Jump to content

ཧན་ཉི་པ།

ཡོང་ཁུངས་Wikipedia
ཧན་ཉི་པ་ ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།

ཧན་ཉི་པ་སི་པན་ནས་ལམ་ལ་ཆས་ཏེ་ཧྥ་རན་སི་བརྒྱུད་ཅིང་ཨ་ཨེར་པི་སི་རི་བོ་བརྒལ་ནས་ཨི་ཊ་ལིའི་མངའ་ཁོངས་ལ་བརྒྱབ་རྗེས། ལྷོ་ཕྱོགས་སུ་བསྐྱོད་ཅིང་ཁོ་ལུའོ་ཐུའོ་ནེ་ནས་མཚོ་ལམ་བརྒྱུད་དེ་ཀྲ་མ་རུ་སླེབས།

མིང་འབྱུང་ཚུལ།

[རྩོམ་སྒྲིག]

མི་ཚེ།

[རྩོམ་སྒྲིག]

ཅ་ཐའེ་ཅིའི་མིས་ཕམ་ཉེས་ཚབས་ཆེན་གྱིbལས་དབང་དེ་དང་ལེན་བྱེད་དཀའ་བར་གྱུར་ཅིང་། གཡུལ་འགྱེད་ལས་ཕམ་པའི་སྡུག་བསྔལ་ལས་སྔ་མོ་ནས་ཐར་ཏེ་སྔར་གྱི་གཟི་རྔམས་སླར་གསོ་བྱེད་ཆེད། བཙན་དབང་སླར་གསོ་བྱེད་པའི་རེ་བ་སི་ཕེན་གྱི་ཕྱོགས་སུ་གཏད། དེ་ནི་སི་པན་དུ་དངུལ་གཏེར་ཧ་ཅང་མང་ལ་ལྷག་པར་དུ་དེའི་འཐབ་ཇུས་ཐོག་གི་གོ་གནས་གལ་ཆེན་ཡིན་པའི་རྐྱེན་གྱིས་རེད། ས་དབུས་རྒྱ་མཚོའི་འགྲམ་རྒྱུད་ཀྱི་སྟོབས་ལྡན་རྒྱལ་ཁབ་འདི་གཉིས་ཀྱིས་ཕ་རོལ་བ་ཕམ་པར་བཟོས་རྗེས་ད་གཟོད་མཚམས་འཇོག་པར་བསམ་བཞིན་མཆིས། དམག་དཔོན་ཧ་སྨི་ཨེར་ཁ་པ་ཁ་ནི་ཅ་ཐའེ་ཅི་ཡི་དབང་གྲགས་ཆེ་བའི་དཔོན་རྒྱུད་ཞིག་ཏུ་སྐྱེས། ཁོ་རང་སི་པན་བདག་གཉེར་དང་བཅོས་སྐྱོང་བྱེད་པའི་འགན་འཁུར་ཡོངས་འགྲུབ་བྱེད་པར་མངགས། ཧ་སྨི་ཨེར་ཁ་ཡིས་ཁོའི་ཤུལ་འཛིན་མཁན་མག་པ་ཧ་སི་ཏེ་ལུའུ་པཱ་དང་མཉམ་དུ་ཅ་ཐའེ་ཅི་ཡི་དབང་སྒྱུར་མངའ་ཁོངས་བྱང་ཕྱོགས་ཀྱི་ཀྲི་པུའུ་ལུའོ་ཐུའོ་དང་ཨའེ་པུའུ་ལུའོ་ཆུ་བོའི་བར་གྱི་དབྱི་པི་ལི་ཡ་གླིང་ཕྲན་ཕྱེད་མའི་འགྲན་རྒྱུད་དུ་རྒྱ་བསྐྱེད། སྤྱི་ལོའི་སྔོན་གྱི་༢༢༡ལོར་ཧ་སྨི་ཨེར་ཁ་གཡུལ་འགྱེད་ཁྲོད་དུ་ཤི། དེའི་བུ་ཧན་ཉི་པ་སྟེ་རོ་མ་བའི་དགྲ་ཟླ་གཙོ་བོས་རོ་མ་བ་དང་རྒྱལ་ཕམ་གྱི་དབྱེ་བ་འབྱེད་པར་སེམས་ཐག་བཅད། སྤྱི་ལོའི་སྔོན་གྱི་༢༡༨ལོར། ཧན་ཉི་པ་ཡིས་དམག་སྣ་དྲངས་ཏེ་རོ་མས་སི་ཕེན་དུ་ལནའ་འབྲེལ་ལ་ཞུགས་པའི་གྲོང་ཁྱེར་ས་གུང་ཐུའོ་བླངས་པས་པུའུ་ཉི་གཡུལ་འགྱེད་ཐེངས་གཉིས་པ་བྱུང་། རོ་མ་བྶ་སི་ཕེན་དུ་དམག་མངགས་པར་གྲ་སྒྲིག་བྱེད་པའི་སྐབས་སུ། ཧན་ཉི་པ་ཡིས་མགྱོགས་མྱུར་དང་པི་ལི་ཉིའུ་སི་རི་རྒྱུད་བརྒལ་ཞིང་ཧྥ་རན་སི་བརྒྱུད་དེ་ཨ་ཨེར་པི་སི་རི་བོ་བརྒལ་ནས་དམག་མངགས་ཏེ་ཨི་ཊ་ལིའི་མངའ་ཁོངས་ལ་བརྒྱབ། ཧན་ཉི་པ་ཡི་འཆར་གཞིས་རོ་མ་བའི་བ་ཀོད་སྒྲིག་ཡོད་ཚད་རང་ཞིག་ཏུ་སོང་བས་རྣམ་པར་རྒྱལ་བའི་གདེང་ཚོད་ཆེ་མོད། འོན་ཀྱང་ཧན་ཉི་པ་ལ་སྐབས་དེར་ནོར་འཁྲུལ་ཆེན་པོ་ཞིག་བྱུང་། ཁོས་ཐན་ཀར་རོ་ས་བར་རྐོལ་རྡུང་མ་བྱས་པར་ལྷོ་རུ་བསྐྱོད་དེ་རོ་མའི་ཆེས་ཆེ་བའི་མནའ་གྲོགས་ཁོ་རང་ལ་རྒྱབ་རྟེན་བཅོལ་བར་གོ་སྐོན་བློ་འགུགས་བྱས་པས། མཇུག་མཐར་དམག་འཐབ་ཀྱི་གོ་སྐབས་ཤོར་བར་གྱུར། ནོར་འཁྲུལ་འདེས་གཡུལ་འགྱེད་ཀྱི་མཇུག་འབྲས་ཐག་གཅོད་བྱས། དེས་རོ་མའི་དམག་དཔུང་གིས་འགོག་སྲུང་བྱེད་པར་རྩ་འཛུགས་དང་ཕྱིར་རྒོལ་གྱི་གྲྭ་སྒྲིག་བྱེད་པར་དུས་ཚོད་ཡོད་པར་གྱུར་པས། རོ་མ་བས་ཧྥེ་པི་ཨ་སི་མ་ཁོ་ཞི་མུའུ་སི་སྒེར་གཅོད་ཀྱི་དབང་ཆ་ཚང་མ་ཡོད་པའི་དཔོན་པོར་བསྐོས། ཁོས་རང་ཉིད་ཀྱི་སྟོབས་ཤུགས་གསོག་འཇོག་བྱེད་ཆེད། ཅ་ཐའེ་ཅིའི་མི་དང་དྲང་ཐད་དུ་གཡུལ་འགྱེད་མ་བྱས་པར་འགོར་འགྱངས་དང་ཟད་གྲོན་གྱི་འཐབ་རྩལ་སྤྱད་དེ་དགྲ་བོའི་དམག་དཔུང་ཕམ་པར་བཟོ་བར་འདོད། ད་དུང་རྒྱུན་དུ་གློ་བུར་བའི་འཇབ་རྒོལ་བྱས་ཏེ་དགྲ་བོའི་སྡོད་གནས་ལ་ཟིང་ཆ་བསླངས། ཧྥེ་པི་ཨ་སི་ཡི་འགན་ཁུར་བའི་དུས་ཡུན་ལོངས་རྗེས་དེའི་གོ་ས་འཛིན་མཁན་གྱིས་ཏག་ཏག་དེ་དང་འགལ་བ་ལྟག་སྦྲོད་དུ་གྱུར་བའི་འཐབ་རྩལ་སྤྱད་པས། སྤྱི་ལོའི་སྔོན་གྱི་༢༡༦ལོར། ཨ་ཕུའུ་ལི་ཡ་ཡི་གཡུལ་འགྱེད་ཆེན་མོའི་ཁྲོད་དུ་ཕལ་ཆེར་རོ་མའི་དམག་ཡོངས་རྩ་མེད་དུ་བཏང་། རོ་མའི་དལག་གིས་ཡང་བསྐྱར་ཧྥེ་པི་ཨ་སིའི་འཐབ་རྩལ་སྤྱད་དེ་ཅ་ཐའེ་ཅི་དང་རྒྱབ་གཏོད་བྱེད་པའི་ཨི་ཊ་ལིའི་གྲོང་ཁྱེར་གང་མང་ལ་ཁ་གཏད་འཇལ། དེ་དང་མཉམ་དུ། ཧན་ཉི་པ་ཡི་རྒྱབ་རོགས་མེད་པར་བཟོས་ཏེ་རོ་མས་སི་ཕེན་དུ་འཐབ་ཕྱོགས་གསར་བ་ཞིག་བཟོས། ལོ་ངོ་འགའ་ལས་མ་འགོར་བར་པ་པུའུ་ལི་ཨ་སི་ཁོ་ཉི་ལི་ཨུ་སི་ཞི་པི་ཨ་ཡིས་དམག་དཔུང་དྲངས་ཏེ་ཅ་ཐའེ་ཅིའི་མི་སི་པན་གྱི་ཕྱི་རུ་བསྐྲད། དེའི་རྗེས་སུ་ཧན་ཉི་པ་ཨི་ཊ་ལིའི་མཐའ་རུ་སྐྲོད་ཆེད་ཁོས་དམག་དཔུང་དྲངས་ཏེ་ཨ་ཧྥེ་རི་ཀར་རྒྱང་སྐྱོད་བྱས་ནས་ཅ་ཐའེ་ཅི་ལ་དཔུང་འཇུག་བྱས། ཞི་པི་ཨ་སྟེ་ཕྱིས་ཀྱི་ཨ་ཧྥེ་རི་ཀ་ནུའུ་སི(ཨ་ཧྥེ་རི་ཀ་དབང་དུ་བསྡུ་མཁན་གྱི་དོན)ཡིས་སྤྱི་ལོའི་སྔོན་གྱི་༢༠༢ལོར་རོ་མའི་དམག་དཔུང་དྲངས་ཏེ་ཀྲ་མ་ཡི་འཐབ་འཛིང་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་བླངས། ཕྱོགས་གཉིས་ཀྱིས་ཆིངས་ཡིག་བྲིས་ཏེ་ཅ་ཐའེ་ཅི་ཡིས་ཨ་ཧྥེ་རི་ཀ་ལས་གཞན་པའི་མངའ་ཁོངས་ཡོད་ཚད་བསྐྱུར་བ་དང་རོ་མར་དངུལ་ཚབ་འབོར་ཆེན་ཞིག་སྤྲོད་དགོས་པར་མ་ཟན། རོ་མའི་ཆོག་མཆན་མ་ཐོབ་པར་རྒྱལ་ཁབ་གང་རུང་ལའང་གཡུལ་འབྱེད་མི་བྱེད་པ་ཁག་ཐེག་བྱས།[]

པར་རིས་བར་འཁྱམས།

[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།

[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག:

  1. "ལོ་ཆུང་བྱིས་པའི་ཤེས་བྱའི་གཏེར་མཛོད།" ༼གནའ་བོའི་རོ་མའི་དར་རྒྱུད།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༦

དཔྱད་གཞིའི་དཀར་ཆག།

[རྩོམ་སྒྲིག]

ད་དུང་གཟིགས།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]