Jump to content

ཀུན་དགའ་སྙིང་པོ།

ཡོང་ཁུངས་Wikipedia
ཀུན་དགའ་སྙིང་པོ།

ཀུན་དགའ་སྙིང་པོ་ནི་ནང་པ་སངས་རྒྱས་ཀྱི་ལྷ་གཙོ་བོ་ཞིག་རེད།

ལོ་རྒྱུས།

[རྩོམ་སྒྲིག]

པར་རིས་བར་འཁྱམས།

[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།

[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།

[རྩོམ་སྒྲིག]

དཔལ་ས་སྐྱ་ྋགོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ལ་ནང་ཆོས་སྐོར་འདི་ག་གསར་ཁང་གིས་བཅར་འདྲི་ཞུས། དྲི་བ། སྤྱིར་ནང་པའི་ཆོས་ཞེས་པའི་གོ་དོན་གང་ཡིན་གསུང་རོགས། ལན། སྤྱིར་བཏང་ཆོས་ཞེས་པ་དེ་སཾསྐྲྀཏའི་ཚིག་དྷརྨ་ཟེར་བ་དེ་ལ་གོ་རྒྱུ་མང་པོ་ཡོད་རེད། ང་ཚོ་ནང་པའི་ཆོས་ཞེས་པ་དེ་འགྱུར་བ་གཏོང་རྒྱུ་ཞིག་རེད། ང་རང་ཚོའི་སེམས་རྒྱུད་མ་དུལ་བ་འདུལ་བ་དང༌། མ་ཞི་བ་ཞི་བར་བྱེད་པ། གང་ལྟར་སེམས་རྒྱུད་ལེགས་པར་འདུལ་ནས། དེ་ནས་ཡར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་བགྲོད་པར་བྱེད་པའི་ཐབས་ཤིག་ལ་ནང་ཆོས་ཟེར་གྱི་ཡོད་པ་རེད། དྲི་བ། དེང་སང་ཚན་རིག་དང་ནང་ཆོས་གཉིས་བར་མཐུན་པའི་ཆ་མང་པོ་ཡོང་གི་ཡོད་པ་དེའི་རྒྱུ་མཚན་གང་ཡིན་ནམ། ལན། དེ་གང་ཡིན་ཟེར་ན། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་ནས་གསུངས་པ་ཡིན་སྟབས། དངོས་པོའི་གནས་ཚུལ་དང་མཐུན་པ་ཞིག་ཡོང་གི་རེད་པཱ། ཚན་རིག་པ་རྣམས་ཀྱིས་ཇི་ཙམ་བརྟག་དཔྱད་བྱས་པ་ཡིན་ནའང༌། དེ་ཙམ་གྱིས་གཟི་བརྗིད་ཆེ་རུ་ཆེ་རུ་འགྲོ་ཡི་ཡོད་པའི་རྒྱུ་མཚན་དེ་འདྲ་ཡིན་གྱི་རེད། དྲི་བ། ནང་པས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་དོན་གང་ཡིན་ནམ། ལན། དེ་གང་ཡིན་ཟེར་ན། ད་ལྟ་ང་རང་ཚོ་འཁོར་བ་ལ་འཁྱམ་བསྡད་ཡོད་རེད་པཱ། འཁོར་བ་ལས་ཐར་བའི་ཐར་པའི་ལམ་དུ་བགྲོད་པར་བྱེད་པ་ལ་ལམ་སྟོན་མཁན་ཞིག་དང༌། ལམ་དངོས་གནས་ཤིག ལམ་ལ་འགྲོ་བའི་སྐབས་སུ་རོགས་པ་ཞིག་དགོས་པ་རེད། སྤྱིར་བཏང་ང་རང་ཚོ་ཐག་རིང་པོ་དང་དཀའ་ལས་ཁག་པོ་ཞིག་ལ་འགྲོ་དགོས་པ་ཡིན་ན། ལམ་མ་ནོར་བ་སྟོན་ཐུབ་མཁན་གྱི་མི་གཅིག་དང༌། ལམ་དེའི་ཐོག་ལ་རང་གིས་འབད་བརྩོན་བྱས་ནས་འགྲོ་དགོས་པ། རོགས་པ་ཞིག་ཀྱང་དགོས་པ་དེ་ནང་བཞིན་བྱས་ནས། སངས་རྒྱས་དཀོན་མཆོག་དེ་ལམ་སྟོན་པ་པོ། ཆོས་དེ་ལམ་དངོས། དགེ་འདུན་དེ་ལམ་གྱི་གྲོགས་དེ་འདྲ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་སྐྱབས་གནས་དཀོན་མཆོག་གསུམ་ཞེས་པ་དེ་དགོས་ཀྱི་ཡོད་པ་རེད། དྲི་བ། ནང་པའི་ཆོས་ཀྱིས་འཇིག་རྟེན་པའི་སྤྱི་ཚོགས་འཕེལ་རྒྱས་ལ་གནོད་པ་བྱེད་སྲིད་དམ། ལན། བྱེད་སྲིད་ཀྱི་མ་རེད། གང་ཡིན་ཟེར་ན། མི་ཚེ་ཚང་མ་རང་རང་གི་ལས་ལ་བརྟེན་ནས་བྱུང་བ་རེད། འཇིག་རྟེན་པའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལེགས་ཆ་ཚེ་རིང་བ་དང༌། ནད་མེད་པ། ལོངས་སྤྱོད་ཆེ་བ། བསམ་པའི་དོན་འགྲུབ་པ་དང༌། ཡར་རྒྱས་འགྲོ་བ་ལ་སོགས་པ་དེ་དག་ཐམས་ཅད་ཀྱང༌། རང་རང་གི་ལས་བཟང་པོ་བསགས་པ་ལ་བརྟེན་ནས་བྱུང་བ་རེད་ཅེས་གསུངས་པ་རེད། དེ་འདྲ་ཡིན་དུས་ལས་བཟང་པོ་བསགས་པ་ཡིན་ན། རང་བཞིན་གྱིས་སྐྱིད་པོ་དང་ཡག་པོ་ཡོང་གི་རེད། ལས་ངན་པ་བསགས་པ་ཡིན་ན། རང་བཞིན་གྱིས་སྡུག་པོ་དང༌། མར་འགྲོ་བ་དེ་འདྲ་ཡོང་གི་ཡོད་དུས། བསོད་ནམས་ཡོད་མཁན་གྱི་མི་དེས་ལས་ཀ་ག་རེ་སྒྲུབ་པ་དང༌། ག་རེ་བསམ་པ་ཡིན་ཡང་དེ་འགྲུབ་འགྲོ་ཡི་ཡོད་རེད། དེ་འདྲ་ཡིན་དུས། ནང་པའི་ཆོས་བྱས་པ་ལ་བརྟེན་ནས་སྐྱེ་བ་ཕྱི་མ་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ཙམ་དུ་མ་ཟད། ཚེ་འདི་ལ་ཡིན་ན་ཡང་ལེགས་ཚོགས་ཐམས་ཅད་ཆོས་ཀྱི་ཐོག་ནས་ཡོང་གི་ཡོད་རེད། ང་རང་ཚོའི་རྒྱུད་ཀྱི་ཉོན་མོངས་པ་མ་དུལ་བ་ཐམས་ཅད་དུལ་བར་བྱེད། མ་ཞི་བ་ཐམས་ཅད་ཞི་བར་བྱེད་པ་ཡིན་དུས། དེས་ལེགས་ཚོགས་རྒྱས་པ་ཞིག་མ་གཏོགས། དེས་སྤྱི་ཚོགས་ལ་གནོད་སྐྱོན་འགྲོ་བ་དེ་འདྲ་ཡོང་སྲིད་ཀྱི་མ་རེད་བསམ་གྱི་འདུག དྲི་བ། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་ཡི་ནང་ནས་དཔལ་ལྡན་ས་སྐྱ་པ་ལ་དམིགས་བསལ་ཁྱད་ཆོས་ག་རེ་ཡོད་པ་རེད། ལན། སྤྱིར་བཏང་ང་རང་ཚོའི་བོད་ལ་དར་བའི་ནང་པ་སངས་རྒྱས་པའི་ཆོས་ཀྱི་གྲུབ་མཐའ་ཚང་མ་གཅིག་པ་རེད། དཔེར་ན། དང་པོ་བྱང་ཆུབ་མཆོག་ཏུ་སེམས་སྐྱེད་པ་དང༌། བར་དུ་སྟོང་རྟེན་འབྱུང་གི་རྣམ་བཞག མཐར་མངོན་པར་རྫོགས་པ་སངས་རྒྱས་པ་ལ་ཁྱད་པར་རྩ་བ་ནས་ཡོད་མ་རེད། ཡིན་ན་ཡང༌། ཁྱད་པར་གཅིག་ཡོད་པ་དེ་ག་རེ་རེད་ཟེར་ན། རྒྱུད་པའི་རིམ་པ་མི་འདྲ་བ་ཡིན་པ་རེད། དང་པོ་ཁུངས་གཏུགས་ས་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་གྲུབ། དེ་ནས་མར་བར་དུ་སྐྱེས་པའི་ལོ་ཙཱ་བ། དེ་ནས་མར་རྒྱུད་པའི་རིམ་པ། བླ་མའི་བླ་མ། གོང་མའི་གོང་མ་རིམ་པ་བསྟར་ཆགས་སུ་ཡོང་བའི་སྐབས་ལ། བླ་མ་རང་རང་སོ་སོའི་ཉམས་བཞེས་གནང་སྟངས་ལ། ཁ་ཤས་ཀྱིས་བཤད་པ་རྩལ་དུ་འདོན་པ་དང༌། ཁ་ཤས་ཀྱིས་སྒྲུབ་པ་རྩལ་དུ་འདོན་མཁན་དེ་འདྲ་གནང་གི་ཡོད་པ་རེད། དཔལ་ལྡན་ས་སྐྱ་པ་དེ་ག་རེ་རེད་ཟེར་ན། བཤད་སྒྲུབ་གཉིས་ཀ་ཆ་སྙོམས་པར་རྩལ་དུ་འདོན་པ་ཡིན་པ་རེད། བཤད་པ་སྔོན་དུ་མ་བྱས་ན་སྒྲུབ་པ་ཉམས་ལེན་ཡོང་ཐུབ་ཀྱི་མེད་པ་ཡིན་དུས་དང་པོ། བཤད་པ་རྩལ་འདོན་དང༌། དེ་ནས་རྗེས་སུ་སྒྲུབ་པ་རྩལ་འདོན། བཤད་སྒྲུབ་གཉིས་ཀ་ལ་རྩལ་འདོན་མཛད་པ་དེ་ས་སྐྱ་པའི་ཁྱད་ཆོས་ཡིན་པ་རེད། དྲི་བ། ནང་པའི་ཆོས་ཀྱིས་ཡིད་ཆེས་དང་དད་པ་གཅིག་པུ་མིན་པར། རིག་པའི་རྩལ་རྒྱས་པ་ལ་ཕན་ཐོགས་ག་རེ་ཡོད་པ་རེད། ལན། སངས་རྒྱས་རང་ཉིད་ཀྱིས་གསུངས་འདུག་གཱ དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེག་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་སངས་རྒྱས་རང་ཉིད་ཀྱིས་དད་པ་ཁོ་ནའི་སྒོ་ནས་འགྲུབ་ཀྱི་རེད་གསུངས་ཡོད་པ་མ་རེད། བརྟག་དཔྱད་བྱས་ནས་རང་རང་གིས་རིག་པས་བརྡར་ཤ་བཅད་པ་དང༌། དཔྱད་གསུམ་རྣམ་པར་དག་པའི་རིག་པས་གཏན་ལ་ཕབ་ནས་ཉམས་སུ་ལེན་དགོས་གསུངས་ཡོད་རེད་པཱ། བྱས་ཙང་དེ་ཡིན་དུས། ནང་པའི་གཞུང་ལུགས་ལ་ཚད་མའི་གཞུང་ལུགས། རིག་པ། དངོས་སྟོབས་ལ་སོགས་པ་གལ་ཆེན་པོ་ཡིན་པ་རེད། དྲི་བ། མི་སྐྱའི་སྤྱི་ཚོགས་སུ་ནང་ཆོས་སྦྱོང་སྐབས་ལས་སླ་བའི་ངོ་སྤྲོད་དང༌། ལམ་སྟོན་གནང་སྟངས་གང་འདྲ་ཞིག་བྱས་ན་ཡག་པོ་ཡོད་དམ། ལན། ནང་པ་སངས་རྒྱས་པའི་གཞུང་ལུགས་དཔེ་མི་སྲིད་པའི་རྒྱ་ཆེན་པོ་རེད། སངས་རྒྱས་ཐུགས་རྗེ་ཅན་གྱིས་གདུལ་བྱའི་ཁམས་དང་མོས་པ་སྣ་ཚོགས་དང་བསྟུན་ནས་རྒྱ་ཆེན་པོ་གསུངས་ཡོད་པ་རེད། རྒྱ་མཚོ་ལྟ་བུ་མཐའ་མེད་པ་རེད། མཐའ་དང་གཏིང་དཔོག་ཐུབ་རྒྱུ་མེད་པ་རེད། ཡིན་ན་ཡང༌། རང་རང་སོ་སོའི་དབང་པོའི་ལྕོགས་ཚོད་དང་བསྟུན་ནས། དཔེར་ན། རྒྱ་མཚོའི་ནང་ནས་ཐུར་མ་གང་མ་གཏོགས་འཐུང་མ་ཐུབ་པ་ཡིན་ན་ཡང༌། འཕྲལ་དང་ཡུན་གྱི་དགེ་མཚན་རླབས་པོ་ཆེ་ཡོད་པ་ཡིན་པ་རེད། དེ་འདྲ་ཡིན་དུས་སོ་སོའི་དབང་པོའི་སྒོ་དང་བསྟུན་ནས་དབང་པོ་རབ་ཚོས་གཞུང་རྒྱ་ཆེན་པོ་ལ་སློབ་གཉེར་བྱེད་པ་དང༌། སློབ་གཉེར་བྱེད་པའི་གོ་སྐབས་མེད་མཁན་དེ་འདྲ་ཡིན་ན། དེ་དང་དེར་བསྟུན་ནས་སྐྱབས་འགྲོ་དང་ལས་འབྲས་ཀྱི་རྣམ་གཞག་ལ་སོགས་པ་ཤེས་པ་ཡིན་ན། ཕན་ཐོགས་ཆེན་པོ་ཡོང་གི་རེད།།

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]