སྙན་ངག

ཡོང་ཁུངས་Wikipedia

བོད་ཀྱི་སྙན་ངག་ལ་གཙོ་བོ་རིམ་པ་གསུམ་དུ་ཕྱེ་ཆོག་ལ་དུས་སྐབས་སོ་སོར་རང་རྐྱ་འཕེར་བའི་ཁྱད་ཆོས་རེ་མངའ་བའང་སྨོས་མ་དགོས། དེ་ལས་ཐོག་མ་ནི་བོད་ལ་ནང་བའི་ཆོས་མ་དར་བའམ་ཡང་ན་རྒྱ་གར་གྱི་སྙན་ངག་གི་གཞུང་མེ་ལོང་མ་མ་དར་བའི་སྔོན་ལ། བོད་རང་གི་གདོད་མའི་སྐད་ཆའི་ཆོས་དང་འཚམས་པའི་མགུར་དེ་དག་བོད་ཀྱི་གནའ་བོའི་སྙན་ངག་ཏུ་འདོད་ཆོག དེའི་རྗེས་སུ་སྙན་ངག་མེ་ལོང་གི་གཞུང་བཞིན་བརྩམས་པའི་སྙན་ངག དེའི་རྗེས་མ་ནི་ལོ་རབས་བརྒྱད་ཅུ་བ་ནས་དར་བའི་རང་མོས་སྙན་ངག ལ་ལས་གྲོལ་རྩོམ་ཞེས་ཀྱང་འབོད་པ་དེའོ། །

"https://bo.wikipedia.org/w/index.php?title=སྙན་ངག&oldid=120299"ལས་སླར་རྙེད་སོང།