Jump to content

Wikipedia:ས་རཱ་མཐོ་སློབ་ཝི་ཀི་རིག་མཛོད་ཟབ་སྦྱོང་ ༢༠༢༦

ཡོང་ཁུངས་Wikipedia

སཱ་ར་མཐོ་སློབ་ཀྱི་ཝི་ཀི་རིག་མཛོད་ཟབ་སྦྱོང་། (༢༠༢༦) དུས་ཚོད། ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༣༠ ནས་ ༣༡ བར་ཉིན་གཅིག་དང་ཕྱེད་རིང་ཟབ་སྦྱོང་ཚོགས།
ས་གནས། སཱ་ར་མཐོ་རིམ་སློབ་གཉེར་ཁང་།
གོ་སྒྲིག་པ།

ངོ་སྤྲོད།

[རྩོམ་སྒྲིག]

ཕྱི་ལོ་༢༠༢༦ཟླ་༡་ཚེས་ ༣༠ དང་ ༣༡ ཉིན་གཅིག་དང་ཕྱེད་རིང་ལ། སཱ་ར་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཡིག་ཝི་ཀི་རིག་མཛོད་དང་འབྲེལ་བའི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་པ་ཡིན། ཟབ་སྦྱོང་འདིའི་ནང་སློབ་མ་རྣམས་ལ་ཝི་ཀི་རིག་མཛོད་སྤྱི་ཡོངས་ཀྱི་ལོ་རྒྱུས་དང་སྒྲོམ་གཞི་ངོ་སྤྲོད་དང་། ཝི་ཀི་རྩོམ་ཡིག་གི་གལ་གནད་རང་བཞིན། སྒོས་སུ་སློབ་མ་རྣམས་ཝི་ཀི་རྩོམ་སྒྲིག་བྱེད་སའི་ས་གཞོང་མ་ལག་ཁག་ངོ་སྤྲོད། རྩོམ་ཡིག་འབྲི་སྟངས་དང་ལུང་ཁུངས་འདྲེན་སྟངས། དེ་བཞིན་རྩོམ་ཡིག་སྡེ་ཚན་དབྱེ་སྟངས། པར་རིས་འཇུག་བྱེད་སྟངས་བཅས་ངོ་སྤྲོད་ཞུས་ཡོད། གཞན་ཡང་སློབ་མ་རྣམས་ཀྱིས་རང་ཉིད་ཀྱིས་རྩོམ་འབྲི་བཞིན་པའི་དཀའ་ངལ་ཅི་མཆིས་དོགས་སེལ་དང་མཐར་ས་གཞོང་རྩོམ་ཡིག་དེ་ཝི་ཀི་རིག་མཛོད་ཀྱི་གཙོ་གནད་ཤོག་ངོས་སུ་ཇི་ལྟར་སྤོ་ཐབས་བཅས་ངོ་སྤྲོད་བྱས།

ཟབ་སྦྱོང་རོགས་འདེགས་གནང་མཁན།

[རྩོམ་སྒྲིག]
  • ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་། ས་རཱ་སློབ་སྤྱི་མཆོག་གི་འཐུས་སྦྱོར་འོག་ཟབ་སྦྱོང་ཚོགས་སའི་ཚོགས་ཁང་དང་གློག་དང་དྲ་རྒྱ་སོགས་སོགས་རིན་མེད་མཁོ་འདོན་གནང་བྱུང་བས་བཀའ་དྲིན་ཆེ།
  • User:Kaldan007 ནས་ཝི་ཀི་དྲ་མཛོད་བརྒྱུད་ནས་ཟབ་སྦྱོང་གི་ཟབ་སྦྱོང་གི་འགྲོ་གྲོན་སོགས་བརྒྱུད་སྤྲོད་གནང་བར་བཀའ་དྲིན་ཆེ།
  • User:pecha-Tsewang དང་User:pecha-Choedup བཅས་ཟབ་སྦྱོང་དང་འབྲེལ་བའི་ཁྲིད་ཆས་སོགས་སྐབས་དོན་རོགས་རམ་གནང་བྱུང་བས་བཀའ་དྲིན་ཆེ།
  • གཞན་ཡང་བོད་ཡིག་གི་ལམ་ནས་བོད་ཀྱི་ཆོས་རིག་དར་སྤེལ་སླད་དུ་བོད་སྐད་བོད་ཡིག་ལམ་ནས་ཟབ་སྦྱོང་འདིའི་འགོ་མཇུག་བར་མཉམ་ཞུགས་པ་ཡོངས་ལ་བཀའ་དྲིན་ཆེ་ཞུ།

གྲུབ་འབྲས།

[རྩོམ་སྒྲིག]
  • མཉམ་ཞུགས་པ། མི་གྲངས་ 20 ཙམ་བྱུང་།
  • རྩོམ་ཡིག་གསར་བཟོ། [20 ]

མཉམ་ཞུགས་པའི་མིང་ཐོ།

[རྩོམ་སྒྲིག]

ཟབ་སྦྱོང་ལ་མཉམ་ཞུགས་གནང་མཁན་གྱི་ཝི་ཀི་པེ་ཌི་ཡ་བ་རྣམས་ནི་གཤམ་གསལ།

  1. User:མིང་། (དཔེར་ན། User:Tashi)
  2. User:མིང་།
  3. User:མིང་།

ཟབ་སྦྱོང་སྐབས་ཀྱི་འདྲ་པར།

[རྩོམ་སྒྲིག]