Jump to content

སི་ཁྲོན་ཞིང་ཆེན།

ཡོང་ཁུངས་Wikipedia

ངོ་སྤྲོད་མདོར་བསྡུས།

[རྩོམ་སྒྲིག]

སི་ཁྲོན་ཞིང་ཆེན་གྱི་བསྡུས་མིང་ལ་ཧྲུའུ(蜀)ཟེར་ཞིང་། སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི ༤༧.༨༣དང་། མི་གྲངས་ཁྲི ༨༣༢༣ ཡོད། འདུས་སྡོད་བྱེད་པའི་མི་རིགས་ནི་རྒྱ་རིགས་དང་། དབྱིས་རིགས། བོད་རིགས། མིའི་རིགས། ཧུའེ་རིགས། འཇང་རིགས་བཅས་ཡིན། ཞིང་ཆེན་འདིའི་ལྟེ་གནས་གྲོང་ཁྱེར་ནི་ཁྲིན་ཏུའུ་ཡིན་ལ། མངའ་ཁོངས་སུ་རང་སྐྱོང་ཁུལ ༣ དང་། ས་ཁུལ་རིམ་པའི་གྲོང་ཁྱེར ༡༨ རྫོང་རིམ་པའི་གྲོང་ཁྱེར ༡༤ རྫོང ༡༢༣ རང་སྐྱོང་རྫོང ༣ བཅས་ཡོད།

ས་ཁམས་ཁོར་ཡུག

[རྩོམ་སྒྲིག]

སི་ཁྲོན་ཞིང་ཆེན་ནི་ཀྲུང་གོ་ལྷོ་ནུབ་སྟེ་འབྲི་ཆུའི་སྟོད་རྒྱུད་དུ་ཆགས་ཡོད། ས་བབ་ཀྱི་ཆགས་རིམ་ནི་ནུབ་བྱང་མཐོ་ལ། ཤར་ལྷོ་དམའ་བ་དང་། སྤྱིའི་ཆ་ནས་ཤར་ཕྱོགས་སི་ཁྲོན་གཞོངས་ས་ཆེན་མོ་དང་ནུབ་ཕྱོགས་མཐོ་སྒང་རི་ཁུལ་ཡིན། ཆུ་བོ་གཙོ་ཤོས་ནི་འབྲི་ཆུ་དང་། ཉག་ཆུ། རྒྱལ་མོ་རྔུལ་ཆ་སོགས་ཡིན། གཞོངས་ས་འདི་ནི་བརླན་གཤེར་ཆེ་བའི་ཚ་ཁུལ་དུས་རླུང་གི་གནམ་གཤིས་ལ་གཏོགས་པ་དང་། ནུབ་ཕྱོགས་མཐོ་སྒང་ནི་གྲང་ངར་ཆེ་བའི་གནམ་གཤིས་ལ་གཏོགས་པ་ཡིན། ཞིང་ཆེན་ཡོངས་ཀྱི་ལོ་རེའི་ཆ་སྙོམས་དྲོད་ཚད་ཏུའུ ༡-༡༨བར་ཡིན།

ལྗོངས་རྒྱུའི་གནས་འགངས་ཆེན།

[རྩོམ་སྒྲིག]

ཡུལ་སྐོར་བྱེད་ས་གཙོ་བོ་ལ་འཛམ་གླིང་ཤུལ་བཞག་མིང་ཐོར་བཀོད་ཟིན་པའི་གཟི་ཚ་སྡེ་དགུའི་མཛེས་ལྫོངས་དང་། ཧོང་ལུང་མཛེས་ལྗོངས། གླང་ཆེན་འགྱིང་རི། ལི་ཧྲན་སྟོན་སྐུ་ཆེན་མོ། རི་བོ་ཆིང་ཁྲེང་ཧྲན། ཏུའུ་ཅང་ཡན་སོགས་ཡོད།

འཛིན་སྐྱོང་ས་ཁུལ།

[རྩོམ་སྒྲིག]
ས་ཀྲ་ # མིང་ Administrative Seat རྒྱ་ཡིག།
Hanyu Pinyin
Population (2010)
Sub-provincial city
9 ཁྲྀང་ཏུ། Qingyang District 成都市
Chéngdū Shì
14,047,625
Prefecture-level city
3 མྱན་ཡང་། Fucheng District 绵阳市
Miányáng Shì
4,613,862
4 གྭང་ཡཱན། Lizhou District 广元市
Gǔangyúan Shì
2,484,125
5 ནན་ཁྲོང་། Shunqing District 南充市
Nánchōng Shì
6,278,622
6 པ་ཀྲོང་། Bazhou District 巴中市
Bāzhōng Shì
3,283,771
7 ཏ་ཀྲཽ། Tongchuan District 达州市
Dázhōu Shì
5,468,092
8 ཡ་ཨན། Yucheng District 雅安市
Yǎ'ān Shì
1,507,264
10 ཏྀ་ཡང་། Jingyang District 德阳市
Déyáng Shì
3,615,759
11 སྭི་ནིན། Chuanshan District 遂宁市
Sùiníng Shì
3,252,551
12 གྭང་ཨན། Guang'an District 广安市
Guǎng'ān Shì
3,205,476
13 མཱི་ཧྲན། Dongpo District 眉山市
Méishān Shì
2,950,548
14 ཙི་ཡང་། Yanjiang District 资阳市
Zīyáng Shì
3,665,064
15 ལྀ་ཧྲན། Shizhong District 乐山市
Lèshān Shì
3,235,756
16 ནཱི་ཅཱང་། Shizhong District 内江市
Nèijiāng Shì
3,702,847
17 ཙི་གོང་། Ziliujing District 自贡市
Zìgòng Shì
2,678,898
18 ཡི་པིན། Cuiping District 宜宾市
Yíbīn Shì
4,472,001
19 ལུ་ཀྲཽ། Jiangyang District 泸州市
Lúzhōu Shì
4,218,426
21 ཕན་ཀྲི་ཧྭ། Dongqu District 攀枝花市
Pānzhīhūa Shì
1,214,121
Autonomous prefectures
1 དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ དར་རྩེ་མདོ། 甘孜藏族自治州
Gānzī Zàngzú Zìzhìzhōu
1,091,872
2 རྔ་བ་བོད་རིགས་ཆ་བ༹ང་རིགས་རང་སྐྱོང་ཁུལ་ འབར་ཁམས། 阿坝藏族羌族自治州
Ābà Zàngzú Qiāngzú Zìzhìzhōu
898,713
20 Liangshan Xichang 凉山彝族自治州
Liángshān Yízú Zìzhìzhōu
4,532,809