འདྲེ་
མི་མ་ཡིན་པའི་རིགས་ཤིག ༢ ངན་པ་གཡོ་སྒྱུ་ཆེ་བ་དང་ལྐོག་ནས་གནོད་པ་བྱེད་པ་སོགས་ཀྱི་དཔེ་སྟེ། ཉིན་དཀར་ལྷ་དང་མཚན་མོ་འདྲེ་ལྟ་བུ། ༣ སྐབས་ཐོབ་ཀྱིས་མི་གྲུང་བོའམ་སྤྱང་བོ་ལ་འཇུག་པའང་ཡོད། 1.དག་ཡིག་གསར་བསྒྲིགས་ལས། ①མི་མ་ཡིན་པའི་རིགས་ཤིག ②ངན་པ་གཡོ་སྒྱུ་ཆེ་བ་དང་ལྐོག་ནས་གནོད་པ་བྱེད་པ་སོགས་ཀྱི་དཔེ་སྟེ། ཉིན་དཀར་ལྷ་དང་མཚན་མོ་འདྲེ་ལྟ་བུ། ③སྐབས་ཐོབ་ཀྱིས་མི་གྲུང་བོའམ་སྤྱང་བོ་ལ་འཇུག་པའང་ཡོད། 2.བརྡ་དག་མིང་ཚིག་གསལ་བ་ལས། འོག་མིན་གདོན་འདྲེ་བཙན་རྒོད་ལྟ་བུ། 鬼怪,精灵。 3.དུང་དཀར་ཚིག་མཛོད་ཆེན་མོ་ལས། བོན་པོའི་ཆོས་ལུགས་ཀྱི་བཤད་སྲོལ་ལ། མི་རེ་རེ་ལ་སོ་སོར་སྲུང་སྐྱོབ་བྱེད་མཁན་གྱི་ལྷ་རེ་དང༌། གནོད་འཚེ་གཏོང་ཞིང་སྲོག་གི་བདག་པོ་བྱེད་མཁན་འདྲེ་རེ་ཡོད་ཟེར། སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། མི་དེ་ཤི་ཁར་རྐྱེན་ངན་པ་སྣ་ཚོགས་ཀྱིས་ཤི་ན་འདྲེ་ལ་སྐྱེས་ཟེར། འདྲེ་ཡོད་པར་ཁས་ལེན་པའི་ལྟ་ཚུལ་དེའི་རྩ་བ་ཐུག་ས་ནི། སྐྱེ་བ་སྔ་མ་ནས་འདིར་འོང་བ་དང་འདི་ནས་ཕྱི་མར་འགྲོ་མཁན་གྱི་རྣམ་ཤེས་ཁས་ལེན་པ་ལ་ཐུག་གི་རེད་ཟེར་བའི་ཤོད་ཚུལ་དེ་ལ་ཞིབ་ཆ་བྱེད་དགོས་པ་སྟེ། དཔེར་ན་བོད་ཀྱི་བོན་ཆོས་ཁག་མང་པོའི་ནང་ནས་འགའ་ཞིག་གིས་འདྲེ་ཡོད་པར་ཁས་ལེན་ཀྱང༌། མིའི་རྣམ་ཤེས་དེ་ལུས་པོ་དང་བྲལ་ཚར་རྗེས་སྒྲོན་མེ་ཤི་བ་ལྟར་ཡལ་ནས་འགྲོ་བ་མ་གཏོགས། སྐྱེ་བ་སྔ་ཕྱི་ཟེར་བ་གཏན་ནས་མེད་ཟེར་གྱི་ཡོད་པ་དང༌། ཁོ་ཚོས་ཡོད་ཟེར་བའི་འདྲེ་དེ་ནི། ཤི་མཁན་མི་དེ་ཡི་བླ་སྲོག་ལ་རྔམས་ནས་སྡོད་མཁན་གྱི་གདོན་འདྲེ་ཞིག་ཡིན་པས་མི་དེ་ཤི་རྗེས་དེ་མེད་པར་མ་བཟོས་ན་དེས་ཁྱིམ་ཚང་དང༌། མི་རྒྱུད་རྗེས་མ་ལ་མུ་མཐུད་ནས་གནོད་པ་སྐྱེལ་གྱི་རེད་ཟེར་རོ། ། 4.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས། མི་མ་ཡིན་གྱི་བྱེ་བྲག་ཅིག འདྲེ་བཙན། འདྲེ་ཕོ། འདྲེ་མོ། རྒྱུ་ལྷ་འདྲ་བ་ལ་བདག་པོ་འདྲེ་འདྲ་བ། 5.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། མི་མ་ཡིན་གྱི་བྱེ་བྲག་ཅིག 名词。鬼,非人:འདྲེ་ངན། 恶鬼。འདྲེ་བཙན། 厉鬼。འདྲེ་ཕོ། 男鬼。འདྲེ་མོ། 女鬼རྒྱུ་ལྷ་འདྲ་བ་ལ་བདག་པོ་འདྲེ་འདྲ་བ། 财产齐天,主人象鬼。喻财主贪婪凶狠。 6.སྨོན་ལམ་ཚིག་མཛོད་ཆེན་མོ་ལས། མིང་ཚིག ①མི་མ་ཡིན་པའི་སེམས་ཅན་གང་ཞིག་མངོན་གྱུར་མ་ཡིན་པའི་སྒོ་ནས་གཞན་ལ་འཚེ་བ་བྱེད་མཁན་གྱི་རིགས་ཤིག་སྟེ། དཔེར་ན། འདྲེས་ལག་པ་སྒུལ་ནས་སྤུན་བསད་ལྟ་བུ། ②མི་ངོ་གཉིས་མའམ་མངོན་ལྐོག་མི་ཐུབ་པའི་རིགས་ལ་ཡང་འདྲེ་ཞེས་འབོད་སྲོལ་ཡོད་དེ། དཔེར་ན། ཉིན་དཀར་གྱི་མི་མཚན་མོའི་འདྲེ་ཞེས་པ་ལྟ་བུ། ③ཡུལ་སྐད། མི་ཧུར་པོ་གོ་ཆོད་ལ་ཡང་འདྲེ་ཞེས་འབོད་དེ། དཔེར་ན། མི་འདི་འདྲེ་ཞིག་ཡིན་སུས་ཀྱང་གླག་མི་ཁེལ་ལྟ་བུ། བྱ་ཚིག བྱ་བྱེད་ཐ་མི་དད་པ། རིགས་འདྲ་མིན་གྱི་དངོས་པོ་རྣམས་གཞི་གཅིག་ཏུ་འདུས་པའི་དོན། མ་འོངས་པ། འདྲེ། ད་ལྟ་བ། འདྲེ། འདས་པ། འདྲེས། དཔེར་ན། མ་འོངས་པ། འོ་མ་ཆུ་ལ་འདྲེ་མི་རུང་། ད་ལྟ་བ། ནོར་ལུག་འདྲེ་བཞིན་པ། འདས་པ། འོ་ཆུ་འདྲེས་ནས་སོ་སོར་དབྱེ་མ་ཐུབ་ལྟ་བུ།