ཀརྨ་ངེས་ལེགས་བསྟན་འཛིན

ཡོང་ཁུངས་Wikipedia

ཀརྨ་ངེས་ལེགས་བསྟན་འཛིན ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་མགོ་ཙམ་དུ་ཁམས་སྡེ་དགེའི་ཁོངས་སུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་བྱང་བར་མཛད་དེ་བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་ཏུ་བྱུང་། དེ་ནས་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས(1699-1774)ལ་བསྟེན་ནས་རིག་གནས་ཆུང་བ་ལྔ་དང་ཆེ་བ་ལྔ་ལ་ཐོས་བསམ་ནན་ཏན་དུ་མཛད་ཅིང་མཁས་པ་ཆེན་པོ་གྱུར། ལྷག་པར་དུ་གསོ་བ་རིག་པའི་གཞུང་ལུགས་ལ་ཐོས་བསམ་རྨད་དུ་བྱུང་བ་མཛད་ཅིང་མདོ་དབུས་ཁམས་གསུམ་དུ་མཁས་པའི་གྲགས་པ་ཐོབ། ཁོང་གི་རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། ཁོང་གི་གསུང་རྩོམ་ནི《རྩིས་གཞུང་ཉེར་མཁོ་བུམ་བཟང》དང་། 《དཔལ་ལྡན་རྒྱུད་བཞི་སོགས་གསོ་བ་རིག་པའི་བཀའ་བསྟན་མན་ངག་ཀུན་གྱི་གནད་བསྡུས་ཕན་བདེའི་བསིལ་ཟེར་འཕྲོ་བའི་ཟླ་བ་གསར་པ》། དང་《ཕན་བདེ་ནོར་བུའི་བང་མཛོད》བཅས་བཞུགས་སོ། །