མིའི་རིགས་རྣ་ལྷན་འབུར་ནད་དུག་
མིའི་རིགས་རྣ་ལྷན་འབུར་ནད་དུག་ནི་གང་ཡིན་ནམ། བུ་སྣོད་སྐེའི་ངན་སྐྲན་དང་འབྲེལ་བ་གང་ཡོད་དམ།
མིའི་རིགས་རྣ་ལྷན་འབུར་ནད་དུག་ནི། ནད་འགོག་ནུས་པ་ཞན་པ་དང་། རྒྱུད་ཁྲིད་སླ་བ། སྲིན་འབུ་དང་ནད་དུག་དང་དེ་བཞིན་དབྱི་ཡོན་སྲིལ་སྲིན་སོགས་སྐྱེ་དངོས་ཕྲ་རབ་སྣ་ཚོགས་འགོ་བ། སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་བབ་ཞན་པ། ཁོར་ཡུག་གི་རྒྱུ་རྐྱེན། སྦྲུམ་མང་བ་དང་བཙས་མང་བ། ཆགས་སྤྱོད་སྔ་དྲགས་པ། དགའ་རོགས་མང་བ། བཟའ་ཟླའི་སྤྱོད་པ་མི་གཙང་བ། སྦྲུམ་འགོག་སྨན་གཏོང་བ། ཐ་མག་འཐེན་པ། ཆང་རག་འཐུང་བ། དུག་འཐེན་པ། འཚོ་བཅུད་མི་འདང་བ་སོགས་ལ་ཕོག་སླ།
མིའི་རིགས་རྣ་ལྷན་འབུར་ནད་དུག་འགོས་ན་ད་དུང་ནད་ཡམས་གཞན་དག་སློང་གི་ཡོད།
བུ་སྣོད་སྐེའི་ངན་སྐྲན་ཕོག་ཚད་༩༩.༧%དང་། བཤང་སྒོའི་སྐྲན་ཕོག་ཚད་༩༠% མཚན་མའི་ཕྱི་དང་མཚན་མའི་ན་ཚ་ཕོག་ཚད་༤༠% མཇིང་པའི་སྐྲན་ཕོག་ཚད་༡༢%
མིའི་རིགས་ལ་མིའི་རིགས་རྣ་ལྷན་འབུར་ནད་དུག་འགོ་བའམ་ཕོག་པའི་ཚད་གཞི་ཧ་ཅང་མཐོ་པོ་ཡོད་ཅིང་། ཆགས་སྤྱོད་ཡོད་པའི་བུད་མེད་ལ་འགོས་ཚད་༥༠%ནས་༨༠%བར་ཟིན་པ་དང་། འགོས་མ་ཐག་པའི་སྐབས་སུ་ནད་རྟགས་གང་ཡང་མེད་པས་བུད་མེད་ཀྱི་ངན་སྐྲན་སྡུག་ཤོས་ཀྱི་གྲས་ཤིག་རེད།