ནགས་ཚལ་མེ་སྐྱོན་ཐོན་ཉེན་གྱི་
ནགས་ཚལ་མེ་སྐྱོན་ཐོན་པ་དང་མཆེད་པ་དེ་གནམ་གཤིས་ཀྱི་རྒྱུ་རྐྱེན་དང་ཁ་འབྲལ་ཐབས་མེད། ནགས་ཚལ་གྱི་མེ་སྐྱོན་ཐོན་ཉེན་ནི་ནགས་ཚལ་མེ་སྐྱོན་ཐོན་སྲིད་པ་དང་མཆེད་ཚད་ལ་ཚོད་སྐོར་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཡིན། ནགས་ཚལ་མེ་སྐྱོན་ཐོན་ཉེན་གྱི་ཉེན་བརྡར་སེར་མདོག་དང་། ལི་མདོག དམར་མདོག་བཅས་རིམ་པ་གསུམ་ཡོད།
སེར་མདོག་ཉེན་བརྡ།
[རྩོམ་སྒྲིག]ཚད་གཞི། དེ་ནི་ནགས་ཚལ་མེ་སྐྱོན་ཐོན་ཉེན་གྱི་རིམ་པའི་ནང་རིམ་པ་གསུམ་པ་དེ་ཡིན། དེ་ཉེན་ཁ་འབྲིང་བ་ཡིན་པས་ནགས་ཚལ་ཁྲོད་ཀྱི་དངོས་པོ་འབར་སླ་བ་དང་ནགས་ཚལ་མེ་སྐྱེན་ཐོན་སླ་བ་ཡོད།
འགོག་སྲུང་ཕྱོགས་སྟོན།
གཅིག འབྲེལ་ཡོད་སྡེ་ཚན་གྱིས་ནགས་ཚལ་མེ་སྐྱོན་འགོག་སྲུང་གི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་དགོས།
གཉིས། རི་སྐོར་ནགས་སྲུང་དང་ནགས་ཁྲོད་མེ་སྤོར་བར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།
གསུམ། མེ་གསོད་གེགས་སེལ་གྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས།
བཞི།ནགས་ཁྲོད་དུ་འཛུལ་སྐབས་མེ་ལ་དོགས་ཟོན་བྱེད་པ་དང་།ནགས་ཁྲོད་དམ་ཡང་ན་ཤིང་ནགས་འགྲམ་དུ་མེ་སྤོར་སྐབས་དོགས་ཟོན་བྱས་ཏེ་མེ་བཙའ་མི་ལུས་པ་དང་ཐ་མག་གི་ཕྲུག་ལྷག་གང་བྱུང་དུ་བསྐྱུར་རྒྱུ་མེད།
ལི་མདོག་ཉེན་བརྡ།
[རྩོམ་སྒྲིག]ཚད་གཞི། ནགས་ཚལ་མེ་སྐྱོན་ཐོན་ཉེན་གྱི་རིམ་པའི་ནང་རིམ་པ་བཞི་པ་དེ་ཡིན། དེ་ཉེན་ཁ་ཆེ་བ་ཡིན་པས་ནགས་ཚལ་ཁྲོད་ཀྱི་དངོས་པོ་འབར་སླ་བ་དང་ནགས་ཚལ་མེ་སྐྱོན་ཐོན་སླ་བ་ཡོད། དེས་མ་ཟད། མེ་སྐྱོན་མཆེད་ཚད་མགྱོགས་པོ་ཡོད།
འགོག་སྲུང་ཕྱོགས་སྟོན། གཅིག ནགས་ཚལ་མེ་སྐྱོན་འགོག་སྲུང་གི་དྲིལ་བསྒྲགས་སློབ་གསོར་སྔར་བས་ཤུགས་སྣོན་རྒྱག་དགོས།
གཉིས། རི་སྐོར་ནགས་སྲུང་ལ་ཤུགས་སྣོན་རྒྱག་པ་དང་མེ་ཁུངས་ཚོད་འཛིན་ནན་པོ་བྱེད་དགོས།
གསུམ། མེ་གསོད་གེགས་སེལ་གྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པ་དང་མེ་ཟོན་དམག་འཐབ་གྲ་སྒྲིག་བྱེད་དགོས།
བཞི། མེ་སྐྱོན་ཐོན་ཉེན་ས་ཆ་གཙོ་བོར་ཞིབ་བཤེར་ས་ཚིགས་བཙུགས་ཏེ་མེ་སྤོར་ཆས་ནགས་ཁྲོད་དུ་འཁྱེར་མི་ཆོག
ལྔ། ནགས་ཁྲོད་དམ་ཡང་ན་ཤིང་ནགས་འགྲམ་མེ་སྤོར་འཇུག་མི་རུང་ལ་རི་བོའི་རྩི་ཤིང་སྲེག་པའི་ལས་སྒོ་སྤེལ་མཚམས་འཇོག་དགོས།
དམར་མདོག་ཉེན་བརྡ།
[རྩོམ་སྒྲིག]ཚད་གཞི། ནགས་ཚལ་མེ་སྐྱོན་ཐོན་ཉེན་གྱི་རིམ་པའི་ནང་རིམ་པ་ལྔ་པ་དེ་ཡིན། དེ་ཉེན་ཁ་ཧ་ཅང་ཆེ་བ་ཡིན་པས་ནགས་ཚལ་ཁྲོད་ཀྱི་དངོས་པོ་འབར་སླ་བ་དང་ནགས་ཚལ་མེ་སྐྱོན་ཐོན་སླ་བ་ཡོད། དེས་མ་ཟད། མེ་སྐྱོན་མཆེད་ཚད་ཧ་ཅང་མགྱོགས་པོ་ཡོད།
འགོག་སྲུང་ཕྱོགས་སྟོན། གཅིག ལས་བྱ་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་སྟེ་ནགས་ཚལ་མེ་སྐྱོན་གྱི་ཆ་འཕྲིན་འགྱུར་ལྡོག་ལ་དོ་སྣང་ཡང་ཡང་བྱེད་དགོས།
གཉིས། ཛ་དྲག་པའི་མེ་ཟོན་ལས་སྒོ་ཚུགས་ཏེ་ནགས་ཚལ་མེ་ཟོན་དཔུང་ཁག་གིས་གྲ་སྒྲིག་ཨང་གསར་བྱེད་དགོས།
གསུམ། བཀག་སྡོམ་བརྡ་ཐོ་བཏང་ནས་མེ་ཁུངས་ཐམས་ཅད་གཏན་འགོག་བྱེད་དགོས།
བཞི། གྲོང་རྡལ་དང་གྲོང་ཚོའི་ལས་བྱེད་པ་དང་། ནགས་སྲུང་བ། ནགས་ལས་སྤྱི་བདེ་མི་སྣ་བཅས་སྒྲིག་འཛུགས་བྱས་ནས་རི་སྐོར་ནགས་སྲུང་ལ་ཤུགས་སྣོན་རྒྱག་པ་དང་དོགས་ཟོན་བྱ་ཐབས་ཁག་དོན་འཁྱོལ་བྱེད་དགོས། ནགས་ཁྲོད་དུ་འཛུལ་བའི་ལམ་གཙོ་བོར་ཞིབ་བཤེར་ས་ཚིགས་བཙུགས་ཏེ་མེ་སྤོར་ཆས་ཐམས་ཅད་ནགས་ཁྲོད་དུ་འཁྱེར་མི་ཆོག་པ་དང་ནགས་ཚལ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་དགོས།
ལྔ། ནགས་ཚལ་མེ་སྐྱོན་ཐོན་སྐབས་དུས་ཐོག་དང་། ཚན་རིག་དང་མཐུན་པ། བདེ་འཇགས་ལྡན་པ་བཅས་ཀྱི་སྒོ་ནས་མེ་བསད་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས།