ལུག་རིན་པོ་ཆེ།
ལུག་རིན་པོ་ཆེ་ཟེར་བའི་མི་ཆུང་སྐྱ་བོ་ཞིག
[རྩོམ་སྒྲིག]
དངོས་མིང་། ཡི་ཤེས་བསྟན་འཛིན།
མིང་འདོགས། ལུག་གམ་ལུག་རིན་པོ་ཆེ།
༡༩༨༥ ལོའི་ཟླ་ ༡༢ ནང་བོད་ལྗོངས་ལྷ་ས་ཆུ་ཤུར་་རྫོང་དུ་འཁྲུངས། ཁོང་གི་མཚན་དངོས་ལ་ཡེ་ཤེས་བསྟན་འཛིན་ཟེར་ཞིང་། དེ་སྔོན་ཡིན་ན། ཆུ་ཤུར་རྫོང་སློབ་འབྲིང་གི་བོད་ཡིག་དགེ་རྒན་ཞིག་དང་། རྗེས་སུ། གཞུང་ཞབས་ལས་ཀ་ནས་དོན་ཏེ། ད་ལྟ་བོད་ལྗོངས་ཞོལ་འདོད་དཔལ་སྲོལ་རྒྱུན་བཟོ་རིག་སློབ་གྲྭའི་སློབ་སྤྱི་རེད། ཁོ་རང་ཆུང་དུས་ནས་ནང་སར་སློབ་གྲྭར་སོང་སྟེ། སློབ་འབྲིང་དང་མཐོ་འབྲིང་། སློབ་ཆེན་ཆ་ཚང་ནང་སར་འགྲིམས། སློབ་ཆེན་སྐབས་དང་། གཞུང་ཞབས་ལས་གནས་སྐབས་སུ་བོད་ཡིག་ཆ་འཕྲིན་ཅན་དུ་འགྱུར་རྒྱུ་ལ་ཤུགས་ནུས་མང་པོ་བགྱིས་ཡོད་རེད། ཕྱི་ལོ་ ༢༠༡༣ ལོ་སྨད་དུ་"ལུག་ཚང་དཔལ་ཡོན་"ཞེས་པའི་འཕྲིན་སྟེགས་བཟོས་པ་དང་། དེ་ནི་ཧ་ལམ་བོད་ཡིག་གི་འཕྲིན་སྟེགས་སྔ་གྲས་ཤིག་རེད་ལ། ད་ལྟ་ཆ་བཞག་ན། དོ་ཁུར་བྱེད་མཁན་ཡང་མི་ཁྲི་ ༢༦ ཙམ་ལས་བརྒལ་ཡོད་འདུག བོད་ཡིག་སྤྱི་ཚོགས་ཀྱི་མི་ཞིག་ཡིན་ན། དེའི་ཁ་པར་ནང་། ཧ་ལམ་ལུག་ཚང་དཔལ་ཡོད་མེད་མི་སྲིད་པ་ཞིག་རེད། རྒྱུན་དུ་ཉེ་འཁོར་མིས་ཁོང་"ལུག་རིན་པོ་ཆེ་"འབོད་པ་མ་གཏོགས། རིན་པོ་ཆེ་དངོས་གནས་མ་རེད། མིང་འདོགས་ཙམ་རེད། དེའང་འདོགས་ལུགས་ཡོད་དེ། ལུག་རིན་པོ་ཆེ་སློབ་ཆུང་སྐབས་སུ་དགའ་པོ་བྱས་སའི་བུ་མོ་ཞིག་ཡོད་པ་དང་། རྗེས་སུ། བུ་མོ་དེ་དང་། ལུག་གཉིས་ག་སྔ་རྗེས་སུ་ཅང་སུའུ་ཁྲང་ཀྲའུ་མི་རིགས་སློབ་འབྲིང་དུ་འབྱོར། བུ་མོ་དེས་གང་ཅིའི་ཐད་ནས་ལུག་རིན་པོ་ཆེ་ལ་རོགས་རམ་མཛད་པས། མཐའ་མར། རོགས་པ་ཚོས་བུ་མོའི་དེའི་མིང་འདོགས་"ལུག་"ཅེས་པ་དེ་དགེན་ཡི་ཤེས་བསྟན་འཛིན་གྱི་སྒང་ལ་སྦྱར་བས། ཡོང་ཁུངས་དེ་འདྲ་རེད། ཁོ་རང་ནི་ཕུགས་བསམ་དང་། དམིགས་ཡུལ་འཁྱེར་ནས་སློབ་ཆེན་གྱི་སྒོ་ཁ་འཛུས་པ་ཡིན་ཟེར། རྗེས། ཀྲུང་དབྱངས་མི་རིགས་སློབ་ཆེན་གྱི་ཤེས་ལྡན་པ་འཇམ་དབྱངས་སྐྱབས་ཀྱིས་གསར་དུ་"ལུག་རིན་པོ་ཆེ་"ཞེས་བཏགས་སྐད།
༡༩༩༠ ལོ་ནས་ ༡༩༩༩ ལོའི་བར་ཆུ་ཤུར་གྲོང་བརྡལ་དམངས་འཛུགས་སློབ་གྲྭ་དང་ཆུ་ཤུར་རྫོང་ཆ་ཚང་སློབ་ཆུང་དུ་སློབ་ཆུང་འགྲིམས།
༡༩༩༩ ལོར་ནང་སའི་སློབ་གྲྭར་རྒྱུགས་ལོན། ཅང་སུའུ་ཁྲང་ཀྲའུ་བོད་ལྗོངས་སློབ་འབྲིང་རུ་ལོ་བཞིའི་དམའ་འབྲིང་གི་འཚོ་བར་རོལ།
༢༠༠༢ ལོའི་ཟླ་ ༩ པར་ཅང་སུའུ་ཞིང་ཆེན་པན་ནིའུ་མཐོ་རིམ་སློབ་འབྲིང་དུ་རྒྱུགས་ལོན། མཐོ་འབྲིང་ལོ་གསུམ་རྒྱ་རིགས་སློབ་གྲྭར་འཚོ་བ་རོལ།
༢༠༠༦ ལོའི་ཟླ་ ༩ པར་པེ་ཅིང་དགེ་འོས་སློབ་ཆེན་རུ་རྒྱུགས་ལོན། དེ་ནས་ལོ་བཞིའི་རིང་སློབ་གསོ་རིག་པའི་སྐོར་ལ་སྦྱང་པ་བྱས། སློབ་ཆེན་རིང་ཁོང་གིས་རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་ཕྱོགས་གང་སྤྱིའི་ཐད་ནས། འགྲུབ་འབྲས་ཆེན་པོ་ཐོན་ཡོད་ལ། སློབ་ཆེན་སློབ་མའི་ཁྲོད་མིག་དཔེ་བཟང་པོ་ཞིག་ཏུ་གྱུར།
༢༠༡༠ ལོའི་ཟླ་ ༦ པར་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་ཏེ། ལྷ་ས་ཆུ་ཤུར་རྫོང་སློབ་འབྲིང་དུ་སློབ་གསོའི་བྱ་གཞག་ལ་འབད་པ་བྱེད་བཞིན་ཡོད། དེ་བས་ཁོང་གིས་རང་གི་སྙིང་རུས་དང་། སེམས་ཤུགས། འབད་པ་བཅས་ལ་བརྟེན་ནས་བོད་ཡིག་དགེ་རྒན་གྱི་གན་དེ་རང་ཉིད་ཀྱི་ཕྲག་པར་ལེན་པ་རེད།
༢༠༡༥ ལོའི་ཟླ་ ༩ པར་གཞུང་གི་ལས་གནས་བསྐྱུར་ནས། བྱ་གཞག་གསར་གཏོད་ཀྱི་ལས་གནས་སུ་བཞུགས་པ་དང་བོད་ལྗོངས་ཞོལ་འདོད་དཔལ་སྲོལ་རྒྱུན་བཟོ་རིག་སློབ་གྲྭའི་སློབ་སྤྱིའི་འགན་བཞེས་གནང་།
༢༠༡༦ ལོ་ནས་ཞོལ་འདོད་དཔལ་སློབ་གྲྭའི་ཁ་ཕྱོགས་གསར་པ་དང་འཆར་གཞི་གསར་པ་བཏིང་བ་དང་། སྔར་ཡོད་ཀྱི་སློབ་གྲྭ་འདི་དངོས་བཟོ་རིག་ལག་རྩལ་གྱི་སློབ་གྲྭ་ཞིག་ཏུ་གྱུར།
༢༠༡༧ ལོ་ནས་ཞོལ་འདོད་དཔལ་སློབ་གྲྭ་རྒྱ་བསྐྱེད་དང་ལས་རིགས་ལག་རྩལ་མང་རུ་གཏོང་བ། དེ་ནས་ལྗོངས་རིམ་པའི་ཀུན་གཏོད་ར་བར་འགྱུར་བ། ལོ་འདིར་སྔར་སོང་ལོ་བརྒྱ་ཕྲག་རིང་བཞེངས་མྱོང་མེད་པའི་སྒྲོལ་མ་ཉེར་གཅིག་གི་ཞལ་ཐང་ཆ་ཚང་བ་ཞིག་བཞེངས་པ་དང་དེ་བས་ཧྥ་རན་སིར་འགྲེམ་སྟོན་དུ་འཁྱེར་ནས། བོད་ཀྱི་རིག་གནས་དང་ཐང་གའི་སྒྱུ་རྩལ་འཛམ་གླིང་གི་གར་སྟེགས་ཐོག་ཏུ་བསྐྱོད་ཐུབ་པ།
༢༠༡༨ ལོ་ནས་སློབ་གསོའི་སྒྲིག་གཞི་ཚགས་དམ་རུ་གཏོང་བ་དང་། ཞོལ་འདོད་དཔལ་བཟོ་རིག་སློབ་ཆེན་འཛུགས་པའི་འཆར་གཞི་གཏིང་།
༢༠༡༩ ནས་ ༢༠༢༠ དབར་ལ་ཞོལ་འདོད་དཔལ་ལག་རྩལ་བཟོ་པའི་སློབ་གྲྭའི་ལག་ཁྱེར་ཐོབ་ནས། དངོས་སུ་སློབ་མར་སློབ་ཐོན་ལག་འཁྱེར་སྤྲོད་ཐུབ་པའི་ཆོག་མཆན་ཐོབ།
༢༠༢༡ ལོ་ནས་ཞོལ་འདོད་དཔལ་དུ་ལས་ཀ་བྱེད་པའི་གན་རྒྱའི་དུས་ཚོད་རྫོགས་ནས། ལས་གནས་འདི་ནས་འདོན་སྟེ། རང་གི་ཁེ་ལས་གཉེར་འགོ་ཚུགས།
༢༠༢༢ ལོར་བོད་ལྗོངས་མཐུན་པ་སྤུན་བཞི་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་དངོས་སུ་ལམ་དུ་ཆས། ལོ་འདིར་ལུག་རིན་པོ་ཆེས་གཙོ་བྱས་ནས་བོད་ལྗོངས་སློབ་ཆེན་གྱི<བོད་ཀྱི་ཡི་གེ་དང་རྩོམ་རིག་གི་འགྲེམས་སྟོན་ཁང>གི་རྣམ་གྲངས་ལག་བསྟར་བྱས་ནས། དེ་ནས་སློབ་ཆེན་གྱི་དབུ་ཁྲིད་དང་དགེ་རྒན་མང་པོའི་མཛུབ་སྟོན་འོག་འགྲེམས་སྟོན་ཁང་རྩེ་གྲ་ཞིག་གསར་བསྐྲུན་བྱས།
༢༠༢༣ ལོར་བོད་ལྗོངས་དཔལ་ཡོན་ཚན་རྩལ་ཚད་ཡོད་ཀུང་སི་དང་བོད་ལྗོངས་ཡར་སྟོད་བྱིའུ་སྒང་པ་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་གཉིས་གཉེར་འགོ་ཚུགས། ལོ་འདིར་བོད་ཡིག་གློག་རྡུལ་ཡིག་གཟུགས་དྲ་ཚིགས་ཆེན་མོ་དང་། དཔལ་ཡོན་རིག་ནུས། དཔལ་ཡོན་ཡིག་འཛིན་ལ་སོགས་པའི་སྤྱིད་སྤྱོད་དྲ་ཐོག་ཐོན་རྫས་གསར་བཟོ་བྱས། དེ་ནས་མལ་གྲོ་གུང་དཀར་རྫོང་རྒྱ་མ་གྲོང་བརྡལ་དུ་གནས་པའི་སྲོང་བཙན་སྒམ་པོའི་དྲན་གསོ་ཁང་ལེགས་བཅོས་དང་ཇུས་འགོད་གསར་པའི་ལས་གཞིར་བཞུགས།
༢༠༢༤ལོའི་ལོ་མགོར། གངས་རྒྱན་གྱིས་གཙོ་བྱས་ནས་དཔལ་ཡོན་རིག་ནུས་པར་གཞི་དང་པོ་དངོས་ཤར་གཏོང་བྱས་པ་དང་། དེ་ནས་ལོ་གཉིས་ལྷག་གི་རིང་ལ་དཔལ་ཡོན་ཚན་རྩལ་ནས་མ་དངུལ་སྒོར་ཁྲི་བརྒྱ་ལྷག་བཏང་ནས། བོད་ལྗོངས་ནང་ཁུལ་གྱི་བོད་ཡིག་གི་རིག་ནུས་དཔེ་དབྱིབས་ཆེན་པོ་དྲི་མེད་རིག་ནུས་གསར་ཐོན་བྱས། ༢༠༢༥ལོའི་དབྱར་ཁ་ནས་དཔལ་ཡོན་དྲི་མེད་རིག་ནུས་དངོས་སུ་དྲ་ཐོག་ཏུ་སྤྱོད་སྒོ་ཚུགས་ནས། བེད་སྤྱོད་བྱེད་མཁན་ཀྱང་ཧ་ཅང་མང་པོ་བྱུང་བ་རེད།
༢༠༢༥ ལོར་སྲོང་བཙན་སྒམ་པོའི་དྲན་གསོ་དང་ཧོར་ཁང་གཞི་ཀ་གཉིས་ཀྱི་ལེགས་བཅོས་ལས་གཞི་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། འགྲོམ་སྟོན་ཁང་དངོས་སུ་སྒོ་ཕྱེ་ཐུབ། དེ་ནས་ལོ་འདིར་བོད་ལྗོངས་རྩོམ་འགྱུར་ཅུས་ཀྱི་བོད་སྐད་ཡིག་གི་འགྲེམས་སྟོན་ཁང་གསར་བསྐྲུན་གྱི་ལས་གཞིའི་ནང་བཞུགས་ནས་ཁྱོན་ཡོངས་ཀྱི་རིག་གནས་དང་ཇུས་འགོད་ཀྱི་བློ་འདྲིའི་འགན་འཁུར་བྱས།
ལུག་རིན་པོ་ཆེའི་བརྩམས་ཆོས།
[རྩོམ་སྒྲིག]ལུག་ཚང་དཔལ་ཡོན་གྱི་དྲ་ཚིགས།
https://web.archive.org/web/20181123204525/http://www.tibetsheep.org/
ད་ལྟ་ཡོད་པའི་བོད་ཡིག་ཡིག་གཟུགས་ཕྱོགས་བསྡུས་ཕབ་ལེན་བྱེད་གནས།
ཡིག་གཟུགས་ཀུན་བཏུས།
ལུག་རིན་པོ་ཆེའི་དྲ་ཐོག་ཐོན་ཁུངས།
[རྩོམ་སྒྲིག]བོད་ཡིག་ཟིན་བྲིས།
https://web.archive.org/web/20170309043815/http://blog.amdotibet.cn/tibetsheep/index.aspx
རྒྱ་ཡིག་ཟིན་བྲིས།
https://web.archive.org/web/20100126074340/http://sheep.tibetcul.com/
http://blog.sina.com.cn/sed100
པོད་ཕྲན།