱོད་ཀྱི་མཐའ་འབྲས་སུ་དམར་དམག་བརྒྱད་ཁྲི་དྲུག་སྟོང་ལྷག་ཙམ་ནས་ཁྲི་གཅིག་ཡས་མས་ལས་ལྷག་མེད། དེ་ལྟར་གོ་གུང་མཉམ་འབྲེལ་ཐེངས་དང་པོ་ནི་དམར་ཤོག་ཚོགས་པ་རྦད་དེ་ཕམ་ཉེས་སུ་ཕྱིན་ཏེ་མཇུག་བསྒྲིལ། རི་འགོག་དམག་འཁྲུག་དང་གོ་གུང་མཉམ་འབྲེལ་གཉིས་པ། སྤྱི་ལོ་ 1931 ཟླ་ 9 ནང༌། ཉི་ཧོང་རྒྱ་ནག་གིས་ཉི་ཧོང་ལ་རི་པིན་ཟེར།གིས་རྒྱ་ནག་ཤར་བྱང་གི་ས་ཆ་བཙན་བཟུང་བྱས། 1936 ལོ་མཇུག་ཏུ། གོ་གུང་གཉིས་མཉམ་འབྲེལ་གྱིས་ཉི་ཧོང་འགོག་རྒྱུར་གྲོས་མཐུན་བྱུང༌། སྤྱི་ལོ་1937 ཟླ་ 7 ཚེས་ 7 ཉིན། ཉི་ཧོང་དང་རྒྱ་ནག་དབར་ཕྱོགས་ཡོངས་ནས་དམག་འཐབ་མགོ་ཚུགས། གོ་གུང་མཉམ་འབྲེལ་གྱི་ལས་རིམ་ཐོག་མར། ཡན་ཨན་དུ་ཡོད་པའི་དམར་ཤོག་ཚོགས་པའི་སྲིད་གཞུང་དེ་གོ་མིན་ཏང་སྲིད་གཞུང་གི་ཐད་གཏོགས་ཡན་ལག་ལས་ཁུངས་སུ་བསྒྱུར་བ་དང༌། དམར་དམག་ཁྲི་བརྒྱད་ཙམ་ཡོད་པ་དེ་གོ་མིན་ཏང་གི་དམག་སྡེ་ཨང་བརྒྱད་པར་པ་ལུའུ་ཅུན།མིང་བསྒྱུར་བྱས། རྒྱང་བསྐྱོད་རྗེས་རང་སར་འཇབ་དམག་རྒྱག་མཁན་གྱི་འཇབ་དམག་རུ་ཁག་བརྒྱད་སྟོང་ཙམ་ཡོད་པ་དེ་དག་" གོ་མིན་གསར་བརྗེ་དམག་དཔུང་སྐམ་དམག་གསར་བཙུགས་ཅུན་ཤོག་བཞི་བ་" ཞིན་སི་ཅུན།ཞེས་པར་བཅོས་སྒྲིག་བྱས།

སྤྱི་ལོ་ 1945 ཟླ་ 8 ཚེས་ 6 ཉིན། ཨ་རིས་ཉི་ཧོང་གི་ཧི་རོ་ཤི་མར་རྡུལ་ཕྲན་མཚོན་ཆ་མ་རྡུལ་འབར་མདེལ།དང་པོ་གཡུག་སྟེ། ཉི་ཧོང་ཕམ་ཉེས་སུ་འགྲོ་རྒྱུར་གཏན་འཁེལ་བ་དང༌། ཚེས་༨ ཉིན་སུའུ་ལན་གྱིས་ཀྱང་ཉི་ཧོང་ལ་དམག་འཁྲུག་གི་ཁྱབ་བསྒྲགས་བྱས་ཤིང༌། རྒྱ་ནག་གི་ཤར་བྱང་ས་ཐོག་ཏུ་སླེབས། ཚེས་ 15 ཉིན་ཉི་ཧོང་གིས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་མགོ་བཏགས་ཞུས། འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ། གོ་མིན་ཏང་རྒྱལ་ཁ་ཐོབ་མཁན་མཐུན་གྲོགས་རྒྱལ་ཁབ་ཀྱི་ཁོངས་སུ་ཚུད་དེ། ཉི་ཧོང་གི་ལག་ནས་ཐའེ་ཝན་གྱི་བདག་དབང་རྩིས་ལེན་བྱས།

1946 ལོའི་ཟླ་ 6 ནང༌། གོ་མིན་ཏང་གིས་དམར་ཤོག་ཚོགས་པའི་རྟེན་གཞིར་གློ་བུར་དུ་འཇབ་རྒོལ་བྱས་ཤིང༌། ཕྱོགས་གཉིས་ནས་དོན་རྐྱེན་སློང་མཁན་སུ་ཡིན་ཁག་དཀྲི་བྱེད་ཞོར་དུ་གོ་གུང་གཉིས་ནང་འཁྲུག་གི་མགོ་ཚུགས། ཨ་རིས་གོ་མིན་ཏང་ལ་དམག་དོན་གྱི་རོགས་རམ་མཚམས་འཇོག་བྱས་པས། གོ་མིན་ཏང་ཉམས་རྒུད་ཀྱི་ཐུར་ལམ་དུ་དེད། ལོ་མཇུག་ཏུ་གོ་མིན་ཏང་གིས་མགོ་འཁྲིད་པའི་སྲིད་དོན་ཚོགས་པ་ཁག་ཅིག་གིས་ཁྲིམས་བཟོའི་ཚོགས་ཆེན་བསྐངས་ཏེ། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཏན་འབེབས་དང༌། སྲིད་འཛིན་འོས་འདེམས་བྱས་པར། གུང་ཁྲན་ཏང་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱས་པས། གོ་གུང་གཉིས་རྦད་དེ་དགྲ་ཟླར་གྱུར། རྒྱལ་ཡོངས་སུ་ནང་འཁྲུག་གི་རྐྱེན་པས་དངུལ་ལོར་འགྲེམས་ཐལ་ཤོར་བ་དང༌། དཔལ་འབྱོར་དང་དངུལ་ལོར་གྱི་སྒྲིག་སྲོལ་རྨང་ནས་འཇིག་ལ་ཉེ་བའི་གནས་སྟངས་ལ་གཞིགས་ཏེ། སྤྱི་ལོ་ 1947 ཟླ་ 7 ནས་བཟུང༌། གུང་ཁྲན་ཏང་གིས་སློབ་མའི་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་ལ་སྐུལ་སློང་དང༌། མི་སེམས་འགུག་ཐབས་ཀྱི་དྲིལ་བསྒྲགས། སོ་མྱུལ་འབོར་ཆེན་བཏང་ནས་དམག་དོན་གསང་གནས་ལོན་ཐབས། གྲོང་གསེབ་ཀྱིས་གྲོང་ཁྱེར་བསྐོར་བསྐྱིལ་སོགས་ཀྱི་འཐབ་ཇུས་སྤྱད་དེ་གོ་མིན་ཏང་ལ་ཕྱོགས་ཡོངས་ནས་ཕར་རྒོལ་བྱེད་མགོ་བརྩམས།

1948 ལའི་ཟླ་ 10 ཚེས་ 10 ཉིན། གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་མིང་ཐོག་ནས། " ཅང་ཅེ་ཧྲི་ཕམ་པར་རྒྱོབས། རྒྱལ་ཡོངས་བཅིངས་འགྲོལ་གཏོང་" ཞེས་སོགས་ཀྱི་འབོད་ཚིག་བསྒྲགས། ཅང་མ་འགོར་བར། བཅིངས་འགྲོལ་དམག་གིས་རྒྱལ་ཕམ་ཐག་གཅོད་ཀྱི་གཡུལ་བཤམས། སྤྱི་ལོ་ 1948 ལོ་ནས་འགོ་འཙུགས་ཏེ་ པེ་ཅིང་དང་ཐེན་ཅིན་སོགས་བྱང་རྒྱུད་ཀྱི་ས་ཁུལ་རྒྱ་ཆེན་ཞིག་བཅད་བཟུང་བྱས། " ཕིན་ཅིན་གཡུལ་འགྱེད་" དང་ " ཧའེ་ཧེ་གཡུལ་འཁྲུག་" སོགས་ཅང་སུའུ་དང་ཨན་ཧོས་བྱང་རྒྱུད་དམག་འཐབ་ཆེ་ཁག་འདི་གསུམ་བརྒྱུད། གུང་ཁྲན་ཏང་གིས་འབྲི་ཆུའི་བྱང་རྒྱུད་ཀྱི་རྒྱ་ནག་གི་ས་སྡེ་ཕལ་མོ་ཆེ་བདག་ཏུ་བཟུང༌། གོ་མིན་ཏང་གི་དམག་དཔུང་རི་ལུག་པ་ལྟར་ཕམ།

1949 ལོའི་ཟླ་དང་པོར། ཅང་ཅེ་ཧྲི་སྲིད་ཁྲི་ལས་བབས། ལི་ཙུང་རིན་གྱིས་སྲིད་འཛིན་ལས་ཚབ་ཀྱི་མིང་ཐོག་ནས། འབྲི་ཆུའི་ལྷོ་བྱང་གི་ས་ཁོངས་བགོ་བཤའ་བརྒྱབ་སྟེ་འཛིན་སྐྱོང་བྱ་རྒྱུའི་གྲོས་མགོ་བཏོན་པར་གུང་ཁྲན་གིས་ཁས་མ་བླངས་པ་དང༌། ཟླ་ 4 ནང༌། མི་དམངས་བཅིངས་འགྲོལ་དམག་འབྲི་ཆུ་བརྒལ་ཏེ་དཔུང་བཏེག ཚེས་ 23 ཉིན་ནན་ཅིན་བླངས། གོ་མིན་ཏང་གིས་རྒྱ་ནག་ལ་དབང་བསྒྱུར་བའི་དུས་རབས་དེ་མཇུག་བསྒྲིལ། །

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ། (1949–ད་ལྟ་བར་)[རྩོམ་སྒྲིག]

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་རྒྱས་པ་འདིར་གཟིགས་རོགས།

1949 ལོར་མའོ་ཀྲུ་ཞིས་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་གསལ་བསྒྲགས་མཛད།

མི་སེར་ནང་འཁྲུག་གི་འཐབ་རྒོལ་གཙོ་བོ་དེ་ 1949 ལོར་འཇུག་སྒྲིལ་བ་དང། གོ་མིན་སྲིད་གཞུང་ཡང་རྒྱ་ནག་སྐམ་ས་ཆེན་མོ་ནས་ཕྱིར་འཐེན་བྱས། རྟེན་གཞི་ཐེ་ཝན་ལ་སྤོས་ཏེ་ཉེ་འཁོར་གྱི་གླིང་ཕྲན་ཁག་ལ་རྒྱུན་སྲིང་འཛིན་སྐྱོང་བྱས། རྒྱ་ནག་ཏང་ཤོག་ཚོགས་པས་མུ་འཐུད་རྒྱ་ནག་སྐམ་ས་ཆེན་མོར་དབང་སྒྱུར་མཛད། 1949 ཟླ་བ་བཅུ་བའི་ཚེས་གཅིག་ཉིན་གནམ་བདེ་སྒོ་མོའི་ཐང་ཆེན་དུ་ མའོ་ཀྲུ་ཞིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་གསལ་བསྒྲགས་མཛད། ཀྲུང་གོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འམ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་དོན་གཅིག་ཡིན།

ཀྲུང་གོ་གསར་པ་ནི་ལས་འགུལ་དང་ལོ་ལྔ་ཚན་གྱི་འཆར་གཞི་ལྟར་གྲུབ་འབྲས་གང་ཙམ་འཐོབ། མདུན་སྐྱོད་ཆེན་མོ་ཞེས་པའི་སྤྱི་ཚོགས་དང་དཔལ་འབྱོར་ལས་འགུལ་དེས་རྐྱེན་པས་ཧ་ལམ་མི་འབོར་ས་ཡ་ 45 ཙམ་སྲོག་ཤོར། 1966 ལོར་ མའོ་རྩེ་ཏུང་དང་ཤོག་ཁས་རིག་གནས་གསར་བརྗེ་འགོ་བཙུགས། དེ་མུ་མཐུད་ལོ་བཅུ་ཙམ་རྗེས་མའོ་མ་ཤི་བར་གནས། དམར་ཤོག་ཚགས་པའི་ནང་ཁུལ་གྱི་སྲིད་དབང་འཐབ་རྩོད་དང་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ། རྒྱ་ནག་སྤྱི་ཚོགས་སྟེང་གནོན་ཤུགས་ཡོང་བར་དྭོགས་སྟེ་རིག་གནས་གསར་བརྗེ་ནི་ཀུན་སློང་བྱས། རྒྱ་ནག་སྤྱི་ཚོགས་སྟེང་གསར་བརྗེའི་གྱེན་ལངས་གལ་ཆེ་ཞིག་ཏུ་འགྱུར།

1972 ལོར་ཨུ་རུ་སུ་དང་རྒྱ་ནག་ཁ་གྱེས་པའི་ཛ་དྲག་དུས་སྐབས་འདིར། ཨ་རི་གཉམ་དུ་འབྲེལ་ལམ་བཟང་ཏུ་གཏོང་ཆེད་མའོ་དང་ཀྲའུ་ཨན་ལིས་རྒྱལ་ས་པེ་ཅེང་དུ་རི་ཅར་ནི་སོན་དང་བཇལ་འཕྲད་གནང། དེ་ལོར་རང་དུ་མཉམ་འབྲེལ་རྒྱལ་ཚོགས་དུ་མིན་གྭོ་རྒྱལ་ཁབ་ཀྱི་རྐུབ་སྟེགས་ཚབ་ཏུ་ཀྲུང་གོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་ཆོགས་ཞུགས་མི་སྣ་དང། མ་ཟད་སྡེ་སྲུང་ལྷན་ཁང་གི་གཏན་འཇགས་ཚོགས་མིར་འགྱུར།

1976 ལོར་མའོ་རྩེ་ཏུང་གྲོངས་རྗེས་རྒྱ་ནག་དབུས་གཞུང་གི་དབང་ཆ་བགོ་འགྲེམས་ལ་མཚམས་ཚིགས་གསལ་བོ་མེད་པའི་དབང་གིས། ཕྱོགས་སོ་སོ་ནས་དབང་རྩོད་ཀྱི་ཚ་ངར་འཕྱུར་ཏེ། སྲིད་དབང་གི་འཐབ་ཙོད་མཇུག་འཐུད། " མི་བཞི་ཤོག་ཁག་" འཛིན་བཟུང་དང༌། ཏིན་ཞའོ་ཕིན་ཐེངས་གསུམ་པར་སྲིད་དབང་འཐབ་རྩོད་དུ་ཞུགས་པས། རྒྱ་ནག་ལ་ལོ་རྒྱུས་ཀྱི་དུས་རིམ་གསར་པ་ཞིག་ཕྱེས། ཧྭ་ཡིས་ཕྱོགས་སྔར་ལངས་པའི་" མི་བཞི་ཤོག་ཁག་" གཞོམ་ཆེད། ལག་གང་སྔ་བརྩད་དེ། སྐབས་དེར་དམག་གི་དབང་ཆ་ལག་ཏུ་ཡོད་པའི་ཡེ་ཅིན་དབྱིང་དང་མཉམ་འབྲེལ་གྱིས། ལོ་དེའི་ཟླ་༡༠ ཚེས་༦ ཉིན་ཅང་ཆིན་སོགས་ཚོགས་འདུར་འབོད་འགུག་གིས། དབུས་སྐུ་སྲུང་དམག་སྡེའི་འགོ་བ་ཝང་ཏུང་ཞིན་ལ་སྐུ་སྲུང་དམག་སྡེ་༨༣༤༡ བཀོད་སྒྲིག་བྱེད་དུ་བཅུག་སྟེ། " མི་བཞི་ཤོག་ཁག་" དང་ཕྱོགས་གཏོགས་རྣམས་འཕྲལ་མར་འཛིན་བཟུང་གིས་ཟུར་བཀར་ཞིབ་བཤེར་བྱས། ཚེས་༡༨ ཉིན་ཧྭ་གོ་ཧྥིན་གྱིས་དབུས་དམར་ཤོག་ཚོགས་པའི་མིང་ཐོག་ནས་" མི་བཞི་ཤོག་ཁག་" ཕམ་པར་བརྒྱབ་པའི་བརྡ་ཁྱབ་བཏང༌། ༡༩༧༧ ལོའི་ཟླ་༨ པར་ཏང་གི་ཚོགས་ཆེན་བཅུ་གཅིག་སྟེང༌། " རིག་གནས་གསར་བརྗེ་" དངོས་སུ་མཇུག་བསྒྲིལ་བའི་ཁྱབ་བསྒྲགས་བྱས།

ཏིན་ཞའོ་ཕིན་ནི་ལོའི་བར་རྒྱ་ནག་གི་དབུ་ཁྲིད་