Jump to content

འབྲུག

ཡོང་ཁུངས་Wikipedia

གཏུམ་འབྲུག

གཏུམ་འབྲུག་ནི་ལོ་ངོ་ཁྲི་དུང་ཕྱུར་གཅིག་དང་སུམ་སྟོང་གི་ཡར་སྔོན་དུ་གོ་ལ་འདིའི་སྟེང་བྱུང་བའི་གོག་བགྲོད་སྲོག་ཆགས་ཀྱི་སྤྱི་མིང་ཞིག་ཡིན།གཏུམ་འབྲུག་ལ་དབྱེ་བ་ཧ་ཅང་མང་པོ་ཡོད་སྟེ།གཟུགས་ཀྱི་ཆེ་ཆུང་དང་།བཟོ་ལྟ་མི་འདྲ་བ།འཚོ་བའི་གོམས་གཤིས་སོགས་འདྲ་གི་མེད་པའི་ཆ།ཡང་ཕྱོགས་གཞན་ནས་སྐམ་ས་ཆེན་པོ་དང་རྒྱ་མཚོ་ཆེན་པོ། མཁའ་དབྱིངས་ སོགས་ནི་གཏུམ་འབྲུག་རིགས་ཀྱི་གོག་བགྲོད་སྲོག་ཆགས་ཀྱིས་དབང་འགྱུར་བྱས་པའི་བར་ཁམས་ཤིག་ཡིན།དཔེར་ན་ཀྲུང་གོའི་སི་ཁྲོན་ཞིང་ཆེན་ཧེ་ཁྲོན་རྫོང་དུ་ཐོན་པའི་ཧེ་ཁྲོན་མྰ་མན་ཤི་ཞེས་པའི་གཏུམ་འབྲུག་ལྟ་བུ།གཟུགས་པོ་ཁྱོན་གྱི་རིང་ཚད་ལ་སྨི་༢༢དང་།གཟུགས་པོའི་མཐོ་ཚད་ལ་སྨི་༣.༥གཟུགས་པོའི་ལྗི་ཚད་ལ་ཏུན་༤༠ནས་༥༠བར་ཡོད་པ།གཏུམ་འབྲུག་དེས་དུས་རྒྱུན་མཚེའུའི་གཏིང་ཚད་ལ་སྨི་༥ནས་༡༠བར་ཡོད་སའི་ཁྲོད་ཆུའི་འཕྱོ་ཤུགས་ལ་བརྟེན་ནས་ལྗི་ཞིང་ཆེ་བའི་གཟུགས་པོ་ཆུ་ཁར་འཕྱོ་རུ་བཅུག་པ་དང་མཚོ་ནང་ཡོད་པའི་ཆུ་སྐྱེས་སྔོ་རིགས་ཟས་སུ་བྱས་ནས་འཚོ་གནས་བྱེད་ཀྱི་ཡོད།ད་དུང་ཆུང་བའི་རིགས་ལ་ཁྱི་ཕྲུག་ཙམ་ལས་མེད་པའི་ནེ་ཙོ་འབྲུག་༼鹦鹉龙༽འགའ་རེ་ནམ་མཁར་འཕུར་ཐུབ་ཀྱི་ཡོད།ཡང་རྣོ་གྲི་ལྟ་བུའི་སོ་དང་ལྡན་པ་དང་མཇུག་མ་རིང་བའི་བྱ་མཆུ་འབྲུག་༼喙嘴龙༽དེའི་མཇུག་མའི་རྩེར་སྦྲང་མའི་གཤོག་གདབ་ཀྱི་གཟུགས་འདྲ་བའི་སྐྱི་ལྤགས་ཞིག་དང་ལྡན་པ།འཕུར་ལྡིང་གི་ལག་ཆ་ནི་གཤོག་པའི་སྐྱི་ལྤགས་དེ་ཡིན།འགའ་རེ་ནི་མཚོ་ནང་གི་བཙན་བདག་ཡིན།དཔེར་ན་ཧེ་མ་ལ་ཡའི་ཉ་འབྲུག་ལྟ་བུ།ད་དུང་འགའ་རེ་ནི་སྐམ་ས་ཆེན་པོའི་ཐོག་གི་གཏུམ་འབྲུག་ཡིན་པ།དཔེར་ན་རལ་གྲི་ཅན་གྱི་གཏུམ་འབྲུག་༼剑龙༽ལྟ་བུ།གཟུགས་པོའི་རིང་ཚད་ལ་སྨི་༦ཡོད་པ།མགོ་ཆུང་བ།རྒལ་པ་གཞུ་དབྱིབས་ཡིན་པ་ལ་མཐོ་བ།རྒལ་པའི་སྟེང་བཟོ་ལྟ་ཟུར་གསུམ་ཡིན་པའི་རུས་ལྐོག་འཁྲེག་པོ་སྟར་པ་གཉིས་དང་མཇུག་མ་རྣོ་པོའི་ཐོག་ཏུ་རུས་ལྐོག་གི་འཚེར་མ་དང་ལྡན་པ།དེ་དག་ནི་ཚུར་རྒོལ་པར་ལ་འཐབ་བྱེད་ཀྱི་ལག་ཆ་ཞིག་ཡིན།རྗེས་སུ་ལོ་ངོ་ཁྲི་དུང་ཕྱུར་གཅིག་དང་སུམ་སྟོང་གི་སྔོན་གྱི་གཡས་གཡོན་དུ་སླེབས་དུས་ཤུགས་ཆེའི་ས་ཁམས་ཀྱི་འགུལ་བསྐྱོད་ཀྱིས་རྐྱེན་པའི་ས་དབྱིབས་དང་གནམ་གཤིས་ཀྱི་འགྱུར་ལྡོག་རྐྱེན་ཡང་ཡིན་སྲིད་ཀྱིས་བཙན་བདག་དུ་གྲགས་པའི་གཏུམ་འབྲུག་དག་གོ་ལ་འདི་ནས་མཇའ་ལྟར་ཡལ།ཡིན་ཀྱང་གཏུམ་འབྲུག་རྩ་སྟོང་དུ་འགྲོ་བའི་རྐྱེན་གཏན་འཁེལ་ཞིག་ད་དུང་ཚན་རིག་གིས་གསལ་བཤད་བྱེད་ཐུབ་མེད།
གཏུམ་འབྲུག་གི་ཡིག་ཆ་གཞན། 


འཚེ་ལྡན་གཏུམ་འབྲུག
 
"https://bo.wikipedia.org/w/index.php?title=འབྲུག&oldid=67516"ལས་སླར་རྙེད་སོང།