Jump to content

ཀྲུང་གོའི་བོད་ལྗོངས་དྲ་བ།

ཡོང་ཁུངས་Wikipedia

ཀྲུང་གོའི་བོད་ལྗོངས་དྲ་བ་ནི་༢༠༠༠ལོར་ཐོག་མར་གསར་དུ་བཙུགས་པ་དང་། ད་ལྟ་རྒྱ་ཡིག་དང་། དབྱིན་ཡིག བོད་ཡིག འཇར་ཡིག ཧྥན་རན་སིའི་ཡིག་རིགས་བཅས་ཡིག་རིགས་ལྔ་ཡི་ལམ་ནས་བོད་ཀྱི་ཆ་འཕྲིན་སྤེལ་ནས་རྒྱལ་ཕྱི་རྒྱལ་ནང་གི་དྲ་གྲོགས་རྣམས་ལ་བོད་ལྗོངས་ངོ་སྤྲོད་བྱེད་པ་གཙོ་གནད་དུ་བཟུང་བའི་རྒྱལ་ཁབ་རིམ་པའི་གསར་འགྱུར་དྲ་ཚིགས་ཞིག་དང་། བོད་དོན་ལ་ཆེད་དུ་བཙུགས་པའི་ཕྱོགས་བསྡུས་རང་བཞིན་གྱི་དྲ་བ་ཆེ་ཤོས་དེ་ཡིན། དེ་ཡང་གཙོ་བོ་བོད་ཀྱི་འཕེལ་རྒྱས་ལ་ཞབས་ཞུ་དང་། བོད་མི་རིགས་ཀྱི་ཕུལ་བྱུང་རིག་གནས་བརྒྱུད་སྒྲོག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ལ་ཤེས་རྟོགས་གསལ་བོ་བྱེད་པར་སྐུལ་འདེད་བཅས་བྱེད་པ་དམིགས་སུ་བཟུང་ནས། བོད་འབྲེལ་གྱི་ཆ་འཕྲིན་ཐོན་ཁུངས་ལེགས་སྒྲིག་བྱས་ཁར། སྤྱི་དང་ཕྱོགས་ཐམས་ཅད་ནས་འཛམ་གླིང་ཡོངས་ལ་བོད་ཀྱི་ལོ་རྒྱུས་དང་དངོས་ཡོད་གསལ་པོར་སྟོན་རྒྱུ་དེ་ཡིན། རྒྱལ་ཕྱི་རྒྱལ་ནང་གི་ལས་རིགས་ཁག་གི་དྲ་དམངས་ཀྱིས་རྒྱབ་སྐྱོར་གང་ལེགས་གནང་འོག དྲ་ཚིགས་ཀྱིས་སྐད་རིགས་སྣ་མང་དང་། སྨྱན་བྱེད་སྣ་མང་། བྱེད་ནུས་སྣ་མང་བཅས་སུ་གཏོང་བར་ཤུགས་བསྣན་པའི་ཐོག ཆེད་སྒྲིག་ཆ་འཕྲིན་སྔར་བས་ཕུན་སུམ་ཚོགས་པ་དང་། བརྒྱུད་བསྒྲགས་བྱེད་སྟངས་སྔར་བས་གསོན་ཉམས་ལྡན་པ། དྲ་རྒྱའི་ཞབས་ཞུ་སྔར་བས་སྣ་མང་ཡིན་པ་བཅས་དྲ་དམངས་འགུག་པའི་བྱེད་ཐབས་བཀོད་ནས་འཛམ་གླིང་ཡོངས་ནས་སྙན་གྲགས་ཧ་ཅང་ཆེ་བའི་བོད་འབྲེལ་དྲ་ཚིགས་ཤིག་ཏུ་གྱུར་བར་ཧུར་བརྩོན་བྱེད་རྒྱུ་དེའོ།