Jump to content

སི་ཧྥུན་ཁོ་སི། (ཨའི་ཅི།)

ཡོང་ཁུངས་Wikipedia

སི་ཧྥུན་ཁོ་སི​་

ལོ་རྒྱུས།

[རྩོམ་སྒྲིག]
File:སི་ཧྥུན་ཁོ་སི། (༡༦༩༨).png
༡༦༩༨

སི་ཧྥུན་ཁོ་སི་ནི་ཁོག་སྟོད་མི་དང་ཁོག་སྨད་སེང་གེ་ཡིན་པའི་བརྐོས་བརྙན་ཞིག་ཡིན། དེ་ཧེ་ཧྥུ་ལ་ཆོས་རྒྱལ་གྱི་ལས་ཐོག་སྔ་མ་སྟེ་སའེ་ཏེ་ཧྥུ་ལ་ཆོས་རྒྱལ་གྱི་དུས་སུ་བཞེངས། རྒྱ་ཁྱོན་ཤིན་ཏུ་ཆེའི་བརྐོས་བརྙན་ཟླུམ་པོ་དེ་མི་དང་སྲོག་ཆགས་ཀྱི་ཁྱད་ཆོས་ཟུང་འབྲེལ་བྱས་ཡོད་ཅིང་། ད་ལྟའི་བར་དུ་མི་རྣམས་བློས་རྟོགས་དཀའ་བ་ཞིག་རེད། གནའ་བོའི་རྒྱལ་པོའི་རྒྱལ་ཁབ་སྐབས་དེའི་ཆོས་ལུགས་ཀྱི་ནང་དོན་འགྲེལ་བཤད་ནུས་པའི་དབྱད་གཞི་ཡིག་ཆ་གང་ཡང་བཞག་མེད། ཡང་ན་ལུས་འཁུམས་ནས་ཉལ་སྡོད་པའི་སེང་གེའི་སྣང་བརྙན་འདིས་སི་ཧྥུན་ཁོ་སི་ནི་བང་སོའི་ཚོགས་ཀྱི་ལྟ་སྲུང་བྱེད་མཁན་ཡིན་པ་ཤུགས་ཀྱིས་བསྟན་སྙམ། དེའི་ངོ་གདོང་ལ་བལྟས་ན་ཧེ་ཧྥུ་ལ་ཆོས་རྒྱལ་དང་མཚུངས་ཤིང་། དེར་མཚོན་བྱེད་ཀྱི་ནང་དོན་ལྡན་ཏེ། རྒྱལ་རབས་ཀྱིས་དབང་བསྒྱུར་མ་བྱས་གོང་གི་བྲིས་རིས་མང་པོའི་ནང་དུ་རྒྱལ་པོ་ལ་སེང་གེ་ཞིག་གི་གཟུགས་བརྙན་དུ་འབྲི་བ་དང་། དགྲ་བོ་ལ་གཏོར་བརླག་ཆེན་པོ་བྱེད་པ་ཡིན། ཡིན་ནའང་བརྐོས་བརྙན་འདིས་རྒྱལ་པོར་ཚེ་རབས་ཕྱི་མའི་དབང་བསྒྱུར་གྱི་སྒོ་ཐེམ་དུ་ལུས་འཁུམས་ནས་ཉལ་བའི་སེང་གེ་ཞིག་གི་སྣང་བརྙན་ལྟར་བཞེངས་ཡོད།


ལོ་ངོ་༡༠༠༠ཏག་ཏག་འགོར་རྗེས། མི་ལ་ལས་བརྐོས་བརྙན་འདི་ནི་ཧ་མ་ཞི་སི་(ལྷ་ཧོ་ལུའུ་སི།)རུ་གཏོགས་པར་ངོས་འཛིན་བྱེད། དམག་སྤྱི་ཆེན་མོ་ན་ཕོ་ལུན་པོ་ན་པ་ཨི་ཇིབ་ཏུ་འབྱོར་དུས། སི་ཧྥུན་ཁོ་སི་བརྐོས་བརྙན་གྱི་མགོ་དང་སྐེ་ཕྲག་པ་བཅས་བྱེ་མའི་ངོས་སུ་ཕྱིར་ཅུང་ཙམ་མངོན་ཡོད། ཨི་ཇིབ་ཀྱི་ལོ་རྒྱུས་དང་རིག་གནས་ལ་མཁྱེན་རྒྱ་ཆུང་བའི་ཧྥ་རན་སི་དང་ཡོ་རོབ་གླིང་གི་མཁས་པ་གཞན་དག་གིས་སི་ཧྥུན་ཁོ་སིའི་མགོ་བརྙན་ནི་ཉི་མའི་འཁོར་འགྲོས་ཁུལ་གྱི་"བུ་མོའི་ཁྱིམ་གྱི་སྐར་ཚོམ་"གྱི་སྣང་བརྙན་དུ་ངོས་འཛིན་བྱེད་ཀྱིན་ཡོད།


File:སི་ཧྥུན་ཁོ་སི། (༡༨༧༨).jpg
~༡༨༧༨

སི་ཧྥུན་ཁོ་སིའི་ལུས་སྟེང་དུ་ཁེབས་པའི་བྱེ་མ་གཙང་སེལ་གྱི་ལས་ཀ་དེ་སྤྱི་ལོ་༡༨༡༦ལོར་ནས་འགོ་བརྩམས། ༡༨༥༣ལོར་ལས་མཚམས་བཞག་རྗེས། ལས་ཀ་དེ་ཨའོ་ཀུའུ་སི་ཏུའུ་མ་ལི་ཨན་ཐེ་ཡིས་བཀོད་འདོམས་བྱས་ཏེ་༡༩༦༦ལོར་ད་གཟིད་ཡོངས་སུ་མཇུག་རྫོགས་པ་རེད། དུས་རབས་ཤིན་ཏུ་སྔ་བའི་མི་རྣམས་ཀྱིས་ཀྱང་བྱེ་མ་གཙང་སེལ་བྱེད་པའི་ལས་ལ་འབད་པ་བྱས་མྱོང་བ་རྟོགས་ཐུབ། སི་ཧྥུན་ཁོ་སིའི་ཤུགས་ལྡན་གྱི་རྐང་པ་གཉིས་ཀྱི་དཀྱིལ་དུ་རྡོ་རིང་ཞིག་ཡོད་པ་མི་རྣམས་ཀྱིས་རྙེད། རྡོ་རིང་འདི་ནི་རྒྱལ་པོའི་རྒྱལ་ཁབ་དུས་རབས་གསར་པར་ཐུའུ་ཐེ་མའོ་སི་ཁྲི་རབས་བཞི་པས་སྲིད་སྐྱོང་སྐབས་བསླངས་པ་ཞིག་རེད། ཐུའུ་ཐེ་མའོ་སི་ཁྲི་རབས་བཞི་པ་ནི་རྒྱལ་རབས་བཅོ་བརྒྱད་པའི་ཆོས་རྒྱལ་ཡིན་མོད། དེར་གསལ་ཆ་ཡོད་མི་ཤིན་ཏུ་ཉུང་། གནའ་རབས་ཀྱི་ལོ་རྒྱུས་སུ་བཀོད་པ་ལྟར་ན། ཆོས་རྒྱལ་གཉིད་ཡུར་བའི་སྐབས་སུ་ལྷ་ཧོ་ལུའུ་སི་ཁོང་གི་རྨི་ལམ་དུ་བྱོན་ནས་སི་ཧྥུན་ཁོ་སིའི་ལུས་སྟེང་དུ་ཁེབས་པའི་བྱེ་མ་གཙང་སེལ་བྱ་དགོས་པའི་རེ་བ་བཏོན།


སོམ་ཉི་ཟློག་དཀའ་བ་ཞིག་ནི་བརྐོས་བརྙན་བསྐྱར་གསོ་བྱ་རྒྱུ་དེས་བརྐོས་བརྙན་སོར་འཇོག་བྱེད་པར་ཉེན་ཁ་བཟོས་པ་རེད། བརྐོས་བརྙན་མཁའ་རླུང་ནང་དུ་སྒྲེན་མོར་མངོན་འདུག་པས། སེང་གེའི་ལུས་ལ་འཇིག་ཉེན་ཚབས་ཆེན་ཐེབས། གནའ་སྔ་མོའི་ཞལ་འདམ་ནང་དུ་ཚྭའི་གྲུབ་ཆ་གསོག་ཡོད་པས་རྟིང་ཕྱོགས་བརླན་བྱུང་ནས་ཞུས་ཤིང་། དེའང་ཉི་སྐམ་རླུང་གཡོས་བྱས་ནས་སྐམ་པོར་གྱུར་དུས། རྡོ་སྐུ་སྔར་ལས་རུལ་ཞིག་ཏུ་གྱུར་ངེས། མ་མུའུ་ལུའུ་ཁོའི་དམག་མིས་མེ་སྒྱོགས་འཕངས་པས་སི་ཧྥུན་ཁོ་སིའི་སྣ་མེད་བརླག་ཏུ་བཏང་། བབ་བརླིང་བརྟན་གསུམ་ནི་དེར་མངའ་བའི་མཚོན་བྱེད་རང་བཞིན་གྱི་རྣམ་འགྱུར་ཞིག་ཡིན། སྣའི་ཆ་ཤས་ཤིག་ད་ལྟ་ཁེ་རོ་རྟེན་རྫས་བཤམས་མཛོད་ཁང་དུ་མཆིས།[]

མཚོན་རྟགས།

[རྩོམ་སྒྲིག]

པར་རིས་བར་འཁྱམས།

[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།

[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག:

  1. "ལོ་ཆུང་བྱིས་པའི་ཤེས་བྱའི་གཏེར་མཛོད།" ༼སྙུང་གཟུགས་བང་སོའི་འོག་གི་ཨི་ཇིབ།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༦

དཔྱད་གཞིའི་དཀར་ཆག།

[རྩོམ་སྒྲིག]

ད་དུང་གཟིགས།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]