Jump to content

Wikipedia:བཀོད་འདོམས་པར་རེ་ཞུ/Granted

ཡོང་ཁུངས་Wikipedia

For current requests, see Wikipedia:བཀོད་འདོམས་པར་རེ་ཞུ.

Note

The latest messages/requests are at the top.

Granted requests

ཁོང་ནས་བོད་སྐད་ཝི་ཀི་རིག་མཛོད་ཀྱི་བཀོད་འདོམས་པའི་ལས་འགན་དེ་སྔ་གནང་མྱོང་ཡོད་པ་དང་། མུ་མཐུད་ནས་གནང་དགོས་པ་ནི་དུས་ཀྱི་དགོས་མཁོ་ཡིན། དགའ་བདེ་(Pecha-Gade)ཁོང་ནི་རང་རེའི་བོད་ཀྱི་སྲོལ་རྒྱུན་རིག་གནས་སྤྱི་ལ་གོ་རྟོགས་ཚད་དང་ལྡན་པ་ཡོད་པའི་ཁར། རང་རེའི་བོད་ཀྱི་སྐད་ཡིག་ལ་དགའ་ཞེན་དང་སྦྱངས་པ་ཆེན་པོ་ཡོད་པ་ཞིག་ཡིན། ཁོང་ནི་དེང་དུས་ཀྱི་ཤེས་བྱ་རིག་པར་གོམ་འདྲིས་ཆེ་བ་དང་། ལྷག་པར་དུ་དེང་དུས་དང་འཚམ་པའི་གློག་ཀླད་ཀྱི་ལམ་ནས་ལས་འཆར་འདྲ་མིན་གྱི་བཀོལ་སྤྱོད་ལ་མཁས་པ་དང་། ཚོགས་པའི་ནང་མཉམ་རུབ་ཀྱི་ནུས་པ་སྟོན་ཐུབ་པ་མ་ཟད། ཚོགས་མི་གཞན་རྣམས་ལ་མིག་དཔེ་འོས་པའི་མགོ་འཁྲིད་ཀྱི་འགན་འཁུར་བླང་ཐུབ་མཁན་ཞིག་ཀྱང་ཡིན། ཁོང་ལ་ཝི་ཀི་མ་ལག་སྤྱིའི་ནང་རྩོམ་འབྲི་མི་ཉུང་བ་བྱས་པའི་ཉམས་མྱོང་ལྡན་ཡོད་པ་དང་། ཝེ་ཁེའི་ལམ་སྟོན་སྒྲིག་གཞི་རྣམས་དང་མཐུན་པའི་རང་གི་ལས་འགན་རྣམས་ལྷག་བསམ་དཀར་པོས་སྒྲུབ་ཐུབ་པའི་ཡིད་ཆེས་ཡོད། དེར་བརྟེན་ངས་ཁོང་བོད་སྐད་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པའི་འོས་མིར་སླར་ཡང་མིང་འདོན་ཞུ་རྒྱུ་དང་། ཚོགས་མི་རྣམ་པས་ཁོང་ལ་རྒྱབ་སྐྱོར་གང་ལེགས་གནང་བའི་རེ་བསྐུལ་ལན་མང་ཞུ།Pecha-Tsewang (talk) ༡༢:༡༤, ༦ ཟླ་དང་པོ། ༢༠༢༦ (UTC)[reply]

འདེམས་ཐོན་ངོས་ལེན། Nomination Acceptance གུས་པ་དགའ་བདེའམ་User:Pecha-Gadeདེ་སྔོན་ནས་བོད་ཀྱི་རིག་གཞུང་ལ་དགའ་ཞེན་ཡོད་པའི་མཐུན་གྲོགས་ཚོས་རྒྱབ་སྐྱོར་ལ་བརྟེན་ནས་བོད་ཡིག་ཝི་ཀི་རིག་མཛོད་ཀྱི་བཀོད་འདོམས་པ་བྱེད་རྒྱུའི་གོ་སྐབས་བྱུང་སོང་། རང་ཉིད་བཀོད་འདོམས་པ་བྱེད་པའི་ཟླ་བ་གསུམ་ཙམ་གྱི་རིང་ལ་བོད་ཡིག་ཝི་ཀི་མ་ལག་ཞིབ་འཇུག་དང་། རྩོམ་སྒྲིག་བྱེད་ཕྱོགས་ཀྱི་སྒྲོམ་གཞི་ཚད་ལྡན་ཡོང་ཐབས་བཅས་ལ་ཞིབ་འཇུག་གང་ཡོད་བྱས་ཡིན། གཞན་ཡང་བོད་ཡིག་ཝི་ཀི་རིག་མཛོད་ན་དགོས་མེད་ཀྱི་རྩོམ་བྱང་གཙང་བཟོ་དང་། བོད་ཀྱི་རིག་གཞུང་གི་ཁྱད་ཆོས་ལྡན་པའི་རིག་ཚན་མང་པོ་གསར་བཟོ་བྱས་ཡིན། ད་རེར་གུས་པའི་བཀོད་འདོམས་པའི་ལས་ཡུན་དུས་ཚོད་དེ་རྫོགས་འདུག་པས་བསྐྱར་གསོའི་སླད་དུ་མཐུན་གྲོགས་ཚོས་རྒྱབ་སྐྱོར་གནང་རོགས་ཞུ་བཞིན་ཡོད། གུས་པས་དུས་ཁོམ་གང་ཡོད་སྤྱད་ནས་བོད་ཡིག་ཝི་ཀི་འདི་རྩོམ་སྒྲིག་ཚད་ལྡན་ཡོང་སླད་སྔར་ལས་ལྷག་པའི་སྒོ་ནས་དཀའ་ལས་རྒྱག་ཐུབ་པའི་ཆོད་སེམས་བརྟན་པོ་ཡོད་པས་མཐུན་གྲོགས་རྣམ་པས་གུས་པའི་རེ་འདུན་འདི་ལ་བསྐྱར་དུ་རྒྱབ་སྐྱོར་ཡོང་བ་ཞུ། Pecha-Gade (talk) ༠༦:༡༨, ༨ ཟླ་དང་པོ། ༢༠༢༦ (UTC)[reply]


རྒྱབ་སྐྱོར། Support

  1.  ཁོང་ནི་User:Pecha-Gadeབོད་ཡིག་གི་ཝེ་ཁེ་རིག་མཛོད་དུ་ལས་ཀ་མང་པོ་བྱེད་མྱོང་པ་བརྟེན། ཁོ་རང་མུ་མཐུད་ནས་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པའི་འགན་ཁུར་བཞེས་ཐུབ་ན། བོད་ཡིག་གི་ཝེ་ཁེ་རིག་མཛོད་ཀྱི་ནུས་པ་ཡར་རྒྱས་ཡོང་བར་ཕན་རླབས་ལྡན་པ་མ་ཟད།  བོད་ཡིག་སྤྱོད་མཁན་དང་སྦྱོང་མཁན་ཡོངས་ལ་ཕན་ཐོགས་ངེས་ཅན་ཞིག་ཡོང་རྒྱུ་ཡིན་པ་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད། དེར་བརྟེན་ངས་འདི་ནས་ཁོ་རང་བོད་ཡིག་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པར་བསྐྱར་དུ་འདེམས་པའི་རེ་སྐུལ་སྙིང་ནས་ཞུ་བཞིན་ཡོད། Pecha-Alalamo (talk) ༠༧:༣༢, ༨ ཟླ་དང་པོ། ༢༠༢༦ (UTC)[reply]
  2. User:Pecha-Gadeལགས་ནི་བོད་ཡིག་གི་ཝེ་ཁེ་རིག་མཛོད་དུ་ལས་ཀ་མང་པོ་བྱེད་མྱོང་བས། ཁོ་རང་མུ་མཐུད་ནས་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པའི་འགན་ཁུར་བཞེས་ཐུབ་ན། བོད་ཡིག་གི་ཝེ་ཁེ་རིག་མཛོད་ཀྱི་ནུས་པ་ཡར་རྒྱས་ཡོང་བར་ཕན་རླབས་ལྡན་པ་མ་ཟད།  བོད་ཡིག་སྤྱོད་མཁན་དང་སྦྱོང་མཁན་ཡོངས་ལ་ཕན་ཐོགས་ངེས་ཅན་ཞིག་ཡོང་རྒྱུ་ཡིན་པ་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད། དེར་བརྟེན་ངས་འདི་ནས་ཁོ་རང་བོད་ཡིག་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པར་བསྐྱར་དུ་འདེམས་པའི་རེ་སྐུལ་སྙིང་ནས་ཞུ་བཞིན་ཡོད། Kunchok Gawa (talk) ༠༥:༣༧, ༩ ཟླ་དང་པོ། ༢༠༢༦ (UTC)[reply]
  3. གུས་བས་ User:Pecha-Gade ལགས་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པར་བསྐྱར་འདེམས་བྱ་རྒྱུའི་རེ་བ་ཆེན་པོ་ཡོད། ཀུན་གྱིས་ཤེས་གསལ་ལྟར་དགའ་བདེ་ལགས་ཀྱིས་ཝེ་ཁེ་རིག་མཛོད་ཐོག་རྒྱུན་རིང་ངང་ལས་ཀ་ལས་ཙང་། ཝེ་ཁེ་རིག་མཛོད་ཀྱི་ད་ལྟའི་གནས་སྟངས་ལ་རྒྱུས་མངའ་ཧ་ཅང་ཆེ་བ་དང་། ཝེ་ཁེ་ཡི་མ་འོངས་པར་འཆར་སྣང་ཡོད་པ། ལས་བྱེད་མི་སྣར་འབྲེལ་མཐུད་བྱེད་མཁས་པ་དང་། དུས་ལྟར་ལས་དོན་བསྒྲུབས་པའི་བྱ་སྤྱོད་ལེགས་པོ་སོགས་ཀྱི་རྒྱུ་མཚན་གྱིས་ཁོ་བོ་བསྐྱར་དུ་བཀོད་འདོམས་པར་གདམ་རྒྱུའི་རེ་བ་སྙིང་ནས་ཞུ་བཞིན་ཡོད། -Pecha-pema (talk) ༡༡:༣༧, ༩ ཟླ་དང་པོ། ༢༠༢༦ (UTC)[reply]
  4.  ཁོང་ནི་User:Pecha-Gadeནི་དྲ་རྒྱའི་རིག་གནས་ལ་དོ་སྣང་དང་ལྷག་པར་དུ་བོད་ཡིག་གི་ཝེ་ཁེ་རིག་མཛོད་དུ་ལས་ཀ་དང་བཀོད་འདོམས་པའི་འགན་ཁུར་བཞེས་མྱོང་བ་ཞིག་ཡིན་པས། ཁོང་་མུ་མཐུད་ནས་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པའི་བདམས་པ་ཡིན་ན། སྔར་རྒྱུན་བཞིན་ལས་དོན་གང་ལའང་འབད་འབུངས་དང་ཝེ་ཁེ་རིག་མཛོད་ཀྱི་ལས་དོན་མང་པོ་ཞིག་ལ་རོགས་འདེགས་ཀྱི་ནུས་པ་འདོན་ཐུབ་པ་གདོན་མི་ཟ་བས་ཁོང་ཉིད་བསྐྱར་དུ་བཀོད་འདོམས་པར་གདམས་པར་རྒྱབ་སྐྱོར་དང་རེ་འདུན་ཞུ་བཞིན་ཡོད། Rekong Rabten (talk) ༡༤:༣༦, ༩ ཟླ་དང་པོ། ༢༠༢༦ (UTC)[reply]
  5. གུས་པས་ User:Pecha-Gade ལགས་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པར་བསྐྱར་འདེམས་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཁོང་ནི་ཤེས་ཚད་དང་ཉམས་མྱོང་གང་ཐད་ནས་ཕུན་སུམ་ཚོགས་པ་ཞིག་ཡིན་པས་ད་བར་འདས་པའི་ཟླ་བ་དེ་དག་གི་རིང་བོད་ཡིག་ཝི་ཀི་རིག་མཛོད་ཕྱོགས་ཡོངས་ནས་གཟིགས་ཞིབ་དང་། བོད་ཡིག་ཝི་ཀི་རིག་མཛོད་ཀྱི་རྩོམ་འབྲི་བ་རྣམས་ལ་ལམ་སྟོན་དང་སྣེ་ཁྲིད་གང་ལེགས་གནང་ཡོད། ད་དུང་ཡང་བོད་ཡིག་ཝི་ཀི་རིག་མཛོད་ཐོག་གི་གནས་ཚུལ་གྱི་སྤུས་ཀ་དང་གྲངས་འབོར་ཕྱོགས་ཡོངས་ནས་གོང་འཕེལ་ཡོང་བར་སྣེ་ཁྲིད་དང་ལྟ་རྟོག་བྱེད་མཁན་ཁོང་ལྟ་བུ་དགོས་གལ་ཤིན་ཏུ་ཆེ་བར་བརྟེན། གུས་པ་འདིར་ཁོང་བཀོད་འདོམས་པར་འདེམས་ཐོན་ཡོང་བར་རྒྱབ་སྐྱོར་ཞུ་བཞིན་ཡོད། -Pecha-G.Dhargyal (talk) ༡༢:༤༣, ༡༢ ཟླ་དང་པོ། ༢༠༢༦ (UTC)[reply]

འགག་པ། Oppose

དཔྱད་བརྗོད། Comments

Pecha-Gade ཁོང་ ༢༠༢༦།༠༡།༡༥ ནས་ ༢༠༢༧།༠༧།༡༥ བར་ཟླ་དྲུག་རིང་བཀོད་འདོམས་པར་བསྐོ་གཞག་བྱུང་བ་རེད། བཀོད་འདོམས་པར་བསྐོ་གཞག་བྱུང་བ་ཐེང་གཉིས་པ་དེ་རེད། Pecha-Tsewang (talk) ༡༩:༠༤, ༡༩ ཟླ་དང་པོ། ༢༠༢༦ (UTC)[reply]

ཝེ་ཁེ་རིག་མཛོད་ཀྱི་འདས་ཟིན་པའི་རྩོམ་སྒྲིག་ཁག་དང་། ད་ལྟའི་ལས་འཆར། དེ་བཞིན་མ་འོངས་པའི་ལས་འགུལ་དང་ཡར་རྒྱས་ཡོངས་སླད། ངས་རྒྱལ་མཚན་དར་རྒྱས་(Pecha-G.Dhargyal) ལགས་བཀོད་འདོམས་པའི་གནས་ལ་འོས་འདེམས་ཞུ་རྒྱུར་རྒྱབ་སྐྱོར་ཞུ་འདོད། ཁོང་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སྦྱང་པ་ཆེན་པོ་ཡོད་པ་མ་ཟད། དེང་རབས་ཀྱི་ཤེས་བྱ་ལ་མཁས་ཞིང་ལྷག་པར་དུ་དེང་དུས་ཀྱི་གློག་ཀླད་ལམ་ལུགས་ཀྱི་བཀོལ་སྤྱོད་དང་། ཚོགས་པའི་མཉམ་རུབ་ལས་འགུལ་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་ཡག་པོ་གནང་མཁན་ཞིག་ཡིན་པ་དང་། ཁོང་ལ་ཝེ་ཁེ་ཁོར་ཡུག་ནང་རྩོམ་འབྲི་དང་མཐུན་རྐྱེན་སྒྲིག་སྦྱོར་གྱི་ཉམས་མྱོང་ཡག་པོ་ཡོད། ཁོང་གིས་ཝེ་ཁེའི་ཁྲིམས་སྒྲིག་དང་མཐུན་པའི་སྒོ་ནས་ལས་དོན་ཚང་མ་ཚད་དང་ལྡན་པ་ཞིག་སྒྲུབ་ཐུབ་པར་ཡིད་ཆེས་ཡོད། རྣམ་པ་ཚོས་ཁོང་འདེམས་ཐོན་ཡོང་བར་རྒྱབ་སྐྱོར་ཡོང་བའི་རེ་འདུན་ཞུ། Pecha-Tsewang (talk) ༠༩:༢༦, ༡༧ ཟླ་བཅུ་གཉིས་པ། ༢༠༢༥ (UTC)[reply]

འདེམས་ཐོན་ངོས་ལེན། Nomination Acceptance

འདིར་བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པའི་འོས་མིའི་ནང་གུས་པའི་མིང་འོས་སྦྱོར་བྱས་པར་དགའ་པོ་བྱུང་། འོས་སྦྱོར་བྱེད་མཁན་དང་རྒྱབ་སྐྱོར་བྱེད་མཁན་ཚང་མར་བཀའ་དྲིན་ཆེ་ཞུ་བ་དང་ལྷན་གུས་པས་རེ་ཞུ་འདི་དང་ལེན་བྱེད་ཀྱི་ཡོད། གུས་པ་རིག་མཛོད་བཀོད་འདོམས་པའི་གྲལ་དུ་འོས་འདེམས་བྱུང་ན་རང་ཉིད་ཀྱིས་བོད་ཀྱི་ཝེ་ཁེ་རིག་མཛོད་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་ཞབས་འདེགས་ཞུ་རྒྱུའི་ཆོད་སེམས་གཙང་མ་ཡོད། Pecha-G.Dhargyal (talk) ༡༢:༡༨, ༡༨ ཟླ་བཅུ་གཉིས་པ། ༢༠༢༥ (UTC)[reply]

རྒྱབ་སྐྱོར། Support


  1. གུས་པས་Pecha-G.Dhargyalལ་བོད་ཡིག་ཝི་ཀི་རིག་མཛོད་ཀྱི་བཀོད་འདོམས་སུ་འདེམས་རྒྱུར་རྒྱབ་སྐྱོར་ཞུ་བཞིན་ཡོད། ཁོང་ནི་བོད་ཀྱི་ནང་བསྟན་རིག་གནས་ཐོག་ལ་མཁྱེན་རྒྱ་ཡངས་པའི་དགེ་འདུན་པ་ཞིག་ཡིན་པ་དང་། གུས་པ་ཁོང་དང་ཡུན་རིང་ནས་བོད་ཀྱི་རིག་གཞུང་ཞབས་ཞུའི་ཐོག་ལ་མཉམ་ལས་མང་པོ་བྱས་མྱོང་ཞིང་། ཁོང་ལྟ་བུ་བོད་ཡིག་ཝི་ཁི་རིག་མཛོད་ཀྱི་བཀོད་འདོམས་པ་འདམས་ཚེ། བོད་ཡིག་ཝི་ཀི་རྩོམ་སྒྲིག་སྤུས་ཚད་ཡར་རྒྱས་དང་། རིག་མཛོད་ཀྱི་རྒྱུ་ཆ་ཕྱུག་ཏུ་གཏོང་ཕྱོགས་ལ་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་བར་ཡིད་ཆེས་བྱེད་ཆོག གཞན་ཡང་ཁོང་གིས་བོད་ཀྱི་རིག་གཞུང་ཙམ་མ་ཡིན་པར་དབྱིན་ཇི་དང་རྩིས་འཕྲུལ་གྱི་ཤེས་བྱ་ཐད་ལ་ཧ་ཅང་ཡག་པོ་ཡོད་པས། བོད་ཡིག་ཝི་ཀི་རིག་མཛོད་ཀྱི་རྩོམ་སྒྲིག་མ་ལག་ཐད་ལ་འཐུས་ཚང་གཏོང་ཐུབ་པར་གདོན་མི་ཟ་བ་རེད། ངའི་རེ་བ་་ལ་ཝི་་ཀི་རིག་མཛོད་འཛིན་སྐྱོང་ནས་ཁོང་བོད་ཡིག་ཝི་ཀི་རིག་མཛོད་ཀྱི་བཀོད་འདོམས་པ་འདེམས་རྒྱུའི་རེ་བ་ཞུ་བཞིན་ཡོད། Pecha-Gade (talk) ༡༨:༡༢, ༡༨ ཟླ་བཅུ་གཉིས་པ། ༢༠༢༥ (UTC)[reply]
  1. གུས་པས་Pecha-G.Dhargyalལ་བོད་ཡིག་ཝི་ཀི་རིག་མཛོད་ཀྱི་བཀོད་འདོམས་སུ་འདེམས་རྒྱུར་རྒྱབ་སྐྱོར་ཞུ་བཞིན་ཡོད། ཁོང་ནི་བོད་ཀྱི་ནང་བསྟན་རིག་གནས་ཐོག་ལ་མཁྱེན་རྒྱ་ཡངས་པའི་དགེ་འདུན་པ་ཞིག་ཡིན་པ་དང་། གུས་པ་ཁོང་དང་ཡུན་རིང་ནས་བོད་ཀྱི་རིག་གཞུང་ཞབས་ཞུའི་ཐོག་ལ་མཉམ་ལས་མང་པོ་བྱས་མྱོང་ཞིང་། ཁོང་ལྟ་བུ་བོད་ཡིག་ཝི་ཁི་རིག་མཛོད་ཀྱི་བཀོད་འདོམས་པ་འདམས་ཚེ། བོད་ཡིག་ཝི་ཀི་རྩོམ་སྒྲིག་སྤུས་ཚད་ཡར་རྒྱས་དང་། རིག་མཛོད་ཀྱི་རྒྱུ་ཆ་ཕྱུག་ཏུ་གཏོང་ཕྱོགས་ལ་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་བར་ཡིད་ཆེས་བྱེད་ཆོག གཞན་ཡང་ཁོང་གིས་བོད་ཀྱི་རིག་གཞུང་ཙམ་མ་ཡིན་པར་དབྱིན་ཇི་དང་རྩིས་འཕྲུལ་གྱི་ཤེས་བྱ་ཐད་ལ་ཧ་ཅང་ཡག་པོ་ཡོད་པས། བོད་ཡིག་ཝི་ཀི་རིག་མཛོད་ཀྱི་རྩོམ་སྒྲིག་མ་ལག་ཐད་ལ་འཐུས་ཚང་གཏོང་ཐུབ་པར་གདོན་མི་ཟ་བ་རེད། ངའི་རེ་བ་་ལ་ཝི་་ཀི་རིག་མཛོད་འཛིན་སྐྱོང་ནས་ཁོང་བོད་ཡིག་ཝི་ཀི་རིག་མཛོད་ཀྱི་བཀོད་འདོམས་པ་འདེམས་རྒྱུའི་རེ་བ་ཞུ་བཞིན་ཡོད། -Pecha-Choedup (talk) ༠༣:༥༣, ༡༩ ཟླ་བཅུ་གཉིས་པ། ༢༠༢༥ (UTC)[reply]
  2. གུས་པས་Pecha-G.Dhargyalལ་བོད་ཡིག་ཝི་ཀི་རིག་མཛོད་ཀྱི་བཀོད་འདོམས་སུ་འདེམས་རྒྱུར་རྒྱབ་སྐྱོར་ཞུ་བཞིན་ཡོད། ཤེས་འཇོན་ལྷག་བསམ་གསུམ་གྱི་ཐད་ནས་ཁོང་ལས་འཚམས་པ་རེག་ཁག་པོ་རེད་སྙམས། ཚང་མས་ཁོང་ལ་རྒྱབ་བསྐྱོར་གནང་རོགས་ཞུ་རྒྱུ་ཡིན།-manjushrimitra སྤྱི་ལོ་༢༠༢༥ ཟླ་༡༢ ཚེས་༢༥ ཉིན། -Manjushrimitra (talk) ༡༣:༣༢, ༢༥ ཟླ་བཅུ་གཉིས་པ། ༢༠༢༥ (UTC)[reply]
  3.  བདག་གིས་Pecha-G.Dhargyalལགས་ཝི་ཁེ་བོད་ཡིག་རིག་མཛོད་ཀྱི་བཀོད་འདོམས་པར་འདེམས་རྒྱུར་རྒྱབ་སྐྱོར་ཞུ་བཞིན་ཡོད། གང་ལགས་ཤེ་ན། ཁོང་ནི་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ལྷག་པར་དུ་ནང་བསྟན་རིག་གནས་ཐོག་ལ་མཁྱེན་རྒྱ་ཡངས་བས། ཁོང་ལྟ་བུ་ཞིག་ཝི་ཁེ་རིག་མཛོད་ཀྱི་བཀོད་འདོམས་པར་འདེམས་ཐོན་བྱུང་ན། ནང་བསྟན་ལ་དོན་གཉེར་བྱེད་མཁན་ཀུན་ལ་ཕན་རླབས་ཆེ་བ་མ་ཟད། བོད་ཡིག་ཝི་ཁེ་དྲྭ་མཛོད་ལ་ཕན་ཐོག་ངེས་ཅན་ཡོང་བར་ཐེ་ཚོམ་མེད་པས། དེ་དེར་བརྟེན་བདག་གིས་ཁོང་བོད་ཡིག་རིག་མཛོད་ཀྱི་བཀོད་འདོམས་པར་འདེམས་པའི་རེ་སྐུལ་ཞུ་བཞིན་ཡོད། Pecha-Alalamo (talk) ༠༦:༥༢, ༢༦ ཟླ་བཅུ་གཉིས་པ། ༢༠༢༥ (UTC)[reply]
  4.  ངས་Pecha-G.Dhargyalལ་བོད་ཡིག་ཝི་ཀི་རིག་མཛོད་ཀྱི་བཀོད་འདོམས་སུ་འདེམས་རྒྱུར་རྒྱབ་སྐྱོར་ཞུ་བཞིན་ཡོད་ལ་ཁོང་ལྟ་བུ་ཤེས་འཇོན་གཉིས་ལྡན་གྱི་མི་བུ་མཚམས་སྦྱོར་གནང་བ་ཡང་ཐུགས་རྗེ་ཆེ་ཞུ། ཁོ་ནི་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་དུ་དྲ་རྒྱའི་རིག་ཚན་དང་ཁྱབ་སྤེལ་ལ་འཇོན་ནུས་ཤིན་ཏུ་མངའ་བས་ཁོ་ལྟ་བུ་བོད་ཡིག་ཝི་ཀི་རིག་མཛོད་ཀྱི་བཀོད་འདོམས་པར་གདམས་པ་ཡིན་ན་ཝི་ཀི་རིག་མཛོད་སྤྱི་དང་ལྷག་པར་བོད་ཀྱི་ཝི་ཀི་རིག་མཛོད་ཀྱི་མ་འོངས་པའི་མདུན་ལམ་དང་དམིགས་ཚད་འགྲུབ་པར་རོགས་འདེགས་ཀྱི་ནུས་པ་འདོན་ཐུབ་པས་ཚང་མས་ཀྱང་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན།Rekong Rabten (talk) ༡༡:༤༤, ༢༧ ཟླ་བཅུ་གཉིས་པ། ༢༠༢༥ (UTC)[reply]
  5.  གུས་མོས་Pecha-G.Dhargyalལ་བོད་ཡིག་ཝི་ཀི་རིག་མཛོད་ཀྱི་བཀོད་འདོམས་སུ་འདེམས་རྒྱུར་རྒྱབ་སྐྱོར་ཞུ་བཞིན་ཡོད། ཁོ་ནི་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་དུ་ནང་བསྟན་རིག་གནས་ལ་སྦྱངས་པ་མི་དམན་པ་བྱས་མྱོང་བའི་དགེ་འདུན་པ་ཞིག་ཡིན་པས། བོད་ཀྱི་རིག་གནས་ལ་དུང་བ་དང་ལྷག་བསམ་མངའ་བས་བོད་ཀྱི་ཝི་ཀི་རིག་མཛོད་ཀྱི་མ་འོངས་པའི་དམིགས་ཚད་ལེགས་འགྲུབ་ཡོང་བ་ལའང་ཕན་ནུས་ཆེ་བས་ཝི་ཀི་རིག་མཛོད་ཀྱི་སྤྱིའི་འཛིན་སྐྱོང་ནས་ཁོང་ལ་བཀོད་འདོམ་པར་གདམས་རྒྱུའི་རེ་ཞུ་ཡང་བྱེད་བཞིན་ཡོད།Kalsumsingmo (talk) ༡༢:༠༠, ༢༧ ཟླ་བཅུ་གཉིས་པ། ༢༠༢༥ (UTC)[reply]
  1. ཕྲན་གྱིས་Pecha-G.Dhargyal ཁོང་བོད་ཡིག་རིག་མཛོད་ཀྱི་བཀོད་འདོམས་པར་གདམ་རྒྱུའི་རེ་བ་ཞུ་བཞིན་ཡོད། ཁོང་གི་ནང་བསྟན་གྱི་ཤེས་ཚད་དང་གློད་ཀླད་ཀྱི་ཤེས་ཚད། ཁོང་གིས་ཝི་ཀི་རིག་མཛོད་ལ་བཅངས་བའི་ལྷག་བསམ་དང་རེ་བ་བཅས་ཀྱི་ཐོག་ནས་ཐེངས་འདིའི་བཀོད་འདོམས་པར་ཁོང་ནི་འོས་ཤིང་འཚམ་པ་ཡིན་པས། དེ་བཞིན་ཁོང་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད། -Pecha-pema (talk) ༠༥:༤༤, ༢༩ ཟླ་བཅུ་གཉིས་པ། ༢༠༢༥ (UTC)[reply]


འགག་པ། Oppose (Replace with Oppose text)

དཔྱད་བརྗོད། Comments

  1. Pecha-G.Dhargyal ཁོང་ ༢༠༢༦།༠༡།༠༧ ནས་ ༢༠༢༧།༠༡།༠༧ བར་ལོ་གཅིག་རིང་བཀོད་འདོམས་པར་བསྐོ་གཞག་བྱུང་བ་རེད། བཀོད་འདོམས་པར་བསྐོ་གཞག་བྱུང་བ་ཐེང་དང་པོ་དེ་རེད། Pecha-Tsewang (talk) ༡༢:༣༠, ༩ ཟླ་དང་པོ། ༢༠༢༦ (UTC)[reply]


As the temporarily granted adminship of Pecha-Tsewang is coming to an end, I would like to submit the request for an extension to become a permanent admin on the Tibetan Wikipedia. He has consistently demonstrated dedication to the project throughout his tenure as a temporary admin, as well as a sincerity and interest to continue developing his responsibilities and commitment to the Tibetan Wikipedia community through task maintenance, guiding new contributors, participating actively in community discussions and demonstrating commitment to an elevated standard of conduct.

His growing knowledge of Wikipedia policies, dedication to the project, positive contribution to the community, combined with the community's confidence in his judgment and leadership make him a suitable candidate for a permanent role. Furthermore, I believe permanent adminship will benefit the Tibetan Wikipedia community's stability and development in the long term and I offer my full support for this nomination. ཨེ་མ (talk) ༡༢:༣༡, ༡༨ ཟླ་བཅུ་གཅིག་པ། ༢༠༢༥ (UTC)[reply]

འདེམས་ཐོན་ངོས་ལེན། Nomination Acceptance
བཀྲ་ཤིས་བདེ་ལེགས། ཐོག་མར་ངས་འདེམས་ཐོན་གནང་མཁན་དང་ང་ལ་རྒྱབ་སྐྱོར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདས་པའི་ཟླ་བ་གསུམ་ནང་བཀོད་འདོམས་པའི་ལས་འགན་ཁུར་བའི་རིང་གུས་པར་སློབ་སྦྱོང་དང་ཉམས་མྱོང་གང་འཚམ་བྱུང་བ་དང་། སྤྱིར་ཝི་ཀི་མི་ཌི་ཡ་ཡོངས་དང་ཡང་སྒོས་བོད་ཡིག་ཝེ་ཁེ་རིག་མཛོད་འདི་ཉིད་ཀྱི་ཆེད་དུ་ད་དུང་སྦྱང་རྒྱུ་དང་ལས་རྒྱུ་དེ་ལས་མང་བ་ཡོད་པ་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད། བྱས་ཙང་ངས་འདེམས་ཐོན་འདི་ལ་ངོས་ལེན་བྱེད་ཀྱི་ཡོད་ལ། དེ་འབྲེལ་དྲི་བ་གང་ཡོད་ལ་ལན་འདེབས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།
Tashi Delek! I thank ཨེ་མ for nominating me for permanent adminship. The past three months as an Admin has been a great learning process and I'm sure there's much more to learn and serve the Wikimedia communtity at large and particularly bo.wikipedia. I hereby accept this nomination and am ready to answer any queries related with this process of adminship nomination and appointment. Thank you.

Pecha-Tsewang (talk) ༢༠:༤༢, ༡༨ ཟླ་བཅུ་གཅིག་པ། ༢༠༢༥ (UTC)[reply]

རྒྱབ་སྐྱོར། Support

  1. བསྟན་འཛིན་ཚེ་དབང་ཁོང་ནི་ཝེ་ཁེ་མ་ལག་གི་ལས་རིགས་ཐོག་ལ་ཉམས་མྱོང་ཆེ་བ་མ་ཟད། བོད་ཀྱི་གནའ་དེང་གི་རིག་གནས་ལ་བྱང་ཆ་ཆེ་བར་བརྟེན། ཁོང་གིས་ཝེ་ཁེ་མ་ལག་ཏུ་བོད་ཡིག་གི་གནས་ཚད་མཐོ་རུ་གཏང་ཐུབ་པ་མ་ཟད་བོད་ཡིག་ཐོག་ལ་སློབ་སྦྱོང་བྱེད་མཁན་ཚོ་ལ་ཕན་རླབས་ཆེན་པོ་ཡོང་བར་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད་པས། དེར་བརྟེན་ངས་ཁོང་བཀོད་འདོམས་པའི་འོས་མིར་འདེམས་ཐོན་བྱུང་བར་འཚམས་འདྲི་ཞུ་རྒྱུ་དང་།ཁྱེད་ལ་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་ཡིན། Pecha-Alalamo (talk) ༠༣:༡༧, ༢༠ ཟླ་བཅུ་གཅིག་པ། ༢༠༢༥ (UTC)[reply]
  2. Pecha-Tsewang ལགས་ཀྱིས་བོད་ཡིག་ཝི་ཀི་མི་ཌི་ཐོག་ལ་རྩོམ་སྒྲིག་ཡར་རྒྱས་ཀྱི་ལས་ཀ་མང་པོ་ཞིག་བྱས་དང་བྱེད་བཞིན་ཡོད་པས་གུས་པས་ཤེས་ཀྱི་ཡོད། བོད་ཡིག་ཝི་ཀི་མི་ཌིའི་ཚོགས་སྡེ་རྒྱ་ཆེ་རུ་གཏོང་ཐབས་དང་། དབྱིན་ཇི་སོགས་ཀྱི་ཝི་ཀི་མི་ཌི་གཞན་ལྟར་བོད་ཡིག་ཝི་ཀི་མི་ཌིའི་མ་ལག་ཡར་རྒྱས་གཏོང་ཐབས་ཐད་ལ་ཆེད་མཁས་མི་སྣ་གྲོས་བསྡུར་བྱས་ནས་ལས་ཀ་མང་པོ་བྱེད་བཞིན་ཡོད། མ་ཟད་ང་ཡང་ཁོང་དང་མཉམ་དུ་བོད་ཡིག་ཝི་ཀི་མི་ཌིའི་ཚོགས་སྡེ་དང་རྩོམ་ཡིག་སོགས་ཡར་རྒྱས་གཏོང་ཐབས་ཐད་ལ་ཚོགས་འདུ་མང་པོ་མཉམ་དུ་ཚོགས་མྱོང་། དེ་བས་ན་ཁོང་ནི་བོད་ཀྱི་རིག་གཞུང་ལ་ལྷག་བསམ་དཀར་ཞིང་བོད་ཡིག་ཝི་ཀི་མི་ཌི་ཡར་རྒྱས་དང་། རྩོམ་སྒྲིག་ཚད་ལྡན་ཡོང་ཐབས་ཐད་ལ་དཀའ་ལས་བསྐྱོན་མཁན་ཞིག་ཡིན་པས། ཁོང་བོད་ཡིག་ཝི་ཀི་མི་ཌིའི་བཀོད་འདོམས་པ་གཏན་འཇགས་སུ་འཇོག་ཐུབ་ཚེ། སྤྱིར་ཝི་ཀི་རིག་མཛོད་ཀྱི་རྒྱུ་ཆ་ཕྱུག་རུ་གཏོང་ཐབས་དང་། སྒོས་སུ་བོད་ཡིག་ཝི་ཀི་མི་ཌིའི་རྩོམ་སྒྲིག་ཡར་རྒྱས་ཐད་ལ་ཕན་ཐོགས་ཆེན་པོ་ཞིག་ཡོང་བར་གདོན་མི་ཟ་བས། གུས་པས་ཁོང་བོད་ཡིག་ཝི་ཀི་མི་ཌིའི་བཀོད་འདོམས་པ་གཏན་འཇགས་སུ་འདེམས་རྒྱུའི་ཐད་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་བཞིན་ཡོད། Pecha-Gade (talk) ༠༥:༡༢, ༢༠ ཟླ་བཅུ་གཅིག་པ། ༢༠༢༥ (UTC)[reply]
  3. Pecha-Tsewang ལགས་ནི་ཟླ་འགའི་རིང་བོད་ཡིག་ཝེ་ཁེ་མི་ཌིའི་བཀོད་འདོམས་པ་གནང་སྟེ་ཚོགས་པའི་དམིགས་འདུན་དང་མཐུན་པར་ཕྱག་ལས་གནང་བ་དང་། ལྷག་པར་ཆེད་མཁས་པའི་ལྷན་དུ་ཚོགས་འདུ་དང་བསམ་ཚུལ་བཤད་སྦྱང་རིམ་པར་བྱས་ཡོད་པས་བོད་ཡིག་ཝེ་ཁེ་མི་ཌི་ཡའི་རྩོམ་སྒྲིག་གི་བྱ་བར་བྱང་ཆ་ཡོད་པ་མ་ཟད། ཁོང་ཉིད་ཕྱག་ལས་གང་བྱས་ཀྱང་མངོན་ལྐོག་རྒྱབ་མདུན་སོགས་མེད་པར་ཚོགས་པ་དང་སྤྱི་པའི་ལས་དོན་ལ་ལྷག་བསམ་རྣམ་དག་ཡིན་པས་ཁོང་ཉིད་མུ་མཐུད་དུ་བོད་ཡིག་ཝེ་ཁེ་མི་ཌི་ཡའི་གཏན་འཇགས་བཀོད་འདོམས་པར་བདམས་རྒྱུར་རྒྱབ་སྐྱོར་དང་རེ་འདུན་ཞུ་རྒྱུ་ཡིན།Rekong Rabten (talk) ༠༦:༥༨, ༢༠ ཟླ་བཅུ་གཅིག་པ། ༢༠༢༥ (UTC)[reply]
  4. གུས་མོས་ Pecha-Tsewang མཆོག་མུ་མཐུད་དུ་བོད་ཡིག་ཝེ་ཁེ་མི་ཌི་ཡའི་གཏན་འཇགས་བཀོད་འདོམས་པར་བདམས་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད། རྒྱུ་མཚན་ནི་ཁོང་ཉིད་ཁྱེད་ཅག་གི་ཟླ་བ་ཁ་ཤས་ཀྱི་རིང་དུ་བོད་ཡིག་ཝེ་ཁེ་མི་ཌི་ཡའི་བཀོད་འདོམས་པར་བསྐོས་པ་བཞིན་ཕྱག་ལས་སྣ་མང་གནང་ཞིང་། ལྷག་པར་དུ་དེ་དང་འབྲེལ་བའི་ཚོགས་འདུ་དང་སློབ་སྦྱོང་ཡང་གང་མང་གནང་ཡོད་པས་ཁོང་ཉིད་གཏན་འཇགས་ཀྱི་བོད་ཡིག་ཝེ་ཁེ་མི་ཌི་ཡའི་བཀོད་འདོམས་པར་བཞག་པ་ཡིན་ན་ཟླ་འགའི་ཉམས་མྱོང་གཞི་ལ་བཞག་སྟེ་མ་འོངས་པའི་ལས་འཆར་གང་མང་ཞིག་ལ་ནུས་པ་དང་རོགས་འདེགས་བྱེད་ཐུབ་པ་ཡིད་ཆེས་ཡོད་པས་རྒྱབ་སྐྱོར་བྱེད་བཞིན་ཡོད། Kalsumsingmo (talk) ༠༧:༢༩, ༢༠ ཟླ་བཅུ་གཅིག་པ། ༢༠༢༥ (UTC)[reply]
  5. Pecha-Tsewangལགས་ཀྱིས་བོད་ཡིག་ཝེ་ཁེ་མི་ཌི་ཡའི་ལས་དོན་ཐོག་འགན་འཁུར་གནང་སྟངས་དང་། ཆེད་མཁས་པ་གཞན་དག་དང་མཉམ་ལས་གནང་ཕྱོགས་ནི་ཧ་ཅང་ཡག་པོ་འདུག ཁོང་ལ་ཝེ་ཁེའི་ལས་དོན་ཐོག་ཉམས་མྱོང་དང་གོ་རྟོགས་ཟབ་མོ་ཡོད་པ་དང། ལྷག་པར་དུ་གཞུང་དྲང་ཞིང་ལྷག་བསམ་ཆེ་བ་བཅས་ཀྱི་ཁྱད་ཆོས་འདི་དག་ལ་བརྟེན་ནས། Pecha-Tsewang ལགས་ཁོང་ཉིད་གཏན་འཇགས་བཀོད་འདོམས་པར་བདམས་པར་ང་རང་གི་ངོས་ནས་རྒྱབ་སྐྱོར་ཆ་ཚང་ཡོད།Ten Jampa Gonpo (talk) ༠༥:༠༥, ༢༢ ཟླ་བཅུ་གཅིག་པ། ༢༠༢༥ (UTC)[reply]


འགག་པ། Oppose

དཔྱད་བརྗོད། Comments རྒྱབ་སྐྱོར་བ་ཚང་མརཐུགས་རྗེ་ཆེ་ཞུ། མུ་མཐུད་ནས་བོད་ཡིད་ཝེ་ཁེ་ལ་སྨན་པའི་ཞབས་འདེགས་ཞུ་རྒྱུ་ཡིན། བཀྲིན་ཆེ། Pecha-Tsewang (talk) ༡༦:༥༥, ༢ ཟླ་བཅུ་གཉིས་པ། ༢༠༢༥ (UTC)[reply]

ངས་Kaldan007ལགས་བོད་ཀྱི་ཝེ་ཁེ་རིག་འཛིན་སྐྱོང་བཀོད་འདོམས་པ་འདེམས་རྒྱུའི་རེ་ཞུ་འདོན་བཞིན་ཡོད། ཁོང་གིས་སྐད་ཡིག་གི་ཤེས་ཚད་དང་། བོད་ཀྱི་རིག་གཞུང་ཤེས་ཚད། ལྷག་པར་དུ་འཕྲུལ་རིག་ལག་ལེན་ཐོག་ལ་བྱང་ཆ་ལྡན་པ་ཞིག་ཡོད་པར་མ་ཟད། ལོ་མང་རིང་ལ་འཕྲུལ་རིག་ཐོག་ལ་བོད་ཀྱི་ཆོས་རིག་དང་འབྲེལ་བའི་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཞིག་ཡོད། དེ་བཞིན་ཁོང་གིས་དང་ལངས་ཐོག་ནས་བོད་ཀྱི་ཆོས་རིགས་ལ་ཕན་པའི་འཕྲུལ་རིག་ཐོག་ལ་བྱ་བ་མང་པོ་ཞིག་བརྩམས་མྱོང་ཡོད། དེ་བས་ན་ངས་བོད་ཡིག་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པ་Kaldan007ནི་འོས་ཤིང་འཚམས་པ་ཞིག་མཐོང་། དཔེར་ན་ད་ལོ་ཁོང་གིས་བོད་ཡིག་ཝེ་ཁེ་རྩོམ་སྒྲིག་པ་མང་དུ་ཡོང་བའི་ཆེད་དུ་བོད་ཡིག་དང་འབྲེལ་བའི་རིག་གཞུང་ལྟེ་གནས་ཁག་ཏུ་ཝེ་ཁེ་རིག་མཛོད་དང་འབྲེལ་བའི་ཟབ་སྦྱོང་ངམ་གོ་རྟོགས་སྤེལ་འཆར་ཡོད། གལ་སྲིད་ཁོང་གིས་བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པ་རེ་ཞུ་འདི་ཁས་ལེན་བྱས་ཚེ། བོད་ཀྱི་ཝེ་ཁེ་རྩོམ་སྒྲིག་བྱེད་ཕྱོགས་སྔར་ལས་ཡར་རྒྱས་ཆེན་པོ་ཞིག་འགྲོ་ཐུབ་པ་ང་ལ་ཡིད་ཆེས་ཡོད་ཅིང་། ད་ལྟའི་སྐབས་དོན་གྱི་བོད་ཀྱི་ཝེ་ཁེ་རྩོམ་སྒྲིག་གི་བྱེད་ཕྱོགས་ཀྱི་དཀའ་གནད་མང་པོ་ཞིག་སེལ་ཐུབ་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། དཔེར་ན། ཝེ་ཁེ་རིག་མཛོད་ཀྱི་ཡན་ལག་གཞན་དང་གཞན་གྱི་འབྲེལ་ལམ་ཡར་རྒྱས། བོད་རང་གི་རིག་གཞུང་གི་ཁྱད་ཆོས་མངོན་པའི་རྒྱུ་ཆ་གང་མང་ཐོག་སྤེལ་ཐུབ་པ་མ་ཟད། བོད་ཀྱི་ཆོས་རིག་དང་འབྲེལ་བའི་ཝེ་ཁེ་རྩོམ་སྒྲིག་ལ་ཡར་རྒྱས་སྔར་ལས་འགྲོ་བ་ང་ལ་ཡིད་ཆེས་ཡོད། Kaldan007ཁོང་གིས་བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པའི་རེ་ཞུ་ལ་ངོས་ལེན་བྱེད་ཚེ། ངའི་རེ་བ་ལ་བོད་ཀྱི་ཝེ་ཁེ་རིག་མཛོད་དང་འབྲེལ་བའི་གྲོགས་པོ་གྲོགས་མོ་ཚོས་ཀྱང་Kaldan007ལ་བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པ་འདེམས་པའི་རེ་སྨོན་ཡང་ཞུ་བཞིན་ཡོད། Pecha-Gade (talk) ༡༨:༢༨, ༦ ཟླ་བཅུ་གཅིག་པ། ༢༠༢༥ (UTC)[reply]

འདེམས་ཐོན་ངོས་ལེན། Nomination Acceptance'

ཁྱེད་རྣམ་པས་ངའི་མིང་བཀོད་འདོམས་པའི་འོས་མིར་བཀོད་པ་དང་རྒྱབ་སྐྱོར་གནང་བ་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་འགན་འཁུར་ཆེན་པོའི་སྒོ་ནས་འོས་སྦྱོར་འདི་དང་ལེན་བྱེད་ཀྱི་ཡོད། མ་འོངས་པར་ངས་ཝེ་ཁེ་རིག་མཛོད་བོད་ཡིག་གི་ནང་དོན་སྤུས་ཚད་གོང་མཐོར་གཏོང་བ་དང་། ལས་གྲོགས་ཚང་མར་མཐུན་སྒྲིལ་གྱི་ཁོར་ཡུག་ཞིག་སྐྲུན་པར་འབད་བརྩོན་བྱ་རྒྱུ་ཡིན།Kaldan007 (talk) ༡༡:༤༣, ༡༠ ཟླ་བཅུ་གཅིག་པ། ༢༠༢༥ (UTC)[reply]

རྒྱབ་སྐྱོར། Support

  1. ངས་Kaldan007མཆོག་བོད་ཀྱི་ཝེ་ཁེ་རིག་འཛིན་སྐྱོང་བཀོད་འདོམས་པ་འདེམས་རྒྱུའི་རེ་འདུན་ཞུ་བཞིན་ཡོད། ཁོང་ནི་བོད་སྐད་ཡིག་དང་། དབྱིན་ཡིག ཧིན་ཡིག་བཅས་སྐད་ཡིག་གསུམ་ལ་ནུས་པ་མངའ་བས། རིག་གཞུང་མི་འདྲ་བ་གསུམ་གྱི་སྙིང་པོ་མཉམ་སྤུངས་བྱས་ཏེ་ལེགས་ཆ་གཅིག་བསྡུས་བྱེད་ཐུབ་པ་མ་ཟད་ལས་འཆར་སྒྲིག་འགོད་དང་ཁྱབ་སྤེལ་གྱི་ནུས་པ་གཞན་དང་མི་འདྲ་བ་ཞིག་ཡོད། ལྷག་པར་དུ་ཁོང་ནི་ལྷག་བསམ་ཟོལ་མེད་ཀྱི་ངང་ནས་སྤྱི་པའི་ལས་དོན་ལ་འགན་འཁྲིའི་འདུ་ཤེས་ཟབ་མོ་ལྡན་ཞིང་། ཚོགས་པ་སྒྲིག་འཛུགས་ཀྱི་སྒྲིག་གཞི་ཁག་ལ་བརྩི་སྲུང་ནན་པོ་བྱེད་པ་རྣམས་ལ་བལྟས་པའི་ཚེ། ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པར་བསྐོ་བཞག་གནང་བ་ཡིན་ན། ཝེ་ཁེ་རིག་མཛོད་ཀྱི་བོད་སྐད་ཡིག་གི་སྟོང་ཆ་ལེགས་པར་བསྐངས་ཏེ་བོད་ཀྱི་སྐད་དང་རིག་གཞུང་ལ་སློབ་སྦྱོང་བྱེད་མཁན་རྣམས་ལ་མཐུན་རྐྱེན་རྒྱ་ཆེར་བསྐྲུན་ཅིང་ཝེ་ཁེ་རིག་མཛོད་ཀྱི་མཉམ་སྤྱོད་ཀྱི་གྲངས་འབོར་ཡང་མང་དུ་འགྲོ་བ་སོགས་ཝེ་ཁེ་རིག་མཛོད་ཀྱི་ཆེས་མཐོ་བའི་དམིགས་ཡུལ་ལེགས་འགྲུབ་ཡོང་བར་ནུས་པ་བླ་མེད་འདོན་ཐུབ་པར་བརྟེན། ཚོགས་པ་ཡོངས་ཀྱི་རྒྱབ་སྐྱོར་མཐའ་གཅིག་ཐོབ་དགོས་པའི་རེ་བ་དང་བཅས་ཁོང་ཉིད་འདེམས་པར་མཁྱེན་ཞེས་ཞུ་འདོད་བྱུང་།Rekong Rabten (talk) ༠༩:༡༨, ༡༠ ཟླ་བཅུ་གཅིག་པ། ༢༠༢༥ (UTC)[reply]
  2. ངས་Kaldan007ལགས་སུ་བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་འཛིན་སྐྱོང་བཀོད་འདོམས་པ་གདམ་རྒྱུའི་རེ་འདུན་ཞུ་བཞིན་ཡོད། གང་ལགས་ཤེ་ན། ཁོང་ནི་བོད་དབྱིན་ཧིན་གསུམ་གྱི་ཤེས་ཚད་མཐོ་བ་དང་། ལས་ཀའི་ཐོག་ཧུར་བརྩོན་ཆེ་བ། དེ་བཞིན་ལས་དོན་གང་ཞིག་བྱས་ཀྱང་ལྷག་བསམ་རྣམ་དག་གིས་བྱེད་མཁན་ཞིག་ཡིན་པས། ཁོང་ལྟ་བུ་ཞིག་བོད་སྐད་ཡིག་གི་ཝེ་ཁེ་རིག་མཛོད་ཀྱི་འཛིན་སྐྱོང་བཀོད་འདོམས་པར་འདེམས་ཐུབ་ན། བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཝེ་ཁེ་རིག་མཛོད་ཀྱི་ལས་དོན་ཐད་སྔར་བས་དོན་ཕན་ལྡན་པ་དང་། ཚགས་ཚུད་ཡོང་རྒྱུར་ཕན་ཐོགས་ངེས་ཅན་ཡོང་རྒྱུར་བརྟེན་ཁོང་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་རྒྱུ་མ་ཟད། ཁོང་ཝེ་ཁེ་རིག་མཛོད་ཀྱི་བཀོད་པར་འདེམས་རོགས་ཞེས་རེ་སྐུལ་ཞུ་འདོད་བྱུང་། ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༡༨ ཉིན། Kunchok Gawa (talk) ༡༤:༣༧, ༡༨ ཟླ་བཅུ་གཅིག་པ། ༢༠༢༥ (UTC)[reply]
  3. ངས་Kaldan007 ་ཁོང་བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པར་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཁོང་བོད་སྐད་དང་དབྱིན་ཡིག་སོགས་སྐད་ཡིག་མང་པོར་མཁས་པས། བོད་ཡིག་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་དང་རིག་གནས་སོ་སོའི་བར་གྱི་འབྲེལ་མཐུད་ལེགས་པར་བྱེད་ཐུབ། ཁོང་གིས་བོད་ཡིག་དྲ་ཚིགས་སུ་རྩོམ་ཡིག་དང་གནས་ཚུལ་མང་པོ་སྤེལ་བ་དེས་སློབ་གསོ་དང་ཤེས་བྱ་ཁྱབ་སྤེལ་ལ་ཕན་པ་ཆེན་པོ་བྱས་ཡོད། ཁོང་གི་ལས་དོན་འཆར་འགོད་ཀྱི་ནུས་པ་དང་ཁྱབ་བསྒྲགས་ཀྱི་ནུས་ཤུགས་གཞན་དང་མི་འདྲ་བས། བོད་ཡིག་གི་དྲ་ཚིགས་གོང་འཕེལ་དུ་གཏོང་བར་ཕན་ཐོགས་ཡོད་པར་ངས་ཡིད་ཆེས་ཡོད། དེར་བརྟེན་ངས་གདེང་འཇོག་ཆེན་པོས་ཁོང་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད། Pecha-Alalamo (talk) ༡༣:༣༠, ༡༩ ཟླ་བཅུ་གཅིག་པ། ༢༠༢༥ (UTC)[reply]
  4. གུས་མོས་Kaldan007 མཆོག་ནི་བོད་ཀྱི་རིག་གཞུང་ལ་གོ་རྟོགས་ཡོད་མཁན་གྱི་བོད་རིགས་ཤིག་ཡིན་པ་དང་། ལས་དོན་གང་ལ་ཡང་འགན་འཁྲིའི་འདུ་ཤེས་ཟབ་པ། སྣེ་ཁྲིད་དང་ར་སྤྲོད་ཀྱི་འཇོན་ནུས་མངའ་བ་ཞིག་ཡིན་པས་ཁོང་ཉིད་བོད་ཀྱི་ཝེ་ཁེ་རིག་མཛོད་བཀོད་འདོམས་པ་འདེམས་རྒྱུར་རྒྱབ་སྐྱོར་ཞུ་བཞིན་ཡོད། ཁོང་ལྟ་བུ་ཞིག་བཀོད་འདོམས་པར་བཞག་པ་ཡིན་ན་མ་འོངས་པའི་ཝེ་ཁེ་རིག་མཛོད་ཀྱི་བྱང་ཚད་མཐོ་རུ་གཏོང་བ་ནུས་འདོན་ཐུབ་པ་དང་། ལྷག་པར་དུ་བོད་སྐད་ཡིག་ལ་སློབ་སྦྱོང་བྱེད་མཁན་རྣམས་ལའང་ཕན་ཐོགས་དང་ཝེ་ཁེ་རིག་མཛོད་མཉམ་སྤྱོད་དང་བལྟ་ཀློག་གི་གྲངས་འབོར་ཀྱང་མང་དུ་འཕེལ་བར་གདོན་མི་ཟ་བས་ཁོང་ཉིད་ལ་རྒྱབ་སྐྱོར་དང་རེ་ཞུ་བྱེད་བཞིན་ཡོད།Kalsumsingmo (talk) ༠༧:༢༡, ༢༠ ཟླ་བཅུ་གཅིག་པ། ༢༠༢༥ (UTC)[reply]
  5. ངས་ Kaldan007 མཆོག་བོད་ཀྱི་ཝེ་ཁེ་རིག་འཛིན་སྐྱོང་བཀོད་འདོམས་པར་འདེམས་རྒྱུའི་རེ་འདུན་དྲག་པོ་ཞུ་བཞིན་ཡོད། རྒྱུ་མཚན་ནི་ཁོང་ལ་བོད་དབྱིན་ཧིན་གསུམ་གྱི་སྐད་ཡིག་གི་ནུས་པ་རྨད་དུ་བྱུང་བ་ལྡན་པས་རིག་གཞུང་གི་ལེགས་ཆ་མཉམ་སྤུངས་ཐུབ་པ་དང་། ལས་འཆར་སྒྲིག་འགོད་དང་ཁྱབ་སྤེལ་གྱི་ནུས་པ་གཞན་འདྲིང་མི་འཇོག་པ་ཡོད། ཁོང་ནི་སྤྱི་པའི་ལས་དོན་ལ་འགན་འཁྲིའི་འདུ་ཤེས་ཟབ་ཅིང་། སྒྲིག་གཞི་ཁག་ལ་བརྩི་སྲུང་ནན་པོ་གནང་མཁན་གྱི་མི་སྣ་ལྷག་བསམ་ཅན་ཞིག་རེད།

ཁོང་བཀོད་འདོམས་པར་བསྐོ་བཞག་བྱུང་ཚེ། བོད་ཡིག་གི་སྟོང་ཆ་ཁག་བསྐངས་ཏེ་སློབ་གཉེར་བ་རྣམས་ལ་ཕན་པ་དང་། རིག་མཛོད་ཀྱི་མཉམ་སྤྱོད་གྲངས་འབོར་སྤོར་བ་སོགས་དམིགས་ཡུལ་ལེགས་འགྲུབ་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་པས། ཚང་མས་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་རོགས་ཞུ།Ten Jampa Gonpo (talk) ༠༤:༥༤, ༢༢ ཟླ་བཅུ་གཅིག་པ། ༢༠༢༥ (UTC)[reply]


འགག་པ། Oppose

དཔྱད་བརྗོད། Comments

འཐད།

བོད་སྐད་ཝེ་ཁེ་རིག་མཛོད་དབུ་ཚུགས་ནང་ལོ་ངོ་བཅུ་ཕྲག་གཉིས་ཙམ་སོང་ཡང་ད་བར་མཉམ་ཞུགས་བྱེད་མཁན་གྱི་གྲངས་འབོར་དེ་ཙམ་མེད་པ་དང་། ལྷག་པར་དུ་བཀོད་འདོམས་པའི་ལས་གནས་བཞེས་མཁན་གཉིས་ཙམ། དེ་དག་ལས་བོད་རིགས་ཡིན་པ་གཅིག་ཙམ་གྱི་གནས་སྟངས་ལ་བལྟས་ན། བོད་སྐད་ཝེ་ཀེའི་ཆུ་ཚད་ཡར་རྒྱས་གཏོང་རྒྱུ་དང་། དེ་འབྲེལ་བཀོད་འདོམས་པ་ཞིག་གསར་འདེམས་བྱེད་དགོས་པ་ནི་དུས་ཀྱི་དགོས་མཁོ་རུ་མཆིས། དགའ་བདེ་(Pecha-Gade)ཁོང་ནི་རང་རེའི་བོད་ཀྱི་སྲོལ་རྒྱུན་རིག་གནས་སྤྱི་ལ་གོ་རྟོགས་ཚད་དང་ལྡན་པ་ཡོད་པའི་ཁར། རང་རེའི་བོད་ཀྱི་སྐད་ཡིག་ལ་དགའ་ཞེན་དང་སྦྱངས་པ་ཆེན་པོ་ཡོད་པ་ཞིག་ཡིན། ཁོང་ནི་དེང་དུས་ཀྱི་ཤེས་བྱ་རིག་པར་གོམ་འདྲིས་ཆེ་བ་དང་། ལྷག་པར་དུ་དེང་དུས་དང་འཚམ་པའི་གློག་ཀླད་ཀྱི་ལམ་ནས་ལས་འཆར་འདྲ་མིན་གྱི་བཀོལ་སྤྱོད་ལ་མཁས་པ་དང་། ཚོགས་པའི་ནང་མཉམ་རུབ་ཀྱི་ནུས་པ་སྟོན་ཐུབ་པ་མ་ཟད། ཚོགས་མི་གཞན་རྣམས་ལ་མིག་དཔེ་འོས་པའི་མགོ་འཁྲིད་ཀྱི་འགན་འཁུར་བླང་ཐུབ་མཁན་ཞིག་ཀྱང་ཡིན། ཁོང་ལ་ཝེ་ཁེ་མ་ལག་སྤྱིའི་ནང་རྩོམ་འབྲི་མི་ཉུང་བ་བྱས་པའི་ཉམས་མྱོང་ལྡན་ཡོད་པ་དང་། ཝེ་ཁེའི་ལམ་སྟོན་སྒྲིག་གཞི་རྣམས་དང་མཐུན་པའི་རང་གི་ལས་འགན་རྣམས་ལྷག་བསམ་དཀར་པོས་སྒྲུབ་ཐུབ་པའི་ཡིད་ཆེས་ཡོད། དེར་བརྟེན་ངས་ཁོང་བོད་སྐད་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པའི་འོས་མིར་མིང་འདོན་ཞུ་རྒྱུ་དང་། ཚོགས་མི་རྣམ་པས་ཁོང་ལ་རྒྱབ་སྐྱོར་གང་ལེགས་གནང་བའི་རེ་བསྐུལ་ལན་མང་ཞུ། Pecha-Tsewang (talk) ༢༠:༠༩, ༨ ཟླ་བརྒྱད་པ། ༢༠༢༥ (UTC)[reply]

འདེམས་ཐོན་ངོས་ལེན། Nomination Acceptance

བོད་ཀྱི་ཝེ་ཁེ་རིག་མཛོད་བཀོད་འདོམས་པ་འདེམས་ཐོའི་ནང་གུས་པའི་མིང་འོས་སྦྱོར་བྱས་པ་དགའ་བོ་བྱུང་། ངས་ཀྱང་གལ་ཆེ་བའི་རེ་ཞུ་འདི་ལ་དགའ་སྤྲོའི་ངང་ནས་དང་ལེན་བྱེད་ཀྱིན་ཡོད། རང་ཉིད་ཀྱང་བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་སྤྱི་སྟེགས་འདི་གཞན་ལྟར་ཡར་རྒྱས་ཐོག་ལ་ལས་ཀ་བྱེད་པའི་ཆོད་སེམས་ཀྱང་ཡོད། གཞན་གནད་དོན་འདི་དང་འབྲེལ་བའི་དྲི་བ་གང་མཆིས་དགའ་བོའི་ནང་ནས་ལན་འདེབས་ཞུ་ངེས་ཡིན། བཀའ་དྲིན་ཆེ། Pecha-Gade (talk) ༠༣:༥༤, ༡༡ ཟླ་བརྒྱད་པ། ༢༠༢༥ (UTC)[reply]

རྒྱབ་སྐྱོར། Support

  1. དགའ་བདེ་(Pecha-Gade)ཁོང་ནི་ཝེ་ཁེ་རིག་མཛོད་ལ་རྒྱུས་མངའ་ཆེ་ལ་རིག་མཛོད་ཀྱི་ལས་རིགས་སྣ་མང་ལ་མཉམ་མྱོང་ལྡན་པར་མ་ཟད། བོད་ཀྱི་སྲོལ་རྒྱུན་རིག་གནས་སྤྱི་དང་ལྷག་པར་ནང་བསྟན་རིག་གནས་ཀྱི་ཤེས་ཚད་ཧ་ཅང་མཐོ། ཁོང་གིས་ལས་རིགས་ཅི་ཞིག་སྒྲུབ་ཀྱང་ཚགས་ཚུད་དང་སྤུས་ཚུལ་ལྡན་པའི་ཐོག་ནས་ལས་དོན་སྒྲུབ་ཐུབ་མཁན་གཅིག་ཡིན་པར་མ་ཟད་འགན་འཁུར་དང་སྣེ་ཁྲིད་ཀྱི་ནུས་ལྡན། ཁོང་ནི་བོད་ཀྱི་རིགས་གནས་སྤྱི་དང་ལྷག་པར་ནང་བསྟན་རིགས་གནས་ལ་དུང་ཞེན་གཟབ་པའི་མི་གཅིག་ཀྱང་ཡིན། དེར་བརྟེན་དགའ་བདེ་(Pecha-Gade)ལགས་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདེམས་པར་བསྐོ་བཞག་ཡོང་པའི་རྒྱབ་སྐྱོར་བྱེད་ཀྱི་ཡིན།Pecha-lhujam gyal (talk) ༡༨:༤༨, ༡༨ ཟླ་བརྒྱད་པ། ༢༠༢༥ (UTC)[reply]
  2. དགའ་བདེ་(Pecha-Gade)ཁོང་ནི་དྲ་བའི་ལས་རིགས་སྤྱི་དང་ལྷག་དོན་ཝེ་ཁེའི་རིག་མཛོད་ལ་རྒྱུས་མངའ་མི་ཉུང་བ་ཞིག་ཡོད་པ་མ་ཟད། མི་ལོ་བཅོ་ལྔ་ལྷག་གི་རིང་ལ་བོད་ཀྱི་གནའ་དེང་རིགས་ནགས་ལ་སྦྱོང་བརྩོན་ལྷོད་མེད་བྱས་ཤིང་དེ་ལ་དུང་བ་ཧ་ཅང་ཟབ། ལྷག་དོན་བྱ་བ་ཆེ་ཆུང་ཅི་འདྲ་ཞིག་སྒྲུབ་ནས་དེ་ལ་གཡོ་ཟོལ་མེད་པར་ལྷག་བསམ་རྣམ་དག་གིས་འགོ་བརྩམ་ནས་འཇུག་སྐྱོང་ཐུབ་མི་ཞིག་ཡིན། དེར་བརྟེན་ཕྲན་ཆུང་གིས་དགའ་བདེ་(Pecha-Gade)ཁོང་བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་འགན་གཙོ་བཞེས་མིའི་འོས་མི་ལོངས་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད།Tsethar Dolma (talk) ༡༢:༤༠, ༡༩ ཟླ་བརྒྱད་པ། ༢༠༢༥ (UTC)[reply]
  3. དགའ་བདེ་(pech Gade)ལགས་ཁོང་ནི་ཝེ་ཁེ་མ་ལག་གི་ལས་རིགས་ལ་དོ་སྣང་དང་ཉམས་མྱོང་ཡང་གང་ལ་གང་མཚམས་ཤིག་ཡོད་པ་མ་ཟད། བོད་ཀྱི་རིག་གནས་སྐོར་ནས་རང་རྐྱ་འཕེར་བ་དང་དེང་དུས་ཀྱི་འཕྲུལ་རིག་ལ་དགའ་ཞེན་དང་བེད་སྤྱོད་ལ་ཡང་བྱང་ཆ་ལྡན་པ། ཁོང་ལགས་ནི་ཝེ་ཁེ་མ་ལག་ཏུ་བོད་ཡིག་གི་བཀོད་འདོམས་པར་བསྐོ་བཞག་གནང་བ་ཡིན་ན། ཁོང་གིས་བོད་ཡིག་གི་གནས་ཚད་མཐོ་རུ་གཏང་ཐུབ་པ་མ་ཟད། འཛམ་གླིང་ས་ཕྱོགས་གང་སར་བོད་ཡིག་ལ་དོ་སྣང་ཡོད་མཁན་ཚོར་སློབ་སྦྱོང་བྱེད་པར་རོགས་རམ་ལམ་སྟོན་བྱེད་པར་ཕན་ཐོགས་ཆེན་པོ་ཡོང་བར་ང་རང་ཉིད་ལ་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད་པས། ངས་བཀོད་འདོམས་པར་འོས་མིར་ཐེ་ཚོམ་མེད་པར་འདེམ་རྒྱུ་ཡིན་པ་མ་ཟད། ནམ་ཡང་ཁོང་ལ་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་ཡིན་ལགས།Gelek Gyatso (talk) ༡༠:༤༣, ༡༩ ཟླ་བརྒྱད་པ། ༢༠༢༥ (UTC)[reply]
  4. དགའ་བདེ་(Pecha-Gade) ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། སྤྱིར་ན་བཀོད་འདོམས་པའི་འོས་མི་ཚོའི་ཤེས་ཚད་སོགས་ལ་རྒྱུས་མངའ་དེ་ཙམ་མེད་ན་ཡང་། འོས་མི་དགའ་བདེ་ལྟ་བུར་མཚོན་ན། དྲྭ་ཐོག་ནས་མཉམ་ལས་ཡུན་རིང་བྱས་མྱོང་ཡོད། སྐབས་དེར་ཁོང་གིས་བཀོད་འདོམས་ཀྱི་ལས་ཀ་བྱས་པ་རེད། བརྒྱུད་རིམ་དེའི་ཁྲོད་ནས་ཁོང་གིས་ལས་གྲོགས་ཚོ་དང་མཉམ་ལས་བྱེད་སྟངས་དང་། དྲྭ་རྒྱའི་ལམ་སྟོན་བཅས་ཧ་ཅང་ལེགས་པོ་བྱས་བར་ཡི་རངས་དང་། ཐེངས་འདིའི་བཀོད་འདོམས་པའི་ལས་ཀའང་ཁོང་གིས་ལེགས་པོ་བྱ་ཐུབ་པའི་ཡིད་ཆེས་དང་རྒྱབ་སྐྱོར་ཡོད། ། Pecha-pema (talk) ༠༧:༢༠, ༢༠ ཟླ་བརྒྱད་པ། ༢༠༢༥ (UTC)[reply]
  5. དགའ་བདེ་(Pecha-Gade)ལགས་ནི་བོད་རིགས་གཙང་མ་ཞིག་ཡིན་ལ། བོད་ཀྱི་གནའ་དེང་རིག་གནས་ལ་མཁྱེན་རྒྱ་ཡངས་ཤིང་ལྷག་པར་དུ་ནང་པའི་བཀའ་བསྟན་དང་གཞུང་ལུགས་ལ་སྦྱང་བ་ཟབ་པ། དེང་རབས་འཕྲུལ་རིག་ལག་རྩལ་ལ་དགའ་ཞིང། ལས་ཀ་གང་བྱས་ཀྱང་གཡོ་ཟོལ་མེད་པར་ཚགས་ཚུད་ལ་སྤུས་ཚད་ལྡན་པའི་ཐོག་ནས་འགན་ཁུར་ཐུབ་མཁན། ལྷག་བསམ་རྣམ་དག་དང་འགན་འཁྲིའི་འདུ་ཤེས་ཀྱིས་ཕྱུག་ཅིང་སྤྱི་པའི་ལས་དོན་ལ་ཞབས་ཞུ་སེམས་འདུན་མངའ་བ། ཚོགས་པ་སྒྲིག་འཛུགས་ཀྱི་སྒྲིག་གཞི་ལ་བརྩི་སྲུང་ནན་པོ་བྱེད་པ། དྲང་བདེན་དང་ཕྱོགས་རིས་མེད་པར་ཤེས་རིག་གི་ལས་དོན་ལ་འཇུག་མཁན། རྩོམ་སྒྲིག་གི་ལས་དོན་ལ་ཉམས་མྱོང་ཡོད་ཅིང་སྣེ་ཁྲིད་ཀྱི་ནུས་པ་ཕུལ་དུ་བྱུང་བ། གནད་དོན་ལ་དབྱེ་ཞིབ་ཀྱི་རྣམ་དཔྱོད་ལྡན་པ། བསམ་ཚུལ་མཉམ་སྤུངས་ཀྱིས་དཀའ་ངལ་སེལ་བའི་ནུས་རྩལ་མངའ་བ། འབྲེལ་མཐུད་ཀྱི་ནུས་པ་ལྡན་ལ་ཆུ་ཚོད་དམ་འཛིན་གྱི་རང་གཤིས་མངའ་བ་བཅས་ཀྱི་ཁྱད་ཆོས་ཡོད་པས། བོད་ཡིག་ཝེ་ཁེ་པེ་ཌི་ཡ་རིག་མཛོད་ཀྱི་བཀོད་འདོམས་པའི་ལས་འགན་འགན་ཁུར་དུ་འོས་པའི་མི་ཞིག་ཡིན་པས་གུས་པས་ཁོང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད།Rekong Rabten (talk) ༠༧:༥༧, ༢༡ ཟླ་བརྒྱད་པ། ༢༠༢༥ (UTC)[reply]

འགག་པ། Oppose

དཔྱད་བརྗོད། Comments འཐད།

ངས་ Pecha-Tsewang གི་འཛིན་སྐྱོང་པའི་གོ་སའི་ཞུ་བ་ལ་རྒྱབ་སྐྱོར་ཞུ་རྒྱུར་དགའ་པོ་ཡོད། ཁོང་གི་ལས་ཀའི་རིང་ལ་སྐྱོན་མེད་ཀྱི་མཚན་ཉིད་དང་། འགྲན་ཟླ་སེལ་བའི་སྐབས་སུ་སྒྲིག་འཇུག་པའི་ཤེས་རབ། དེ་བཞིན་Wikipedia ཡི་སྲིད་ཇུས་ལ་ཟབ་མོའི་ཧ་གོ་བ་སྟོན་ཡོད། ཁོང་གི་ཞུ་དག་རྣམས་རྟག་ཏུ་ལེགས་པར་ཞིབ་འཇུག་བྱས་ཤིང་། ལེགས་པར་དཔེ་བཀོད་པ། དེ་བཞིན་ཤེས་བྱ་མཛོད་ཀྱི་གནད་བདེན་དང་ཡིད་ཆེས་རུང་བར་ཕན་ཐོགས་ཆེན་པོ་ཡོད། Pecha-Tsewang གིས་བོད་ཡིག་ཁུངས་ནས་ནང་པའི་ཤེས་རིག་ཅེས་པའི་ལས་གཞིའི་ཁྲིད་སྐྱོང་ནི་ཁྱད་དུ་བསྔགས་འོས་པ་ཞིག་ཡིན། ཁོང་གིས་རྩ་བའི་ཁུངས་ལ་གཞིགས་ཏེ་རྩོམ་ཡིག་མང་པོ་རྩོམ་སྒྲིག་དང་ལེགས་སྒྱུར་བྱས་པ། ཞུ་དག་པ་གསར་པ་རྣམས་ལ་སྦྱོང་བརྡར་བྱེད་པ། དེ་བཞིན་རྩོམ་ཡིག་རྣམས་ཧ་ལམ་ཡང་དག་གཉིས་ཀར་བྱེད་པ་སོགས་ཀྱིས་Wikipedia ཡི་བོད་བརྒྱུད་ནང་བསྟན་གྱི་གླེང་གཞི་ཇེ་རྒྱས་སུ་གཏོང་བ་བྱས་ཡོད། ཁོང་གི་མཉམ་འབྲེལ་གྱི་སེམས་པ་དང་མཁས་པའི་མཁྱེན་རིག་གིས་ལས་གཞི་འདི་ཀློག་པ་པོ་དང་ཞུ་དག་པ་གཉིས་ཀར་ཕན་ཐོགས་ཆེན་པོའི་ཉོ་ཆས་ཤིག་ཏུ་གྱུར་པ་རེད། Pecha-Tsewang ལ་ཚོགས་སྡེའི་ཡིད་ཆེས་ཡོད་པ་མ་ཟད། གཞན་དག་ལ་བྱེད་སྟངས་ལེགས་པ་དང་སྲིད་ཇུས་འགེལ་བཤད་སྐོར་ལ་རྟག་ཏུ་ལམ་སྟོན་བྱེད་ཀྱི་ཡོད། ཁོང་གི་ཞི་བདེ་དང་བསམ་བློ་ཡོད་པའི་གླེང་མོལ་ནང་ཞུགས་པ་ལས་ཀྱང་ཁོང་ལ་འགན་ཁུར་གསར་པ་སྤྲད་རུང་བའི་གྲ་སྒྲིག་ཡོད་པ་གསལ་པོ་མཚོན་གྱི་ཡོད། ཁོང་གི་རིན་ཐང་ཆེན་པོའི་ཞུ་འདེབས་དང་། ཁྲིད་སྐྱོང་། དེ་བཞིན་Wikipedia ཡི་རིན་ཐང་ལ་ཞབས་འདེགས་བྱེད་པའི་ཞབས་ཞུ་བཟང་པོའི་ལོ་རྒྱུས་རྣམས་ལ་བརྟེན་ནས། ངས་Pecha-Tsewang གི་འཛིན་སྐྱོང་པའི་གོ་སར་སྒྲིང་པོས་རྒྱབ་སྐྱོར་ཞུ་གི་ཡིན། ཨེ་མ (talk) ༠༨:༠༦, ༢༧ ཟླ་བདུན་པ། ༢༠༢༥ (UTC)[reply]


འདེམས་ཐོན་ངོས་ལེན། Nomination Acceptance

ངས་འདེམས་བསྐོ་འདི་ངོས་ལེན་བྱེད་ཀྱི་ཡོད་ལ། འདེམས་ཐོན་གནང་མཁན་དང་ང་ལ་རྒྱབ་སྐྱོར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་འབྲེལ་དྲི་བ་གང་ཡོད་ཀྱང་ལན་འདེབས་ཞུ་རྒྱུ་ཡིན་ལགས། Pecha-Tsewang (talk) ༡༠:༠༡, ༢༩ ཟླ་བདུན་པ། ༢༠༢༥ (UTC)[reply]

རྒྱབ་སྐྱོར། Support

  1. Pecha-Tsewang བསྟན་འཛིན་ཚེ་དབང་ཁོང་ནི་ཝེ་ཁེ་མ་ལག་གི་ལས་རིགས་ཐོག་ལ་ཉམས་མྱོང་ཆེ་བ་མ་ཟད། བོད་ཀྱི་གནའ་དེང་གི་རིག་གནས་ལ་བྱང་ཆ་ཆེ་བར་བརྟེན། ཁོང་གིས་ཝེ་ཁེ་མ་ལག་ཏུ་བོད་ཡིག་གི་གནས་ཚད་མཐོ་རུ་གཏང་ཐུབ་པ་མ་ཟད་བོད་ཡིག་ཐོག་ལ་སློབ་སྦྱོང་བྱེད་མཁན་ཚོ་ལ་ཕན་རླབས་ཆེན་པོ་ཡོང་བར་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད་པས། དེར་བརྟེན་ངས་ཁོང་བཀོད་འདོམས་པའི་འོས་མིར་འདེམས་ཐོན་བྱུང་བར་འཚམས་འདྲི་ཞུ་རྒྱུ་དང་།ཁྱེད་ལ་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་ཡིན། Pecha-Alalamo (talk) ༡༦:༣༦, ༡ ཟླ་བརྒྱད་པ། ༢༠༢༥ (UTC)[reply]
  2. ངས་Pecha-Tsewang ལགས་སུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། རྒྱུ་མཚན་ནི། བསྟན་འཛིན་ཚེ་དབང་ལགས་ནི་བོད་རིགས་གཙང་མ་ཞིག་ཡིན་པའི་ཐོག དབྱིན་བོད་ཧིན་གསུམ་གྱི་སྐད་ཡིག་ལ་བྱང་ཆུབ་ཅིང་ལྷག་པར་དུ་དེང་དུས་ཀྱི་འཕྲུལ་རིག་ལག་རྩལ་ལ་ཡང་རྒྱུས་མངའ་ཆེན་པོ་ཡོད་པ། དེ་བཞིན་བོད་ཡིག་དང་བོད་ཀྱི་རིག་གནས་བཅས་ལ་ཤ་ཞེན་གཞན་ལས་ལྷག་པ་ཞིག་འདུག ཉེ་ཆར་ཞིག་ནས་ཁོང་གིས་ཆུ་ཚོད་དང་ནུས་པ་ཡོད་དགུ་བཏོན་ནས་བོད་ཡིག་གི་ཝེ་ཁེ་རིག་མཛོད་ཡར་རྒྱས་དང་ཕུན་སུམ་ཇེ་འཚོགས་སུ་གཏོང་བར་ཕྱག་ལས་རླབས་ཆེན་ཞིག་སྒྲུབ་བཞིན་འདུག དེའི་ཕྱིར་ངས་ནི་ཁོང་བོད་ཡིག་གི་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པ་འམ་འཛིན་སྐྱོང་བར་གདམ་རྒྱུར་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་ཡིན། Pecha-Dhondup (talk) ༡༦:༥༨, ༡ ཟླ་བརྒྱད་པ། ༢༠༢༥ (UTC)[reply]
  3. Pecha-Tsewang བསྟན་འཛིན་ཚེ་དབང་ལགས་ནི་ལྷག་བསམ་ཟོལ་མེད་ཀྱི་ངང་ནས་སྤྱི་པའི་ལས་དོན་ལ་འགན་འཁྲིའི་འདུ་ཤེས་ཟབ་མོ་ལྡན་ཞིང་ཚོགས་པ་སྒྲིག་འཛུགས་ཀྱི་སྒྲིག་གཞི་ཁག་ལ་བརྩི་སྲུང་ནན་པོ་བྱེད་པའི་བོད་རིགས་རྣལ་མའི་གཞོན་སྐྱེས་ཤིག་ཡིན་ལ། ལས་དོན་གང་ལ་ཡང་ཉམས་མྱོང་གིས་ཕྱུག་ཅིང་སྣེ་ཁྲིད་ཀྱི་ནུས་པ་ཕུལ་དུ་བྱུང་བ། བོད་ཀྱི་གནའ་དེང་རིག་གནས་གཉིས་ཀར་མཁྱེན་རྒྱ་ཡངས་པ། གནད་དོན་ལ་དབྱེ་ཞིབ་ཀྱི་རྣམ་དཔྱོད་ལྡན་པ། བསམ་ཚུལ་མཉམ་སྤུངས་ཀྱིས་དཀའ་ངལ་སེལ་བའི་ནུས་རྩལ་མངའ་བ། བོད་དབྱིན་སྐད་ཡིག་གཉིས་ལ་བྱང་ཆུབ་པ། རྩོམ་སྒྲིག་གི་ལས་དོན་ལ་ཉམས་མྱོང་ཕུན་སུམ་ཚོགས་པ། དེང་རབས་ཚན་རྩལ་ལ་དགའ་མོས་བྱེད་པ། དྲང་བདེན་དང་ཕྱོགས་ལྷུང་མེད་པར་རིག་པའི་གནས་ལ་འཇུག་པའི་སྤོབས་པ་ཡོད་པ་བཅས་ཀྱི་ཁྱད་ཆོས་མངའ་བའི་མི་བུ་ཁོང་ནི་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པར་བསྐོ་བཞག་གནང་བ་ཡིན་ན་ཝེ་ཁེ་རིག་མཛོད་ཀྱི་ཆེས་མཐོ་བའི་དམིགས་ཡུལ་ལེགས་འགྲུབ་ཡོང་བར་ནུས་པ་བླ་མེད་འདོན་ཐུབ་པའི་ཡོད་ཆེས་ཡོད་པས་གུས་པའི་ཁོང་གི་ལས་ཀའི་གྲུབ་འབྲས་དང་མི་གཞིའི་རིན་ཐང་བཅས་ལ་གཞིགས་ཏེ་རྒྱབ་སྐྱོབ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། Rekong Rabten (talk) ༢༣:༤༤, ༡ ཟླ་བརྒྱད་པ། ༢༠༢༥ (UTC)[reply]
  4. Pecha-Tsewang བསྟན་འཛིན་ཚེ་དབང་ནི་ཝེ་ཁེ་(wikipedia)ཡི་མ་ལག་ལས་རིགས་ཐོག་ལ་ཉམས་མྱོང་ཡོད་པ་མ་ཟད། བོད་ཀྱི་རིགས་གནས་སྤྱི་དང་ལྷག་པར་དུ་ནང་པའི་བཀའ་བསྟན་ཐོག་ལ་སྦྱང་བ་ཕུན་སུམ་ཚོགས་ཤིང་། ཁོང་གིས་ལས་འགན་ཅི་ཞིག་སྒྲུབ་ཀྱང་་གཡོ་ཟོལ་མེད་པར་ཚགས་ཚུད་ལ་སྤུས་ཚད་ལྡན་པའི་ཐོག་ནས་འགན་ཁུར་ཐུབ་མཁན་གྱི་མི་ཞིག་ཡིན། དེར་བརྟེན་ཁོང་ནི་ངེས་པར་དུ་བོད་ཀྱི་ཝེ་ཁེ་རིག་འཛོད་ཡར་རྒྱས་གཏོང་བར་འགན་འཁུར་འོས་མི་ལང་བ་ལ་དགའ་སྤྲོ་ཆེ་པོས་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན།Tsethar Dolma (talk) ༠༥:༣༣, ༢ ཟླ་བརྒྱད་པ། ༢༠༢༥ (UTC)[reply]
  5. Pecha-Tsewang ཁོང་ནི་ཝེ་ཁེ་མ་ལག་གི་ལས་རིགས་ལ་དོ་དབྱིངས་དང་ཉམས་མྱོང་ཡོད་པ་མ་ཟད། བོད་ཀྱི་གནའ་དང་རིག་གནས་ལ་མཁྱེན་རྒྱ་ཡངས་པ་དང་དེང་དུས་འཕྲུལ་རིག་བེད་སྤྱོད་ལ་ཡང་བྱང་ཆ་ལྡན་པ། ཁོང་གིས་ཝེ་ཁེ་མ་ལག་ཏུ་བོད་ཡིག་གི་བཀོད་འདོམས་པར་བསྐོ་བཞག་གནང་བ་ཡིན་ན། བོད་ཡིག་གི་གནས་ཚད་མཐོ་རུ་གཏང་ཐུབ་པ་དང་བོད་ཡིག་ཐོག་ལ་སློབ་སྦྱོང་བྱེད་མཁན་ཚོ་ལ་ཕན་པ་ཆེན་པོ་ཡོང་བར་ང་ལ་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད་པས། ངས་ཁོང་བཀོད་འདོམས་པའི་འོས་མིར་འདེམ་རྒྱུ་ཡིན་པ་མ་ཟད། ཁོང་ལ་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་ཡིན། Sonam gyal (talk) ༠༦:༢༦, ༢ ཟླ་བརྒྱད་པ། ༢༠༢༥ (UTC)[reply]
  6. Pecha-Tsewang བསྟན་འཛིན་ཚེ་དབང་ལགས་ནི་ཝེ་ཁེ་མ་ལག་དང་འབྲེལ་བའི་རྩོམ་སྒྲིག་གི་ལས་དོན་ཐོག་ཉམས་མྱོང་དང་འདོད་མོས་ཡོད་པ། བོད་ཀྱི་གནའ་དེང་གི་རིག་གནས་ལ་མཁྱེན་རྒྱ་ཡངས་པ། ལྷག་པར་དུ་ནང་བསྟན་གྱི་གཞུང་ལུགས་ལ་སྦྱང་བ་ཟབ་པ། བོད་དབྱིན་གྱི་སྐད་ཡིག་གཉིས་ལ་བྱང་ཆ་ལྡན་ཞིང་དེང་དུས་ཀྱི་འཕྲུལ་རིག་ལག་རྩལ་ལའང་མཁས་མ་ཟད། ལྷག་བསམ་རྣམ་དག་དང་འགན་འཁྲིའི་བདུ་ཤེས་ཀྱིས་ཕྱུག་ཅིང་། སྤྱི་པའི་ལས་དོན་ལ་ཞབས་ཞུ་སེམས་འདུན་མངའ་བ། ཚོགས་པ་སྒྲིག་འཛུགས་ཀྱི་སྒྲིག་གཞི་ལ་བརྩི་སྲུང་ནན་པོ་བྱེད་མཁན་ཞིག་ཡིན་པས། ཁོང་ཉིད་བོད་ཡིག་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པར་བསྐོ་བཞག་བྱུང་ཚེ། ཝེ་ཁེ་རིག་མཛོད་ཀྱི་བོད་ཡིག་གི་སྤུས་ཚད་མཐོ་རུ་འགྲོ་བ་དང་ཀློག་པ་པོའི་གྲངས་ཚད་མང་དུ་འགྲོ་བ། བོད་ཀྱི་ནང་བསྟན་རིག་གཞུང་དང་བོད་སྐད་ཡིག་ལ་སློབ་སྦྱོང་བྱེད་མཁན་རྣམས་ལ་ཕན་རླབས་ཆེན་པོ་འབྱུང་རྒྱུ་གདོན་མི་ཟ་བས་ཁོང་ལ་རྒྱབ་སྐྱོར་གཙང་མ་བྱེད་ཀྱི་ཡོད། Kalsumsingmo (talk) ༠༧:༤༩, ༢ ཟླ་བརྒྱད་པ། ༢༠༢༥ (UTC)[reply]
  7. Pecha-Tsewang བསྟན་འཛིན་ཚེ་དབང་ལགས་བོད་ཡིག་ཝེ་ཁེ་བཀོད་འདོམས་པ་འདེམས་རྒྱུ་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད། གུས་པ་ནི་ཁོང་དང་ལོ་མང་རིང་ལ་བོད་ཀྱི་རིག་གཞུང་ཐོག་ལ་ལས་ཀ་མཉམ་དུ་བྱེད་མྱོང་མཁན་ཞིག་ཡིན་། ཁོང་ནི་བོད་རིགས་གཙང་མ་ཞིག་ཡིན་པའི་ཐོག བོད་ཀྱི་གནའ་དེང་རིག་གཞུང་ལ་མཁྱེན་རྒྱ་ཡག་པོ་ཡོད་མཁན་ཞིག་རེད། དེར་མ་ཟད་ཁོང་གིས་དབྱིན་ཇི་དང་ཧིན་དེའི་སྐད་ཡིག་སོགས་བྱང་ཆ་ལྡན་པའི་ཐོག་ནས་མཁྱེན་གྱི་ཡོད། ལྷག་པར་དུ་ཁོང་ནི་བོད་ཀྱི་རིག་གཞུང་ཞབས་ཞུའི་ཐད་ལ་ལྷག་བསམ་ཡོད་མཁན་ཞིག་ཡིན་པ་དང་། ལས་ཀ་གང་བྱས་ཀྱང་བརྟན་པོ་དང་སྦྱང་གྲུང་ལྡན་པའི་ཐོག་ནས་བྱེད་བཞིན་ཡོད་པས། དེ་བས་ན་བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པ་ཁོང་ནི་འོས་ཤིང་འཚམས་པའི་མི་སྣ་ཞིག་ཡིན་པར་ཡིད་ཆེས་བྱེད་ཆོག་པས་ངས་་ཁོང་ལ་བོད་ཀྱི་ཝེ་ཁེ་བཀོད་འདོམས་པ་འདེམས་རྒྱུ་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད། Pecha-Gade (talk) ༡༠:༣༡, ༢ ཟླ་བརྒྱད་པ། ༢༠༢༥ (UTC)[reply]
  8. Pecha-Tsewang ཁོང་ནི་དྲང་བདེན་དང་ཕྱོགས་རིས་མེད་པའི་སྐུ་འགྱུར་གྱིས་ཤེས་རིག་གི་ལས་དོན་ལ་ལག་ལེན་ཇི་ལྟར་བཏང་རུང་གཞུང་ལ་མི་འགལ་བའི་ཐོག་ནས་ཤེས་བྱ་གསར་པ་ཁྱབ་སྤེལ་ལ་འབད་བརྩོན་བྱེད་པའི་མི་བུ་ཞིག་ཡིན། དེ་བས་ན་ཝེ་ཁེ་རིག་མཛོད་ཀྱི་ལས་དོན་འདི་འདྲ་ལ་ཁོང་བསྐོ་བཞག་བཏང་ན་ཤིན་ཏུ་འོས་པ་དང་། ཁོང་གིས་ཀྱང་རྩ་བ་ནས་གཏན་འབེབས་བྱུང་བའི་དམིགས་ཡུལ་ཁག་ལེགས་པར་འགྲུབ་ཐུབ་པའི་ཡིད་ཆེས་ཆེན་པོ་ཡོད། དེ་ཕྱིར་བསྟན་འཛིན་ཚེ་དབང་མཆོག་ལ་བཀོད་འདོམས་ལས་འགན་འདིའི་འོས་མིར་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། Ten Jampa Gonpo (talk) ༡༠:༥༤, ༢ ཟླ་བརྒྱད་པ། ༢༠༢༥ (UTC)[reply]
  9. Pecha-Tsewang ཁོང་ནི་ཝེ་ཁེ་ལས་རིགས་ཐོག་ཉམས་མྱོང་ཆེ་ཞིང་བོད་ཀྱི་རིག་གནས་ལ་མཁྱེན་རྒྱ་ཆེ་བས་ཝེ་ཁེ་མ་ལག་ཏུ་བོད་ཡིག་གི་ཆུ་ཚད་མཐོ་རུ་གཏོང་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད། ཁོང་གིས་བོད་ཡིག་གི་ཝེ་ཁེ་རིག་མཛོད་ཡར་རྒྱས་གཏོང་བར་ལས་དོན་གལ་ཆེན་མང་པོ་གནང་ཡོད། དེ་བས་ངས་ཁོང་བཀོད་འདོམས་པའི་འོས་མིར་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་ཡིན། Kaldan007(talk)

འགག་པ། Oppose


དཔྱད་བརྗོད། Comments

གུས་རང་བོད་ཡིག་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པར་(temporary)འདེམས་ཐོན་བྱུང་བར་རྒྱབ་སྐྱོར་བ་ཀུན་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གུས་པར་འགན་ཁུར་འདི་སྤྲོད་པར་རྒྱབ་སྐྱོར་དང་ཡིད་ཆེས་གནང་བར་ཡི་རངས་ཞུ་བཞིན་ཡོད། ང་ཚོའི་ལས་འཆར་འདི་ཡར་རྒྱས་གཏོང་བའི་ཆེད་དུ་དྲང་བདེན་དང་། གཟབ་ནན། ལྷག་བསམ་བཅས་ཀྱི་ཐོག་ནས་འགན་འཁུར་འདི་སྒྲུབ་པར་ངས་ནུས་པ་གང་ཡོད་འདོན་རྒྱུ་ཡིན། བཀའ་དྲིན་ཆེ།Pecha-Tsewang (talk) ༢༠:༤༥, ༢༥ ཟླ་བརྒྱད་པ། ༢༠༢༥ (UTC) འཐད།[reply]

Tashi delek,

There is actually only Viskonsas and I would like become the second Administrator. I'm quite active user here since 2009 August and I start to understand the system in bo.wikipedia.

Thank you to support me !

--སྤེའུ་དཀར་པོ། ༠༤:༠༠, ༧ ཟླ་གསུམ། ༢༠༡༠ (UTC)[reply]


Support


  1. Beaukarpo’work has brought us many useful photos and explications in tibetain language,which is a language who demands to be protected and to be inherited immediately . He has also made un effort to the diffusion of different cultures .Beaukarpo的工作为我们带来了很多有用的图片和藏文解释,为藏文的保护和继承,以及世界文化的普及做出了他自己的一份努力。Meimeijuliette ༡༥:༠༤, ༧ ཟླ་གསུམ། ༢༠༡༠ (UTC)meimeijuliette[reply]
  2. I support. --Viskonsas ༡༧:༡༨, ༨ ཟླ་གསུམ། ༢༠༡༠ (UTC)[reply]
  3. I support Beaukarpo to be the second administrator. I think that he will be capable for this work with his knowledges and his passion in this domain. The fact that he never stops even in front of the difficulties would help to push forward the development of the language tibetan.--UglygirlM ༡༢:༢༧, ༩ ཟླ་གསུམ། ༢༠༡༠ (UTC)[reply]
  4. Well, Beaukarpo does the most of edits here so sysop rights are necessary. Hugo.arg ༢༡:༡༨, ༡༤ ཟླ་བཞི་བ། ༢༠༡༠ (UTC)[reply]

Oppose

Comments Dear, Beaukarpo, do you think it is good for an administrator to hide behind the wall of silence in Tibetan Wikipedia? I think it is not, because Wikipedia is not an individual, but public project, so in order to become a sysop you need to overcome your sympathies-antipathies and at least answer the messages. --Viskonsas ༡༦:༤༤, ༡༣ ཟླ་བཞི་བ། ༢༠༡༠ (UTC)[reply]

Of course, but why did you write this ? I was silent ? (if it's about my private mail I can't check it right now) --སྤེའུ་དཀར་པོ། ༢༣:༡༧, ༡༣ ཟླ་བཞི་བ། ༢༠༡༠ (UTC)[reply]

Yes, I thought you were ignoring me (after not answering my prev. question and e-mail). Never mind. :) --Viskonsas ༠༩:༥༠, ༡༤ ཟླ་བཞི་བ། ༢༠༡༠ (UTC)[reply]

Sorry, I don't ignore you, but for some reasons I can't check my mails now. --སྤེའུ་དཀར་པོ། ༡༠:༠༣, ༡༤ ཟླ་བཞི་བ། ༢༠༡༠ (UTC)[reply]

Ok, ok, I get it. Don't take my e-mail message too seriously. Maybe I misunderstood something. :) By the way, I have just contacted stewards for your candidacy, so you're on the way of becoming a sysop. Now, could you answer my previous question about categories in your user talk page? --Viskonsas ༡༠:༡༤, ༡༤ ཟླ་བཞི་བ། ༢༠༡༠ (UTC)[reply]
I am afraid you cannot become a permanent sysop, but you can become temporary one. See the discussion and let me or them know if you agree. --Viskonsas ༠༩:༤༠, ༡༦ ཟླ་བཞི་བ། ༢༠༡༠ (UTC)[reply]

འཐད།

Viskonsas (༡:༠)

I am active enough user who is willing to make some changes in this Wikipedia. First of all I am going to apply a new design of the main page. It would require some deleting (when I create templates). Another big reason is that I would work with vandalism more effectively. Since there are no sysops here, it takes time for various gibberish to be deleted. I would be satisfied if I got temporary sysop rights, but permanent ones would be even more desirable. Thank you. --Viskonsas ༡༡:༠༧, ༣༠ ཟླ་བཞི་བ། ༢༠༠༩ (UTC)[reply]

Support

  1. i Support Viskonsas be a sysop, ཁོ་ནི་བོད་ཡིག་གི་ལྦི་ཀི་ལ་ཤ་ཚ་ཚ་སྙིང་ཉེ་ཉེ་བྱེད་མཁན་ཞིག་རེད།#--dobum ༠༠:༤༨, ༡༣ ཟླ་ལྔ་བ། ༢༠༠༩ (UTC)

Oppose

Comments

འཐད།


Viskonsas (༣:༠)

I'm quite active user here. I would like to become an administrator. Currently there are only one sysops who mainly works on blocking spammers. ང་གནས་འདི་རུ་རྒྱུན་དུ་ལས་ཀ་བྱེད་ཡོད་རྐྱེན། ང་གནས་འདིའི་བཀོད་འདོམས་པ་ཞིག་ལ་རེ་ཞུ་བྱེད་འདོད། གནས་འདི་ལ་མཚོན་ད་ལྟ་ཆེས་མཐོ་བའི་བཀོད་འདོམས་གཅིག་མ་གཏོགས་མེད་ལ་ཁོས་ལས་ཀ་གཙོ་བོ་ཡང་མ་བོས་མགྲོན་པོ་གཙང་ཕྱགས་བྱ་རྒྱུ་དེ་རེད། If I win, I get sysops rights only for 3 months, so those 3 months would show whether I'm worth being real sysop or not. Here is my request page: གལ་ཏེ་ང་རང་འདེམས་ཐོན་བྱུང་ན་ངས་ཆེས་མཐོ་བའི་བཀོད་འདོམས་པའི་དབང་ཆ་ཟླ་གསུམ་མ་གཏོགས་སྤྱོད་ཀི་མིན། དེ་ལྟར་ཟླ་གསུམ་གྱི་ནང་ལ་ང་རང་གནས་འདི་བཀོད་འདོམས་འཚམས་མིན་ལ་འོས་མིན་བདེན་དཔང་བྱེད་ཀྱི་ཡིན། གཤམ་ནི་ངའི་རེ་བའི་ཤོག་ངོས་ཡིན།

Thanks to You all. --Viskonsas ༡༤:༤༡, ༡༣ ཟླ་བཞི་བ། ༢༠༠༨ (UTC) ཐུགས་རྗེ་ཆེ་ཞུ།[reply]

Support

  1. i Support Viskonsas be a sysop, ཁོས་བོད་ཡིག་གི་ལྦི་ཀི་ལ་ལས་ཀ་མང་པོ་ལས།--YungDrunRenChin ༡༥:༠༧, ༡༣ ཟླ་བཞི་བ། ༢༠༠༨ (UTC)[reply]
  2. I support a temporary adminship of 3 or 6 months since ocmmunity is still very small. May reapply later for permanent Drini ༡༧:༤༢, ༢༡ ཟླ་བཞི་བ། ༢༠༠༨ (UTC)[reply]
  3. Viskonsas really puts effort into making the Tibetan Wikipedia work - especially to make it work for Tibetans. Also, he seems to have enough General Wikipedia and Mediawiki experience to really know what he's doing. It's a good idea to have him as admin. Currently, there is a lack of administrators here and since Viskonsas seems to be quite focused on the Tibetan Wikipedia, having him as admin would really do something counter that lack. Three months of trial sounds like a good general policy - I hope that he would become permanent admin after that (but that of course depends on everybody's opinion). --Faxi ༠༧:༡༩, ༢༡ ཟླ་ལྔ་བ། ༢༠༠༨ (UTC)

Oppose

Comments

འཐད།

Thank You for supporting me.