Wikipedia talk:Village pump (idea lab)
བརྗོད་གཞི་ཁ་སྣོན།Frist Tibetan Wiki Editathon in Gaya
[རྩོམ་སྒྲིག]ཚང་མར་བཀྲ་ཤིས་བདེ་ལེགས།
ང་ནི་ Kaldan007 ཡིན། ངས་ Wikimedia Foundation ནས་ Rapid Grant གྱི་རོགས་དངུལ་ཞིག་ཞུ་རྒྱུའི་འཆར་གཞི་འགོད་བཞིན་ཡོད། རོགས་དངུལ་དེ་བརྒྱུད་ནས། ངས་བོད་ཀྱི་ཝི་ཀི་མི་ཌི་ཡའི་ལས་གཞི་ཁག་གི་ནང་དབྱིན་ཡིག་ནས་བོད་ཡིག་ཏུ་ད་བར་མ་བསྒྱུར་བ་རྣམས་བོད་བསྒྱུར་བྱ་རྒྱུ་དང་། བོད་བསྒྱུར་ཚད་ལྡན་མིན་པ་རྣམས་ཡར་རྒྱས་གཏོང་རྒྱུ། བོད་བརྒྱུད་ནང་བསྟན་གྱི་གསུང་འབུམ་ཚད་ལྡན་གང་མང་ Wikisource ནང་འཇུག་རྒྱུ། བོད་བརྒྱུད་ནང་བསྟན་གྱི་བརྗོད་གཞིའི་སྐོར་ལ་རྩོམ་ཡིག་གང་མང་ Wikipedia ནང་འབྲི་རྒྱུ་བཅས་གནད་དོན་གསུམ་གྱི་ཐོག་ཤུགས་རྒྱག་རྒྱུ་ཡིན།
ཡོང་འགྱུར་གྱི་ཆོས་བརྒྱུད་ཁག་གི་སྨོན་ལམ་ཆེན་མོ་དང་བཀའ་བརྒྱུད་དགུན་ཆོས་སྐབས། གྲྭ་བཙུན་དང་མཁས་དབང་སྟོང་ཕྲག་མང་པོ་འདུ་འཛོམས་གནང་གི་ཡོད་པ་དང་བསྟུན། རོགས་དངུལ་དེ་བརྒྱུད་གུས་པས་གོང་གསལ་གནད་དོན་གསུམ་གྱི་ཐོག་ལས་གཞི་དེ་དག་སྤེལ་རྒྱུའི་འཆར་གཞི་ཡོད།
༡) ཝི་ཀི་མི་ཌི་ཡའི་ལས་གཞི་ཁག་གི་ཡིག་སྒྱུར་གྱི་ཆེད་དུ། ས་གནས་སུ་བཞུགས་པའི་སྐད་ཡིག་གི་ཆུ་ཚད་མཐོ་བའི་དང་བླངས་པ་ཁ་ཤས་བསྐོང་ནས་ཡིག་སྒྱུར་གྱི་ལས་གཞི་དེ་བསྒྲུབ་རྒྱུ་ཡིན།
༢) Wikisource ནང་གསུང་འབུམ་ཚད་ལྡན་གང་མང་ཞུ་དག་བྱ་རྒྱུའི་ཆེད་དུ། སྨོན་ལམ་དང་དགུན་ཆོས་ཀྱི་ཉིན་རེའི་མཛད་རིམ་རྫོགས་མཚམས་སུ། ཉིན་ལྟར་ཆུ་ཚོད་ ༡ ནས་ ༢ རིང་ Wikisource proofreadathon འམ་གསུང་འབུམ་ཞུ་དག་གི་ལས་རིམ་སྤེལ་རྒྱུ་དང་། རོགས་དངུལ་བརྒྱུད་མཉམ་ཞུགས་པ་རྣམས་ལ་གསོལ་ཇ་དང་ཞལ་ཏོག་གྲ་སྒྲིག་བྱ་རྒྱུའི་འཆར་གཞི་ཡོད།
༣) དེ་དང་གཅིག་མཚུངས། Wikipedia editathon འམ་བརྗོད་གཞི་འདྲ་མིན་གྱི་ཐོག་རྩོམ་ཡིག་ Wikipedia ནང་འབྲི་རྒྱུའི་ལས་གཞི་ཡང་སྤེལ་རྒྱུ་ཡིན།
ངས་ང་ཚོའི་བོད་ཀྱི་ཝི་ཀི་མི་ཌི་ཡའི་སྤྱི་ཚོགས་ལ་འཆར་གཞི་འདིའི་སྐོར་དགོངས་ཚུལ་ག་འདྲ་ཡོད་མེད་མཁྱེན་འདོད་ཡོད། དེ་བཞིན། ཕྱི་ལོ་ ༢༠༢༥ ཟླ་ ༡༡ ནས་ ༢༠༢༦ ཟླ་ ༡ བར་རྡོ་རྗེ་གདན་དུ་ལས་འགུལ་འདི་དག་གོ་སྒྲིག་གནང་རྒྱུར་ང་དང་ལྷན་དུ་དང་བླངས་ཞབས་ཞུ་གནང་མཁན་ཡོད་མེད་ཀྱང་མཁྱེན་འདོད་ཡོད། གང་ཡིན་ཟེར་ན། མཉམ་ལས་བྱས་ན་ལས་གཞི་འདི་ནུས་པ་ཆེ་བ་དང་རྒྱུན་གནས་ཐུབ་པ་ཞིག་ཡོང་ངེས་ཡིན་པས་སོ།།
Hi All,
I am Kaldan007. I am planning to apply for a rapid grant from Wikimedia Foundation. With that grant, I aim to make Tibetan Wikimedia projects more accessible, authentic, and engaging for native Tibetan speakers by improving localisation, increasing the availability of authentic Buddhist sources, and expanding Tibetan knowledge on Wikipedia. Currently, untranslated or poorly translated interfaces and documents create barriers to contribution, authentic Buddhist manuscripts are underrepresented on Wikisource despite being the majority of Tibetan literature, and Tibetan Wikipedia lacks coverage of core cultural and religious knowledge. To address these gaps, I will organise localisation sprints with scholars, proofreadathons of Tibetan Buddhist manuscripts on Wikisource, and editathons on Wikipedia during major Buddhist festivals in Bodh Gaya, which gather thousands of monks, nuns, and scholars. These approaches have been proven effective across Wikimedia communities, and by leveraging this unique gathering, the project will empower Tibetan contributors, ensure more authentic and reliable sources are available online, and strengthen the visibility and accessibility of Tibetan cultural and intellectual heritage for readers worldwide. I would also like to hear what our Tibetan Wikimedian communities think about this idea, and who would like to volunteer to join me in organising these events in Bodh Gaya during November 2025 to January 2026, as this collective effort will make the project more impactful and sustainable. Kaldan007 (talk) ༠༦:༣༥, ༢༥ ཟླ་བརྒྱད་པ། ༢༠༢༥ (UTC)
- Kaldan007ལགས་ཁྱེད་ཀྱིས་ལས་འཆར་འདི་དངོས་གནས་ཡག་པོ་འདུག གུས་པར་མཚོན་ན་ཁྱེད་ཀྱི་བོད་ཀྱི་རྩ་ཆེ་བའི་ནང་བསྟན་རིག་གཞུང་ཐོག་གི་ལས་འཆར་ཐོག་ལ་རང་ནུས་ཅི་ལྕོགས་ཀྱིས་མཉམ་ཞུགས་བྱེད་འདོད་ཡོད་པར་མ་ཟད། ཝེ་ཁེ་རིག་མཛོད་ཀྱིས་དོན་སྙིང་ལྡན་པའི་ལས་འཆར་འདིའི་ཐོག་ལ་རོགས་ཕན་ཡང་གནང་བའི་རེ་བ་ཞུ་བཞིན་ཡོད། Pecha-Gade (talk) ༠༧:༠༧, ༢༥ ཟླ་བརྒྱད་པ། ༢༠༢༥ (UTC)
- སྤྱིར་རིག་གཞུང་དང་སྤྱི་ལ་ཕན་པའི་ལས་དོན་ཞིག་ལ་འགན་འཁུར་གྱིས་ལས་འཆར་རྩོམ་མཁན་ནི་ཧ་ཅང་ཉུང་བས་Kaldan007ལགས་ཀྱིས་བོད་རང་གི་རིག་གཞུང་འབྲེལ་བའི་ལས་འཆར་འདི་འདྲ་ཞིག་རྩོམ་པའི་བསམ་པ་ཡོད་པ་ཙམ་ལ་ཡང་བསྔགས་འོས་ཀྱི་གནས་སུ་མཆིས། ལྷག་པར་དུ་ཁོང་གིས་མ་སྐུལ་དང་ལེན་གྱིས་ཡིག་བསྒྱུར་དང་། གསུང་འབུམ་དཔར་འགྲེམ། རྩོམ་ཡིག་བརྒྱུད་འགོད་གསུམ་གནད་ལ་བཟུང་སྟེ་ལས་འཆར་བླ་ན་མེད་པ་འདི་འདྲ་ཞིག་རྩོམ་པར་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་ཡིན།Rekong Rabten (talk) ༠༨:༣༧, ༢༥ ཟླ་བརྒྱད་པ། ༢༠༢༥ (UTC)
- Kaldan007ལགས་ཁྱེད་ཀྱིས་ལས་འཆར་འདི་དངོས་གནས་སྤྱི་ལ་ཕན་པོ་འདུག རང་ཉིད་ལ་མཚོན་ན་ཁྱེད་ལ་རྒྱབ་སྐྱོར་གཙང་མ་ཡོད། མ་ཟད་སྐབས་དེར་རང་ཉིད་ལ་དུས་ཚོད་ཏག་ཏག་ཞིག་རག་སོང་བ་ཡིན་ན། ཁྱེད་དང་མཉམ་དུ་ལས་གཞི་འདི་མགོ་མཇུག་ཚང་བ་ཞིག་ཡོང་བར་རོགས་ཅི་ཐུབ་བྱེད་ཡོང་། གཞན་ཡང་ཝེ་ཁེ་རིག་མཛོད་ཀྱིས་ལས་འཆར་འདི་ལ་རོགས་སྐྱོར་དང་ངེས་ལེན་གནང་བར་རེ་བ་སྙིང་ནས་ཞུ། སྤྲིན་དཀར། (talk) ༠༨:༤༠, ༢༥ ཟླ་བརྒྱད་པ། ༢༠༢༥ (UTC)
- སྐུ་ཉིད་ཀྱི་ལས་འཆར་འདི་ནི་ནང་བསྟན་སློབ་གཉེར་གནང་མཁན་དང་། བོད་ཡིག་སྤྱོད་མཁན་ཚོར་མཚོན་ན། ཧ་ཅང་ཕན་རླབས་ཆེ་བའི་བྱ་བ་ཞིག་རེད་འདུག་ལ། ཁྱེད་ཀྱི་ཤེས་འཇོན་ལ་བལྟས་ན་ལས་འཆར་འདི་ལེགས་གྲུབ་ཡག་པོ་ཡོང་བར་ང་ལ་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད།
- གུས་ཀྱང་ལས་ཀ་འདིའི་ཪིགས་ལ་དགའ་མོས་དང་ཝེ་ཁེ་ནང་ལས་ཀ་བྱས་པའི་ཉམས་མྱོང་ཡང་ཕྲན་བུ་ཡོད་པས། ལས་གཞི་འདིའི་ཐོག་ལ་རྒྱབ་སྐྱོར་དང་དུས་ཚོད་སྟབས་འཁེལ་བྱུང་ཚེ་མཉམ་ཞུགས་བྱེད་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན། Pecha-Alalamo (talk) ༠༩:༠༥, ༢༥ ཟླ་བརྒྱད་པ། ༢༠༢༥ (UTC)
- སྐལ་ལྡན་ལགས་ཀྱི་ལས་གཞི་འདི་ནི་བོད་སྐད་ཝེ་ཁེ་རིག་མཛོད་ཐོག་བརྩམས་པའི་ཐོག་མ་ལྟ་བུ་དང་། བརྗོད་བྱ་དང་གནས་དུས་གང་གི་ཆ་ནས་ཝེ་ཁེ་རིག་མཛོད་སྤྱི་དང་རང་རེའི་སྤྱི་ཚོགས་གཉིས་ཀར་ཕན་པའི་བྱ་བ་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། ལས་གཞི་འདིའི་ལས་འཆར་དང་དུས་ཚོད་སོགས་ཀྱི་ཐོག་འགྲེལ་བརྗོད་རྒྱས་ཙམ་བྱུང་ཚེ་ཕྲན་རང་འདིའི་ནང་མཉམ་ཞུགས་བྱེད་ཐབས་ལ་འབད་བརྩོན་བྱ་རྒྱུ་ཡིན། བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་བཅས། འཇམ་གླིང་པ་བསྟན་འཛིན་ཚེ་དབང་ནས།
- Hi Kalden la, it is a wonderful project! and the time and venue that you've chosen is also perfect. As you've mentioned, we truly need more contribution from those who are already members of Wikimedia, and also engage and encourage new members, so that the knowledge of traditional Tibetan Studies will enrich Wikimedia and benefit the users.
- I believe the project is in its initial stage at present, and as the project progresses, I would like/request you to provide a tentative plan about the date & duration of the whole project, or date & duration of the separate parts of the project (proofreadathon, editathon, so on), so that interested volunteers or participants can plan accordingly.
- I request the Wikimedia Foundation to release the grant, and urge the members to take part in this first, one-of-a-kind, project at Bodh Gaya. I shall try my best to take part in this project, once I get to know more about the program schedule. Thank you for the initiative, wishing you success. Pecha-Tsewang (talk) ༡༣:༣༢, ༢༥ ཟླ་བརྒྱད་པ། ༢༠༢༥ (UTC)
- ཁྱེད་ཀྱི་ལས་འཆར་འདི་ལེགས་འགྲུབ་བྱུང་བ་ཡིན་ན་འཛམ་གླིང་སྤྱིའི་བཟང་སྤྱོད་ཀྱི་རིན་ཐང་དང་ལྷག་པར་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སྦྱང་བརྩོན་བྱེད་མི་ཀུན་ལ་ཕན་པའི་ལས་དོན་རླབས་ཆེན་ཞིག་ཡིན་པས་གུས་མོས་རྒྱབ་སྐྱོར་གཙང་མ་ཡོད་ལ། ཁྱེད་ཀྱི་ལས་དོན་བྱེད་ཕྱོགས་དང་བསམ་བློའི་འཛིན་སྟངས། རིན་ནུས་ཀྱི་ཁྱད་ཡོན་སོགས་ལ་གཞིགས་ན་ལས་འཆར་འདི་ཁྱེད་ཀྱིས་ལེགས་འགྲུབ་ཡོང་བ་གདེང་ཚོད་ཀྱང་ཆེ་བས་Wikimedia Foundation ནས་ཀྱང་ཁོང་ལས་འཆར་འདི་ལ་མཐུན་རྐྱེན་སྦྱོར་རོགས་ཞེས་རེ་འདུན་ཞུ་འདོད་བྱུང་། ཐུགས་རྗེ་ཆེ།Kalsumsingmo (talk) ༠༧:༢༧, ༢༦ ཟླ་བརྒྱད་པ། ༢༠༢༥ (UTC)
- སྤྱིར་དང་རིག་གཞུང་ལ་འགན་འཁུར་མཁན་གྱི་མི་སྣ་ཧ་ཅང་ཉུང་བའི་དུས་སྐབས་འདིར་སྐུ་ཞབས་སྐལ་ལྡན་Kaldan007ལགས་ཀྱིས་བོད་རང་གི་རིག་གཞུང་འབྲེལ་བའི་ལས་འཆར་འདི་འདྲ་ཞིག་རྩོམ་པའི་ལྷག་བསམ་དང་སྙིང་སྟོབས་ལ་གུས་པས་ཡི་རངས་བསྔགས་བརྗོད་དང་། ཁོང་གི་རླབས་ཆེན་གྱི་ལས་འཆར་འདི་ལ་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་ཡིན།2401:4900:93BD:4D6C:B834:13D5:8332:996 ༠༢:༢༨, ༢༧ ཟླ་བརྒྱད་པ། ༢༠༢༥ (UTC)
- Kaldan007 ལགས་ཁམས་བཟང་། སྐུ་ཉིད་ཀྱིས་བོད་ཀྱི་རིག་གཞུང་དང་ནང་བསྟན་ཆོས་ཚན་སྤེལ་གསུམ་གྱི་དོན་དུ་རྩོམ་པའི་ལས་འཆར་འདི་ནི་ཧ་ཅང་གནད་ཆེ་ཞིང་ཕན་རླབས་ཅན་གྱི་བྱ་བ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། ལྷག་པར་དུ་ཁྱེད་ཀྱིས་གཙོ་བོར་འཛུགས་པའི་ཡིག་བསྒྱུར་དང་གསུང་འབུམ་དཔར་འགྲེམ། རྩོམ་ཡིག་བརྒྱུད་འགོད་བཅས་ཀྱི་ལས་གཞི་གསུམ་དེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཉམས་སྲུང་སྤེལ་གསུམ་གྱི་ཆ་ནས་དུས་རབས་ཀྱི་དགོས་མཁོ་དང་མཐུན་པའི་འབྲེལ་ཐབས་ཤིག་ཏུ་མཆིས། ད་ལྟའི་སྐབས་སུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སྦྱང་བརྩོན་བྱེད་མཁན་དང་། དེ་བཞིན་ནང་བསྟན་སློབ་གཉེར་གནང་མཁན་ཚོར་མཚོན་ན། ཁྱེད་ཀྱི་ལས་གཞི་འདི་འདྲ་ཞིག་གལ་ཆེན་པོ་ཡིན་པར་སྨོས་ཅི་དགོས། རྒྱུ་མཚན་ནི། དེ་ལྟར་བྱས་པས་རང་རེའི་སྐད་ཡིག་དང་རིག་གཞུང་གི་དཔེ་ཆ་དང་གནས་ཚུལ་རིགས་ཡུན་རིང་པོར་གསོ་སྐྱོང་བྱུང་ནས་མ་འོངས་པའི་རྒྱུད་འཛིན་པ་ཚོར་སྤྲོད་ཐུབ་པ་མ་ཟད། སྤྱི་ཚོགས་ཡོངས་ལ་རིག་གཞུང་གི་ལེགས་སྦྱོར་གྱི་གོ་སྐབས་ཀྱང་འཕེལ་དུ་འགྲོ་ཐུབ། གང་ལྟར་ཡང་སྐུ་ཉིད་ཀྱི་ལས་འཆར་འདིའི་སྒོ་ནས་བོད་ཀྱི་རིག་གཞུང་དང་ནང་བསྟན་ཆོས་ཚན་རྣམས་རྒྱ་ཆེར་སྤེལ་ཐབས་ཀྱི་ལས་ཀ་འདི་ཧ་ཅང་སྙིང་རུང་ཞིང་འཛམ་གླིང་སྤྱིར་ཕན་པའི་གྲུབ་འབྲས་ཤིག་ཡོང་བ་གཅེས། དེ་བས་ན་གུས་པས་ལས་དོན་འདི་ལ་རྒྱབ་སྐྱོར་གཙང་མ་ཡོད་ལ། སྐབས་དེར་དུས་ཚོད་བྱང་ཚེ་གུས་པས་ཀྱང་རང་ནུས་གང་ཡོད་ཀྱིས་མཉམ་ཞུགས་བྱེད་རྩིས་ཡོད།
- གཞན་ཡང་Wikimedia Foundation ནས་ཀྱང་ལས་འཆར་འདི་ལ་མཐུན་རྐྱེན་སྦྱོར་བའི་རེ་འདུན་ཤུགས་ཆེར་ཞུ་བཞིན་ཡོད།
- ལས་གཞི་ལམ་འགྲོ་ཡོང་བའི་སྨོན་འདུན་དང་བཅས། Ten Jampa Gonpo (talk) ༠༦:༡༩, ༢༧ ཟླ་བརྒྱད་པ། ༢༠༢༥ (UTC)
- སྐལ་ལྡན་Kaldan007ལགས་ནས་བསམ་འཆར་འདི་འདྲ་ཞིག་བཟུང་ནས་མདུན་བསྐྱོད་དང་འབད་བརྩོན་བྱེད་ཀྱིན་པར་ཡི་རིངས་དང་ཝེ་ཁེ་རིག་མཛོད་ཀྱི་ལས་གནས་ཡོངས་ཀྱིས་གཟིགས་སྐྱོང་གནང་བར་རེ་སྐུལ་ཞུ་བཞིན་ཡོད། བོད་ཀྱི་སྐད་ཡིག་ནི་ལེགས་བཤད་ཀྱི་གཏེར་མཛོད་གལ་ཆེ་ཤོས་ཀྱི་ཁྱད་ནོར་ཞིག་འཛམ་བུ་གླིང་འདིར་ཆགས་ཡོད། ཁྱད་ནོར་འདིས་འཛམ་གླིང་སྤྱི་དང་ནང་སྒེས་ནང་སེམས་ཀྱི་བདེ་སྐྱིད་ལ་ཁ་ཚ་དགོས་གཏུགས་ཀྱི་ཕན་ཐོགས་བླ་མེད་ཡོད་པ་ཞིག་ཡིན་པས། ཉག་ཕྲ་བའི་དུས་སྐབས་འདིར་བོད་ཀྱི་སྐད་ཡིག་ལ་ཝེ་ཁེ་རིག་མཛོད་གཙོས་དེང་རབས་འཕྲུལ་རིག་རྣམ་མང་རྒྱུད་རྒྱུན་གནས་གོང་འཕེལ་འགྲོ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བའི་གནད་དོན་ཞིག་ཆགས་ཡོད། དེར་བརྟེན་རང་ཉིད་ཀྱང་ལས་དོན་འདི་ལ་རྒྱབ་སྐྱོར་ཡོད་པ་ཙམ་མིན་པར་ཉམས་ཞུགས་བྱེད་འདོད་འདུན་པ་དང་བཅས་རེ་བ་ཁྱེར་བཞིན་ཡོད། 2401:4900:1C6E:F249:B472:7549:2A0E:485A ༡༨:༢༦, ༢༧ ཟླ་བརྒྱད་པ། ༢༠༢༥ (UTC)
First Tibetan Wiki Editathon in Nepal
[རྩོམ་སྒྲིག]Hi all, Since there is reasonable number of Tibetan speaking community in Nepal, I would like to target few of the monastic institution in Nepal also. Therefore hosting introductory and editathon over there will make our movement more inclusive and bigger. What do you guys think? Kaldan007 (talk) ༠༥:༥༡, ༡ ཟླ་དགུ་བ། ༢༠༢༥ (UTC)
- བཀྲ་ཤིས་བདེ་ལེགས། Nepal is indeed a hub for Tibetan Buddhists and there are several monastic institutions, who would benefit largely from this initiative. Most of these monasteries already indulge in preservation and publication works on Tibetan Buddhist manuscripts, and also bring out new publications too, however they are mostly limited to print media on a local level. Introduction to Wikimedia will greatly enhance their ongoing work and pave ways for greater future prospects for the community there, and also the global Wikimedia community. Good Luck. ཐུགས་རྗེ་ཆེ། Pecha-Tsewang (talk) ༢༡:༣༣, ༡༥ ཟླ་དགུ་བ། ༢༠༢༥ (UTC)