Jump to content

སྤྲིན།

ཡོང་ཁུངས་Wikipedia

ནམ་མཁའི་དབྱིངས་སུ་མཚམས་མཚམས་ལ་གནམ་དྭངས་པ་དང་། བར་བར་དུ་སྤྲིན་དཀར་ཕུང་བོ་མང་བ། སྐབས་སྐབས་ལ་སྤྲིན་ནག་སྟུག་པོ་འཁྲིགས་པ། ཡང་མཚམས་མཚམས་ལ་གློག་མར་འཁྱུག་ཅིང་འབྲུག་སྒྲ་ལྡིར་བ་དང་དྲག་ཆར་འབབ་པ་རེད། དོན་དངོས་ཐོག་སྤྲིན་པ་གང་ཞིག་ཡིན་རུང་ཚང་མ་བགྲང་ལས་འདས་པའི་ཆུ་ཐིགས་ཆུང་བ་(ཡང་ན་འཁྱགས་ཞུན་ཆུང་བ)མཉམ་དུ་འདུས་ནས་གྲུབ་པ་རེད། ཆུ་ཐིགས་སམ་འཁྱགས་ཞུན་ཆུང་བ་དེ་དག་ཚང་མ་རླངས་པ་དྲིལ་ནས་བྱུང་བ་རེད། རླངས་པ་འདུས་ན་སྤྲིན་ལ་འགྱུར་ལ། སྤྲིན་པ་ཐོར་ན་སླར་ཡང་རླངས་པར་འགྱུར། དེ་ལྟར་རླངས་པ་འདུ་བ་དང་ཐོར་བའི་རྣམ་པ་དང་ཆོས་ཉིད་མི་འདྲ་བས། ནམ་མཁའི་དབྱིངས་སུ་སྤྲིན་པ་འདྲ་མིན་སྣ་ཚོགས་བྱུང་བ་རེད།[]

གསལ་བཤད།

[རྩོམ་སྒྲིག]

མཐོ་སྤྲིན།

[རྩོམ་སྒྲིག]
མཐོ་སྤྲིན།

ནམ་མཁའི་སྤྲིན་ནི་མཐོ་དམའ་ལྟར་མཐོ་སྤྲིན་བར་སྤྲིན་དམའ་སྤྲིན་གསུམ་དུ་དབྱེ་ཡོད། མཐོ་ཚད་སྨིས་༥༠༠༠~༡༣༠༠བར་ཡོད་པ་ལ་མཐོ་སྤྲིན་ཟེར། མཐོ་སྤྲིན་གྱི་དྲོད་ཚད་དམའ་ལ། ཚང་མ་ཕྲ་ཞིང་ཆུང་བའི་འཁྱགས་ཟེགས་ཀྱིས་གྲུབ་པ་ཡིན་པས། ས་ངོས་ནས་བལྟས་ན་དེ་ལ་དར་སྲི་ལྟ་བུའི་འོད་མདངས་ཡོད། སྤྲིན་འདིའི་གྲས་ཧ་ཅང་སྲབ་པས་དེ་ལས་ཆར་པ་འབབ་མི་སྲིད། བང་རིམ་ཅན་གྱི་མཐོ་སྤྲིན་ལ་རིམ་འཁྱིལ་སྤྲིན་པ་ཟེར་བ་དང་། རྡོག་པོ་ཅན་གྱི་མཐོ་སྤྲིན་ལ་བསགས་འཁྱིལ་སྤྲིན་པ་ཟེར། རིམ་འཁྱིལ་སྤྲིན་པའི་གཟུགས་དེ་བང་རིམ་སྙོམ་པོར་ཡོད་པས། སྤྲིན་གསིང་ནས་ཉི་ཟླའི་མུ་ཁྱུད་མཐོང་ཐུབ་པ་དང་། སྐབས་འགར་ཉི་ཟླའི་མཐའ་འཁོར་དུ་འོད་གོར་ཞིག་འབྱུང་བ་དེ་ནི་ཉི་འཁྱིམས་ཡིན​།

བར་སྤྲིན​།

[རྩོམ་སྒྲིག]
བར་སྤྲིན​།

བར་སྤྲིན་གྱི་སྤྲིན་འོག་གི་མཐོ་དམན་སྤྱིར་བཏང་སྨིས་༢༠༠༠~༧༠༠༠ཡས་མས་ཡོད་པ་དང་། དེའི་སྟོད་རྒྱུད་ཕལ་ཆེར་འཁྱགས་ཟེགས་དང་ཡང་ན་དྲོད་ཚད་ཀླད་གོར་འོད་ཏུ་ཡོད་ཀྱང་འཁྱགས་པ་མ་བརྒྱབ་པའི་ཆུ་ཐིགས་ལས་གྲུབ་ལ། སྨད་རྒྱུད་ཕལ་ཆེར་ཆུ་ཐིགས་ལས་གྲུབ་ཡོད། བར་སྤྲིན་མཐུག་ན་ཆར་ཆུ་འབབ་སྲིད། བར་སྤྲིན་ནི་རིམ་སྤྲིན་མཐོབ་(རིམ་པ་ཅན་)དང་བསགས་སྤྲིན་མཐོ་བ་(རྡོག་པོ་ཅན་)རིགས་གཉིས་སུ་དབྱེ་ལ། མདོག་དཀར་པོ་དང་ཡང་ན་སྐྱ་བོར་སྣང་བ་དང་། ལ་ལ་སྤྲིན་གསེབ་ནས་ཨ་སྔོན་གནམ་མཐོང་ཐུབ།

དམའ་སྤྲིན།

[རྩོམ་སྒྲིག]
དམའ་སྤྲིན།

དམའ་སྤྲིན་གྱི་སྤྲིན་འོག་གི་མཐོ་དམན་སྤྱིར་བཏང་དུ་སྨིས་༢༠༠༠གི་མན་ཡིན། དམའ་སྤྲིན་གྱི་ཁ་མདོག་མང་ཆེ་བ་སྐྱ་བོ་དང་ཡང་ན་སྐྱ་ནག་ཡིན། དམའ་སྤྲིན་ནང་གི་ཆར་རིམ་སྤྲིན་དང་ཆར་བསགས་སྤྲིན་ཚང་མ་ལས་ཆར་འབབ་སྲིད། འོན་ཀྱང་རིམ་བསགས་སྤྲིན་དང་དམའ་སྤྲིན་གཞན་ལས་སྤྱིར་བཏང་ཆར་འབབ་མི་སྲིད། ཆར་རིམ་སྤྲིན་གྱི་ཆར་འབབ་ཡུན་རིང་ལ་ཆར་ཚད་ཆུང་། ཆར་བསགས་སྤྲིན་གྱི་ཆར་འབབ་ཡུན་ཐུང་ལ་ཆར་ཚད་དྲག་པོ་ཡོད།

པར་རིས་བར་འཁྱམས།

[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།

[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག:

  1. "བར་སྣང་དང་ནམ་ཟླ།" ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧

དཔྱད་གཞིའི་དཀར་ཆག

[རྩོམ་སྒྲིག]

ད་དུང་གཟིགས།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]
"https://bo.wikipedia.org/w/index.php?title=སྤྲིན།&oldid=122047"ལས་སླར་རྙེད་སོང།