ཟླ་བ་དང་པོ
Appearance
ཟླ་བ་དང་པོའི་ལེགས་བཤད་ ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།
ཟླ་༡ཚེས་༡
[རྩོམ་སྒྲིག]གཞོན་དུས་དགའ་བའི་ཆུང་མ་ངས་མ་བླངས། །
རྒས་དུས་དགོས་པའི་ནོར་རྫས་ངས་མ་བསགས། །
སྤྲང་པོའི་མི་ཚེ་ལྕགས་སྨྱུག་ལྷན་གཅིག་ཏུ། །
རྫོགས་པ་འདིན་ན་བདག་གི་སྣང་བ་སྐྱོ། །
ཟླ་༡ཚེས་༢
[རྩོམ་སྒྲིག]གཞན་ཕན་སྙིང་རྗེའི་སྣུམ་དང་བྲལ་ན་ཡང་། །
རིག་རྩལ་ཐབས་མཁས་གློག་གི་ཆོ་འཕྲུལ་གྱིས། །
དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་པ། །
སྤྲ་སེར་སྤྲེའུ་རིགས་ལ་དོགས་ཟོན་མཛོད། །
མི་རིགས་རང་ཉིད་ཤེས་རབ་སྙིང་སྟོབས་ཀྱི། །
ཡར་སྐྱེད་གོམ་པ་རང་སྤོས་མ་བྱས་པར། །
གཞན་གྱི་སྐྱོར་ཅིང་ལམ་ཁྲིད་ལ་བརྟེན་ན། །
བསྐལ་བརྒྱར་འདས་ཀྱང་རྗེས་ལུས་ཉིད་ལས་མེད། །
དོར་ཞི།