བླ་མ་

From Wikipedia

 Broom icon.svg  This article requires cleanup .
Please improve this article if you can.

སློབ་དཔོན་དྲིན་ཅན་དང་། དྲིན་གྱི་སྒོ་ནས་ལྕི་བ་ཕ་མ་ལའང་བླ་མ་ཞེས་བརྫོད་རུང་བ་ལྟ་བུ།

བླ་མ་ནི་བླ་ན་མེད་པའམ་གོང་ན་མེད་པའི་དོན་དུ་འཇུག་གོ

{{བླ་མ་མེད་པའི་གོང་ན་ཆོས་མེདཔ་དང། ཆོས་མེད་པའི་གོང་ན་དགེ་འདུན་པ་ཡོད་མ་སྲིད། བླ་མ་ལས་ཆོས་གསུངས་ཏེ་དགེ་འདུན་པས་དོན་དུ་གཉེར་ཅིང། དད་ལྡན་པས་ཆོས་ལ་འཇུག་ཅིང་། དད་སེམས་ཅན་སེམས་ཀྱི་ཁ་ལོ་འགྱུར་རྗེས་འཁོར་་བའི་ལོངས་སྤྱོད་ལ་སྙིང་པོ་མེད་པར་མཐོང་སྟེ་སངས་་རྒྱས་པར་གྱུར་ཅིང། འོན་ཏེ་སངས་རྒྱས་ཀྱང་འགྲོ་ལ་ཆགས་པ་དེས་འཇིག་རྟེན་དེར་མཐའ་དག་རྟེན་དང་རྟེན་འབྱུང་ཡིན་པར་ཡིད་ཆེས་བྱེད་པའི་ར་འཕྲོད་བྱ་གི་ཡོད་པ་ལྟ་བུར་མཐོང་ཞིང། ང་ཚོ་ནང་པ་སངས་རྒྱས་པས་བླ་མ་མེད་པའི་གོང་ན་སངས་རྒྱས་མེད་པར་སྨྲ་བ་དང། སངས་རྒྱས་ཀྱི་ཐུགས་སྙིང་རྗེའི་རང་གཟུགས་སུ་བཞེས་པས་རང་ཉིད་སངས་རྒྱས་ཏེ་འཁོར་བའི་ཞེན་ཆགས་ཡོང་སུ་སྤངས་ཟིན་ཡང་། ད་དུང་གཞན་དོན་གནང་འདོད་པའི་སྙིང་རྗེ་ཆེན་པོས་འགྲོ་བ་རྣམས་རྗེས་སུ་འཛིན་རྒྱུའི་ཐུགས་དགོངས་ད་དུང་ཡོད་པ་དེས་ནང་པ་སངས་རྒྱས་པའི་ཐེག་ཆེན་གྱི་མདོ་ལས་གསུངས་པའི་རང་གི་གཞན་དོན་ནམ། གཞན་ལ་དྲིན་ཆེ་བའམ་གཞན་བསམ་ཤེས་ཐུབ་མཁན་གྱི་སྙིང་རྗེ་ཅན་གྱི་ཆོས་ལུགས་ཤིག་ཡིན་པར་ང་རང་ནས་ཡིད་ཆེས་ཡོད། ངས་ཆོས་ཀྱི་ནང་དོན་གཏིང་ཟབ་རྒྱ་ཆེ་ཞིག་མ་ཤེས་ཀྱང་། སངས་རྒྱས་ནི་གང་ལྟར་རྦད་དེ་སངས་རྒྱས་ཟིན་ཏེ་གསུངས་ཟིན་པའི་བཀའ་རྣམས་བླ་མ་་སྐྱེས་ཆེན་རྣམས་ཀྱིས་འགྲེལ་དུ་གསུངས་ཏེ་དད་ལྡན་པ་རྣམས་ལ་བྱ་བའི་ལས་བཟང་བསྐུལ་རྒྱུ་དེ་རེད། དེས་བླ་མ་ནི་བླ་ན་མེད་པའམ་གོང་ན་མེད་པའི་སྐྱེས་ཆེན་་ཞིག་རེད་ལ། ང་ཚོའི་ཡོད་་ཚད་རེ་བ་བཅོལ་ཡུལ་ཞིག་ཀྱང་མ་རེད་པས།}