User talk:Zurchen

Page contents not supported in other languages.
ཡོང་ཁུངས་Wikipedia

~~འཕན་ཡུལ་གྱི་གནས~~==[རྩོམ་སྒྲིག]

༄༅།། འཕན་ཡུལ་གྱི་གནས་དང་ཡུལ་དེ་ནས་བྱོན་པའི་སྐྱེ་ཆེན་དམ་པ་འགའི་རྣམ་ཐར་མདོ་ཙམ་གླེང་བ།

༄༅།། སྒྲིབ་པ་ཀུན་ལས་རྣམ་པར་རྒྱལ་བའི་སྐུ། འགྲོ་ཀུན་ཐེ་ཚོམ་གཅོད་པའི་ཀླུ་མེད་གསུང་། མཐའ་དག་དངོས་ཀུན་གནས་ལུགས་གཟིགས་པའི་ཐུགས། རྐང་གཉིས་རྣམས་ཀྱི་མཆོག་གྱུར་ཞབས་ལ་འདུད། སྐྱེ་དང་ཚེ་རབས་དུ་མའི་སྔོན་རོལ་ནས། རྒྱལ་བའི་སྤྱན་མངར་ཇི་ལྟར་དམ་བཅས་བཞིན། ཁ་བའི་ལྗོངས་སུ་རྒྱལ་བསྟན་སྒྲོན་མེ་ཡི། འོད་ཀྱིས་ཁྱབས་མཛད་ཕྱག་ན་པདྨོར་འདུད། མ་ལུས་རྒྱལ་བའི་ཐུགས་མཆོག་ཁྱོན་ཡོངས་ནས། གཅིག་ཏུ་སྤུངས་པ་གཞོན་ནུའི་ཆ་ལུགས་ཅན། ས་གསུམ་ཤེས་རབ་སྣང་བ་བསྩོལ་མཛད་པའི། འཕྲིན་ལས་ཀུན་བསྡུས་སྒྲོལ་མའི་ཞབས་ལ་འདུད། དགེ་ལེགས་ཀུན་བསྩོལ་ཐུབ་བསྟན་ཡོངས་ཀྱི་མགོན། ཀུན་གྱིས་གཙུག་ཏུ་འཛིན་པའི་ཡིད་བཞིན་ནོར། བརྩེ་ཆེན་རྒྱ་མཚོའི་ཁོག་ཏུ་རུམ་གྱུར་དེས། སངས་རྒྱས་མ་ཐོབ་བར་དུ་བཟུང་དུ་གསོལ། མདོ་དང་སྔགས་ཀྱི་རྒྱ་ཆེའི་གཞུང་ལུགས་ལ། ལྟ་བའི་རྣམ་དཔྱོད་ཤེས་རབ་མིག་སྦྱིན་མཁན། འགྲོ་བའི་བཤེས་གཉེན་ཆེན་པོ་ཁྱེད་རྣམས་ཀྱིས། རྗེས་སུ་བཟུང་ཏེ་བདག་རྒྱུད་བྱིན་གྱིས་རློབས།། དེ་ལྟར་སྒོ་གསུམ་གུས་པ་ཆེན་པོས་བླ་མ་དང་ལྷག་པའི་ལྷ་མཆོག་རྣམས་བསྟོད་ཅིང་ཕྱག་འཚལ་བ་དེ་ཙམ་ཞིག་སྔོན་དུ་བཏང་ནས། བྱ་བ་དངོས་ལ་འཇུག་པ་ནི་དེ་ཡང་གང་བཤད་པར་བྱ་བའི་གཞི་ནི། ཧ་ཅང་གིས་རྒྱ་ཆེ་ལ་མགོ་རྙོག་པའི་ལོ་རྒྱུད་ཀྱི་དེབ་ཐེར་ར་བའི་ནང་ནས་རང་ཉིད་ལ་འདྲིས་ཆེ་ཤིང་རྒྱུད་མངའ་ཡོད་པའི་འཕན་པོའི་ཡུལ་དང་། དེ་དང་འབྲེལ་བའི་ཡུལ་དེའི་མི་རིགས་ཀྱིས་ཆོས་སྲིད་ཀྱི་བྱ་བ་ཇི་ལྟར་མཛད་པ་པོ་རྣམས་ཀྱི་རྣམ་པར་ཐར་པ་རྣམས་ནི་གང་བཤད་པར་བྱ་བའི་ཆོས་སམ་གཞི་ཡིན་ནོ། དེ་ལ་ཐོག་མར་འཕན་པོ་ཞེས་པའི་ཡུལ་དེ་ནི་བོད་གངས་ཅན་གྱི་ལྗོངས་སུ་བོད་མཆོལ་ཁ་གསུམ་ཏེ་དབུས་གཙང་དམ་པ་ཆོས་ཀྱི་མཆོལ་ཁ། མདོ་སྟོད་མགོ་ནག་མི་ཡི་མཆོལ་ཁ། མདོ་སྨད་གྱི་ལིང་རྟ་ཡི་མཆོལ་ཁ་ཞེས་འབོད་བཞིན་པ་ལས་དབུས་གཙང་དམ་པ་ཆོས་ཀྱི་མཆོལ་ཁ་དང་སྟོད་མངའ་རིས་སྐོར་གསུམ་བར་དབུས་གཙང་རུ་བཞི་སྨད་མདོ་ཁམས་སྒང་དྲུག་ཅེས་པ་ལས་བར་དབུས་གཙང་རུ་བཞི་དང་དེ་ལ་ཡང་དབུས་གཙང་གཉིས་ལ་རུ་སྟོད་སྨད་གཉིས་གཉིས་ཀྱིས་བཞི་ཕྱེ་བས་དབུ་རུ་སྟོད་ཀྱི་ཆ་སྟེ་བོད་ཀྱི་རྒྱལ་ས་ལྷ་སའི་བྱང་ཀྱི་ཕྱོགས་འཕན་པོ་སྒོ་ལ་ཞེས་པ་ནས་བྱང་འདམ་གཞུང་གི་ས་མཚམས་རྫོགས་མཚམས་བར་དང་སྟོད་འཕན་པོ་སྣ་མོ་དང་གློ་བ་སྟོད་ཀྱི་ནུབ་རིའི་རྫོགས་མཚམས་ནས་སྨད་ཀོང་པོ་བྲེ་སྣའི་བར་གྱི་ས་ཁྱོན་ཆགས་པ་ལ་ཟེར་ཞིང་། དེང་སྐབས་དང་མི་འདྲ་བར་སྔོན་དུས་སུ་ཡུལ་དེའི་སྣོད་ཀྱི་བཀོད་པ་ནི་སྤྱིར་རྫ་རི་དང་སྤང་རི་ནགས་རི་སོགས་ཀྱིས་ཡོངས་སུ་བསྐོར་ཡོད་པ་ནི་བོད་སྤྱི་མཚུངས་ལྟར་ལགས་ཤིང་། རི་བོ་མང་ཆེ་བ་ནི་རི་མགོ་ཐམས་ཅད་གདོད་མའི་ནགས་ཀྱིས་བསྐོར་ཅིང་སྟག་གཟིག་སོགས་གཅན་གཟན་གྱི་སྲོག་ཆགས་ཤྭ་བ་དང་དགོ་བ་གླ་བ་སོགས་ཅི་དགར་རྩེད་འཇོར་རོལ་ཞིང་། རི་སྐེད་དུ་སྤ་མ་དང་བ་ལུ་རི་བསང་སོགས་དྲི་ཞིམ་ལྡན་པའི་རྩེ་ཏོག་སྣ་ཚོགས་ཀྱི་དྲི་བཟང་ཕྱོགས་བཅུར་འཐོར་ཅིང་། ས་ཤོངས་རྣམས་སུ་མཚོ་དང་ཚིའུ་ཆེ་ཆུང་སྣ་ཚོགས་དང་མཚོའི་གླིང་ལྷག་གང་ཡོད་ཐམས་ཅད་ལ་ན་སྤང་ཀྱིས་ཡོངས་སུ་ཀླུབས་ཅིང་མཚོ་དང་ཚིའུའི་འགྲམ་ངོས་སུ་ལྷ་བྱ་ཁྲུང་ཁྲུང་དང་ངང་པ་སོགས་ཆུ་བྱ་སྣ་ཚོགས་ཀྱིས་སྐད་སྙན་སྒྲོགས་ཅིང་མཛེས་སྡུག་ཡོད་དུ་འོང་བའི་འཛམ་གླིང་གི་སྐྱེ་བོ་སུ་ལ་ཡང་ངལ་གསོའི་སྤྲོ་བ་ངང་གིས་སྦྱིན་ནུས་ཤིང་། དེ་ལྟ་བུའི་ས་གཤིས་བཟང་བའི་མཚོ་དང་ཚིའུ་ནགས་ཀྱི་སེབས་ཡུལ་མི་རྣམས་ནི་རྟག་ཏུ་ཆོས་ལ་དད་ཅིང་བཟང་པོའི་ལས་ལ་བརྩོན་འགྲུས་ཆུ་རྒྱུན་བཞིན་ནམ་ཡང་ངལ་མེད་ངང་ནས་སྐྱོད་བཞིན་མཆིས་པའི་ཚུལ་ནི་མཐོ་རིས་ཀྱི་ལྷ་ཡང་སྨོན་པའི་ཡུལ་དུ་བྱེད་པ་ལྟ་བུ་ཞིག་ཡོད་དེ་ནི་བོད་གངས་ཅན་གྱི་ལྗོངས་སུ་བཀའ་གདམས་པ་ཞེས་ཇོ་བོ་རྗེའི་མན་ངག་ལས་རྒྱུད་པའི་སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་འདིར་འཛིན་སྐྱོང་སྤེལ་གསུམ་གནང་བ་ལ་འགྲན་མེད་ལྟ་བུ་ཞིག་ཏུ་གནས་པ་ཡོད་པ་ནི་ཡུལ་དེའི་ནང་བཀའ་གདམས་པའི་སྐྱེ་ཆེན་དམ་པ་ཇི་ཙམ་བྱུང་བ་ལས་ཀྱང་རྟོགས་ནུས། འོན་ཀྱང་འཇིག་རྟེན་སྤྱི་ལ་ཆགས་འཇིག་སྐྱེད་འཕེལ་གྱི་གོ་རིམ་སྤེལ་མར་བྱུང་དང་འབྱུང་བཞིན་པ་ལྟར་ཡུལ་དེའི་ནང་གི་སྔོན་གྱི་སྣོད་བཅུད་ཀྱི་དགེ་མཚན་མང་དག་ཞིག་འཇིག་རྟེན་ཆགས་འཇིག་གི་དགུས་ཚོགས་ཁྲོད་རང་ཡལ་དུ་སོང་ཞིང་ལྷག་འཕྲོ་ཅུང་ཟད་ཡོད་པ་དག་ཀྱང་ཕྱུག་པོའི་བང་མཛོད་ལ་ཡི་དྭགས་ཀྱི་དཀོར་གཉེར་སླེབས་པར་བརྟེན་བདག་པོ་མ་ཡིན་པའི་ཁ་ཟས་སུ་གྱུར་ཏེ་སྣོད་བཅུད་ཡོད་ཚད་ལ་འཆི་ལྟད་ཕོགས་ཏེ་རི་མགོའི་ནགས་ཚལ་གྱི་སྐྲ་ལོ་བཅས་ཅིང་རི་འདབས་ཀྱི་མཚོ་ཚིའུ་དུག་ཆུར་བསྒྱུར་ནས་མཐའ་ན་སོ་ནམས་པ་ཚོའི་ས་ཞིང་ཡང་ས་བོན་ཕར་སོང་གི་ཡོང་བབས་འབྲས་བུ་ལོ་རེར་སྡུམ་ཙམ་ལས་མེད་པའི་གནས་སུ་ལྷུང་བཞིན་ཡོད། ཡུལ་དེར་འཕན་པོ་ཞེས་པའི་མིང་དེ་ནི་སྤྱི་ལོའི་དུས་རབས་ལྔ་པ་ནས་དྲུག་པའི་བར་བྱུང་བའི་བོད་རྒྱལ་སོ་གཉིས་པ་གནམ་རི་སྲོང་བཙན་གྱིས་བཏགས་གནང་བ་ཞིག་ཡིན་ལ་དེའི་འདོགས་ཚུལ་ནི། དེ་སྐབས་སུ་འཕན་ཡུལ་དུ་ཟིང་པོ་རྗེ་སྟག་སྐྱ་པོ་ཟེར་བའི་རྗེ་བོ་ཟིག་བྱུང་བ་ཁོང་གིས་རང་ཉིད་མངའ་འོག་བློན་པོ་གཉེན་འཛི་ཟུང་ནག་པོ་ཞེས་པ་ཞིག་དང་འབངས་མི་དཔའ་ཏོ་རི་དབྱི་ཚབ་ཞེས་པ་གཉིས་ཁ་འཆམས་ཏེ་ཟིང་པོ་རྗེར་ངོ་ལོག་ཏེ་མཁར་ཕྱིང་བ་སྟག་རྩེ་ན་བཙན་པོ་གནམ་རིའི་ཡབ་བོད་རྒྱལ་སོ་གཅིག་པ་སྟག་རི་གཉན་གཟིགས་ལ་མགོ་བཏགས་ཏེ་བཙན་པོ་དང་ལྷན་དུ་ཟིང་པོ་རྗེར་དམགས་འདྲེན་གྲབས་བྱེད་སྐབས་སུ་བཙན་པོ་སྐུ་འདས། ཕྱིས་བཙན་པོ་གནམ་རི་ཁྲིར་འཁོད་རྗེས་འཛི་ཟུང་དང་དབྱི་ཚབ་གཉིས་ཀྱིས་སླར་ཡང་བཙན་པོ་དང་གྲོས་འཆམས་ཏེ་ཟིང་པོ་རྗེར་དམགས་རྒྱལ་དམགས་ཁྲི་དང་བཅས་པས་ཕམ་པར་བྱས་ཏེ་ཕག་གི་ཡུང་བ་མན་ཆད་རྒོད་པྲོ་སྣ་ཡན་ཆད་བཙན་པོའི་ཕྱག་ཏུ་སོན་སྐབས་བཙན་པོ་ཐུགས་དགྱེས་ནས་བཀའ་འཕབས་ཏེ་ཡུལ་མིང་ངལ་པོ་ཞེས་པ་ལས་འཕན་ཡུལ་དུ་སྤོས་སོ། འཕན་པོ་ཞེས་པའི་འཕན་དེ་ཡང་གཞན་གོ་རྒྱུ་མ་ཡིན་པར་རྒྱ་ཆེ་བའི་དོན་ལ་གོ་དགོས་པར་དགེ་ཆོས་ཀྱིས་གསུངས། ཕག་གི་ཡུང་བ་མན་ཟེར་བ་དེ་ཡང་ས་མཚམས་གང་ཡིན་ནི་སྤྱིར་ན་ད་ལྟའི་འཕན་པོ་ལྷུན་གྲུབ་རྫོང་ཁོངས་སུ་ཡུལ་མིང་ལ་ཡུང་བ་ཞེས་པའི་ལུང་པ་ཞིག་ཡོད་ཀྱང་དེ་མན་ཆད་ཟེར་བ་ནི་ག་ལ་ཡིན་ཏེ་མ་ཡིན་གང་ཡིན་ཟེར་ན་ད་ལྟའི་འཕན་པོའི་ཡུལ་མང་ཆེ་བ་ད་དུང་དེའི་གོང་ན་ཡོད་ཅིང་མ་ཟད་སྔོན་གྱི་ལོ་རྒྱུད་རྙིང་པ་མང་པོའི་ནང་བླ་ཆེན་མི་དྲག་ཁག་མང་པོ་ཞིག་འཕན་ཡུལ་དུ་སྐྱོད་པ་དང་གནས་བཅའ་སོགས་གསུངས་པ་མང་དག་ཞིག་ད་ལྟའི་རྫོང་དེའི་ཁོངས་སུ་མེད་པས་ཀྱང་ཧ་ཅང་གསལ་ལོ། རྒྱལ་རབས་དང་འབྲེལ་བའི་དེབ་ཐེར་འགར་ཕག་གི་ཡུ་སྣ་མན་ཆད་ཀོང་པོ་བྲེ་སྣ་ཡན་ཆད་ཅེས་འཁོད་པ་བཞིན་དག་པར་སྙམས་ཤིང་ཡུ་སྣ་ཞེས་པ་ནི་ཡུལ་སྣ་མོ་ཞེས་པའི་བསྡུས་མིང་ཡིན་པ་ལས་གཞན་རྒྱུ་མཚན་མ་མཐོང་དེའི་ཕྱིར་ད་ལྟའི་འཕན་ཡུལ་གྱི་སྣ་མོའི་དང་དེའི་རི་རྒྱུད་དུ་འཆགས་པའི་འཕན་ཡུལ་རྒྱལ་མན་ཆད་ཟེར་རམ་བསྙམས་ཤིང་རྒོད་པྲོ་སྣ་ཡན་ཆད་ཞེས་པ་ཡང་ཀོང་པོ་བྲེ་སྣ་ཡན་ཞེས་པ་ཡིད་སྟོན་རུང་བར་མཐོང་ཞིང་ལོ་རྒྱུད་ཀྱི་ཡིག་ཆ་གཞན་དག་འགར་ཡང་དེ་ལྟར་འཁོད་ཡོད་འཐད་ཕྱོགས་སུ་མཐོང་། དེ་ནི་འཕན་ཡུལ་ཞེས་པའི་ཡུལ་དེའི་བྱུང་བའམ་སྣོད་བཅུད་ཀྱི་ངོ་སྤྲོད་མདོ་ཙམ་བཀོད་པའོ། བྱེས་ཚྭ་འཕན་པོ་ཟུར་ཆེན་ནམ་མིང་གཞན་དར་རྒྱས་སུ་བོད་པས་བཀོད་པའོ།། མུ་འཐུད་འགོད་རྒྱུ།

Retrieved from "http://bo.wikipedia.org/w/index.php?title=User:Zurchen&oldid=97689"

ཀ་བ་ཤཱཀྱ་དབང་ཕྱུག[རྩོམ་སྒྲིག]

<<ཀ་བ་ཤཱཀྱ་དབང་ཕྱུག>>བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཁོང་ནི་སྤྱི་ལོའི་དུས་རབས་དགུ་བའི་ནང་འཕན་ཡུལ་དུ་སྐ་བའི་རུས་རྒྱུད་ཞིག་ཏུ་འཁྲུངས་ཤིང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སྐུ་དངོས་ཀྱི་སློབ་མ་བགྲེས་གྲས་ཤིག་ཡིན་ཅིང་། ཇོ་བོ་རྗེ་བོད་དུ་མ་འཕེབས་གོང་ནས་བོད་དབུས་གཙང་གི་མཁས་པ་བརྒྱད་ཀྱི་ནང་ཚན་རྦ་བཙུན་བློས་གྲོས་དབང་ཕྱུག་གི་དྲུང་ནས་རབ་ཏུ་བྱུང་ཞིང་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་བསླབ་སྡོམ་ཡང་དམ་པ་དེ་ཉིད་ཀྱི་དྲུང་ནས་ཞུས། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་སྟོད་ཕྱོགས་ནས་དབུས་གཙང་བ་རྣམས་ལ་ཇོ་བོ་རྗེ་བོད་དབུས་གཙང་གི་ས་རུ་སྤྱན་འདྲེན་ཞུ་དགོས་ཞེས་སྐུལ་མའི་ཕྱག་བྲིས་འཕེབས་དོན་བཞིན། སྟོད་མངའ་རིས་མང་ཡུལ་དུ་ཇོ་བོ་རྗེ་བཞུགས་པས་དེར་སྤྱན་འདྲེན་ཞུ་བར་འཕེབས་ཇོ་བོ་རྗེ་བོད་ཀྱི་རྒྱལ་ས་ལྷ་ལྡན་དུ་ཕེབས་གྲུབ་རྗེས་ཀ་བ་ཤཱཀྱ་དབང་ཕྱུག་གིས་ཇི་ལྟ་གསོལ་བ་བཏབས་པ་བཞིན་ཁོང་ཉིད་ཀྱི་བཞུགས་གནས་འཕན་ཡུལ་དུ་ལེན་པ་གྲོང་ཚོའི་སྤྱི་བོ་ན་གདན་དྲངས། ཇོ་བོའི་སློབ་མ་གཞན་རྣམས་ཀྱིས་ཀྱང་ཁོང་གི་བཀའ་བཞིན་སྒྲུབ་པ་ཞིག་བྱུང་བ་ཡིན། དེང་སྐབས་ལེན་པའི་སྤྱི་བོའམ་ལེན་པའི་ཕུ་དེར་སྒྲུབ་གནས་ཀྱི་ཤུལ་ཙམ་ལས་མེད་ནའང་གྲོང་དེའི་མི་དམངས་རྣམས་ཀྱིས་གནས་དེར་རྩ་ཆེན་ཞིག་ཏུ་རྩི་བཞིན་ཡོད་ལ། མ་ཟས་ཚེས་བཟང་དུས་བཟང་ནམ་ཡིན་ལ་གནས་དེར་བསང་གསོལ་གཏོང་བཞིན་ཡོད། ལེན་པའི་ཕུ་དེར་བཀའ་སྲུང་ཞེས་པ་གཙོད་རུ་དང་ཞགས་པ་འཁྱེར་བའི་སྲུང་མ་ཞིག་གི་ལྷ་མཁར་ཡང་ཡོད་ཅིང་སྲུང་མ་དེ་ནི་འཕན་ཡུལ་དགའ་ལྡན་ཆོས་འཁོར་གྱི་དགོན་པའི་བསྟན་སྲུང་གཙོ་བོ་ཞིག་ཡིན་ཅིང་འཕྲིན་ལས་ཧ་ཅང་མྱུར་བར་བཤད་སོལ་ཡོད་།<ཀ་མ་བ་ཤེས་རབ་འོད་>རྗེ་འདི་ཉིད་ནི་བཀའ་གདམ་དགོན་པ་བའི་བུ་ཆེན་བཞི་ཞེས་གྲགས་པའི་ཡ་གྱལ་ཞིག་ཡིན་ཅིང་ཀ་བ་ཤཱཀྱ་དབང་ཕྱུག་གི་བཞུགས་གནས་ཀྱི་ཉི་འདབས་ལེན་པ་ལེན་པ་གྲོང་ཚོའི་དུས་ཁྱིམ་ཞིག་ཏུ་རབ་བྱུང་དང་པོའི་སྤྱི་ལོ་༡༠༥༧་ལོར་སྐུ་འཁྲུངས། རབ་ཏུ་བྱུང་བའི་མཚན་ལ་ཤེས་རབ་འོད་ཞུ་ཁོང་གི་བསླབ་སྡོམ་ཞུ་ཡུལ་གྱི་དགེ་བའི་བཤེས་གཉེན་གང་ཞིག་ཡིན་པ་ནི་ཁ་གསལ་ཞིག་མ་མཇལ་ཡང་། ཕྱིས་སུ་དགོན་པ་བ་རྩ་བའི་བླ་མར་བསྟན་ཅིང་དགོན་པ་བས་ཀྱང་ཆོས་དང་ཟང་ཟིང་གཉིས་ཀས་ལེགས་པར་བསྐྱངས་གནང་མཛད། ཐུགས་ཤིན་ཏུ་ཆེ་ཞིང་མངོན་པར་རྟོགས་པའི་ཡོན་ཏན་ཚད་མེད་དང་ལྡན་པ་ཞིག་ཀྱང་ཡིན། ནག་ཚོ་ལོ་ཙཱ་བས་བསྒྱུར་བར་གྲགས་པའི་རྟོག་གེ་འབར་བའི་དེ་ཁོ་ན་ཉིད་གཏན་ལ་དབབས་པའི་ལིའུར་ཤེས་རབ་འོད་གཉིས་ཀྱིས་བསྒྱུར་བཅོས་མཛད་ཅེས་པའི་ཁོང་གཉིས་ལས་གཅིག་ནི་དམ་པ་འདི་ཉིད་ཡིན་པ་འདྲ་ཞེས་དུང་དཀར་ཚིག་མཛོད་དུ་གསུངས། རྗེ་འདི་ཉིད་ཀྱིས་ཀ་མ་དགོན་པ་ཕྱག་བཏབས་ནས་དགེ་འདུན་ཞལ་གྲངས་བདུན་བརྒྱ་ལོང་བ་ཙམ་བྱུང་། ཕྱི་རོལ་གྱི་དངོས་པོ་མི་བཟང་བ་བཟང་པོར་བསྒྱུར་ནུས་པའི་ཏིང་འཛིན་གྱི་རྟོགས་པ་ཡང་བརྟན་པོ་མངའ་བ་ཞིག་བྱུང་། དེ་ལྟར་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་མཐར་དགུང་གྲངས་བདུན་བཅུ་དོན་ལྔ་བ་རབ་བྱུང་གཉིས་པའི་ལྕགས་ཕག་སྤྱི་ལོ་༡༡༣༡་ལོར་གཟུགས་སྐུའི་བཀོད་པ་རེ་ཞིག་ཆོས་ཀྱི་དབྱིངས་སུ་བཤེགས་ཚུལ་བསྟན། འཕན་དར་རྒྱས་ནས།།

<ཀ་མ་བ་ཤེས་རབ་འོད་>[རྩོམ་སྒྲིག]

རྗེ་འདི་ཉིད་ནི་བཀའ་གདམ་དགོན་པ་བའི་བུ་ཆེན་བཞི་ཞེས་གྲགས་པའི་ཡ་གྱལ་ཞིག་ཡིན་ཅིང་ཀ་བ་ཤཱཀྱ་དབང་ཕྱུག་གི་བཞུགས་གནས་ཀྱི་ཉི་འདབས་ལེན་པ་ལེན་པ་གྲོང་ཚོའི་དུས་ཁྱིམ་ཞིག་ཏུ་རབ་བྱུང་དང་པོའི་སྤྱི་ལོ་༡༠༥༧་ལོར་སྐུ་འཁྲུངས། རབ་ཏུ་བྱུང་བའི་མཚན་ལ་ཤེས་རབ་འོད་ཞུ་ཁོང་གི་བསླབ་སྡོམ་ཞུ་ཡུལ་གྱི་དགེ་བའི་བཤེས་གཉེན་གང་ཞིག་ཡིན་པ་ནི་ཁ་གསལ་ཞིག་མ་མཇལ་ཡང་། ཕྱིས་སུ་དགོན་པ་བ་རྩ་བའི་བླ་མར་བསྟན་ཅིང་དགོན་པ་བས་ཀྱང་ཆོས་དང་ཟང་ཟིང་གཉིས་ཀས་ལེགས་པར་བསྐྱངས་གནང་མཛད། ཐུགས་ཤིན་ཏུ་ཆེ་ཞིང་མངོན་པར་རྟོགས་པའི་ཡོན་ཏན་ཚད་མེད་དང་ལྡན་པ་ཞིག་ཀྱང་ཡིན། ནག་ཚོ་ལོ་ཙཱ་བས་བསྒྱུར་བར་གྲགས་པའི་རྟོག་གེ་འབར་བའི་དེ་ཁོ་ན་ཉིད་གཏན་ལ་དབབས་པའི་ལིའུར་ཤེས་རབ་འོད་གཉིས་ཀྱིས་བསྒྱུར་བཅོས་མཛད་ཅེས་པའི་ཁོང་གཉིས་ལས་གཅིག་ནི་དམ་པ་འདི་ཉིད་ཡིན་པ་འདྲ་ཞེས་དུང་དཀར་ཚིག་མཛོད་དུ་གསུངས། རྗེ་འདི་ཉིད་ཀྱིས་ཀ་མ་དགོན་པ་ཕྱག་བཏབས་ནས་དགེ་འདུན་ཞལ་གྲངས་བདུན་བརྒྱ་ལོང་བ་ཙམ་བྱུང་། ཕྱི་རོལ་གྱི་དངོས་པོ་མི་བཟང་བ་བཟང་པོར་བསྒྱུར་ནུས་པའི་ཏིང་འཛིན་གྱི་རྟོགས་པ་ཡང་བརྟན་པོ་མངའ་བ་ཞིག་བྱུང་། དེ་ལྟར་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་མཐར་དགུང་གྲངས་བདུན་བཅུ་དོན་ལྔ་བ་རབ་བྱུང་གཉིས་པའི་ལྕགས་ཕག་སྤྱི་ལོ་༡༡༣༡་ལོར་གཟུགས་སྐུའི་བཀོད་པ་རེ་ཞིག་ཆོས་ཀྱི་དབྱིངས་སུ་བཤེགས་ཚུལ་བསྟན། འཕན་དར་རྒྱས་ནས།།

<ཀམ་ཀམ་པ་དོན་གྲུབ་དཔལ།>[རྩོམ་སྒྲིག]

ཁོང་ནི་རབ་བྱུང་དྲུག་པའི་ཤིང་སྦྲུལ་སྤྱི་ལོ་་༡༣༦༥་ལོར་འཕན་ཡུལ་ཀླུ་གོང་ངམ་ཀློ་གོང་སྒང་དུ་སྐུ་བལྟམས་ཤིང་། དགུང་ལོ་དགུ་ནས་ཡིག་གེ་བྲི་ཀློག་སོགས་ལ་མཁས་པར་མཁྱེན་ཅིང་། དགུང་ལོ་བཅུ་གསུམ་པ་ལ་མཁན་ཆེན་བློ་བཟང་པ་ཞེས་བྱ་བའི་དྲུང་ནས་རབ་ཏུ་བྱུང་མཚན་དོན་གྲུབ་དཔལ་དུ་གསོལ་རྒྱུན་དུ་དམ་པ་གང་དེ་ཉིད་རྩ་བའི་བླ་མར་བསྟེན་ཅིང་མདོ་དང་སྔགས་ཀྱི་ཆོས་སྐོར་མང་དུ་བསན་བསམ་མཛད། དེ་ནས་དགུང་ལོ་ཉི་ཤུ་རྩ་གཉིས་ཟིན་སྐབས་མཁན་ཆེན་ཤཱཀྱ་མི་ཏྲ་ཞུ་བ་ལས་བསྙེན་པར་རྫོགས་པའི་སྡོམ་པ་བཞེད་ཅིང་། གཞན་ཡང་དགེ་བའི་བཤེས་གཉེན་སྟག་ལུང་ལོ་ཙཱ་བ་ཤཱཀྱ་བཟང་པོ་དང་། ཀུན་སྤངས་ཡེ་ཤེས་རྒྱལ་མཚན། མཁས་གྲུབ་རྡོ་རྗེ་རྒྱལ་མཚན། གསང་ཕུ་བ་བློ་གྲོས་བརྟན་པ། རྡོ་རྗེ་འཛིན་པ་གཞོན་ནུ་རྒྱལ་མཚན་སོགས་མཁས་དང་གྲུབ་པའི་སྐྱེ་མཆོག་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོས་མཆོད་ཅིང་ཐོས་བསམ་སྒོམ་གསུམ་ཚུལ་བཞིན་གནང་། དགུང་ལོ་ཉེར་གསུམ་པའི་ཐོག་ཀམ་ཀམ་གྱི་གདན་སར་ཕེབས་དགུང་གྲངས་སོ་གཅིག་པ་རབ་བྱུང་བདུན་པའི་མེ་བྱ་སྤྱི་ལོ་༡༤༡༧་ལོར་བསྟན་པ་རིན་པོ་ཆེའི་གསལ་བྱེད་ཅེས་པའི་ཀམ་ཀམ་གྱི་ལོ་རྒྱུད་ཆོས་བྱུང་བརྩམས་གནང་མཛད་དགུང་ལོ་ཇི་ཙམ་བཞུགས་མིན་གྱི་རྣམ་ཐར་ཁ་གསལ་ཞིག་མ་བརྙེད།

<ལོ་ཙཱ་བ་སྐ་བ་དཔལ་བརྩེགས>[རྩོམ་སྒྲིག]

མཁས་མཆོག་འདི་ནི་བོད་གངས་ཅན་གྱི་ལྗོངས་སུ་ཤིན་ཏུ་ནས་བཀའ་དྲིན་ཆེ་བའི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་ཞེས་སྙན་གྲགས་ཀྱི་བ་དན་གོ་ལའི་ཁྱོན་ལ་ཁྱབ་པ་རྣམས་ལས་སྐ་བ་དཔལ་བརྩེགས་སུ་གྲགས་པ་དེ་ཡིན་ཅིང་། དམ་པ་འདི་ཉིད་ཀྱི་མཛད་རྗེས་ལོ་རྒྱུད་ཐོག་ཧ་ཅང་རྒྱས་མོད་ཀྱང་འདིར་གཞི་བཅོལ་ཡུལ་ནི་རྗེ་དུང་དཀར་བ་བློ་བཟང་འཕྲིན་ལས་མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་བྱས་ཡོད་དེ་ནི་རྒྱས་བསྡུས་འཚམ་པོ་ཡོད་པས་ཡིན་ནོ།། དེ་ཡང་སྐྱེ་མཆོག་དམ་པ་གང་དེ་ནི་འཕན་ཡུལ་དུ་རུས་རྒྱུད་དམ་རུས་མིང་དུ་སྐ་འཆགས་པའི་གདུང་རྒྱུད་ཡབ་སྐ་བ་བློ་ལྡན་དང་ཡུམ་འབྲོ་བཟའ་རྡོ་རྗེ་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས། ལོ་ཙཱ་བ་ཁོང་དང་སློབ་དཔོན་བོདྷི་སཱ་ཏོ་གཉིས་ཀྱིས་བྱ་རྒྱུད་དང་སྤྱོད་རྒྱུད་ཀྱི་ཆོས་སྐོར་བོད་དུ་བསྒྱུར་བ་དང་། ཆོས་རྒྱལ་ཁྲི་སྲོང་ལྡིའུ་བཙན་གྱིས་ལོ་ཙཱ་བ་སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། རྨ་རིན་ཆེན་མཆོག་དང་ཁོང་གསུམ་ལ་གསེར་བསྐུར་ནས་པན་ཆེན་བྷི་མ་ལ་བོད་དུ་གདན་འདྲེན་དུ་ཆེད་རྫོངས་གནང་། སློབ་དཔོན་ཀཱ་མ་ལ་ཤི་ལ་བོད་དུ་འཕེབས་ནས། རྒྱ་ནག་པ་ཧ་ཤང་དང་རྩོད་གླེང་མཛད་པ་དེའི་མཇུག་སྡོམས་ཀྱི་ཚུལ་དུ་སྒོམ་རིམ་རྣམ་གསུམ་དང་དབུ་མ་སྣང་བ་བརྩམས་པ་ལས་ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་སྒོམ་རིམ་རྣམ་གསུམ་དང་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་དབུ་མ་སྣང་བ་བོད་སྐད་དུ་བསྒྱུར། ལོ་ཙཱ་ཁོང་ཆོས་རྒྱལ་ཁྲི་སྲོང་ལྡིའུ་སྐུ་དུས་ནས་ལོ་ཙཱ་བའི་གྲལ་ཡིན་འདུག་ཅིང་། མཁས་ཤིང་གྲུབ་པ་བརྙེད་པའི་ལོ་ཙཱ་བ་ཁོང་གིས་བོད་རྒྱལ་ཁབ་དང་མི་རིགས་ལ་བཅང་བའི་བརྩེ་བས་ཀུན་ནས་སླངས་ཏེ་ཞབས་འདེགས་ཀྱི་ཚུལ་དུ་བསྐྲུན་པའི་བའི་མཛད་རྗེས་ནི་རྒྱལ་བའི་བཀའ་བསྟན་འགྱུར་གྱི་ཁྲོད་ལོ་ཙཱ་བ་གང་ཉིད་ཀྱིས་བསྒྱུར་བྱང་འཁོད་ཡོད་ཇི་སྙེད་བཞུགས་ཡོད་པ་འདི་ལྟར་<འཕགས་པ་སངས་རྒྱས་རྗེས་སུ་དྲན་པའི་རྒྱ་ཆེར་འགྲེལ་བ་> ཤོ་ལོ་ཀ་༦༣༠་ཡིག་འབྲུ་༢༠༡༦༠་<ས་བཅུ་པའི་རྣམ་པར་བཤད་པའི་བཤད་པ་>སློབ་དཔོན་ཉི་མ་གྲུབ་ཀྱིས་མཛད་པ་ཤོ་ལོ་ཀ་༣༦༠༠་ཡིག་འབྲུ་༡༡༥༢༠༠་<འཕགས་པ་བཟང་པོ་སྤྱོད་པའི་རྒྱ་ཆེར་འགྲེལ་>སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་ཤོ་ལོ་ཀ་༨༠༠་ཡིག་འབྲུ་༢༥༦༠༠་<བཟང་པོ་སྤྱོད་པའི་འགྲེལ་བ་>སློབ་དཔོན་རྒྱན་བཟང་པོས་མཛད་པ་ཤོ་ལོ་ཀ་༤༥༠་ཡིག་འབྲུ་༡༤༤༠༠་<འཕགས་པ་རྣམ་པར་མི་རྟོག་པའི་གཟུངས་ཀྱི་འགྲེལ་བ་>སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་ཤོ་ལོ་ཀ་༦༠༠་ཡིག་འབྲུ་༡༩༢༠༠་<སྡུད་པ་ཚིགས་སུ་བཅད་པའི་དཀའ་འགྲེལ་>སློབ་དཔོན་སེང་གེ་བཟང་པོའི་དངོས་སློབ་བུདྷ་ཤྲི་ཛྙནས་མཛད་པ་ཤོ་ལོ་ཀ་༡༨༠༠་ཡིག་འབྲུ་༥༧༦༠༠་<ཕར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་བ་དོན་གསལ་>སློབ་དཔོན་སེང་གེ་བཟང་པོས་མཛད་པ་ཤོ་ལོ་ཀ་༡༥༠༠་ཡིག་འབྲུ་༤༨༠༠༠་<མདོ་སྡེ་རྒྱན་>རྗེ་བཙུན་བྱམས་པ་མགོན་པོས་མཛད་པ་ཤོ་ལོ་ཀ་༩༠༠་ཡིག་འབྲུ་༢༨༨༠་<མདོ་སྡེ་རྒྱན་གྱི་འགྲེལ་བ་>སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ཤོ་ལོ་ཀ་༣༦༠༠་ཡིག་འབྲུ་༡༡༥༢༠༠་<ཆོས་མངོན་མཛོད་ཀྱི་ཚིག་ལིའུར་བྱས་པ་>སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ཤོ་ལོ་ཀ་༧༠༠་ཡིག་འབྲུ་༢༢༤༠༠་<ཆོས་མངོན་པ་མཛོད་ཀྱི་འགྲེལ་བ་>སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ཤོ་ལོ་ཀ་༩༠༠༠་ཡིག་འབྲུ་༢༨༨༠༠༠་<ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་དོན་གསལ་>སློབ་དཔོན་རྒྱལ་པོའི་སྲས་གྲགས་པའི་བཤེས་གཉེན་གྱིས་མཛད་པ་ཤོ་ལོ་ཀ་༡༨༠༠༠་ཡིག་འབྲུ་༥༧༦༠༠༠་<འདུལ་བ་དྲི་བའི་ཚིག་ལིའུར་བྱས་བ་>སློབ་དཔོན་དགེ་ལེགས་བཤེས་གཉེན་གྱིས་མཛད་པ་ཤོ་ལོ་ཀ་༡༠༠་ཡིག་འབྲུ་༣༢༠༠་<འདུལ་བ་དྲི་བའི་ཚིག་ལིའུར་བྱས་པའི་འགྲེལ་བཤད་>སློབ་དཔོན་དགེ་ལེགས་བཤེས་གཉེན་གྱིས་མཛད་པ་ཤོ་ལོ་ཀ་༡༦༦༤་ཡིག་འབྲུ་༥༣༢༤༨་<དབུ་མ་རིན་ཆེན་ཕྲེང་བའི་རྒྱ་ཆེར་བཤད་པ་>སློབ་དཔོན་བློ་གྲོས་ཆེན་པོས་མཛད་པ་ཤོ་ལོ་ཀ་༡༢༥༠་ཡིག་འབྲུ་༤༠༠༠༠་<རྩོད་པ་ཟློག་པའི་ཚིག་ལིའུར་བྱས་པ་>སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཤོ་ལོ་ཀ་༧༠་ཡིག་འབྲུ་༢༢༤༠་<རྩོད་པ་ཟློག་པའི་འགྲེལ་བ་>སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཤོ་ལོ་ཀ་༤༠༠་ཡིག་འབྲུ་༡༢༨༠༠་<བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་>སློབ་དཔོན་ཞི་བ་ལྷས་མཛད་པ་ཤོ་ལོ་ཀ་༦༠༠་ཡིག་འབྲུ་༡༩༢༠༠་<དབུ་མའི་དེ་ཁོ་ན་ཉིད་སྣང་བ་>སློབ་དཔོན་ཀཱ་མ་ལ་ཤཱི་ལས་མཛད་པ་ཤོ་ལོ་ཀ་༦༠༠་ཡིག་འབྲུ་༡༩༢༠༠་<དབུ་མ་སྣང་བ་>སློབ་དཔོན་ཀཱ་མ་ལ་ཤཱི་ལས་མཛད་པ་ཤོ་ལོ་ཀ་༢༩༠༠་ཡིག་འབྲུ་༩༢༨༠༠་<གཏན་ཚིག་ཐིགས་པ་>སློབ་དཔོན་ཆོས་གྲགས་ཀྱིས་མཛད་པ་ཤོ་ལོ་ཀ་༢༠༠་ཡིག་འབྲུ་༦༤༠༠<གཏན་ཚིག་ཐིགས་པའི་རྒྱ་ཆེར་འགྲེལ་བ་>སློབ་དཔོན་དུལ་བ་ལྷས་མཛད་པ་ཤོ་ལོ་ཀ་༦༠༠་ཡིག་འབྲུ་༡༩༢༠༠་<རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ་>སློབ་དཔོན་ཀཱ་མ་ལ་ཤི་ལས་མཛད་པ་ཤོ་ལོ་ཀ་༡༠༠་ཡིག་འབྲུ་༣༢༠༠་<དམིགས་པ་བརྟགས་པའི་འགྲེལ་བ་>སློབ་དཔོན་དུལ་བ་ལྷས་མཛད་པ་ཤོ་ལོ་ཀ་༤༥༥་ཡིག་འབྲུ་༡༤༥༦༠་<ཐམས་ཅད་མཁྱེན་པར་གྲུབ་པ་>སློབ་དཔོན་དགེ་སྲུང་གིས་མཛད་པ་ཤོ་ལོ་ཀ་༥༠་་ཡིག་འབྲུ་༡༦༠༠་<ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གྲུབ་པ་>སློབ་དཔོན་ཀཱ་མ་ལ་ཤཱི་ལས་མཛད་པ་༥༠༠་ཡིག་འབྲུ་༡༦༠༠་<ཕྱི་རོལ་གྱི་དོན་གྲུབ་>སློབ་དཔོན་དགེ་སྲུང་གིས་མཛད་པ་ཤོ་ལོ་ཀ་༣༠༠་ཡིག་འབྲུ་༩༦༠༠་<བཤེས་སྤྲིངས་>སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཤོ་ལོ་ཀ་༡༠༠་ཡིག་འབྲུ་༣༢༠༠་<གཤེས་སྤྲིངས་ཀྱི་རྒྱ་ཆེར་བཤད་པ་>སློབ་དཔོན་བློ་གྲོས་ཆེན་པོས་མཛད་པ་ཤོ་ལོ་ཀ་༡༢༥༠་ཡིག་འབྲུ་༤༠༠༠༠་<ཤེས་རབ་བརྒྱ་པ་>སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཤོ་ལོ་ཀ་༡༠༠་ཡིག་འབྲུ་༣༢༠༠་<སློབ་མ་ལ་སྤྲིངས་པའི་ཡི་གེ་>སློབ་དཔོན་ཙནྜ་གོ་མིས་མཛད་པ་ཤོ་ལོ་ཀ་༢༠༠་ཡིག་འབྲུ་༦༤༠༠་བཅས་མདོ་ཕྱོགས་ཀྱི་སྐོར་བསྒྱུར་བ་རྣམས་དང་གཞན་ཡང་གང་ཉིད་ཀྱིས་ལྗགས་བརྩོམ་མཛད་པའི་གྲལ་<ལྟ་བའི་རིམ་པའི་མན་ངག་><གསུང་རབ་རིན་པོ་ཆེའི་གཏམ་རྒྱུད་><ཤཱཀྱའི་རབ་རྒྱུད་><ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་><ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་གི་རྩ་བ་>ཅས་སྡེ་གེ་བསྟན་འགྱུར་སྣ་ཚོགས་པོད་ཛ་པའི་དུ་གསལ་པ་ལྟར་བཀོད་པའོ། ལོ་རྒྱུད་གང་དུ་ཡང་དམ་པ་འདི་ཉིད་ཀྱིས་མཛད་རྗེས་གླེང་བ་ཆེས་མང་ན་ཡང་འཁྲུངས་འདས་སོགས་ཀྱི་ལོ་ཚིག་ཁ་གསལ་འཁོད་པའི་ཡིག་ཆའམ་ལོ་རྒྱུད་ཞིག་མ་མཇལ་ལོ།།

<<སྐལ་བཟང་དགེ་ལེགས་རྒྱ་མཚོ།>>[རྩོམ་སྒྲིག]

རྗེ་འདི་ནི་འཕན་ཡུལ་དུ་རྔོག་ཆོས་སྐུ་རྡོ་རྗེའི་གདུང་རྒྱུད་དུ་གཏོགས་པ་ཁྱིམ་གཞིས་ཆུང་ངུ་ཞིག་གི་ནང་ཡབ་གསོལ་ཏོག་འམ་བསོད་རྡོ་དང་ཡུམ་དཔལ་མོ་ཞེས་བྱ་བ་གཉིས་ཀྱི་སྲུས་སུ་རབ་བྱུང་༡༣་པའི་མེ་སྤྲེལ་སྤྱི་ལོ་༡༧༧༦་ལོར་སྐུ་འཁྲུངས། གསོལ་དཔོན་ངག་དབང་ཀུན་བཟང་གིས་བདག་པོ་རྒྱབ་ཏེ་སྒོ་མང་གྲྭ་ཚང་གི་ཆོས་སྒོར་བཞུགས་སུ་བཅུག་གནང་བཛད་ཅིང་། དགུང་གྲངས་༡༡་པ་མེ་རྟ་༡༧༨༧་ལོར་སྐྱབས་མགོན་མཆོག་གི་བཀའ་དགོངས་བཞིན་མདོ་སྨད་དུ་བྱོན་ནས་ཨ་རིགས་གསུང་རབ་དང་། གཙོས་དཀོན་མཆོག་ལ་རིམ་པས་དགེ་རྒན་དུ་བསྟེན། བསྡུས་གྲའི་རིག་ལམ་དང་། བློ་རིགས། རྟགས་རིགས། དབུ་མ་དང་། ཕར་ཕྱིན་སོགས་ལ་རིམ་པས་སྦྱང་བརྩོན་ལེགས་པར་གནང་། དེ་ནས་རྗེ་རོང་པོ་སྐལ་ལྡན་ངག་དབང་འཕྲིན་ལས་རྒྱ་མཚོའི་གདན་ས་རོང་པོ་བཀྲིས་ཆོས་རྫོང་གི་ཁྲིར་ལོ་ངོ་བཞིའི་རིང་བཞུགས། ཡུལ་ནང་ཐན་པ་བྱུང་སྐབས་ཚོ་ལྔའི་སྡེ་བ་སོ་སོར་དམིགས་བརྩེ་མའི་སྒོ་ནས་ཆར་འབེབས་མཛད་པས་ཆར་ཡང་ཇི་ལྟར་འདོད་པ་བཞིན་དུ་བབ་པ་བྱུང་། དེར་བརྟེན་དགོན་གནས་སྦྱིན་བདག་ཆོས་གཞིས་དང་བཅས་པས་ལྷག་པར་དད་པར་གྱུར། ཨུར་གིར་ཝང་གི་བླ་མ་ལོ་ངོ་གསུམ་གྱི་རིང་ལ་མཛད། པེ་ཅིང་(北京)དུ་གཟིགས་སྐོར་སྐབས་ཤིག་ལ་ཙན་དན་གྱི་ཇོ་བོ་མཇལ་བས་གཟིགས་སྣང་ཁྱད་པར་ཅན་དག་བྱུང་ཞིང་རི་བོ་རྩེ་ལྔར་ཡང་ངོ་མཚར་བའི་ལྟས་ཁྱད་པར་ཅན་དུ་མ་བྱུང་། ཆོས་སྐྱོང་བེར་ནག་གིས་གང་ཉིད་ཀྱི་སྐུ་ཚེ་ལ་བར་དུ་གཅོད་པའི་མཚན་མ་བྱུང་སྐབས་ཀྱང་མནལ་ལམ་དུ་མགོན་པོ་གུར་ཡབ་ཡུམ་གྱིས་ལྟས་ངན་རྣམས་བསེལ་བར་མཛད། རབ་བྱུང་༡༤་པའི་ཆུ་སྦྲུལ་སྤྱི་ལོ་༡༨༣༣་ལོར་དགུང་ལོ་༥༧་འཕེབས་པའི་དུས་རེ་ཞིག་དགོངས་པ་ཞིང་གཞན་དུ་བཤེགས་ཚུལ་བསྟན་ནོ།།

<<སྐྱོ་སྟོན་བྱང་ཆུབ་རིན་ཆེན།>>[རྩོམ་སྒྲིག]

དམ་པ་འདི་ནི་ཀམ་ཀམ་གྱི་གདན་ས་འཛིན་པ་ཤིག་ཡིན། རབ་བྱུང་༢་པའི་མེ་རྟ་སྤྱི་ལོ་༡༡༢༦་ལོར་འཕན་ཡུལ་གྲོག་གི་མདར་སྐྱོ་གྲོང་དུ་སྐུ་བལྟམས། དགུང་ལོ་༡༣་ཟིན་སྐབས་ཁྲོམ་གཞེར་རིན་པོ་ཆེ་དང་ཞལ་མཇལ་བྱུང་ཏེ་དགུང་ལོ་༢༡་པར་བྱ་འདུལ་བ་འཛིན་པ་བརྩོན་འགྲུས་འབར་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགེ་བའི་བཤེས་གཉེན་ཆེན་པོ་སྙུག་རུམ་པ་དང་། འོད་འཇོ་སོགས་ཀྱི་ཚད་ལྡན་གྱི་བླ་མ་དུ་མར་བསྟེན། དགུང་ལོ་༤༦་ལྕགས་ཡོད་སྤྱི་ལོ་༡༡༧༡་ལོར་ཀམ་ཀམ་གྱི་གདན་སར་འཕེབས་ནས་དེར་བཞུགས་པའི་རིང་དགེ་འདུན་ལྔ་བརྒྱ་ལྷག་ཙམ་འཕེལ་བ་བྱུང་། དམ་པ་འདི་ཉིད་ནས་བསྟན་པ་དང་འགྲོ་བའི་དོན་དཔག་ཏུ་མེད་པ་ཞིག་མཛད་དེ་མཐར་དགུང་གྲངས་༧༥་པ་རབ་བྱུང་༣་ལྕགས་སྤྲེལ་སྤྱི་ལོ་༡༢༠༠་ལོར་རེ་ཞིག་དགོངས་པ་རྫོགས་པའི་ཚུལ་བསྟེན་པར་མཛད་དོ།།

<<ཁམ་ལུང་པའམ་ཁམ་པ་ལུང་པ་རིན་ཆེན་སེང་གེ།>>[རྩོམ་སྒྲིག]

རྗེ་འདི་ནི་རབ་བྱུང་༤་པའི་ཆུ་འབྲུག་སྤྱི་ལོ་༡༢༣༢་ལོར་གངས་ཅན་བོད་ཀྱི་རྒྱལ་ས་ལྷ་སའི་བྱང་གི་ཕྱོགས་འཕན་ཡུལ་ཉན་པོ་ཀ་སར་ཡབ་་དབས་རྣལ་འབྱོར་མགོན་པོ་དང་། ཡུམ་ཞང་ལྕམ་དཀར་ཡལ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། དགུང་གྲངས་བཅུ་གཉིས་ལ་འཕེབས་པའི་སྐབས་གདན་ས་བྱ་ཡུལ་དུ་ཟེམ་རིན་པོ་ཆེའི་སྐུ་མདུན་དུ་བཅར་ནས་ཚེགས་སྔ་མ་དགེ་ཚུལ་གྱི་བསླབ་པ་ཡང་དག་པར་བཞེས་མཚན་རིན་ཆེན་སེང་གེ་ཞེས་གསོལ་བར་གནང་། དེ་ནས་དགུང་ལོ་བཅུ་གཉིས་ནས་བཅུ་དགུ་བར་ལོ་ངོ་བདུན་གྱི་རིང་ཟེམ་རིན་པོ་ཆེའི་ཞབས་པད་སྤྱི་བོས་བླངས་ཏེ་ཚུལ་བཞིན་དུ་བསྟེན་པར་མཛད་ཅིང་དགུང་ལོ་བཅུ་དགུ་བའི་སྐབས་སྐྱོར་མོ་ལུང་དུ་འཕེབས་ནས་བསྙེན་རྫོགས་ཀྱི་བསླབ་པ་ཡོངས་སུ་རྫོགས་པའི་སྡོམ་པ་བཞེས་ཏེ་སྤྱན་འབྲས་ལྟར་བསྲུངས། ཟེམ་རིན་པོ་ཆེ་དགོངས་པ་མྱང་ངན་ལས་འདས་རྗེས་དགུང་ལོ་ཉེར་ལྔའི་སྐབས་སླར་ཡང་གདན་ས་བྱ་ཡུལ་རང་དུ་ཕྱིར་འཕེབས་ཏེ་གདན་སའི་ཆོས་སྤྱོད་ཀྱི་བྱེད་འགོ་ཅི་མཆིས་དང་སློབ་མ་རྣམས་དགུང་ལོ་ཉེར་དྲུག་གི་རིང་ལེགས་པར་སྐྱོང་བར་མཛད་ཅིང་སྐབས་དེ་དག་གི་རིང་གདན་སའི་དབུ་རྩེ་དང་ཁྱམས་ཐམས་ཅད་ལ་ཟང་གི་ཐོག་གཡོགས་ཅིང་མཆོད་རྟེན་ཡང་ཆེན་པོ་མང་དག་ཞིག་བཞེངས་བསྐྲུན་མཛད། སྒྲུབ་གྲྭ་ཟུར་འཛུགས་གནང་བ་དང་གཞན་ཡང་དེ་མིན་གྱི་སྐུ་རྟེན་དང་། ཐང་ག བཀའ་འགྱུར། མདོ་མང་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་དཔག་ཏུ་མེད་པ་དག་འགྲོ་བའི་བསོད་ནམས་ཀྱི་ཞིང་མཆོག་ཏུ་བསྐྲུན་པར་མཛད་ཞོར་སྐབས་རེར་འདུལ་བ་རྣམས་ཀྱིས་ཇི་ལྟར་གསོལ་བ་འདེབས་བཞིན་པ་ལྟར་ལྷོ་ཁ་དང་། ཉང་པོ། ཀོང་པོ། གཙང་སོགས་ཀྱི་གནས་དགོན་ཡུལ་ལུང་དུ་མར་འཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་འདུལ་བར་བྱ་བ་རང་རང་གི་མོད་པས་གསོལ་བཏབས་བཞིན་གང་ལ་གང་འདོད་དེ་ལ་དེ་མཐུན་གྱི་མདོ་སྔགས་གཉིས་ཀྱིས་མཚོན་པའི་འདི་ཕྱིའི་བླང་དོར་བཀའ་སློབ་དུས་ནས་དུས་སུ་བསྩལ་ཏེ་བསྟན་པ་དང་འགྲོ་བའི་དོན་དཔག་ཏུ་མེད་པ་ཤིག་མཛད་དེ་མཐར་དགུ་གྲངས་ལྔ་བཅུ་ང་གཅིག་པ་ཆུ་རྟ་སྤྱི་ལོ་༡༢༨༢་ལོར་གླིང་འདིར་འགྲོ་བའི་རེ་ཞིག་རྫོགས་པར་མཛད་པའི་ཚུལ་བཞེས་སོ།།

<<ཁམ་ལུང་པ་སྒང་ཤཱཀྱ་ཡོན་ཏན།>>[རྩོམ་སྒྲིག]

རྗེ་དམ་པ་འདི་ནི་རབ་བྱུང་དང་པོའི་ཤིང་གླང་སྤྱི་ལོ་༡༠༨༥་ལོར་འཕན་ཡུལ་ཡུང་བའི་ནང་དུ་སྐུ་འཁྲུངས་ཤིང་། དགུང་ལོ་གཞོན་ནུའི་དུས་ནས་ཚད་མ་ལ་ཤིན་ཏུ་མཁས་པར་སྦྱང་། རྗེ་འདིས་ཇོ་བོ་དཔལ་ལྡན་ཨ་ཏི་ཤ་ཡང་མཇལ་མྱོང་ཞིང་ཇོ་བོ་རྗེ་སྐུ་མྱང་ངན་ལས་འདས་ཟིན་རྗེས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དྲུང་དུ་ཡུན་རིང་པོའི་བར་དུ་བསྟེན་ཅིང་གང་ཉིད་སློབ་མ་སྐྱོང་བ་ལ་ཤིན་ཏུ་མཁས་པར་གྲགས་ཤིང་དེ་ཡང་གཙོ་བོ་བློ་སྦྱོང་ཐུན་བརྒྱད་མ་ཞེས་སུ་གྲགས་པ་དེ་ཉིད་ཀྱི་སྒོ་ནས་འདུལ་བྱ་སྐྱོངས་གནང་མཛད་ཅིང་དམ་པ་འདིས་བསྐྱངས་པའི་སློབ་མ་ཡང་སྟོང་ཕྲག་གཅིག་མ་ལོན་ཙམ་བྱུང་བར་གྲགས་དེ་ལྟར་མཛད་པ་བཟང་པོས་འགྲོ་བ་རྣམས་ཆོས་འབྱོར་བདེ་སྐྱིད་ཀྱི་དཔལ་ལ་སྦྱོར་བའི་མཛད་པ་མཐར་ཕྱིན་པ་གནང་ཏེ་རབ་བྱུང་གསུམ་པའི་ཤིང་ལུག་སྤྱི་ལོ་༡༡༧༥་དགུང་ལོ་དགུ་བཅུ་གོ་གཅིག་འཕེབས་པ་ན་ཞིང་གཞན་དུ་དགོངས་པ་བལྟས་སོ།།

༄༅།།བླ་མ་རྣམས་ལ་ཕྱག་འཚལ་ལོ།།

སྙིགས་དུས་འགྲོ་བའི་ཚོགས་ཀྱི་རྒྱ་མཚོའི་ཁར།། མ་ལུས་སྐྱེ་དགུ་འདྲེན་མཁས་མགྱོགས་འགྲོའི་གྲུ།།    

ནམ་ཡང་ཐུགས་བརྩེའི་རླུང་གིས་རབ་སྐྱོད་པའི།། ཕན་བདེའི་རྩ་ལག་ཤཱཀྱའི་གཙོ་དེར་འདུད།། དུས་གསུམ་ཚོགས་གཉིས་དྲི་བཞོན་མཐུ་ཡི་ནི།། དུས་གསུམ་རྒྱལ་བའི་ཐུགས་རྗེ་མ་དྲོས་མཚོ།། དུས་གསུམ་འགྲོ་བའི་ཡིད་ཀྱི་ཞིང་ཁམས་ན།། དུས་གསུམ་གཡེལ་མེད་དཔལ་སྟེར་འཇམ་མགོན་མཆོད།། ཤིན་ཏུ་བཟོད་དཀ༵འ་དཀ༵འ་སྤྱད་ཀྱིས་ཐོབ་པའི།། བརྡ༵་སྤྲོད་ཕུལ་བྱུང་བྷོ་ཊའི་སྐད་ཀྱི་བརྡ༵།། ཁ་བའི་ལྗོངས་སུ༵་སུ༵་ཡིས་མི་ནུས་པ།། བྱེད༵་པོར་བཞེང་པ་ཐོན་མིར་ཕྱག་མཆོད་བྱེད༵།། ཇི་བཞིན་མི་རིག་གཉིད་ཐིབས་ཡིད་ཀྱི་ཞིང་།། འཁྲུལ་འཇུག་རྒུད་དགུ་བསྐྲུན་ནུས་དུག་གསུམ་ཀུན།། ཡེ་ཤེས་མེ་ཆེན་དེས་བསྲེགས་བཤེས་གཉེན་དེར།། དགོས་མཆོག་ཐོབ་དོན་མགོ་བོས་མཆོད་བསྟོད་དོ།། ཐོན་མིའི་ཐུགས་ཀྱི་ཏི་སི་ལས་འཁྲུངས་ཡན་ལག་བརྒྱད་ལྡན་བརྡ་སྤྲོད་གཞུང་།། ལོ་པཎ་མགྲིན་པའི་ཡུར་ལས་དྲངས་པའི་ཁ་བབས་རྣམ་བཞིའི་རྒྱུན་བཟང་འདི།། ལེགས་པར་འཁྱིལ་བའི་ཐུགས་རྗེའི་གཱངྒ་འཛིན་མཁས་དངོས་སུ་འབྲེལ་ཐོབ་བའི།། མཁས་སོགས་གསུམ་ལྡན་བཤེས་གཉེན་ཀུན་ལ་བདག་གིས་སྙིང་ནས་མཆོད་བར་བགྱི།། རྒྱལ་ཀུན་སྤྱི་གཟུགས་འཇིག་རྟེན་གསུམ་གྱི་མགོན།། སྣ་ཚོགས་སྤྲུལ་བའི་རྣམ་རོལ་ཆོས་ཀྱི་རྒྱལ།། སྔོན་བྱོན་ལོ་པཎ་རྒྱུད་པར་བཅས་རྣམས་ལ།། སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་བགྱིའོ།། དེ་ལྟར་ཕྱག་འཚལ་བ་དང་བསྟོད་པ་སྔོན་དུ་བཏང་ནས་བྱ་བ་གང་ལ་འཇུག་པ་ནི།དེ་ཡང་བོད་གངས་ཅན་གྱི་ལྗོངས་སུ་གཙུག་ལག་ཐམས་ཅད་ཀྱི་རྩ་བ་བརྡ་སྤྲོད་མཐུན་མོང་གི་རིགས་པའི་གཞུང་ལུགས་འདི་ཉིད་ཡིན་ལ།འདི་ཉིད་ས་ལའི་ལྗོངས་འདིར་འཐུས་སྒོ་ཚང་བའི་རིགས་པའི་གཞུང་ལུགས་ཤིག་ཏུ་ཐོག་མའི་བྱེད་པ་པོ་ནི་ཐོན་མི་ཀུན་ཏུ་བཟང་པོ་ཉིད་ཡིན་ཞིང་།ཁོང་ཉིད་ཀྱིས་ཐོག་མར་ཡི་གེ་བཟོ་བརྩམས་པའི་སྐབས།དེ་དུས་ཀྱི་གངས་ཅན་པ་རང་གི་སྐད་གདངས་ཇི་ལྟ་བ་དེ་བཞིན་མིང་ཚིགས་གང་འདྲ་ཞིག་ལ་ཡང་སྔོན་རྗེས་མགོ་འདོགས་དབྱངས་དང་བཅས་པའི་སྒྲ་སྦྱོར་ཚུལ་གསལ་བཞིན་གསལ་བའི་བསྟན་གཅོས་སུམ་རྟགས་གཉིས་ལ་སོགས་པ་སྒྲ་སྦྱོར་གྱི་ཡི་གེའི་བཤད་པ་རྣམ་པར་དག་པའི་བསྟན་གཅོད་ཆེན་པོ་བརྒྱད་ཙམ་ཞིག་མཛད་ཡོད་པར་གྲགས་ཀྱང་།དེང་གི་བར་སྲིད་དབང་གིས་འཕོ་འགྱུར་སྣ་ཚོགས་ཀྱིས་གཡོ་ཁྱོམ་ཁྲོད་ཐོན་མི་རང་གིས་ལྗགས་བརྩོམ་མཛད་གནང་བའི་སུམ་རྟགས་གཉིས་ཀྱི་གཞུང་ལུགས་ཙམ་ལས།གཞུང་གཞན་རྣམས་དིང་སྐབས་ཐོས་འཛིན་གྱི་བུ་སྒོར་བསྟན་གཅོད་ཀྱི་མཚན་སྙན་གྲངས་འདྲེན་ཙམ་ལས་ཐོས་བསམ་འཇུག་ཡུལ་གྱི་གཞི་ལ་བཞུགས་མེད་པ་དང་།སུམ་རྟགས་ཀྱི་རྩ་བ་གཉིས་ཀྱང་དུས་ཡུན་དེ་དག་གི་རིང་མཁས་པ་དཔག་དུ་མེད་པ་དུ་མས་དགོངས་འགྲེལ་གྱི་གཞུང་བརྒྱ་ཕྲག་བརྒལ་བ་བརྩམས་ཤིང་།མཁས་པ་རེ་རེས་ཀྱང་རྩ་བའི་གཞུང་ལ་ཚིགས་འགྱུར་སྣ་ཚོགས་ཤིག་འཐོན་ཏེ།དེང་སྐབས་རང་རེ་གསར་བུ་བ་རྣམས་ལ་ཐོན་མི་རང་གི་མགུལ་ངག་ལས་འཁྲུངས་པའི་སུམ་རྟགས་ཀྱི་གཞུང་ལུགས་འཁྲུལ་མེད་དེ་ཇི་ཡིན་ཤེས་པ་ཤིན་ཏུ་ནས་དཀའ་ཚིགས་ཆེ་བའི་གནས་སུ་ལྷུང་བ་དང་།མ་ཟད་སྤྱི་ཚོགས་ནང་ཡུལ་ལུང་གཞན་དང་འབྲེལ་འདྲིས་ཇེ་ཆེར་འགྲོ་བ་དང་ལྷན་རང་རེའི་སྐད་དང་བརྡ་སྤྲོད་ཀྱི་གཞུང་འདི་ཉིད་ཀྱང་དེ་མུར་འགྱུར་བ་སྣ་ཚོགས་ཀྱི་ཁྲོད་མ་དག་རྒྱུན་བྱམས་ཀྱིས་བསྲེས་ལྷད་འགྲོ་བཞིན་ཡོད་ལ།དེ་དང་ཆབས་གཅིག་ཏུ་རང་རེ་ཕལ་ཆེ་བས་ཡི་གེའི་སྒྲ་སྦྱོར་ལ་གོམས་པ་མེད་པར་ཡིག་ངོ་ཆོད་ཙམ་གྱིས་ཡི་གེ་ཤེས་པར་རློམས་ཏེ།མ་དག་པ་རྒྱུན་སྤྱོད་ཡུན་རིང་བྱས་པར་བརྟེན་དེང་སྐབས་སུ་ཤིན་ཏུ་ནས་རིན་ཐང་ཆེ་བའི་སྒྲ་སྦྱོར་གྱི་རིགས་གནས་འདི་ཉིད།ཉམས་རྨས་ཚབ་ཆེ་བྱུང་བས་སྐྱེ་བོ་ཕལ་ཆེ་བས་ཡི་གེ་འདོན་སྐབས་སྔོན་རྗེས་མགོ་འདོགས་སོགས་ཡོད་མེད་ལ་མ་ལྟོད་པར།ཡིག་གཟུགས་མི་འདྲ་བ་དུ་མ་ངག་ནས་འདོན་སྐབས་སྒྲ་ཡི་བྱེ་བྲག་ཁྱད་པར་མེད་པ་ཐོན་དང་འཐོན་བཞིན་པ་དེ་དག་བྱུང་བ་ཡིན།དེར་བརྟེན་རང་རེ་བརྡ་སྤྲོད་ཀྱི་གཞུང་ལ་ཐོས་བསམ་སློབ་གཉེར་ལ་གསར་དུ་འཇུག་པའི་སྐྱེ་བོ་གྲངས་མེད་པ་ཞིག་ལ་ཡི་གེའི་སྒྲ་མ་དག་པའི་དཀའ་ངལ་མྱོང་དང་མྱོང་བཞིན་ཡོད་པ་དང་།དེང་སྐབས་གངས་ལྗོངས་རིགས་པའི་སྙིང་གཅུས་ཐུབ་བསྟན་ནང་ཆོས་རིང་ལུགས་ཀྱང་དུས་སྐབས་ཀྱི་དགོས་ཁོ་དང་ལྟུན་ཞིང་༧གོང་ས་མཆོག་གི་སྐུའི་ཕྲིན་ལས་དང་བགྲོགས་ཏེ་ལྷོ་གླིང་འདི་ཡི་སྐྱེ་བོ་ས་ཡ་དུ་མར་ཆེས་ལྕི་བའི་སེམས་ངལ་གྱི་ནད་གཅོང་དྲག་པོ་དག་གསོ་བའི་སྨན་མཆོག་ཏུ་སོང་གཤིས་ཡུལ་གཞན་གྱི་སྐྱེ་བོའི་ཁྱུ་མཆོག་དུ་མ་ངང་མོ་པདྨའི་མཚོར་འཇུག་གི་དཔེ་ལྟར་ངང་གི་འདུས་ཤིང་དེ་དང་ཆབས་ཅིག་ཏུ་འདབས་ལྡན་གྱི་ཀུནྡ་རབ་ཏུ་རྒྱས་ཤིང་གསུང་ཞིམ་གྱི་དྲི་བཟང་ཕྱོགས་བརྒྱར་སྤྲོ་བ་ལ་མཐའ་ཀླད་ཀྱི་བུང་བ་ཤོག་ཟུང་གིས་སྐྱོད་དེ་རོ་མངར་ཟིལ་འབྲུའི་རྩི་བཅུད་ལ་རོལ་ཞིང་དགའ་སྐྱིད་ཀྱི་འདབས་གཡོ་དྲི་བཟའ་ཡི་གླུ་གར་ལ་རྩེན་པ་ཇི་བཞིན་བོད་བརྡའི་གཞུང་ལུགས་འདི་ཉིད་ལ་ཡང་སློབ་གཉེར་བྱེད་མི་ཇེ་མང་ནས་ཇེ་མང་དུ་འགྲོ་བར་བརྟེན་དེ་དག་ཀྱང་དངོས་ར་མ་ཕྲོད་པའི་དཀའ་ངལ་དེ་དག་ལས་གྲོལ་ཏེ་རང་འདོད་ལྟར་བོད་རྒྱུད་ནང་བསྟན་ལ་ཐོས་བསམ་ཀྱིས་འཇུག་པ་ལ་ཅུང་ཟད་སྨན་པའི་སླད་དུ་དང་ལྷག་པར་སྤྱང་ལུང་ཆོས་ལྡིངས་དགོན་གྱི་མཁན་རིན་པོ་ཆེ་རྗེ་བཙུན་ངག་དབང་ཀུན་གསལ་གྱི་ཞལ་སྔ་ནས་དང་།གཞན་ཡང་འབྲེལ་ཡོད་ལས་སྣེ་རྣམས་ནས་དེ་ག་དགོན་པའི་རིགས་གནས་སློབ་འཁྲིད་གསར་འཛུགས་མཛད་འཆར་གྱི་སློབ་མའི་དཔེ་དེབ་ལ་ཉེ་བར་ཁོ་བའི་ཚིག་ཚོགས་ཉུང་ལ་གོ་བདེ་བའི་བརྡ་སྤྲོད་ཀྱི་གཞུང་བཤད་གཅིག་དགོས་གལ་འདུག་པ་བཞིན་ཁྱེད་ནས་ངེས་པར་འགྲུབ་ཐུབ་པ་འགྱིད་དགོས་ཞེས་བཀའ་ལྕི་སྤྱི་བོར་ཕེབས་པར་བརྟེན་རིགས་གནས་ལ་ཤིན་ཏུ་ནས་ལྟ་ཐོག་ཞན་པའི་བདག་ལ་མཚོན་ན་ཧ་ཅང་གི་དཀའ་ཁག་ཞིག་ཡིན་རུང་དུས་གསུམ་རྒྱལ་བ་ཀུན་ལས་བཀའ་དྲིན་ལྷག་པར་ཆེ་བའི་རྣལ་འབྱོར་བ་ཆེན་པོ་གསང་བདག་གྲུབ་པའི་དབང་ཕྱུག་སྐྱབས་རྗེ་མཁན་རིན་པོ་ཆེའི་བཀའ་མངགས་དང་གཞན་ཡང་ཆོས་གྲོགས་རྙིང་པ་འགས་ནན་ཆེར་བསྐུལ་བའི་རེ་བ་ཆུ་ཟོས་སུ་མི་འགྲོ་བ་དང་རང་ཡང་གཞུང་འདི་ལ་གོམ་པ་ལྷག་པར་འགྱུར་པའི་ཆེད་དུ་དམིགས་སུམ་ཅུ་བའི་གཞུང་དང་འབྲེལ་བའི་ཡི་གེའི་བཤད་པ་ཉུང་ངུ་རེ་བྱེད་འདོད་ཀྱི་སྤྲོ་བ་བཏད་སོ།། དེ་ན་དེ་ལ་དང་པོ་ཡི་གེའི་སྐྱེ་གནས་བཤད་པ་དང། གཉིས་པ་སྒྲ་ཡི་སྦྱོར་ཚུལ། གསུམ་པ་ཡིག་གཟུགས་ཀྱི་བྱུང་བ་བརྗོད་པ། བཞི་པ་ཡི་གེའི་ངོ་བོ། ལྔ་པ་དབྱེ་བ། དྲུག་པ་ཕྲད་རྣམ་དབྱེ་དང་བཅས་པ་བཤད་པ། བདུན་པ་བཤད་ཀྱི་རྣམ་དབྱེ་ཅུང་ཟད་བཤད་པ། བརྒྱད་པ་སུམ་ཅུ་པའི་གཞུང་གི་རྩ་ཚིགས་ལ་མི་མཐུན་པ་ཇི་ཡོད་ངོས་འཛིན་མདོར་བསྡུས། དགུ་པ་ཡིག་གཟུགས་གཅིག་ལ་དོན་ཐ་དད་པའི་ཁྱད་པར་སྣ་ཚོགས། བཅུ་པ་ཚིག་བསྡུས་ལྷུག་བཀྲོལ་ཉུང་ངུ་། བཅུ་གཅིག་པ་འཇུག་གི་བྱ་བ་བཅས་ཡོད་པ་ལས་ 《དང་པོ་ཡི་གེ་རྣམས་གང་ལས་སྐྱེ་བའི་གནས་བཤད་པ་》སྤྱིར་གནས་ཀྱི་གཙོ་བོ་རྣམས་ལ་ཉེ་རིང་གི་ཕྱེ་ན་དུ་མ་ཕྱེད་དུ་ཡོད་ཀྱང་དེ་རྣམས་ལས་གཙོ་ཆེ་བ་རྣམས་བརྗོད་ན། གཞུང་གཞན་དུ་བརྒྱད་ཡོད་པར་གསུངས་ཏེ།《མགྲིན་པ། སྣ། སྤྱི་བོ། ཁོག་པ། རྐན། ལྕེ། སོ། མཆུ།》བཅས་ཡིན། འོན་ཀྱང་སྐབས་འདིར་གཙོ་ཆེར་དྲུག་གི་ནང་བསྡུ་བ་ཡིན་དེ། 《མགྲིན་པ། སྤྱི་བོ། སྣ། རྐན། སོ། མཆུ།》བཅས་སོ། དེ་ཡང་ཀ་མས་སུམ་ཅུ་པོ་དེ་དག་གནས་དེ་དག་གང་དང་གང་ལས་ཀ་སོགས་གང་དང་གང་འཐོན་པ་ནི་འདི་ལྟར་ མགྲིན་པ་ནས་ཐོན་པ།《ཀ་ཁ་ག་འ་ཧ་ཨ་》དྲུག་དང་། སྤྱི་བོ་ནས་ཐོན་པ། 《ར》གཅིག་དང་། སྣ་ནས་ཐོན་པ།《ང་ཉ་ན་》གསུམ་དང་། རྐན་ནས་ཐོན་པ།《ཅ་ཆ་ཇ་ཙ་ཚ་ཛ་ཞ་ཟ་ཡ་ཤ་》བཅུ་དང་།། སོ་ནས་ཐོན་པ།《ཏ་ཐ་ད་ལ་ས་》ལྔ་དང་། མཆུ་ནས་ཐོན་པ། 《པ་ཕ་བ་མ་ཝ་》ལྔ་བཅས་ཡོད།སྐྱེ་གནས་ཀྱི་ཆ་བགོས་བྱས་པ་འདི་ཡང་།གཙོ་བོའི་ཆ་ནས་ཡི་གེ་ཐམས་ཅད་གནས་དེ་དག་དུ་འདུས་པ་ཙམ་ལས་སྐྱེ་གནས་གཞན་དང་ཅུང་ཙམ་ཡང་མ་འགྲེས་པར་གོང་གི་སྐྱེ་གནས་དེ་དག་རང་རྐྱ་ཁོ་ན་ལས་སྒྲ་འདོན་ཐུབ་པ་མ་ཡིན་ནོ།།དེ་ན་འདིར་ཁོག་པ་དང་ལྕེ་ནས་ཐོན་པ་གཉིས་ཟུར་དུ་མི་བཤད་པའི་རྒྱུ་མཚན་ནི་འོག་ཏུ་འཆད་འདོད་པས་འདིར་ངལ་བ་མ་བྱས་སོ།འོ་ན་སྐྱེ་གནས་དེ་རྣམས་ལས་ཡི་གེའི་སྒྲ་དབྱུང་ཚུལ་ཇི་ལྟར་ཡིན་ཞེས་ན།དེ་ཡང་ཡོད་དེ།ཡི་གེ་རྣམས་རང་གི་སྐྱེ་གནས་གང་ཡིན་དེ་དང་སྐྱེ་གནས་གཞན་དངོས་སུ་འཕྲད་པའམ་ཡང་ན་དེ་དང་ཉེ་བར་སྦྱར་བ་ན་སྒྲ་རྣམས་ཡི་གེ་རང་རང་གི་ངོ་བོ་མཚོན་ནུས་སུ་འབྱིན་ནུས་པ་ཡིན།དེ་ལྟར་སྐྱེ་གནས་རྣམས་སྦྱར་ནས་སྒྲ་འབྱིན་ཚུལ་ནི།འདི་ལྟར་སྐྱེ་གནས་གཙོ་བོ་མགྲིན་པར་ཡོད་པའི་ཡི་གེ་དྲུག་ལས་《ཀ་ཁ་ག་》གསུམ་ནི་ལྕེ་རྩ་མགྲིན་པ་དང་ལྕེ་རྩེ་མས་སོར་སྦྱར་ཏེ་རླུང་ཕྱི་རོལ་དུ་ཅུང་ཟད་ཤུགས་ཆེ་བས་འབུད་ཚེ་《ཀ》གསལ་པོར་ཐོན་ཞིང། དེ་ལས་ཅུང་ཟད་རླུང་ཤུགས་ཆུང་དུ་བཏང་ནས་འབུད་ཚེ་《ཁ》གསལ་བ་དང་།དེ་ལས་ཀྱང་ཅུང་ཟད་ཆུང་བས་འབུད་ན་《ག་》ཡི་སྒྲ་གསལ་པོར་ཐོན་ཐུབ།ལྷག་མ་《འ་ཧ་ཨ་》གསུམ་ནི་མགྲིན་པ་ལྷོད་ཅིང་ལྕེ་ཅུང་ཟད་རྦོམ་པོར་བྱས་ནས་དབུག་ལྷོད་ཀྱིས་ཕྱིར་ཕྱུང་ན་《འ་》དང། དེ་ལས་ མགྲིན་པ་ཅུང་ཟད་དོག་ཅིང་དབུག་ཕྱིར་ཕྱུང་སྐབས་《ཧ་》དང་།དེ་ལས་ཀྱང་མགྲིན་པ་ཅུང་ཟད་དོག་ཅིང་དབུག་ཤུགས་ཅུང་ཆེ་བས་རླུང་ཕྱི་རོལ་དུ་འབུད་ན་《ཨ་》ཡི་སྒྲ་གསལ་པོར་ཐོན་ཐུབ།དེ་ཡང་མདོར་ན་མགྲིན་ཡིག་དྲུག་ལས་དང་པོ་དྲུག་དབུག་ཕྱིར་འབྱིན་སྐབས་སྒྲ་གརྩོལ་ཆེ་རིམ་དང་ཕྱི་མ་གསུམ་ཆུང་རིམ་ནས་ཡིན།སྐྱེ་གནས་ཀྱི་གཙོ་བོ་སྤྱི་བོ་སྟེ་རྩེ་མོ་ཞེས་བྱ་ལ་དེ་ལས་ཐོན་པའི་ཡི་གེ་ནི་《ར་》ཡིག་གཅིག་པོ་ཡིན་ནོ་དེའི་སྒྲ་འབྱིན་ཚུལ་ནི་རྐན་ཕུག་གི་དབུས་དང་ལྕེ་ཡི་དབུས་གཉིས་ཐུག་ལ་ཁད་ཀྱི་སྒོ་ནས་ལྕེ་རྩེ་ནང་དུ་བཀུག་ནས་ཡ་རྐན་ལ་མ་སྦྱར་ཙམ་གྱིས་དབུག་ཅུང་ཤུགས་ཆེ་བས་ཕྱིར་དབྱུང་ན་《ར་》ཡི་སྒྲ་གསལ་པོ་ཐོན་ཡོང་།སྐྱེས་གནས་ཀྱི་གཙོ་བོ་སྣ་ནས་ཐོན་པའི་ཡི་གེ་ནི《ང་ཉ་ན་》གསུམ་ཡིན་སྤྱིར་ན་ཡི་གེ་འདི་གསུམ་སྐྱེ་གནས་གཞན་དུ་བཤད་པ་ཡོད་ཀྱང་སྐབས་འདིར་འདི་དག་གཙོ་བོའི་སྦྱོར་བ་དབུག་འབྱིན་ས་སྣ་ནས་ཡིན་པར་སོང་དེར་བཤད་པ་ཡིན།དེ་ཡང་སྒྲ་སྦྱོར་སྐབས་ཁ་ཡི་ཡ་རྐན་གྱི་ཕུབ་ལ་དུམ་བུ་གསུམ་དང་ལྕེ་ལེབ་ལ་དུམ་བུ་གསུམ་ཕྱེས་བས་རྐན་གྱི་སྦུག་དང་དབུས་མཐའ་གསུམ་ལ་རིམ་པས་ལྕེ་རྩ་ལྕེ་དབུས་ལྕེ་རྩེ་གསུམ་རིམ་བཞིན་སྦྱར་ཙམ་རེ་བྱས་ཏེ་དབུག་སྣ་ནང་ནས་ཕྱི་རོལ་དུ་ཤུགས་ཆེ་རིམ་ནས་ཕྱུང་སྐབས་《ང་ཉ་ན་》གསུམ་གྱི་སྒྲ་རིམ་པས་གསལ་པོར་ཐོན་ཐུབ། སྐྱེ་གནས་གཙོ་བོ་རྐན་ལ་བརྟེན་པའི་ཡི་གེ་ནི་《ཅ་ཆ་ཇ་ཙ་ཚ་ཛ་ཞ་ཟ་ཡ་ཤ་》བཅས་ཡི་གེ་བཅུ་ཐམ་པ་ཡོད་པ་ལས་དེ་དག་གི་སྒྲ་འབྱིན་ཚུལ་ནི་ 《ཅ་ཆ་ཇ་ཞ་ཡ་ཤ་》དྲུག་པོ་ནི་ཡ་ཁའི་རྐན་འབུར་རིམ་པའི་ནང་ངོས་དེར་ལྕེ་དུམ་བུ་གསུམ་དུ་ཕྱེ་བའི་དབུས་མར་ཉེ་བ་སྦྱར་ཏེ་དབུག་ཤུགས་ཅུང་ཟད་ཆེར་བྱས་ནས་ཕྱི་རོལ་དུ་ཕྱུང་ཚེ་ཡི་གེ་《ཅ་》ཡི་སྒྲ་གསལ་པོར་ཐོན་འོང་།ཅ་ལས་གནས་སྦྱར་བ་དང་དབུག་དབྱུང་བ་གཉིས་ཀྱི་བརྩོལ་བ་རྣམས་ཤུགས་ཇེ་ཆུང་ཇེ་ཆུང་དུ་བཏང་ཚེ་ཡི་གེ་《ཆ་ཇ་》གཉིས་ཀྱི་སྒྲ་མ་འདྲེས་པར་སོ་སོར་ཐོན་ཐུབ། དེ་ལས་《ཞ་ཡ་ཤ》་གསུམ་ནི།སྐྱེ་གནས་སྦྱར་ཚུལ་སྔར་བཞིན་ལ་དབུག་དབྱུང་ཚུལ་ཆེ་རིམ་ནས་དབྱུང་ཚེ་《ཞ་ཡ་ཤ་》གསུམ་གྱི་སྒྲ་སོ་སོར་མ་འདྲེས་པར་ཐོན་ཐུབ།དེ་ནས་《ཙ་ཚ་ཛ་ཟ་》བཞི་ནི་རྐན་འབུར་རིམ་པའི་ཕྱི་ངོས་སམ་ཡང་ན་སོ་རྩར་ཉེ་བའི་གནས་དེར་ལྕེ་དུམ་བུ་གསུམ་པའི་དབུས་མ་ཡོལ་ཏེ་ལྕེ་རྩེར་ཧ་ཅང་ཉེ་བའི་གནས་གཉིས་ཅུང་ཟད་ཤུགས་ཆེ་བར་སྦྱར་ནས་དབུག་ཕྱིར་ཕྱུང་ཚེ་《ཙ་》དང་། གནས་གཉིས་དང་དབུག་དབྱུང་བའི་སྦྱོར་བ་གཉིས་དེ་ལས་ཅུང་ཟད་ལྷོད་དུ་ལྷོད་དུ་བཏང་ཏེ་རླུང་ཕྱིར་ཕྱུང་ཚེ་ཡི་གེ་ལྷག་མ་《ཚ་ཛ་ཟ་》རྣམས་ཀྱི་སྒྲ་གསལ་པོར་ཐོན་ཐུབ། སྐྱེ་གནས་ཀྱི་གཙོ་བོ་སོ་ལ་བརྟེན་པའི་ཡི་གེར་《ཏ་ཐ་ད་ལ་ས་》ལྔ་ཡོད་པ་ལས་《ཏ་ཐ་ད་ལ་》བཞི་ནི་སྐྱེ་གནས་སོ་ཡི་ནང་དང་ལྕེ་ཡི་རྩེ་མོའི་གནས་གཉིས་སྦྱར་བ་དང་དབུག་དབྱུང་ཚུལ་རྣམས་སྔ་མ་ལས་ཕྱི་མ་ཅུང་ལྷོད་དུ་ལྷོད་དུ་བཏང་ནས་དབུག་ཕྱིར་དབྱུང་ཚེ་《ཏ་ཐ་ད་ལ་》བཞིའི་སྒྲ་ཐོན་ཅིང་ལྷག་པར་ལར་ལྕེ་གཡས་གཡོན་གཉིས་ནས་དབུག་ཅུང་ཡང་བའི་ཚུལ་གྱིས་གློད་དགོས་དེ་ནས་མས་སོའི་ནང་ངོས་སུ་ལྕེ་རྩེ་སྦྱར་ནས་ལྕེ་དུམ་བུ་གསུམ་པའི་དབུ་མར་ཉེ་བའི་གནས་ཡ་རྐན་གྱི་འབུར་རའི་ནང་ངོས་སུ་ཐུག་ཙམ་དང་ཡས་སོའི་ནང་ངོས་སུ་ཐུག་ལ་ཁས་ཀྱིས་དབུག་འབྲིང་ཙམ་གྱིས་ཕྱིར་ཕྱུང་ན་ཡི་གེ་《ས་》ཡི་སྒྲ་གསལ་པོར་ཐོན་ཐུབ།སྐྱེ་གནས་ཀྱི་གཙོ་བོ་མཆུ་ལ་བརྟེན་པའི་ཡི་གེ་《པ་ཕ་བ་མ་ཝ་》ལྔ་ཡོད་པ་ལས་《པ་ཕ་བ་མ་》བཞི་ནི་ཡས་མས་ཀྱི་མཆུ་གཉིས་སྡམས་ཏེ་དབུག་ཡང་ཅུང་དྲགས་པའི་ཚུལ་གྱིས་ཕྱིར་ཕྱུང་ན་《པ་》ཡི་སྒྲ་ཐོན་ཅིང་། མཆུ་དང་དབུག་དབྱུང་བའི་སྦྱོར་བ་གཉིས་པ་ལས་ཅུང་ཟད་ལྷོད་དུ་ལྷོད་དུ་བཏང་ཚེ་ཕྱི་མ་《ཕ་བ་མ་》གསུམ་རིམ་བཞིན་གསལ་པོར་ཐོན་ཐུབ།དེ་ནས་མཆུ་གཉིས་མ་ཕྲད་པར་སྒོར་མོའི་དབྱིབས་སུ་ཅུང་སྡམས་ཏེ་ཁ་ནང་ཡང་པོར་བྱས་ནས་དབུག་ཕྱིར་ཕྱུང་ན་《ཝ་》ཡིག་གི་སྒྲ་གསལ་པོར་ཐོན་ཐུབ་པ་ཡིན། གཞུང་གཞན་ལས་ཡི་གེའི་སྐྱེ་གནས་བརྒྱད་ཞེས་བཤད་ཡོད་ཀྱང་།སྐབས་འདིར་ཁོ་བོས་དྲུག་ལས་གཞན་ཁོག་པ་དང་ལྕེ་གཉིས་ལས་འཐོན་པའི་ཡི་གེ་ཞེས་ལོགས་སུ་བཤད་པ་བྱས་མེད།དེ་ཡང་ཡི་གེ་ཐམས་ཅད་རླུང་རྒྱུ་བའི་ཁོག་པར་མི་བརྟེན་པ་དང་ལྕེ་ཅུང་ཙམ་ཡང་མ་གཡོས་པར་ཡི་གེ་གང་གི་ཡང་སྒྲ་དབྱུང་དུ་མེད་ལ་དེ་གཉིས་སོ་སོ་ལས་སྐྱེས་པའི་ཡི་གེ་ཞེས་ལོགས་སུ་ཕྱེད་ན་གནས་གཞན་གྱིས་ཐུན་མིན་བརྩོལ་བས་གྲུབ་པའི་ཡི་གེ་ཡང་ལོགས་སུ་བཞགས་ཏུ་མེད་པར་འགྱུར་བས།སྐྱེ་གནས་གཞན་བཤད་མི་དགོས་པའི་སྐྱོན་ཡང་བྱུང་བའི་ཕྱིར་དེ་གཉིས་ལས་སྐྱེད་པའི་ཡི་གེ་ཟུར་དུ་མ་བཤད་པ་དང་གཞུང་གཞན་དུ་ཡང་སྐྱེ་གནས་བརྒྱད་ཞེས་སྤྱིར་དབྱེ་བ་ཙམ་ལས་ཡི་གེ་རྣམས་སྐྱེ་གནས་སོ་སོར་བགོ་བའི་ཚེ་གོང་གི་དྲུག་པོ་དེ་ལས་གཞན་ཁོག་པ་དང་ལྕེ་གཉིས་ལས་སྐྱེ་བའི་ཡི་གེ་ཞེས་བཤད་པ་ཡང་ཕལ་ཆེར་ལ་མི་སྣང་ཞིང་དེ་ལྟར་མི་བཤད་པའི་རྒྱུ་མཚན་བཤད་པ་གཞན་མ་མཐོང་ཡང་གོང་གི་རྒྱུ་མཚན་དེ་ལས་གཞན་ཞིག་མེད་པར་སྙམས་འོ་ན་སྐྱེ་གནས་དེ་གཉིས་ལས་སྐྱེད་པའི་ཡི་གེ་ཟུར་དུ་མི་བཤད་ན་དེ་གཉིས་སྐྱེ་གནས་ཀྱི་གྲངས་སུ་འགྲེན་པ་ཇི་ལྟར་ཡིན་ཞེས་ན་ཡི་གེ་སྐྱེ་བར་སྦྱོར་བས་སྒྲ་འབྱིན་སྐབས་སྐྱེ་གནས་དེ་གཉིས་ལ་ཅུང་ཙམ་ཡང་མ་བརྟེན་པའི་ཡི་གེ་ཕལ་ཆེར་མེད་པར་བརྟེན་དེ་གཉིས་ཡི་གེའི་སྐྱེ་གནས་གཙོ་ཆེ་བའི་གྲས་སུ་བགྲངས་པ་ཡིན་ནོ།། སྐྱེ་གནས་དེ་རྣམས་མདོར་བསྟན་རིའུ་མིག་ལ་སྦྱར་ནས་བཤད་ན་འདི་ལྟར།

སྐྱེ་གནས་། རླུང་ཤུགས་ཆེ་ཆུང་བར་མའི་རིམ་པ། ཆེ་རིམ། ཆུང་རིམ། བར་མ། མགྲིན་པ། ཀ་ཁ་ག་ འ་ཧ་ཨ་ སྤྱི་བོ། ར་ སྣ། ང་ཉ་ན་ རྐན། ཅ་ཆ་ཇ་ཙ་ཚ་ཛ་ཟ་ ཞ་ཡ་ཤ་ སོ། ཏ་ཐ་ད་ལ་ ས་ མཆུ། པ་ཕ་བ་མ་ ཝ་ འདིར《ར་ས་ཝ་》གསུམ་བར་མའི་རླུང་འཐབས་སུ་བཤད་པ་ནི་ ཡི་གེ་དེ་རྣམས་དབུག་ཕྱུང་སྐབས་རང་དང་རིམ་འགྲོས་ཀྱི་གྲོགས་གཞན་མེད་པར་བརྟེན་རིའུ་མིག་ནང་བར་མར་བཤད་པ་ལས་སྐྱེ་གནས་གང་ཡིན་ནི་གོང་དུ་གནས་བགོས་བྱས་པ་ལས་རྟོགས་པར་བྱའོ།

                            མཁས་མཆོག་ཐོན་མིའི་ཐུགས་ཀྱི་རྒྱ་མཚོོའི་རླབས།

རིང་ནས་ཕྱུར་བའི་དགོངས་དོན་ཟིལ་བའི་ཆབས། རིག་པའི་མཁའ་ལ་འཕགས་པའི་ཆར་སྤྲིན་ལས། བློ་དམན་ཀུནྡའི་རྣམ་དཔྱོད་འདབས་བརྒྱ་བསྐྲོལ། ཞེས་བར་སྐབས་ཀྱི་ཚིགས་སུ་བཅས་པའོ།།

《གཉིས་པ་སྒྲ་ཡི་སྦྱོར་ཚུལ་བཤད་པ་ལ།》 དེ་ཡང་མིང་གཞིའི་ཡི་གེ་རྣམས་ཀྱི་སྒྲ་སྦྱོར་ཚུལ་ཇི་ལྟར་ཡིན་པ་ནི་སྔར་ཀྱི་ཡི་གེ་སོ་སོའི་སྐྱེ་གནས་ཀྱི་སྐབས་སུ་བཤད་ཟིན་པ་དེ་ལས་ལོགས་སུ་སྒྲ་སྦྱོར་ཚུལ་ཡང་གཞན་མེད་པས་གོང་དུ་བཤད་པ་དེས་ཆོག་པར་བྱས་ཡོད་ལ།གཞན་མགོ་འདོགས་དབྱངས་དང་བཅས་པའི་ཡི་གེའི་སྒྲ་སྦྱོར་ཚུལ་རྣམས་རིམ་པ་བཞིན་བཤད་པར་བྱ་བ་ལ་དང་པོ། ༄༅།།མགོ་ཅན་གྱི་ཡི་གེའི་སྒྲ་སྦྱོར་ཚུལ། དེ་ཡང་ར་མགོ་ཅན་ལ་སྦྱར་བས་མགོ་ཅན་ ༡༽རྐ་ ༢༽རྒ་ ༣༽རྔ་ ༤༽རྗ་ ༥༽རྙ་ ༦༽རྟ་ ར་ཀ་བཏགས་རྐ་ ར་ག་བཏགས་རྒ་ ར་ང་བཏགས་རྔ་ ར་ཇ་བཏགས་རྗ་ ར་ཉ་བཏགས་རྙ་ ར་ཏ་བཏགས་རྟ་ ༧༽རྡ་ ༨༽རྣ་ ༩༽རྦ ༡༠༽རྨ ༡༡༽རྩ ༡༢༽རྫ ར་ད་བཏགས་རྡ་ ར་ན་བཏགས་རྣ་ ར་བ་བཏགས་རྦ་ ར་མ་བཏགས་རྨ་ ར་ཙ་བཏགས་རྩ་ ར་ཛ་བཏགས་རྫ་ ༡༽ལྐ་ ༢༽ལྒ་ ༣༽ལྔ་ ༤༽ལྕ་ ༥༽ལྗ་ ༦༽ལྟ་ ༧༽ལྡ་ ༨༽ལྤ་ ༩༽ལྦ་ ༡༠༽ལྷ ༡༽སྐ་ ༢༽སྒ་ ༣༽སྔ་ ༤༽སྙ་ ༥༽སྟ་ ༦༽སྡ་ ༧༽སྣ་ ༨༽སྤ་ ༩༽སྦ་ ༡༠༽སྨ་ ༡༡༽སྩ་ གཞན་ལ་རིག་བསྒྲེ་བར་བྱའོ། ༄༅།།འདོགས་ཅན་གྱི་ཡི་གེའི་སྒྲ་སྦྱོར་ཚུལ། ༡༽ ཀྱ་ ༢༽ ཁྱ་ ༣༽ གྱ་ ༤༽ པྱ་ ༥༽ ཕྱ་ ༦༽ བྱ་ ༧༽ མྱ་ ཀ་ཡ་བཏགས་ཀྱ་ ཁ་ཡ་བཏགས་ཁྱ་ ག་ཡ་བཏགས་གྱ་ པ་ཡ་བཏགས་པྱ་ ཕ་ཡ་བཏགས་ཕྱ་ བ་ཡ་བཏགས་བྱ་ མ་ཡ་བཏགས་མྱ ༡༽ ཀྲ་ ༢༽ ཁྲ་ ༣༽གྲ་ ༤༽ཏྲ་ ༥༽ཐྲ་ ༦༽དྲ་ ༧༽ནྲ་ ཀ་ར་བཏགས་ཀྲ་ ཁ་ར་བཏགས་ཁྲ་ ག་ར་བཏགས་གྲ་ ཏ་ར་བཏགས་ཏྲ་ ཐ་ར་བཏགས་ཐྲ་ ད་ར་བཏགས་དྲ་ ན་ར་བཏགས་ནྲ་ ༨༽ པྲ་ ༩༽ ཕྲ་ ༡༠༽ བྲ ༡༡༽ མྲ་ ༡༢༽ སྲ་ ༡༣༽ ཧྲ་ པ་ར་བཏགས་པྲ་ ཕ་ར་བཏགས་ཕྲ་ བ་ར་བཏགས་བྲ་ མ་ར་བཏགས་མྲ་ ས་ར་བཏགས་སྲ་

ཧ་ར་བཏགས་ཧྲ་

༡༽ཀླ་ ༢༽གླ་ ༣༽བླ་ ༤༽ཟླ་ ༥༽རླ་ ༦༽ སླ་ ཀ་ལ་བཏགས་ཀླ་ ག་ལ་བཏགས་གླ་ བ་ལ་བཏགས་བླ་ ཟ་ལ་བཏགས་ཟླ་ ར་ལ་བཏགས་རླ་ ས་ལ་བཏགས་སླ་ ༡༽ཀྭ་ ༢༽ཁྭ་ ༣༽གྭ་ ༤༽ཉྭ་ ༥༽དྭ་ ༦༽ཚྭ་ ཀ་ཝ་ཟུར་ཀྭ ཁ་ཝ་ཟུར་ཁྭ་ ག་ཝ་ཟུར་གྭ་ ཉ་ཝ་ཟུར་ཉྭ་ ད་ཝ་ཟུར་དྭ་ ཚ་ཝ་ཟུར་ཚ ༧༽ ཞྭ་ ༨༽ ཟྭ་ ༩༽ རྭ་ ༡༠༽ལྭ་ ༡༡༽ ཤྭ་ ༡༢༽ ཧྭ ཞ་ཝ་ཟུར་ཞྭ་ ཟ་ཝ་ཟུར་ཟྭ་་ ར་ཝ་ཟུར་རྭ་ ལ་ཝ་ཟུར་ལྭ་ ཤ་ཝ་ཟུར་ཤྭ་ ཧ་ཝ་ཟུར་ཧྭ འདིར་འདོགས་ཅན་གྱི་ཡི་གེ་བཤད་པའི་སྐབས་ར་འདོགས་ལ་ངོས་འཛིན་བྱེད་ཚུལ་ལ་ཅུང་ཟད་མི་འདྲ་བ་འགའ་རེ་འདུག་པ་འདི་ལྟར།མཁས་དབང་ཚེ་རྟན་ཞབས་དྲུང་གི་ཐོན་མིའི་ཞལ་ལུང་ཤེས་རིགས་དཔར་མ་དེབ་གཟུགས་ཤོག་གྲངས་《༡༧》ནང་།ར་འདོགས་ཅན་ངོས་འཛིན་སྐབས།ར་བཏགས་ལ་《མྲ་》འདི་མ་བཤད་པར་《ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་སྲ་ཧྲ་》བཅས་བཅུ་གཅིག་གི་གྲངས་སུ་བྱས་པ་དང་། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཚིག་མཛོད་ཆེན་མོ་བོད་རིག་པ་དཔེ་སྐྲུན་ཁང་ནས་དཔར་བ་དེབ་གཟུགས་སྨད་ཆ་ཤོག་གྲངས་《༡༨༨༡》ནང་ར་བཏགས་ངོས་འཛིན་ལ་《ཏྲ་ཐྲ་》གཉིས་མེད་པར་《ཤྲ་》བསྣན་ཏེ་《ཀྲ་ཁྲ་གྲ་དྲ་པྲ་ཕྲ་བྲ་མྲ་ཤྲ་སྲ་ཧྲ་》སྟེ་བཅུ་གཅིག་གི་གྲངས་འདྲེན་བྱས་པ་དང་། བོད་རྒྱ་ཚིག་མཛོད་ཆེན་མོ་མི་རིགས་དཔེ་སྐྲུན་ཁང་ནས་སྤེལ་བ་དེབ་གཟུགས་སྨད་ཆ་ཤོག་གྲངས་《༢༦༣༥》ནང་།གོང་གི་སྔ་མ་དང་མི་འདྲ་བར་ཐྲ་མི་བཤད་པར་མྲ་བཤད་པ་དང་། གོང་གི་ཕྱི་མ་དང་མི་འདྲ་བར་ཏྲ་བཤད་ཅིང་ཤྲ་མི་བཤད་པར་《ཀྲ་ཁྲ་གྲ་ཏྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཧྲ་》བཅས་བཅུ་གཅིག་ཏུ་གྲངས་འདྲེན་པ་དང་།དག་ཡིག་གསར་བསྒྲིགས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་སྤེལ་བ་དེབ་གཟུགས་ཤོག་གྲངས་《༧༣༥》ནང་ར་བཏགས་ཅན་གྱི་ཡི་གེ་《ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཧྲ་》བཅས་བཅུ་གཉིས་ཀྱི་གྲངས་འདྲེན་བྱས་པ་ནི་གོང་གི་དུང་དཀར་བློ་བཟང་འཕྲིན་ལས་ལགས་ཀྱི་ཤྲ་ཞེས་པ་འདིར་མ་འཁོད་པ་མ་གཏོགས་བཤད་ཚུལ་འདི་ནི་དེ་དག་ཐམས་ཅད་ཀྱི་ཕྱོགས་བསྡོམ་ལྟ་བུ་ཞིག་ཏུ་སྣང་ངོ།།བཤད་ཚུལ་དེ་དག་གི་དང་པོས་འདོགས་ཅན་མྲ་འདི་ཡོད་པར་མ་བཤད་པའི་རྒྱུ་མཚན་གང་ཡིན་གསལ་བཤད་མེད་ཀྱང་འདི་ནི་མེད་པར་ཞལ་གྱིས་ཞེས་མི་རིགས་ཏེ།ཐོན་མིའི་ཞལ་ལུང་རང་ན་འཇུག་མཐར་འདིར་སྨྲས་པ་ཞེས་སོགས་ཀྱིས་མཚོན་པའི་འདོགས་ཅན་མྲ་འདི་ལ་ས་མགོ་བརྩེགས་པ་དུ་མ་ཞིག་འདུག་པ་དེ་དག་ཐམས་ཅད་མཐོང་བཞིན་དུ་གཏན་མེད་དུ་འདོད་མི་རིགས་པའི་ཕྱིར་རོ།བཤད་ཚུལ་གཉིས་པའི་སྐབས་འདོགས་ཅན་ཤྲ་འདི་འདྲ་ཞིག་བཤད་འདུག་ཀྱང་དེ་ནི་མིང་དང་བྱ་ཚིག་སོགས་གང་དུ་སྤྱོད་པའི་ཡུལ་ལ་བརྟག་ཚེ་རྒྱ་གར་གྱི་སྐད་བོད་ཡིག་ཐོག་བྲིས་པའི་ནང་བེད་སྤྱོད་བྱུང་བ་ལས་བོད་སྐད་གཙང་མའི་ནང་བརྡ་གསར་རྙིང་གང་དུ་ཡང་འདོགས་ཅན་དེའི་བེད་སྤྱོད་ཚུལ་གྱི་གསུངས་རབ་ཞིག་མཇལ་ཡུལདུ་མེད་དེ།གལ་ཏེ་ཡོད་ཚེ་རང་ཉིད་ཀྱིས་བཞགས་པའི་ཚིག་དེ་རང་ཉིད་ཀྱིས་བརྩམས་པའི་ཚིག་མཛོད་ནང་ངེས་པར་ཡོད་དགོས་པ་ལས་རང་ཉིད་ཀྱིས་བརྩམས་པའི་ཚིག་མཛོད་ཆེན་མོ་ཤོག་གྲངས་《༢༠༠༥དང་༢༠༠༦》གཉིས་ཀྱི་ནང་ཤྲ་ཞེས་བཤད་དགོས་པའི་སྐབས་སུ་ཤྲི་ཞེས་པའི་ཐ་སྙད་གཉིས་ཤིག་བེད་སྤྱད་ཡོད་པ་ལས་དེ་མིན་མཇལ་ཡུལ་དུ་མེད་ལ།དེ་གཉིས་ཀྱང་<ཤྲི་ཐུ་བོ་བློ་བཟང་བསྟན་པའི་ཉི་མ་>ཞེས་པ་དང་<ཤྲི་དྷ་ནྱ་ཀ་ཏ་ཀར་>ཞེས་པ་གཉིས་ལས་བཀོད་མེད་ལ་དེ་གཉིས་ནི་རྒྱ་གར་གྱི་སྐད་དུ་དཔལ་ཞེས་པའི་དོན་དུ་གནས་ཡོད་པ་ལས་དེ་མིན་པའི་བོད་སྐད་རང་ན་མིང་སོགས་ཀྱི་མགོ་འཇུག་གང་དུ་དེ་ལྟར་བྲིས་པ་ལ་གོ་དོན་གང་ཡང་བཤད་དུ་མེད་པ་མ་ཟད་བོད་སྐད་ཀྱི་བརྡ་རྙིང་ཕལ་ཆེར་བསྡུས་ནས་ཡོད་པའི་དཔལ་ཁང་ཆོས་མཛད་ཀྱི་མཛད་པའི་དག་ཡིག་ངག་སྒྲོན་དང་།ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་ངག་སྒྲོན་གྱི་འགྲེལ་བ་དང་།ལུང་རྟོགས་ཉི་མས་༡༩༨༠་་ལོར་བརྩམས་པའི་བརྡ་དག་ཀ་ཕྲེང་གློག་གི་སྒྲོན་མེ་དང་གཞན་ཡང་བརྡ་གསར་རྙིང་གཉིས་ཀས་ཕྱུག་པ་དག་ཡིག་གསར་བསྒྲིགས་དང་བོད་རྒྱ་ཚིག་མཛོད་ཆེན་མོ་དེ་དག་གང་དུ་ཡང་བོད་སྐད་སོར་བཞག་ལ་ཤ་ལ་འདོགས་ཅན་བྱས་པ་མོ་གཤམ་གྱི་བུའི་ཟླ་ལ་གྱུར་འདུག་གོ།བཤད་ཚུལ་གསུམ་པ་བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་ཐ་ལ་ར་བཏགས་ཡོད་པ་བཤད་མེད་ཀྱང་དེ་ནི་སྐད་གསར་པའམ་ཡང་ན་དེང་སྐབས་སུ་སྤྱོད་བཞིན་པ་མ་ཡིན་ཀྱང་བརྡ་རྙིང་ལ་སྤྱོད་བཞིན་ཡོད་འདུག་དེ་ཡང་རང་ཉིད་ལ་རང་ལོ་དགུ་ནས་བཅུ་གསུམ་བར་བརྡ་དག་སློབ་སྤྲོད་གནང་མཁན་བོད་ཡིག་སློབ་དགེ་ཟླ་བ་ལྷུན་གྲུབ་ལགས་ཞེས་པ་བོད་ཡིག་གི་ཐད་རྐང་འཛིན་པ་ལྟ་བུ་ཞིག་ཡོད་པ་ཁོང་གིས་དམངས་ཁྲོད་ཀྱི་གཞད་མ་གཏམ་སྣ་ཚོགས་ཤིག་སློབ་ཕྲུག་ཚོའི་རྣ་བར་གཏོབ་བཞིན་ཡོད་པའི་ཁྲོད་ལས་དམངས་བཙུག་སློབ་གྲའི་ནག་པང་སྟེང་།《སྟོན་དུས་མཚན་མོའི་རྨིད་ལམ་ཆེས་སྤྲོ་ཡང་།།།ཐྲོག་ཐྲོག་སྒྲ་དེ་སྣ་བར་ཧ་ཅང་ཟན།།》ཞེས་དང་དེ་མིན་སློབ་འཁྲིད་སྐབས་ར་བཏགས་ལ་ཐྲ་ཞེས་པ་ནི་ཁུངས་གང་དུ་ཡོད་གུས་ནས་མ་ཤེས་ཀྱང་རྒྱུན་དུ་ར་བཏགས་ལ་དེ་ལྟར་འབྲི་བ་གནང་ཞིང་མ་ཟད་དཔལ་ཁང་ཆོས་མཛད་ཀྱི་དག་ཡིག་ངག་སྒྲོན་《༡༩༩༦》ལོའི་འཕགས་ཡུལ་བློ་གླིང་དཔར་མ་དེབ་གཟུགས་ཤོག་གྲངས་《༡༧་》ནང་《ཐ་མ་ཐ་ན་ཐྲིག་ཐྲིག་སྒྲ།》ཞེས་དང་དེའི་འགྲེལ་བ་ཁུ་ནུ་བླ་མས་མཛད་པ་ཤེས་རིག་དཔར་མ་དེབ་གཟུགས་ཤོག་གྲངས་་༩༥་་ནང་《ཐྲིག་ཐྲིག་སྒྲ་ལྷམ་གྱི་སྒྲ་ 》ཞེས་དང་།ལུང་རྟོགས་ཉི་མས་བརྩམས་པའི་དག་ཡིག་ཀློག་གི་སྒྲོན་མེ་ཞེས་པ་ཤེས་རིག་དཔར་མ་དེབ་གཟུགས་ཤོག་གྲངས་༤༧་ནང་《ཐྲིག་ཐྲིག་སྒྲ་ལྷམ་གྱི་སྒྲ་ཞིག》ཅེས་བྲིས་འདུག་པ་བཞིན་ཐ་ར་བཏགས་ཀྱི་ཡི་གེ་དེ་ནི་ལྷམ་གྱི་སྒྲ་ཁོ་ན་ཡིན་རུང་མ་ཡིན་རུང་གང་ལྟར་སྒྲའི་བྱེ་བྲག་ཞིག་ལ་འཇུག་པ་གདོན་མི་ཟ་བ་ཡིན་ནོ།།དེས་ན་ཐ་ར་བཏགས་ཀྱི་ཡི་གེ་འདི་ནི་སྐད་གསར་བཅད་དམ་དེང་སྐབས་སྤྱོད་ཚུལ་ཞན་མེད་ཀྱང་བརྡ་རྙིང་ལ་འབྲི་གསོལ་་ཡོད་པས་བོད་ཡིག་ནང་ཡོད་པར་གོ་བཅས་ཆོག་པས་ཡོད་པར་རང་སོར་བཞག་ན་ལེགས་སྙམས་སོ།།དེས་ན་ར་བཏགས་ཅན་གྱི་ཡི་གེ་བཅུ་གཅིག་གི་གྲངས་ངེས་བྱས་པ་ནི་ཐམས་ཅད་མ་འདུས་པའི་སྐྱོན་ཅན་དུ་འགྱུར་བར་བརྟེན།དག་ཡིག་གསར་བསྒྲིགས་ལས་བཤད་པ་བཞིན་བཅུ་གཉིས་ཀྱི་གྲངས་འདྲེན་བྱེད་ལུགས་དེའི་སྟེང་(ནྲ་)འདི་བསྣོན་ནས་བཅུ་གསུམ་གྱི་གྲངས་འདྲེན་བྱེད་དགོས་པར་མཐོང་ཏེ་དག་ཡིག་ངག་སྒྲོན་གོང་དུ་འཁོད་པའི་པར་མ་དེའི་ཤོག་གྲངས་༣༦༡་ནང་<སྣྲེལ་ཞི། འཆོལ་བའམ་གོ་རིམ་སུ་མི་གནས་པ་དང་། འཕྲེད་དམ་ལོགས་ལ་གོ>ཞེས་དང་། བོད་རྒྱ་ཚིག་མཛོད་ཆེན་མོ་གོང་འཁོད་པར་མ་སྟོད་ཆ་ཤོག་གྲངས་༡༦༠༢་ནང་<སྣྲུབས་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་ནང་གསེས་ཤིག་ཅེས་དང་། སྣྲེལ་ཞི། (རྙིང) (1)གོ་རིམ་འཆོལ་བ། (2)འཕྲེད་དམ་ལོགས། སྣྲོན། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་ནང་གསེས་ཤིག་ཅེས་དང་། སྣྲོན་ཟླ་བ། ཧོར་ཟླ་བཞི་པའི་བཅུ་དྲུག་ནས་ལྔ་པའི་ཚེས་བཅོ་ལྔ་བར་དུ་སྣྲོན་ཟླ་བ་ཟེར་ཅེས་དང་། སྣྲོན་གྱི་ཉ་བ། ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ།>ཞེས་བྱུང་ཞིང་། དག་ཡིག་གསར་བསྒྲིགས་གོང་འཁོད་པར་མ་དེ་ཉིད་ཀྱི་ཤོག་གྲངས་༤༥༣་ནང་<སྣྲུབས། རྒྱུ་སྐར་ཉེར་བརྒྱད་ཀྱི་ནང་གི་སྐར་ཚོགས་ཤིག་གི་མིང་། སྣྲེལ་ཞི། འཆོལ་བའམ་ཐོད་རྒལ་བའི་དོན། སྣྲོན། རྒྱུ་སྐར་ཉེར་བརྒྱད་ཀྱི་ནང་གི་སྐར་ཚོགས་ཤིག་གི་མིང་།>ཞེས་དང་། བློ་གླིང་ལྷ་རམས་པ་དགེ་བཤེས་ཚེ་དབང་ཉི་མས་བརྩམས་པའི་<དམ་ཆོས་འདུལ་བ་གཙོ་གྱུར་གྱི་གཞུང་སྣེ་མང་ལས་བཏུས་པའི་ཚིག་མཛོད་མུན་སེལ་སྒྲོན་མེ་ཞེས་བྱ་བ་ལས་།><སྣྲེལ་ཞི། ལོགས་སམ་འཕྲེད་དམ་འཆོལ་པ་གོ་རིམ་དུ་མི་གནས་པའི་དོན་ཏེ།(ལི་ཤིའི་གུར་ཁང)ལས། <སྣྲེལ་ཞི་ནི་ལོགས་སམ་འཕྲེད་དམ་འཆོལ་པ་གོ་རིམས་མི་གནས་པ། >ཞེས་དང། (དབྱངས་ཅན་དགའ་བློའི་བརྡ་དཀྲོལ)ལས། <སྣྲེལ་ཞི་ནི་དོན་འཆོལ་བའམ་གོ་རིམས་སུ་མི་གནས་པ་ལ་བཤད་ཅེས་སྒྲ་རྒྱན་ལས་གསུངས་ཤིང་།> སྣྲེལ་ཞིའི་འཇིག་རྟེན་ཞེས་པ་གྱང་ལོགས་ལ་རྐང་གིས་འགྲོ་བའམ་ཡོད་པར་སྣང་ཞེས་<དག་ཡིག་མིག་དབང་རབ་གསལ་ལས་འབྱུང་ཞེས་གསུངས་>ཞེས་ལུང་ཁུངས་དང་བཅས་པས་བགྲངས་བ་བཞིན་དང་གཞན་ཡང་ཕར་རུ་ཕྱིན་པའི་གཞུང་གི་སྐབས་བསམ་གཟུགས་སྒོམ་ཚུལ་བཤད་སྐབས་ཀྱང་སྣྲེལ་ཞི་འམ་རིམ་པ་འཆོལ་བའི་སྒོམ་ཚུལ་དུ་མ་གསུངས་པ་བཞིན་(ནྲ་)ཞེས་པའི་ར་འདོགས་ཅན་གྱི་ཡི་གེ་ཞིག་ཀྱང་ཁས་མི་ལེན་ཐབས་མེད་དུ་གཞུང་གིས་སྒྲུབ་པ་དེ་དག་ཡིན་པས་དེས་ན་ར་འདོགས་ཅན་ལ་བཅུ་གསུམ་དུ་བཞགས་ཚེ་ཞི་ནས་སྐྱོན་བྲལ་གྱི་ལེགས་བཤད་ཞིག་ཏུ་བསམས་མོད།ད་དུང་དེ་ཙམ་དུ་མ་ཟད་ཕྱི་རབ་ཀྱི་དེབ་ཐེར་གང་ན་ཡང་བྲི་གསོལ་མེད་པའི་ར་བཏགས་ཅན་གྱི་ཡི་གེ་ལ་ཟ་ལ་ར་བཏགས་བྱས་པ་སྔོན་གྱི་ཡིག་རྙིང་ཏུན་ཧོང་ནས་ཐོན་པའི<་བོད་ཀྱི་ལོ་རྒྱུད་ཡིག་ཆ་ཞེས་པ་མི་རིག་དཔེ་སྐྲུན་ཁང་ནས་དཔར་བའི་དེབ་གཟུགས་ཤོག་གྲངས་༡༤་་ནང་དུ་《སྟགྀ་ལོ་ལ་བབ་སྟེ།བཙན་པོ:ཟྲིད་གྱྀ་ལྡུ་ནག་སླད་མ་ན་བཞུགས་ཤྀང།》ཞེེས་དང་དེའི་འོག་ཏུ་《འ་ཞ་ཡུལ་ནས:སླར་འཁོརད་ཏེ།ཟྲིད་མདའར:ཐོང་མྱིག:བྱུང་བར་ལོ་གཆྀག།》ཞེས་བཀོད་འདུག་པར་བརྟགས་ན་འདོགས་ཅན་གྱི་ཡི་གེ་(ཟྲ)་འདི་འདྲ་ཤིག་ཀྱང་ཡོད་པར་མངོན་འདུག་ན་ར་བཏགས་ཅན་ལ་བཅུ་གསུམ་ཙམ་དུའང་གྲངས་ངེས་ཀྱི་ཁ་བཅད་བྱེད་རུང་མི་རུང་མཁས་པ་སོ་སོས་དཔྱད་པར་མཛད་འཚལ་ལོ།། འདིར་ཟ་ལ་ར་འདོགས་གྲངས་སུ་མི་འདྲེན་པ་ནི་ད་ལྟའི་གཞུང་གང་དུའང་བེད་སྤྱོད་དུ་ཡོད་པའི་ཐ་སྙད་ཤིག་གང་གི་ཡང་སྤྱད་མི་འདུག་ཅིང་དེ་མིན་གཞན་ཐམས་ཅད་ད་སྐབས་ཀྱི་ཚད་ལྡན་གྱི་གཞུང་གང་རུང་ནས་བེད་སྤྱོད་བཀོལ་འདུག་པར་བརྟེན་དེ་རྣམས་ལ་གྲངས་སུ་འདྲེན་པ་དང་མི་འདྲེན་པའི་ཁྱད་པར་བྱས་པ་ཡིན་ནོ།། ༄༅།། དབྱངས་ཀྱི་སྒྲ་སྦྱོར་ཚུལ།། ༡༽ ི་ ༢༽ ུ་ ༣༽ ེ་ ༤༽ ོ་ གྱི་གུ་= ( གི་གུ་) ཞབས་ཀྱུ་ འགྲེང་བུ་ ན་རོ་=(རྣ་རོ་ ) =( རྣ་རུ་) ༡༽ ཨི་ ༢༽ ཨུ་ ༣༽ ཨེ་ ༤༽ ཨོ་ ཨ་གྱི་གུ་ཨི་ ཨ་ཞབས་ཀྱུ་ཨུ་ ཨ་འགྲེང་བུ་ཨེ་ ཨ་ན་རོ་ཨོ་ འདིར་དབྱངས་ཀྱི་སྐབས་སུ་ཡང་ལྔ་དང་བཞིའི་གྲངས་འདྲེན་བྱེད་ཚུལ་མི་འདྲ་བ་འདུག་པ་འདི་ལྟར། སྤྱིར་དབྱངས་ལ་བཞིར་བྱེད་པ་ཡོངས་སུ་གྲགས་པ་ལྟར་བརྡ་སྤྲོད་སྨྲ་བ་ཕལ་ཆེར་མཐུན་པ་ཙམ་དུ་མ་ཟད།< རྩ་བར་>ཡང་<ཨ་ལི་གསལ་བྱེད་ཨི་སོགས་བཞི>ཞེས་གྲངས་ངེས་ཁ་གསལ་བཀོད་པ་ལ་དོག་དགོས་པ་མེད་མོད་འོན་ཀྱང་མཁས་པ་དུ་མའི་གསུང་རབ་ལས་དབྱངས་བཞི་ལས་མང་བ་གྲངས་སུ་བགྲངས་གནང་བ་ནི་འདི་ལྟར་<སྨྲ་སྒོ་མཚོན་བྱ་>བོད་གཞུང་ཤེས་རིག་པར་ཁང་གྱིས་སྤྱི་ལོ་༢༠༠༢་ལོར་པར་བའི་དེབ་གཟུགས་ཤོག་གྲངས་༡་ནང་<དྲང་པོ་བསྒྲེང་དང་བཀུག་པ་དང་།། བསྟོད་པ་དང་ནི་རྨད་པ་དང་།།་བསྒྲིམས་དང་ཀློད་པའི་ང་རོ་བྱུང་།། >ཞེས་དབྱངས་ལ་བདུན་གསུངས་ཏེ་<དེའི་འགྲེལ་བ་>གོང་འཁོད་པར་མ་དེའི་ལྷན་འདབས་སུ་ཡོད་པ་ཤོག་གྲངས་༢༡་ལས<་དེ་ལ་དྲང་པོ་ནི་ཨའོ། བསྒྲེངས་པ་ནི་ཨེའོ། བཀུག་པ་ནི་ཨིའོ། བསྟོད་པ་ནི་ཨོའོ། སྨད་པ་ནི་ཨུའོ། བསྒྲིམས་པ་ནི་རིའོ། ཀློད་པ་ནི་ལྀའོ། >ཞེས་བྱུང་ཞིང་། དེ་ནི་བོད་སྐད་ཀྱི་དབང་དུ་བྱས་པ་ལས་རྒྱ་སྐད་ལ་དེ་ཙམ་གྱིས་གྲངས་ངེས་མི་ནུས་ཤིང་མ་ཟད་སྨྲ་སྒོ་ནི་བོད་སྐད་སོར་བཞགས་སུ་གནང་ནས་བརྩམས་པ་ཞིག་ཡིན་པ་མཁས་པ་ཀུན་ཞལ་འཆམ་བྱུང་བས་སོ།། གཞན་ཡང་དཔལ་ཁང་ལོ་རྩཱ་བས་<དག་ཡིག་ངག་གི་སྒྲོན་མ་གོང་འཁོད་པར་མ་དེ་ཉིད་ཤོག་གྲངས་༡+༢་ལས་<བརྗོད་དོན་ཀཱ་ལི་སུམ་བཅུ་ལ། རྐྱང་པ་འཕུལ་དང་མགོ་ཅན་དང་། དབྱངས་ལྔ་ཡ་ར་ལ་ཝའི་འདོགས། རྗེས་འཇུག་དཔེ་སོགས་རིམ་པས་བསྟན།>ཞེས་དབྱངས་ལ་ལྔ་ཡི་གྲངས་འདྲེན་གནང་བ་དང་། མཁས་དབང་ཚེ་བརྟན་ཞབས་དྲུང་གིས་ཀྱང<་ཐོན་མིའི་ཞལ་ལུང་>ཤེས་རིག་པར་ཁང་ནས་སྤྱི་ལོ་༡༩༩༦་ལོར་པར་བའི་དེབ་གཟུགས་ཤོག་གྲངས་༡༦་ནང་དུ་<ལེགས་སྦྱར་གྱི་དབྱངས་བཅུ་དྲུག་ལས་ཨི་ཨུ་ཨེ་ཨོ་བཞིའི་དོད་དུ། གི་གུ། ཞབས་ཀྱུ། འགྲེང་བུ། རྣ་རུ་བཞི་བཟོས་ཤིང་།> ཞེས་དང་། <ཨ་ཡིག་གསལ་བྱེད་ཀྱི་མཐར་སྦྱར་ནས་གསལ་བྱེད་སུམ་ཅུར་བཟོས་>ཞེས་དབྱངས་བཞི་རུ་གསུངས་ཀྱང་། ཁོང་ཉིད་ཀྱི་མཛད་པའི་<སྙན་ངག་སྤྱི་དོན་>འཕགས་ཡུལ་སྒོ་མང་གྲྭ་ཚང་གི་དཔེ་མཛོད་ནས་སྤྱི་ལོ་༢༠༠༧་ལོར་པར་བའི་དེབ་གཟུགས་ཤོག་གྲངས་༡༡༡་ནང་དུ་<དབྱངས་ཨ་ངེས་པའི་བྱ་དཀའ་བ་ཞིག་ཡོད་པ་འདི་ལྟར། ཀ་ནས་ཡང་དག་བླ་མ་སངས་རྒྱས་ལ།། ཞེས་པ་ནས། ཨ་རྐྱང་གདངས་སྙན་ཚངས་དབྱངས་དཔལ་ལ་འགྲན།>ཞེས་པ་འདི་བྱ་དཀའ་བའི་སྙན་ངག་ཏུ་གསུངས་ཤིང་། གཞན་ཡང་སྙན་འགྲེལ་བ་ཕལ་ཆེར་གྱིས་ཐོན་མིའི་ལྗགས་རྩོམ། ཆོས་རྒྱལ་ལ་ཡིག་དུ་ཕུལ་བའི་ཚིགས་བཅད་<ཞལ་རས་གསལ་ལ་རང་གདང་གང་བ་བཟང་།། གདམ་ངག་ཟབ་ལམ་མ་ཆད་ཐ་དད་རང་།། ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ།། འཕགས་པ་མ་ཕམ་ཡང་དག་དམ་པ་ལགས།།>ཞེས་པ་འདི་བྱ་དཀའ་བ་དབྱངས་ཨ་ངེས་པའི་སྙན་ངག་དུ་གསུངས་བཞིན་ཡོད་འདུག་པས་དེ་དག་གིས་ཨ་ཡིག་དབྱངས་སུ་དོན་གྱིས་ཁས་བླངས་པར་སོང་འདུག་གོ་བསྙམས།འོན་ཀྱང་དེ་དག་ནི་ཕལ་ཆེར་གྱིས་མགོ་ལ་རན་པའི་ཞྭ་དང་རྔ་ལ་དཔག་པའི་འཆམ། ཞེས་པ་ལྟར་བོད་རང་གི་སྐད་ལ་ཇི་ལྟར་འཕྲོད་མིན་ལ་མི་ལྟོད་པར་ལེགས་སྦྱར་གྱི་སྐད་དུ་དབྱངས་ཡིག་དེ་ཡི་གེ་གཞན་གྱི་སྲོག་ཏུ་བཞུགས་མ་བཞུག་གི་རྣམ་བཞགས་དེ་དག་བོད་སྐད་ལ་བཙན་ཚུགས་ཀྱིས་ནད་འགོས་པ་ལས་བྱུང་བ་ཞིག་ཡིན་པ་མ་གཏོགས་བོད་སྐད་རང་གི་ལུགས་ལ་དེ་ལྟའི་དབྱངས་ལྔ་ལ་སོགས་པའི་རྣམ་བཞགས་ཐོན་མིས་མཛད་མེད་ལ་གསར་བཅས་སྐད་དུ་ཡང་ཡོང་དགོས་པའི་དགོས་པ་ལྷག་པ་གཞན་མེད་པའི་ཕྱིར་རོ།། ༄༅།། སྔོན་རྗེས་ཡང་འཇུག་མགོ་འདོགས་དབྱང་དང་ལྡན་པའི་ཡི་གེའི་སྒྲ་སྦྱོར་ཚུལ། ༡༽ ཀག་ ༢༽ བཀལ་ ༣༽དཀའ་ ༤༽བསྐམས་ ༥༽ ཀྱང་ ༦༽ བཀྲ་ ༧༽ བསྐྲོགས་ ༨༽ ཀླན་ ཀ་ག་ཀག་ བ་འོག་ཀ་ལ་བཀལ་

ད་འོག་ཀ་འ་དཀའ་

བ་འོག་ས་ཀ་བཏགས་ཀ་མ་ས་བསྐམས་ ཀ་ཡ་བཏགས་ཀྱ་ང་ཀྱང་ བ་འོག་ཀ་ར་བཏགས་བཀྲ་ བ་འོག་ས་ཀ་བཏགས་ཀ་ར་བཏགས་སྐྲ་ན་རོ་སྐྲོ་ག་ས་བསྐྲོགས་ ཀ་ལ་བཏགས་ཀླ་ན་ཀླན་ ༡༽བཀལད་

༢༽བཀགས

བ་འོག་ཀ་ལ་ད་བཀལད་ བ་འོག་ཀ་ག་ས་བཀགས་ དེ་ཡང་སྒྲ་སྦྱོར་དུ་ཡོད་ཚད་འདིར་སྨྲོས་ན་དགོས་པ་ཆེར་མེད་ཁར་ཡིག་ཚོགས་ཡང་ཧ་ཅང་མངས་སུ་དོགས་ནས་འདིར་ཀ་སྡེ་གཅིག་པུར་སྦྱར་བས་གཞན་རྣམས་ལ་རིགས་འགྲོས་ཀྱིས་སྦྱར་ན་ཤེས་པར་ལྷ་བས་འདིར་མཚོན་པ་ཙམ་ལས་མ་སྤྲོས་སོ།།ཡི་གེ་དེ་དག་ལ་སྒྲ་སྦྱོར་ཚུལ་སོ་སོར་ཡོད་ཀྱང་དིང་སྐབས་ཡི་གེ་རྣམས་ངག་ནས་འདོན་སྐབས་སྔོན་བརྗེས་མགོ་འདོགས་དབྱངས་དང་བཅས་པ་ཡོད་ཀྱང་དེ་དག་གི་ཡིག་གཟུགས་མི་མཐུན་ཡང་སྒྲ་ཕལ་ཆེར་མཐུན་པར་གནས་པ་དུ་མ་ཞིག་ཡོད་པ་དེ་རྣམས་ལས་མཚན་གཞི་ཙམ་ཞིག་འདིར་སྨྲོས་ན་དེ་ཡང་སྔོན་འཇུག་དང་མགོ་ཅན་གང་རུང་ཕྲད་ཚེ་སྒྲ་འགྱུར་ངེས་པའི་མིང་གཞིའི་ཡི་གེ་ནི་《ག་ང་ཇ་ཉ་ད་ན་བ་མ་ཡ་》དགུ་དང་། སྔོན་འཇུག་དང་མགོ་ཅན་གང་རུང་ཕྲད་ཀྱང་སྒྲ་ཕལ་ཆེར་མི་འགྱུར་བ་མཐུན་པར་གནས་པའི་མིང་གཞིའི་ཡི་གེ་《ཀ་ཁ་ཅ་ཆ་ཏ་ཐ་པ་ཕ་ཙ་ཚ་ཛ་ཞ་ཟ་ཤ་ས་》ཅོ་ལྔ་དང་།སྔོན་འཇུག་དང་མགོ་ཅན་གང་ཡང་མི་ཐོབ་པའི་མིང་གཞིའི་ཡི་གེ་《ཝ་འ་ལ་ཧ་ཨ་》ལྔ་དང་།འདོགས་ཅན་གསུམ་གང་རུང་དང་ཕྲད་ཚེ་སྒྲ་འགྱུར་ངེས་པའི་མིང་གཞིའི་ཡི་གེ་《ཀ་ཁ་ག་ཏ་ཐ་ད་ན་པ་ཕ་བ་མ་ཟ་ར་ས་ཧ་》ཅོ་ལྔ་དང་། འདོགས་ཅན་གསུམ་གང་ཡང་མི་ཐོབ་པའི་མིང་གཞིའི་ཡི་གེ་《ང་ཅ་ཆ་ཇ་ཉ་ཙ་ཚ་ཛ་ཝ་ཞ་འ་ཡ་ལ་ཤ་ཨ་》ཅོ་ལྔ་དང་། སྔོན་འཇུག་དང་མགོ་ཅན་གང་རུང་ཕྲད་ཚེ་སྒྲ་འགྱུར་བའི་མིང་གཞིའི་ཡི་གེ་དགུ་ཡི་སྒྲ་འགྱུར་བ་རྣམས་ལས་མཚན་གཞི་ཙམ་བཀོས་ན་《ག་》དགའ་྾བགའ་྾མགའ་྾འགའ྾ རྒ་྾ལྒ་྾་སྒ་྾ཡི་གེ་འདི་དག་ཐམས་ཅད་སྔོན་ཚེ་ངག་ནས་འདོན་སྐབས་སྒྲ་ཐ་དད་དུ་ཡིན་ངེས་ཀྱང་དེང་སྐབས་སྒྲ་དེ་དག་ཀུན་གྱིས་གཅིག་གྱུར་དུ་ཁྱད་པར་མེད་པ་ལྟ་བུར་འབྱིན་བཞིན་ཡོད།སྔོན་འཇུག་དང་མགོ་ཅན་གང་དང་ཕྲད་ཀྱང་སྒྲ་གདངས་ཕལ་ཆེར་མཐུན་པར་གནས་པའི་ཡི་གེ་《ཀ་ཁ་ཅ་ཆ་ཏ་ཐ་པ་ཕ་ཙ་ཚ་ཛ་ཞ་ཟ་ར་ཤ་ས་》བཅས་ཅོ་ལྔ་ནི་སྔོན་འཇུག་དང་མགོ་ཅན་གང་དང་ཕྲད་ཀྱང་རྩ་བའི་མིང་གཞི་རང་གི་སྒྲ་ལས་གཞན་དུ་འགྱུར་མེད་པ་ལྟ་བུ་ཡིན།དེ་དག་གི་ལྷག་མ་《ཝ་འ་ལ་ཧ་ཨ》ལྔ་ལ་སྔོན་འཇུག་དང་མགོ་ཅན་གང་ཡང་འཇུག་པ་མེད། ཡ་ར་ལ་ཡི་འདོགས་ཅན་གསུམ་གང་རུང་དང་ཕྲད་ཚེ་སྒྲ་འགྱུར་ངེས་པའི་ཡི་གེ་《ཀ་ཁ་ག་ཏ་ཐ་ད་ན་པ་ཕ་བ་མ་ཟ་ར་ས་ཧ་》བཅས་ཅོ་ལྔ་པོར་འདོགས་ཅན་དེ་གསུམ་གང་རུང་དང་ཕྲད་ཚེ་སྒྲ་འགྱུར་བའི་ཡི་གེའི་མཚན་གཞི་ནི་《ཀ་》ཀྱ་྾ཀྲ་྾ཀླ་྾་་་་《ཁ་》ཁྱ་྾ཁྲ་྾་་་་《ག་》གྱ་྾གྲ་྾གླ྾་་་་《ཏ་》ཏྲ་྾་་་་《ཐ》ཐྲ་྾་་་་《ད་》དྲ་྾་་་་《ན་》ནྲ་྾་་་་《པ་》པྱ་྾པྲ་྾་་་་《ཕ་》ཕྱ་྾ཕྲ་྾་་་་《བ་》བྱ་྾བྲ་྾་་་་《མ་》མྱ་྾མྲ་྾་་་་《ཟ་》ཟླ་྾་་་་《ར་》རླ་྾་་་་《ས་》སླ་྾་་་་《ཧ་》ཧྲ་྾ བཅས་ཡ་ར་ལ་ཡི་འདོགས་ཅན་གསུམ་པོ་གང་རུང་དང་ཕྲད་སྐབས་སྒྲ་འགྱུར་བ་དག་ཡིན།འདོགས་ཅན་དེ་གསུམ་གང་ཡང་མི་ཐོབ་པའི་ཡི་གེ་ཡང་ཡོད་དེ་《ང་ཅ་ཆ་ཇ་ཉ་ཙ་ཚ་ཛ་ཝ་ཞ་འ་ཡ་ལ་ཤ་ཨ་》བཅས་སོ། བརྡ་སྤྲོད་མཁས་པའི་གཞུང་ལུགས་རྒྱ་མཚོའི་ལྟོར།། གབ་པའི་རིན་ཆེན་འཐབས་པའི་ང་རོའི་དབྱངས།། བདག་བློའི་སྤིར་གྱི་རྩེ་མོས་རབ་བསྐུལ་ཏེ།། བློ་ལྡན་རྣ་བའི་བུ་ག་སྦིགས་བྱས་སོ།། ཞེས་བྱ་བ་ནི་ངལ་གསོའི་ཚིགས་སུ་བཅད་པའོ།། 《གསུམ་པ་ཡིག་གཟུགས་ཀྱི་བྱུང་བ་བརྗོད་པ་ནི་》 ཡིག་གཟུགས་ལ་རིམ་པ་ལྟར་གཉིས་ཤིག་བྱུང་ཏེ་གཟུགས་མཚོན་ཡི་གེའི་བྱུང་རིམ་དང་སྒྲ་མཚོན་ཡི་གེའི་བྱུང་རིམ་བཤད་པ་གཉིས་སོ་དེ་ཡང་གཟུགས་མཚོན་ཡི་གེ་ཏེ། གཙོ་བོ་ཕྱི་རོལ་གྱི་དངོས་པོའི་དབྱིབས་གཟུགས་ལས་སྐྱེ་བོའི་བསམ་ཚུལ་རྟོགས་ཐབས་བྱེད་པའི་གཟུགས་རིས་སྣ་ཚོགས་འབྲི་བའི་ཡི་གེ་ཞིག་དང་སྒྲ་མཚོན་གྱི་ཡི་གེ་ཞེས་ཕྱི་རོལ་དངོས་པོའི་དབྱིབས་སོགས་འབྲི་ཤེས་མིན་ལ་ལྟོད་མེད་ཐོག་སྐྱེ་བོའི་བསམ་ཚུལ་མཐའ་དག་ཇི་བཞིན་ཡིག་རིས་སུ་འཕབས་ནུས་པའི་ཡི་གེའི་གཟུགས་གཉིས་བྱུང་ཡོད་དེ་ན་ཡི་གེ་སྔ་ཕྱི་འདི་གཉིས་ལ་མཁས་པ་རྣམས་ཀྱིས་གཟུགས་མཚོན་ཡི་གེ་དང་སྒྲ་མཚོན་ཡི་གེ་ཞེས་མཚན་བཏགས་གནང་ཡོད་དེས་ན་ དང་པོ་གཟུགས་མཚོན་གྱི་ཡི་གེ་བཤད་པ་ནི། དེ་ཡང་གཟུགས་མཚོན་གྱི་ཡི་གེ་ནི་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཡར་སྔོན་ནས་བོད་ཡུལ་དུ་སྤྱོད་བཞིན་པའི་གནའ་རབས་ཀྱི་ཡིག་རྙིང་ཞིག་ཡིན་དེའི་བྱུང་རིམ་ལ་འདི་ལྟར་བཤད་གསྲོལ་ཞིག་ཡོད་དེ་སྔོན་དུས་ཡུལ་ག་གེ་མོ་ཞིག་ན་ལུག་རྫི་ཤིག་ཡོད་པ་རི་མགོར་ལུག་འཚོ་རུ་སྐྱོད་ནས་གཉིད་དུ་ཡུར་བའི་སྐབས་རྨིད་ལམ་དུ་བུད་མེད་ལང་འཚོ་དར་ལ་བབ་ཅིང་ལྷའི་བུ་མོ་ལྟར་མཛེས་ཤིང་ཡིད་དུ་འོང་བ་ཤིག་མཐོང་ཞིང་ཁོང་རྨིད་ལས་སད་དུས་བུད་མེད་དེར་ཤིན་ཏུ་ཆགས་ནས་ཇི་ལྟར་རྨིད་ལམ་དུ་མཐོང་བ་བཞིན་རྡོ་གཡམ་ཞིག་གི་སྟེང་བུད་མེད་དེའི་གཟུགས་བརྙན་རིས་སུ་བྲིས་པ་རྒྱུན་དུ་རང་གི་སྔས་མགོའི་འོག་ཉར་འཚགས་བྱས་པ་ཕྱིས་སུ་གཞན་གྱིས་མཐོང་ནས་འདི་སུ་དང་གང་ཞིག་ཡིན་ཅེས་དྲིས་སྐབས་དེ་ནི་རིའི་བུ་མོ་རེད་བཅེས་བཤད་པས་དེ་ནས་མི་རྣམས་ཀྱིས་རིའི་བུ་མོ་ཞེས་པ་འབོད་བདེར་སྤྱད་དེ་རི་མོ་ཞེས་པ་རྒྱུན་སྤྱོད་དུ་དར་བ་བྱུང་དེ་ནས་གཟུང་མི་རྣམས་ཀྱིས་རང་གི་རྣམ་རྟོག་གི་འཆར་སྣང་སྣ་ཚོགས་རིས་མོར་འཕབ་ཏེ་མི་བརྗེད་པ་བྱེད་བཞིན་པ་ལས་གཟུགས་མཚོན་གྱི་རི་མོ་འམ་གཟུགས་མཚོན་གྱི་ཡི་གེ་དེ་ཉིད་བྱུང་བ་ཞིག་ཡིན་འདིར་ཕྱུགས་རྫི་ལ་རྨི་ལམ་ཙམ་མིན་པར་འཇའ་ཅན་ལྟ་བུའི་ཡལ་ནས་འགྲོ་བའི་བུད་མེད་དངོས་སུམ་པ་ཞིག་མཐོང་ནས་རིས་མོར་བྲིས་ཅེས་བཤད་པ་ཡོད་ཀྱང་དོན་དངོས་ཐོག་དེ་གཉིས་ཀ་ཁ་རྒྱུན་ཙམ་ལས་མ་འདས་པས་གང་བཀོས་ཀྱང་མི་འགལ་བར་མཐོང་ནས་འདིར་རང་ཉིད་ཆུང་དུས་ནས་འདྲེས་སྲོང་ཚོས་བྱི་བ་རྣམས་ལ་མནའ་སྒྲུང་སྣ་ཚོགས་ཤིག་བཤད་པའི་ཁྲོད་ལས་གྲངས་པ་ཞིག་ཡིན་སྲོང་བཙན་སྔོན་ནས་བོད་རང་ན་སྤྱོད་པའི་རི་མོའི་ཡི་གེ་ཞིག་ཡོད་པ་ཡང་དིང་སྐབས་ས་འོག་ནས་འཐོན་བཞིན་པའི་སྲོང་བཙན་མ་བྱོན་སྔོན་གྱི་ཞང་ཞུང་གི་ཡུལ་དུ་དེ་སྐབས་ཀྱི་མངའ་བདག་ཚོས་བཞེང་གནང་བའི་རྡོ་རིང་གི་ཡི་གེ་དེ་དག་ལས་གསལ་སྟོན་བྱེད་བཞིན་ཡོད། སྐབས་དེ་དུས་ཀྱི་ཡི་གེ་ནི་ཐམས་ཅད་དེང་སྐབས་དང་མི་འདྲ་བར་ཐམས་ཅད་གང་བརྗོད་འདོད་ཀྱི་དངོས་པོ་སོ་སོའི་དབྱིབས་རིས་མོར་བྲིས་ཏེ་ཕན་ཚུན་བརྡ་སྤྲོད་བྱེད་ཀྱི་ཡོད་། དེ་ལྟའི་རིས་མོ་དེ་དག་ནི་རིས་མོ་ཙམ་དུ་མ་ཟད་དེ་སྐབས་ཀྱི་བོད་ཡིག་ངོ་མ་དེ་ཡིན་ཞིང་རིས་མོ་ནི་རྩ་་བའི་ཡི་གེ་འབྱུང་སའི་ཁུངས་ཤིག་ཀྱང་ཡིན་དེང་སྐབས་རི་མོ་དང་ཡི་གེ་གཉིས་སོ་སོར་གཤོད་བཞིན་ཡོད་ན་ཡང་ཡི་གེ་ནི་རི་མོའི་ས་མཚམས་ལས་འདས་མེད་ལ་མ་ཟད་དེང་སྐབས་སུ་ཡང་ཡུལ་འགའ་ཞིག་གི་སྐད་བརྡའི་ནང་དུ་ཡི་གེ་འབྲི་བ་ལ་རི་མོ་བྲིས་ཤིག་ཅེས་སྐུལ་བའི་ཚིག་ཏུ་སྤྱོད་བཞིན་པ་དེ་དག་གིས་ནི་སྔར་གྱི་གཟུགས་མཚོན་ཡི་གེ་ནི་སྒྲ་མཚོན་གྱི་ཡི་གེའི་མ་ཡུམ་ལྟ་བུ་ཡིན་པ་གསལ་སྟོན་བྱེད་བཞིན་ཡོད། མ་ཟད་དེང་སྐབས་མཚན་རིགས་ཀྱི་ནུས་པས་ལོ་ངོ་སྟོང་ཕྲག་དུ་མའི་ཡར་སྔོན་གྱི་མནའ་རབས་རིགས་གནས་མང་དག་ཞིག་དེང་སྐབས་སུ་སྐྱེ་བོ་ཁྲི་ཕྲག་དུ་མའི་མིག་སྔར་ལྟར་བཞིན་པ་དང་ལྷན་དུ་རང་རེ་བོད་ཀྱི་རིགས་པའི་གཞུང་ལུགས་དག་ཀྱང་ཇེ་གསལ་ནས་ཇེ་གསལ་དུ་འགྲོ་བཞིན་ཡོད་དེས་ན་སྲོང་བཙན་སྔོན་དུ་ཡི་གེ་ཡོད་ཀྱང་གཟུགས་མཚོན་ལས་སྒྲ་མཚོན་ཡི་གེ་ཐོན་མི་ཉིད་ཀྱིས་མཛད་གནང་བ་ལས་དེའི་ཡར་སྔོན་སྒྲ་མཚོན་ཡི་གེ་འདི་ལྟ་བུ་ཞིག་བྱུང་མེད། འཇང་ཡིག་གམ་སྟོན་པའི་ཡི་གེའི་ཆེད་མཉེར་ཞིབ་འཇུག་པ་ཆེན་པོ་རྒྱ་རིགས་མཁས་དབང་《ཧུ་ཊི་བོ་》ཞེས་པས་ཀྱང་རང་ཉིད་ཀྱི་ཚེ་གང་རིང་ཡིག་རིགས་ཞིབ་འཇུག་བྱས་པའི་བརྗེས་སུ་ད་ལྟ་ནག་ཆེའི་མི་རིགས་ཀྱི་སྤྱོད་བཞིན་པའི་འཇང་ཡིག་གམ་སྟོན་པའི་ཡི་གེ་དེ་ནི་སྲོང་བཙན་སྐབས་སློབ་དཔོན་ཐོན་མིས་སུམ་རྟགས་གཉིས་ཀྱི་གཞུང་བརྩམས་མ་གནང་གོང་དུ་སྤྱོད་བཞིན་པའི་བོད་ཀྱི་ཡི་གེ་རེད་བཅེས་བཤད་ཡོད་ལ་རང་རེའི་བོན་ཕྱོགས་ལ་བཞེན་པའི་མཁས་པ་ལ་ལས་ཀྱང་ཐོན་མིས་སྒྲ་ཡིག་མ་བྱས་པའི་སྔོན་སྨར་ཆེ་ཆུང་གི་ཡི་གེ་ཞིག་ཡོད་པར་ངོས་འཛིན་གནང་བཞིན་ཡོད་ཀྱང་དེ་མི་འཐད་པ་མཁས་པའི་ཁྱུ་མཆོག་ལྟ་བུ་དུ་མས་ལུངས་རིགས་ཀྱིས་བཀགས་པར་མཛད་འདུག་ལགས་ན་གུས་པས་དེ་དག་སླར་ཡང་འགོག་པའི་ངལ་བ་ཕར་མ་བྱས་མེད། གལ་ཏེ་ཐོན་མིའི་ལྗགས་བརྩོམ་སྒྲ་མཚོན་གྱི་ཕྱག་ཡིག་འདིའི་སྔོན་དུ་མཐུས་སྒོ་ཚང་བའི་སྒྲ་ཡིག་གཞན་ཞིག་ཡོད་ཚེ་དེས་ན་《སློབ་དཔོན་པདྨའི་བཀའ་ཐང་ལས་》《རྒྱ་གར་ཆོས་རྣམས་བོད་ལ་བསྒྱུར་བའི་ཚེ༔ རྒྱ་གར་ཡི་གེ་བོད་དུ་བསྒྱུར་མ་བཏུབ༔ 》 བཅེས་གསུངས་མི་དགོས་པར་ཐལ་བ་དང་བོད་དུ་ཀ་མད་གསུམ་བཅུ་ཡི་གེ་གཞན་ནས་དཔེ་རུ་ལེན་དགོས་པའི་ངལ་བ་དུ་མ་མཛད་དོན་མེད་དོ་ཞེས་སོགས་གནས་ལ་འཁེལ་བའི་རྒྱུ་མཚན་དུ་མས་སྒྲུབས་འདུག་པ་བཞིན་འཐད་པར་མཐོང་།ཐོན་མིའི་གོང་དུ་སྨར་ཆེ་ཆུང་གི་ཡི་གེ་ལྟ་བུ་ཤིག་ཡོད་ཚེ་ཐོན་མིས་ཡིག་རིས་རྒྱ་གར་ནས་དཔེ་བླངས་དོན་མེད་དེ་སྨར་ཆེ་ཆུང་གཉིས་ཀར་ཀ་མད་གསུམ་བཅུ་ཚང་བའི་ཡིག་གཟུགས་ཆ་ཚང་བ་འདུག་པའི་ཕྱིར་དང་།གལ་ཏེ་ཐོན་མིའི་ཡིག་རིས་ཀྱང་དེ་དག་ལ་དཔེར་བྱས་སོ་ཤེས་ན་དེ་ཡང་མི་འཐད་དེ་སྔོན་ནས་ད་བར་དུ་ཕྱོགས་ལྷུང་བྲལ་བའི་མཁས་པའི་གཙུག་རྒྱན་དུ་བཞེངས་པ་དེ་དག་ཀུན་མགྲིན་གཅིག་དབྱངས་གཅིག་གིས་ཐོན་མིའི་ཡིག་རིས་རྒྱ་གར་ནས་དཔེར་གནང་བ་མཐུན་གྲུབ་ཡིན་པའི་ཕྱིར་རོ།དེ་ནི་ཁྱེད་ཅག་སྨར་ཆེན་སྨར་ཆུང་གཙིགས་སུ་འཛིན་པ་རྣམས་ཇི་ཙམ་གྱིས་རིག་པས་བསྒྲུབ་ཀྱང་སྒྲུབས་མི་ཐུབ་པ་ནི་རང་ཅག་ཇི་ཙམ་གྱི་རིག་སྟོབས་དང་དཔྱད་རྒྱ་ཆེ་ཡང་སྐབས་དེ་དང་དེའི་ཡུལ་དེ་དང་དེར་གནས་ཚུལ་དང་བྱ་དངོོས་ཇི་འདྲ་ཤིག་བྱུང་མིན་ནི་རང་རེ་ལས་གནས་སྐབས་དེར་ཇི་ཙམ་ཉེ་བའི་མིས་དེ་ཙམ་གྱི་ཡུལ་དུས་དེའི་གནས་ཚུལ་གསལ་ངེས་ལྷག་པོ་ཡོད་དགོས་པ་ནི་ཆོས་ཉིད་ཀྱི་གཤིས་ལུགས་ཤིག་ཡིན་པའི་ཕྱིར་དེས་ན་སྨར་ཆེ་ཆུང་ལ་དཔེར་གནང་བ་མི་འཐད་སྙམས་ཡང་བློ་ལྡན་མཁྱེན་མཛངས་ཡངས་པ་ཚོས་རང་རང་གིས་ཞིབ་འཇུག་མཐར་ཕྱིན་པ་གནང་དགོས་གལ་ཆེར་མཐོང།སྨགས་མུན་བསེལ་བའི་ཀུན་གསལ་གྱི་དབང་པོ་མཁས་ཀུན་གྱི་ཡང་རྩེ་སློབ་དཔོན་ཐོན་མིས་སུམ་རྟགས་ཀྱི་གཞུང་ལྗགས་བརྩོམ་མ་མཛད་སྔོན་བོད་ལ་དེ་ལྟའི་གཟུགས་མཚོན་གྱི་ཡི་གེེ་ཞིག་ཡོད་པ་ནི་གོང་དུ་བཤད་པ་བཞིན་མངའ་རིས་ཁུལ་ཞང་ཞུང་དང་ཏུན་ཧོང་སོགས་ནས་འཐོན་པའི་བྲག་བརྐོས་དང་རྡོ་རིང་། དེ་མིན་སྔོན་གྱི་རྒྱལ་བློན་རྣམས་ཀྱིས་མནའ་དམ་བཅའ་བའི་ཚིག་བོད་སྐད་ཇི་བཞིན་རི་མོའི་གཟུགས་སུ་བརྐོས་ཡོད་པ། དཔེར་ན་ཉི་མ་དང་ཟླ་བ་སོགས་དངོས་པོ་རང་རང་གི་གཟུགས་བརྙན་བྲིས་ཡོད་པ་དང་། བཟང་ངན་སོགས་ལ་ཐིག་དཀར་ནག་གྱིས་ཁྱད་པར་ཕྱེད་ནས་བྲིས་ཡོད་པ་ནི། གནའ་བོའི་ཡིག་ཆ་རྙིང་པ་འདམས་སྒྲིགས་བྱས་ཡོད་པ་ལས་གསལ་རྟོགས་ཐུབ་ངེས་ཡིན། དེས་ན་སྲོང་བཙན་ཡར་སྔོན་ནས་བོད་ལ་ཡི་གེ་ཞིག་ཡོད་ན། འཕགས་ཡུལ་གྱི་གསུང་རབ་བོད་དུ་བསྒྱུར་མ་བཏུབ་པ་ཇི་ལྟར་འཐད་དེ་མི་ཐད་དོ་ཞེས་ན། དེ་ནི་མི་སྐྱོན་ཏེ་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྔོན་དུས་ནས་ཡི་གེ་ཡོད་ཀྱང་། དེ་ནི་གཟུགས་མཚོན་ཡི་གེ་ཞིག་ཡིན་པར་བརྟེན་སྐྱེ་བོའི་མིག་ལམ་དུ་སྣང་ནུས་ཀྱི་གཟུགས་ཅན་རག་པ་དགའ་ཞིག་རྡ་སྤྲོད་བྱེད་ནུས་པ་ལས་ལྡན་མིན་གྱི་དངོས་པོ་དང་། སེམས་འཚོར་ཀྱི་རིགས་དུ་མ་ཞིག་ཇི་བཞིན་གཞན་ལ་བརྡ་སྤྲོད་མི་ནུས་ལ། མ་ཟད་དམ་པའི་གསུང་རབ་ནི་གཙོ་ཆེར་སྐྱེ་བོའི་སེམས་རྒྱུད་དང་འབྲེལ་བའི་གཏམ་ཤ་སྟག་ཡིན་པས་དེ་ཉིད་བོད་དུ་བསྒྱུར་བར་འཐུས་སྒོ་ཚང་བའི་སུམ་རྟགས་ལྟ་བུའི་བརྡ་སྤྲོད་ཀྱི་སྒྲ་གཞུང་ཤིག་མེད་ན་རྒྱལ་བའི་གསུང་རབ་རྣམས་ཀྱང་རྒྱལ་བ་ཉིད་ཀྱི་བཀའ་དགོངས་བཞིན་བསྒྱུར་མི་ཐུབ་བ་དང་།རྒྱལ་ཁབ་ཕན་ཚུན་དབར་གྱི་ཡིག་འབྲེལ་ཡང་། མངའ་བདག་རྒྱལ་བོའི་དགོངས་པ། ཇི་ཡིན་ཇི་བཞིན་བརྡ་སྤྲོད་མི་ནུས་པ་སོགས་ཀྱི་རྐྱེན་གསུང་རབ་བོད་དུ་བསྒྱུར་མ་ཐུབ་པར་གསུངས་པ་ལས། དེ་སྐབས་སུ་བོད་ལ་ཡི་གེ་གཏན་ནས་མེད་པ་ནི་མིན་ནོ། གལ་ཏེ་དེ་ཙམ་ཀྱི་ཡི་གེ་ཡོད་པར་སྒྲུབ་མི་ནུས་ཏེ་དེ་དག་ནི་གཟུགས་བརྙན་ཙམ་ཡིན་པའི་ཕྱིར་རོ་སྙམས་ན་དེང་སྐབས་ཀྱང་ཡི་གེ་མེད་པར་ཧ་ཅང་ཐལ་ཆེ་སྟེ་ད་ལྟ་སྤྱོད་བཞིན་པའི་ཡི་གེ་བྲིས་པ་ཐ་དག་གཟུགསབརྙན་ཙམ་དུ་ཟད་པའི་ཕྱིར་རོ།གལ་ཏེ་གཟུགས་བརྙན་ཡི་གེ་མ་ཡིན་ཏེ་ཡི་གེ་ནི་སྐད་གདངས་ཀྱི་རྣམ་པར་འཇོགས་དགོས་པའི་ཕྱིར་སྙམས་ན་ཡང། ཡི་གེ་ནི་སྐད་གདངས་ཙམ་ལ་བཞག་པས་མི་སྒྲིགས་ཏེ་ཡི་གེ་མིག་གིས་མཐོང་པ་མི་སྲིད་པར་ཐལ་བ་དང་། ཡི་གེ་མེད་པའི་རྒྱལ་ཁབ་དང་ཡི་གེ་གསར་དུ་བཟོས་པའི་དུས་ཀྱང་འཇིག་རྟེན་འདིར་སྟོང་འགྲོ་བས་འཇིག་རྟེན་གྲགས་པ་དང་དངོས་སུ་དགལ་པ་མི་འདོད་བཞིན་ཁས་བླངས་དགོས་པ་འབྱུང་བའི་ཕྱིར་རོ། སྐྱོན་མེད་དེ་དེ་དག་ནི་ཡི་གེའི་གཟུགས་བཟོས་པ་དང་ཡི་གེའི་གཟུགས་མཐོང་བས་དེ་དག་བཟོས་པ་དང་མཐོང་བར་འཇོགས་པ་ཡིན་ནོ་ཟེར་ན་ནི། ཡི་གེ་བྲིས་པ་དང་ཀློག་པ་ཁ་འདོན་སོགས་གང་བྱས་ཐམས་ཅད་ལ། ཡི་གེའི་གཟུགས་བྲིས་པ་དང་ཡི་གེའི་གཟུགས་ཀློགས་པ་ཞེས་སོགས་ཐམས་ཅད་ལ་ཁྱད་པར་དེ་ལྟར་སྦྱོར་དགོས་ན་དེ་ནི་ཤིན་ཏུ་ནས་དོན་མེད་ངལ་བའི་གནས་སུ་རང་གིས་དང་བླངས་ཀྱིས་བཞུགས་པ་ཡིན་ནོ། སྔོན་བྱོན་མཁས་མཆོག་དུ་མས་ཡི་གེའི་ངོ་བོ་འམ་མཚན་ཉིད་འཇོགས་སྐབས་《མིང་ཚིགས་གཉིས་ཀྱི་རྩོམ་གཞིར་གྱུར་བའི་སྐད་ཀྱི་མདངས་ཤིག་ལ་》ཟེར་བ་ཡིན་ཞེས་ཀུན་གྱི་གཅིག་མཐུན་ལྟ་བུར་གསུངས་བཞིན་ཡོད་ཀྱང་དེའི་ཚིག་དོན་ནི་སྐད་མདངས་ཙམ་ཁོ་ན་ཡི་གེར་གསུངས་པ་མ་ཡིན་ཏེ་གལ་ཏེ་དེ་ལྟར་ན་གོང་དུ་བཤད་པའི་སྐྱོན་རྣམས་འབྱུང་བ་མཁས་པའི་ཡང་རྩེར་སོན་པ་དེ་དག་གིས་མ་དགོངས་པ་དང་མ་གཟིགས་པ་ཤིག་ག་ལ་ཡིན་ཏེ་མ་ཡིན་ནོ།འོ་ན་ཡི་གེའི་མཚན་ཉིད་ཀྱི་དོན་ཇི་ལྟར་ཡིན་ཞེས་ན་དེ་ནི་འདི་ལྟར་འཇོག་གོ་སྙམས་ཏེ།《མིང་ཚིག་གཉིས་ཀྱི་བརྩོམ་གཞིར་གྱུར་བའི་སྐད་ཀྱི་མདངས་སམ་སྐད་མདངས་དེ་མཚོན་པའི་ཆ་ནས་བཞགས་པའི་བརྡ་མཚོན་གང་རུངས་སུ་དམིགས་པ་》དེ་ཡི་གེའི་དོན་ནམ་མཚན་ཉིད་དུ་འཇོགས་འགོས་སྙམས་དཔེར་ན་དབྱངས་ཀྱི་སྐབས་《ང་རོའི་རྣམ་པ་ཅན་གྱི་ཆ་ན་བཞགས་པ་》ཞེས་ཆ་བཞགས་སྨྲོས་པ་ལ་གོ་བ་གཉིས་ཤིག་ལེན་བཞིན་ཡོད་པ་བཞིན་ཏེ་འགའ་ཤིག་གིས་ཆ་བཞགས་ཀྱི་དོན་སྒྲ་མདངས་སམ་སྐད་མདངས་ཀྱི་ཆ་ནས་བཞགས་པར་གོ་བ་ལེན་བཞིན་འདུག་ཀྱང་དེ་ནི་མི་ཐད་པར་མཐོང་ཏེ་ང་རོའི་རྣམ་པ་ནི་སྒྲ་མདངས་སམ་སྐད་མདངས་ལ་གོ་འགོས་པས་དེས་ན་ང་རོའི་རྣམ་པ་ཞེས་སྨྲོས་ཟིན་ནས་སླར་ཡང་དེའི་ཆ་ནས་བཞགས་ཞེས་སྨྲས་པ་ནི་ང་རོའི་རྣམ་པ་ང་རོའི་རྣམ་པ་ཅན་ཞེས་པ་དང་གཉིས་སུ་མེད་པས་དགོས་མེད་ཀྱི་སྒྲ་ཟློས་པའི་དོན་ཏུ་སོང་སྟབས་དེའི་ཕྱིར་བཤད་པ་དེ་མི་འོས་སོ།དེས་ན་ཆ་བཞགས་ནི་ངག་དོན་གོ་ནུས་ཀྱི་རིས་མོའི་གཟུགས་བརྙན་དེར་གོ་དགོས་པས་མདོར་ན་《ང་རོའི་རྣམ་པའམ་དེ་མཚོན་པའི་ཆ་ནས་བཞགས་པའི་བརྡ་མཚོན་གང་རུངས་སུ་དམིགས་པ་》དབྱངས་ཀྱི་དོན་དུ་འཇོགས་དགོས་སྙམས་སོ།དེ་ལྟར་དུ་བཞགས་པ་ནི་ཡི་གེ་དང་དབྱངས་ཀྱི་གོ་དོན་ཆ་ཚང་བ་ཐོན་པ་ཡིན་སྙམས་ཤིང་གོ་དོན་དེར་འཇོགས་ན་རང་གཞན་ཐམས་ཅད་ངལ་བའི་གནས་དུ་མ་ལས་གྲོལ་བར་མཐོང་ངོ་།དེང་སྐབས་བོད་བཞུགས་མཁས་དབང་དུ་མས་ལྷན་འཛོམ་དཀའ་སྤྱད་ལས་གྲུབ་པའི་<བོད་རྒྱ་ཚིག་མཛོད་ཆེན་མོའི་>ནང་དུ་ཡང་ཡི་གེའི་ངོ་བའམ་གོ་དོན་འཇོགས་སྐབས་《སྐད་ཀྱི་སྒྲ་གདངས་ཀྱི་གཞི་རྩ་་མཚོན་བྱེད་ཀྱི་བརྡ་》ཞེས་གསུངས་པར་ཡང་གོ་རྒྱུ་ཧ་ཅང་ཆེ་སྙམས་ལྷག་པར་དེང་དུས་འཛམ་གླིང་གང་དུ་ཕྱིན་ཀྱང་འདྲ།ཡང་ན་ཡུལ་ལུང་གཞན་གྱི་མཁས་པ་སུ་ཡིན་ཡང་རང་གི་བསམ་ཚུལ་དག་ཤོག་ངོས་སུ་བརྐོས་པ་འདི་ཐ་དག་ཡི་གེ་ཡིན་པར་ངོས་འཛིན་པ་ལས་འདི་དག་ནི་ཡི་གེའི་གཟུགས་ཡིན་གྱིས་ཡི་གེ་མ་ཡིན་ཞེས་སྨྲ་བ་སུ་ཡང་མི་འདུག་ན་དེང་སྐབས་ཀྱི་འཛམ་གླིང་ནང་ཡི་གེ་གང་ཡིན་ངོས་འཛིན་ཐུབ་པ་རང་ཅག་བོད་ཀྱི་མཁས་པ་གཅིག་པུ་ཡིན་ཞེས་སྨྲ་དགོས་ན་ནི་ཡུལ་ལུང་གཞན་གྱི་མཁས་པ་ཆེན་པོ་དེ་ཐ་དག་ཆེས་བཞད་རྒད་ཀློང་བའི་གཏམ་དུ་འདུག་པས་རང་རེའི་བརྡ་སྤྲོད་སྨྲ་བ་རྣམས་ཀྱིས་ཀྱང་《སློབ་མ་དད་པ་ཅན་གྱིས་བླ་མ་ཟོག་པོར་བཏངས་》ཞེས་པའི་དཔེར་མ་སོང་བར་རང་རེའི་སྔོན་བྱོན་གྱི་མཁས་གྲུབ་དེ་དག་དང་ལྷག་པར་གངས་ཅན་མཁས་མཆོག་ཀུན་གྱི་ཅོད་པན་རྣམ་དཔྱོད་ཀྱི་པིར་རྩེ་ཐོག་ལྟར་རྣོ་བའི་སློབ་དཔོན་ཆེན་པོ་ཐོན་མི་གང་ཉིད་ཀྱི་མཚན་སྙན་དགུང་དུ་སྟེགས་ཏེ་ཕྱི་ནང་མཁས་པ་ཀུན་ཀྱང་ཡིད་ཕྲོག་པའི་གནས་ཞིག་ཏུ་བསྐྲུན་མ་ཐུབ་རུང་ཕྱི་གླིང་མཁས་པ་དག་གི་མདུན་སར་མཚན་སྨད་དུ་འགྲོ་བའི་རྒྱུར་མི་བརྩོན་པའི་རེ་བ་སྙིང་ཁོང་ནས་ཞུ།གཞན་ཡང་ཡིད་ཟབ་དགོས་པ་ཞིག་ལ་དེང་སྐབས་ཀྱི་མཁས་མིང་འཛིན་པ་ཀུན་གྱིས་བརྡ་སྤྲོད་ཀྱི་གཞུང་འདི་གཞན་ལ་སློབ་བཤད་སོགས་གནང་སྐབས་ཀྱང་མ་བརྟགས་མ་དཔྱད་པར་ཚིག་འགྲེལ་ཐེབ་ཐུབ་ཙམ་གྱི་དཔེ་འཁྲིད་ཀྱི་ས་མཚམས་དེ་ལས་ཅུང་ཟད་བརྒལ་ཏེ་སློབ་མར་དགོས་ངེས་ཀྱི་ལེགས་བཤད་གསར་པ་གང་མང་བསྐྲུན་ཐབས་གནང་དགོས་པ་ནི་དུས་ཕྲང་འདིར་གལ་ཆེར་མཐོང་ངོ་།། 《གཉིས་པ་སྒྲ་མཚོན་གྱི་ཡི་གེའི་བྱུང་རིམ་བཤད་པ་ནི་》 དེ་ཡང་བོད་ཀྱི་སྒྲ་མཚོན་གྱི་ཡི་གེ་ནི་<ཏུནཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་>སྤྱི་ལོ་༡༩༩༢་ལོར་མི་རིགས་དཔེ་སྐྲུན་ཁང་ནས་པར་བའི་དེབ་གཟུགས་ཤོག་གྲངས་་༦༠་ནང་(བོད་ལ་སྔ་ན་ཡི་གེ་མྱེད་པ་ཡང་བཙན་པོ་འདི་འྀ་ཚེ་བྱུང་ནས་)ཞེས་འཁོད་པ་བཞིན་དུས་རབས་བདུན་པའི་ནང་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་གོང་དུ་གཟུགས་མཚོན་ཡི་གེའི་སྐབས་སུ་བཤད་པ་བཞིན་འཐུས་སྒོ་ཚང་བའི་སྒྲ་མཚོན་གྱི་ཡི་གེ་ཤིག་མེད་པའི་དཀའ་ཚིགས་དེ་དག་ལ་བརྟེན་འཕགས་མཆོག་འཇིག་རྟེན་དབང་ཕྱུག་མི་ཡི་གར་གྱིས་རྣམ་པར་རོལ་བ་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་ཕྲལ་ཕུགས་ཀྱི་སྤྱན་འགྱང་རིང་དུ་བསྲིངས་ཏེ་འབྱུང་འགྱུར་གྱི་གངས་ལྗོངས་དེ་ཉིད་ཆོས་དང་ཆབ་སྲིད་དཔལ་འབྱོར་རིགས་གནས་གང་ལའང་གཞན་ངོར་ནོང་མི་དགོས་པའི་དགོངས་དཀྱིལ་ཟབ་མོས་བློ་གྲོས་ཀྱི་མཛང་པ་ཕུལ་དུ་ཕྱིན་པའི་བཀའ་ཡི་བློན་པོ་དག་ཕྱོགས་དང་མཚམས་རྣམས་སུ་གངས་ཕྲུག་རྣམ་དཔྱོད་ཅན་དུ་མ་འདེམས་སྒྲུག་ཏུ་མངགས་པ་ལས་གཞོན་ནུ་ཉིད་ནས་མཁྱེན་རབ་ཀྱི་དཔལ་རབ་ཏུ་འབར་ཞིང་དཀའ་སྤྱད་ལ་ཇི་མི་སྙམས་པར་བཟོད་ཐུབ་ཞིང་། གཞན་དོན་སྒྲུབ་པ་ལ་གཅིག་ཏུ་དཔའ་བའི་སློབ་དཔོན་ཆེན་པོ་ཐོན་མི་སམབྷོཊ་ཞེས་པ་མཚན་སྙན་པའི་བ་དན་སྲིད་རྩེར་འདྲེང་བ་དེ་ཉིད་དང་གཞན་ཡང་རྣམ་པར་དཔྱོད་པ་ཤིན་ཏུ་བཀྲ་བའི་གངས་རིའི་བུ་ཕྲུག་དག་དང་། ཁྱོན་སློབ་ཕྲུག་བཅུ་ཕྲག་གཅིག་འདམས་བསྲེས་ཀྱིས་ཤེས་རིགས་ཀྱི་རྒྱ་མཚོ་མཁའ་ལ་ཕྱོ་ཞིང་གངས་ལྗོངས་ཀྱི་ནང་བསྟན་རིགས་པའི་མ་ཡུམ་ཆེན་མོ་བདེན་པ་མངོན་སུམ་དུ་གཟིགས་པའི་སྐྱེ་ཆེན་དམ་པ་དཔག་དུ་མེད་པ་འབྱུང་བའི་གནས་རྒྱ་གར་ཞེས་གྲགས་པའི་ཡུལ་དེར་གསེར་དངུལ་རིན་ཆེན་དར་ཟབ་སོགས་ཀྱི་རྫོངས་པ་བསམ་གྱིས་མི་ཁྱབ་པ་དང་བཅས་གངས་ལྗོངས་མུན་པའི་གླིང་འདིར་ཤེས་རིགས་ཀྱི་འོད་སྣང་སྐྲུན་ཕྱིར་དུ་བཀའ་ཡིས་མངགས་། ཁོང་རྣམས་ལས་གཞན་དག་ཕལ་ཆེར་ནི་ཁ་བའི་བསིལ་རེག་གིིས་སྐྱངས་བའི་ཀུ་མུད་ལ་ཚ་སྡུག་གི་ཉི་མའི་གནོས་འཚེ་ཕོགས་པ་བཞིིན་མི་བཟོད་པའི་ཚ་ཟེར་དྲགས་པོས་བཙན་པས་ཡུན་རིང་མ་འགོར་བར་དགའ་ཞིག་རང་ཡུལ་དུ་ཕྱིར་ཕེབས་དགོས་བྱུང་ཤིང་དགའ་ཞིག་རྒྱ་གར་རང་དུ་ཚད་པས་སྨྱུང་ནས་སྐུ་ཚེ་ཡི་འདུས་བྱས་སོ།འོན་ཀྱང་སྔོན་བསགས་ལས་འབྲེལ་ཀྱི་སྨོན་ལམ་བཟང་པོས་བོད་ཡུལ་མུན་པའི་གླིང་འདིར་ལེགས་པར་མཚམས་སྦྱར་པའི་ཐོན་མི་ཀུན་ཏུ་བཟང་པོ་འདི་ཉིད་ནི་ཁ་བ་གངས་ཅན་པའི་བདེ་སྡུག་ཁོ་ནའི་ཆེད་དམིགས་ཀྱིས་དཀའ་སྡུག་གང་ལའང་ཇི་མི་སྙམས་པར་ལོ་ངོ་བདུན་ཙམ་གྱི་རིང་རྒྱ་གར་ཡུལ་དུ་བཞུགས་ནས་ཡུལ་དེའི་རིགས་གཞུང་སྤྱི་དང་ཁྱད་པར་སྒྲ་ཡི་བསྟན་བཅོས་རྣམས་དང་ཡིག་རིགས་འདྲ་མིན་ཇི་ཡོད་ལ་ཞིབ་འཇུག་མཐར་ཕྱིན་པ་མཛད་དེ་ཕྱིར་བོད་ཡུལ་དུ་ཕེབས་ནས་བོད་རང་གི་དེ་སྐབས་སྤྱོད་བཞིན་པའི་སྐད་ཀྱི་གདངས་དང་ཐ་སྙད་གང་ཡོད་རྣམས་ལ་ངག་ནས་འདོན་སྐབས་སྦྱོར་བ་འབད་བརྩོལ་དྲགས་ཞན་ལས་སྒྲ་ཡི་མཐོ་དམའ་ཇི་འཐོན་ཇི་བཞིན་མ་ནོར་མ་འདྲེས་པར་ཐུགས་རྟོགས་ལེགས་པར་ཕྱུག་ཏེ་རྒྱ་གར་གྱི་ཡི་གེ་དང་བོད་རང་གི་སྐད་གདངས་གཉིས་དཔྱད་བསྡུར་རྣམ་པར་དག་པ་གནང་ནས་གངས་ཅན་པ་རང་གི་སྐད་གདངས་དང་དངོས་པོའི་ཐ་སྙད་སོགས་ལ་ཉེ་བར་འཁོ་བ་བསྡུ་བའི་དབང་དུ་མཛད་དེ་རྒྱ་གར་གྱི་དབྱངས་ཡིག་བཅུ་དྲུག་ཏེ་《ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨ༔》ཡོད་པ་རྣམས་ལས་༼ཨི་ཨུ་ཨེ་ཨོ་༽སྟེ་ཐུང་བའི་དབྱངས་ཡིག་བཞི་མ་གཏོག་པའི་ཨཱ་ཨཱི་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨོ་ཨཽ་ཨཾ་ཨ༔སྟེ་བཅུ་གཉིས་དོར་བ་དང་། གསལ་བྱེད་སོ་བཞི་སྟེ་《ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ་》བཅས་ཡོད་པ་ལས་ གྷ་ཛྷ་ཌྷ་དྷ་བྷ་ཥ་ཀྵ་སྟེ་བདུན་དོར་བའི་ལྷག་མ་ ༼ཀ་ཁ་ག་ང་། ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཡ། ར་ལ་ཤ་ས། ཧ།༽སྟེ་ཉེར་གསུམ་ཡོད་པ་དེའི་སྟེང་དབྱངས་རྣམས་ལས་༼ཨ་༽བསྣན་པས་གསལ་བྱེད་ཀྱི་ཡི་གི་ཉེར་བཞི་དང་དེའི་སྟེང་བོད་སྐད་རང་ལ་ཉེ་བར་འཁོ་བའི་༼ཅ་ཆ་ཇ་ཞ་ཟ་འ་༽སྟེ་དྲུག་བསྣན་པས་ཁྱོན་བོད་ཀྱི་སྐད་ཡིག་ལ་མང་མི་དགོས་ཤིང་ཉུང་ན་མི་བསྡུས་པའི་གསལ་བྱེད་ཀྱི་ཡི་གེ་ ༼ཀ་ནས་ཨ་བར་༽གསུམ་བཅུ་ཐམ་པ་གཏན་ལ་འཕབས་པ་མཛད་ཅིང་དེ་ལྟར་གཏན་ལ་འཕབས་པ་དེ་རྣམས་ལས་ཀྱང་མིང་གཞིའི་རྗེས་སུ་འཇུག་པ་༼ག་ང་ད་ན་བ་མ་འ་ར་ལ་ས་༽བཅུ། སྔོན་དུ་འཇུག་པ་ ༼ག་ད་བ་མ་འ་༽ལྔ།སྔོན་རྗེས་གང་ལའང་མི་འཇུག་པའི་ཡི་གེ་༼ཀ་ཁ་ཅ་ཆ་ཇ་ཉ་ཏ་ཐ་པ་ཕ་ཙ་ཚ་ཛ་ཝ་ཞ་ཟ་ཡ་ཤ་ཧ་ཨ་༽ཉི་ཤུ་ཐམ་པར་ཆ་བགོས་གནང་ནས་དེ་དག་ལ་ཡང་ར་ཡིག་མགོ་ཅན་གྱི་ཡི་གེ་བཅུ་གཉིས།ལ་ཡིག་མགོ་ཅན་གྱི་ཡི་གེ་བཅུ།ས་ཡིག་མགོ་ཅན་གྱི་ཡི་གེ་བཅུ་གཅིག་དང་།དེ་ནས་ཡ་ཡིག་མིང་གཞིའི་འོག་ནས་བཏགས་པ་བདུན།ར་ཡིག་མིང་གཞིའི་འོག་ནས་བཏགས་པ་བཅུ་གསུམ་དང་།ལ་ཡིག་མིང་གཞིའི་འོག་ནས་བཏགས་པ་དྲུག་དང་།ཝ་ཡིག་མིང་གཞིའི་འོག་ནས་ཡར་བཏགས་པ་བཅུ་གཉིས་བཅས།མདོར་ན་གངས་ཅན་བོད་ཀྱི་ཡི་གེ་ཞེས་པ་འཇིག་རྟེན་གྱི་ཁམས་ཆེན་པོ་འདིར་སྔར་ན་མེད་པའི་མུན་བསེལ་གྱི་སྒྲོན་མེ་ཉི་མ་ལས་ཀྱང་ཆེས་ཆེར་གསལ་བ་ཤིག་མཛད་དོ། ས་ཆེན་མུན་པས་ཐིབས་པའི་སྨག་རུམ་ན།། མཁའ་དབྱིངས་འོད་དཀར་ལང་འཚོ་ངོམ་པ་བཞིན།། ཤེས་རྨོང་དྲི་མས་གཡོག་པའི་རྒྱལ་ཁམས་འདིར།། ལྕེ་གཉིས་སྨྲ་བ་ཐོན་མིའི་དྲིན་གྱིས་ཁྱབས།།

སུམ་བཅུ་པའི་གཞུང་དང་དེ་འབྲེལ་གྱི་ཡི་གེའི་སྒྲ་འདོན་ཚུལ་ལྷན་ཐབས་དང་བཅས་པ་[རྩོམ་སྒྲིག]

༄༅།།བླ་མ་རྣམས་ལ་ཕྱག་འཚལ་ལོ།།

སྙིགས་དུས་འགྲོ་བའི་ཚོགས་ཀྱི་རྒྱ་མཚོའི་ཁར།། མ་ལུས་སྐྱེ་དགུ་འདྲེན་མཁས་མགྱོགས་འགྲོའི་གྲུ།།    

ནམ་ཡང་ཐུགས་བརྩེའི་རླུང་གིས་རབ་སྐྱོད་པའི།། ཕན་བདེའི་རྩ་ལག་ཤཱཀྱའི་གཙོ་དེར་འདུད།། དུས་གསུམ་ཚོགས་གཉིས་དྲི་བཞོན་མཐུ་ཡི་ནི།། དུས་གསུམ་རྒྱལ་བའི་ཐུགས་རྗེ་མ་དྲོས་མཚོ།། དུས་གསུམ་འགྲོ་བའི་ཡིད་ཀྱི་ཞིང་ཁམས་ན།། དུས་གསུམ་གཡེལ་མེད་དཔལ་སྟེར་འཇམ་མགོན་མཆོད།། ཤིན་ཏུ་བཟོད་དཀ༵འ་དཀ༵འ་སྤྱད་ཀྱིས་ཐོབ་པའི།། བརྡ༵་སྤྲོད་ཕུལ་བྱུང་བྷོ་ཊའི་སྐད་ཀྱི་བརྡ༵།། ཁ་བའི་ལྗོངས་སུ༵་སུ༵་ཡིས་མི་ནུས་པ།། བྱེད༵་པོར་བཞེང་པ་ཐོན་མིར་ཕྱག་མཆོད་བྱེད༵།། ཇི་བཞིན་མི་རིག་གཉིད་ཐིབས་ཡིད་ཀྱི་ཞིང་།། འཁྲུལ་འཇུག་རྒུད་དགུ་བསྐྲུན་ནུས་དུག་གསུམ་ཀུན།། ཡེ་ཤེས་མེ་ཆེན་དེས་བསྲེགས་བཤེས་གཉེན་དེར།། དགོས་མཆོག་ཐོབ་དོན་མགོ་བོས་མཆོད་བསྟོད་དོ།། ཐོན་མིའི་ཐུགས་ཀྱི་ཏི་སི་ལས་འཁྲུངས་ཡན་ལག་བརྒྱད་ལྡན་བརྡ་སྤྲོད་གཞུང་།། ལོ་པཎ་མགྲིན་པའི་ཡུར་ལས་དྲངས་པའི་ཁ་བབས་རྣམ་བཞིའི་རྒྱུན་བཟང་འདི།། ལེགས་པར་འཁྱིལ་བའི་ཐུགས་རྗེའི་གཱངྒ་འཛིན་མཁས་དངོས་སུ་འབྲེལ་ཐོབ་བའི།། མཁས་སོགས་གསུམ་ལྡན་བཤེས་གཉེན་ཀུན་ལ་བདག་གིས་སྙིང་ནས་མཆོད་བར་བགྱི།། རྒྱལ་ཀུན་སྤྱི་གཟུགས་འཇིག་རྟེན་གསུམ་གྱི་མགོན།། སྣ་ཚོགས་སྤྲུལ་བའི་རྣམ་རོལ་ཆོས་ཀྱི་རྒྱལ།། སྔོན་བྱོན་ལོ་པཎ་རྒྱུད་པར་བཅས་རྣམས་ལ།། སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་བགྱིའོ།། དེ་ལྟར་ཕྱག་འཚལ་བ་དང་བསྟོད་པ་སྔོན་དུ་བཏང་ནས་བྱ་བ་གང་ལ་འཇུག་པ་ནི།དེ་ཡང་བོད་གངས་ཅན་གྱི་ལྗོངས་སུ་གཙུག་ལག་ཐམས་ཅད་ཀྱི་རྩ་བ་བརྡ་སྤྲོད་མཐུན་མོང་གི་རིགས་པའི་གཞུང་ལུགས་འདི་ཉིད་ཡིན་ལ།འདི་ཉིད་ས་ལའི་ལྗོངས་འདིར་འཐུས་སྒོ་ཚང་བའི་རིགས་པའི་གཞུང་ལུགས་ཤིག་ཏུ་ཐོག་མའི་བྱེད་པ་པོ་ནི་ཐོན་མི་ཀུན་ཏུ་བཟང་པོ་ཉིད་ཡིན་ཞིང་།ཁོང་ཉིད་ཀྱིས་ཐོག་མར་ཡི་གེ་བཟོ་བརྩམས་པའི་སྐབས།དེ་དུས་ཀྱི་གངས་ཅན་པ་རང་གི་སྐད་གདངས་ཇི་ལྟ་བ་དེ་བཞིན་མིང་ཚིགས་གང་འདྲ་ཞིག་ལ་ཡང་སྔོན་རྗེས་མགོ་འདོགས་དབྱངས་དང་བཅས་པའི་སྒྲ་སྦྱོར་ཚུལ་གསལ་བཞིན་གསལ་བའི་བསྟན་གཅོས་སུམ་རྟགས་གཉིས་ལ་སོགས་པ་སྒྲ་སྦྱོར་གྱི་ཡི་གེའི་བཤད་པ་རྣམ་པར་དག་པའི་བསྟན་གཅོད་ཆེན་པོ་བརྒྱད་ཙམ་ཞིག་མཛད་ཡོད་པར་གྲགས་ཀྱང་།དེང་གི་བར་སྲིད་དབང་གིས་འཕོ་འགྱུར་སྣ་ཚོགས་ཀྱིས་གཡོ་ཁྱོམ་ཁྲོད་ཐོན་མི་རང་གིས་ལྗགས་བརྩོམ་མཛད་གནང་བའི་སུམ་རྟགས་གཉིས་ཀྱི་གཞུང་ལུགས་ཙམ་ལས།གཞུང་གཞན་རྣམས་དིང་སྐབས་ཐོས་འཛིན་གྱི་བུ་སྒོར་བསྟན་གཅོད་ཀྱི་མཚན་སྙན་གྲངས་འདྲེན་ཙམ་ལས་ཐོས་བསམ་འཇུག་ཡུལ་གྱི་གཞི་ལ་བཞུགས་མེད་པ་དང་།སུམ་རྟགས་ཀྱི་རྩ་བ་གཉིས་ཀྱང་དུས་ཡུན་དེ་དག་གི་རིང་མཁས་པ་དཔག་དུ་མེད་པ་དུ་མས་དགོངས་འགྲེལ་གྱི་གཞུང་བརྒྱ་ཕྲག་བརྒལ་བ་བརྩམས་ཤིང་།མཁས་པ་རེ་རེས་ཀྱང་རྩ་བའི་གཞུང་ལ་ཚིགས་འགྱུར་སྣ་ཚོགས་ཤིག་འཐོན་ཏེ།དེང་སྐབས་རང་རེ་གསར་བུ་བ་རྣམས་ལ་ཐོན་མི་རང་གི་མགུལ་ངག་ལས་འཁྲུངས་པའི་སུམ་རྟགས་ཀྱི་གཞུང་ལུགས་འཁྲུལ་མེད་དེ་ཇི་ཡིན་ཤེས་པ་ཤིན་ཏུ་ནས་དཀའ་ཚིགས་ཆེ་བའི་གནས་སུ་ལྷུང་བ་དང་།མ་ཟད་སྤྱི་ཚོགས་ནང་ཡུལ་ལུང་གཞན་དང་འབྲེལ་འདྲིས་ཇེ་ཆེར་འགྲོ་བ་དང་ལྷན་རང་རེའི་སྐད་དང་བརྡ་སྤྲོད་ཀྱི་གཞུང་འདི་ཉིད་ཀྱང་དེ་མུར་འགྱུར་བ་སྣ་ཚོགས་ཀྱི་ཁྲོད་མ་དག་རྒྱུན་བྱམས་ཀྱིས་བསྲེས་ལྷད་འགྲོ་བཞིན་ཡོད་ལ།དེ་དང་ཆབས་གཅིག་ཏུ་རང་རེ་ཕལ་ཆེ་བས་ཡི་གེའི་སྒྲ་སྦྱོར་ལ་གོམས་པ་མེད་པར་ཡིག་ངོ་ཆོད་ཙམ་གྱིས་ཡི་གེ་ཤེས་པར་རློམས་ཏེ།མ་དག་པ་རྒྱུན་སྤྱོད་ཡུན་རིང་བྱས་པར་བརྟེན་དེང་སྐབས་སུ་ཤིན་ཏུ་ནས་རིན་ཐང་ཆེ་བའི་སྒྲ་སྦྱོར་གྱི་རིགས་གནས་འདི་ཉིད།ཉམས་རྨས་ཚབ་ཆེ་བྱུང་བས་སྐྱེ་བོ་ཕལ་ཆེ་བས་ཡི་གེ་འདོན་སྐབས་སྔོན་རྗེས་མགོ་འདོགས་སོགས་ཡོད་མེད་ལ་མ་ལྟོད་པར།ཡིག་གཟུགས་མི་འདྲ་བ་དུ་མ་ངག་ནས་འདོན་སྐབས་སྒྲ་ཡི་བྱེ་བྲག་ཁྱད་པར་མེད་པ་ཐོན་དང་འཐོན་བཞིན་པ་དེ་དག་བྱུང་བ་ཡིན།དེར་བརྟེན་རང་རེ་བརྡ་སྤྲོད་ཀྱི་གཞུང་ལ་ཐོས་བསམ་སློབ་གཉེར་ལ་གསར་དུ་འཇུག་པའི་སྐྱེ་བོ་གྲངས་མེད་པ་ཞིག་ལ་ཡི་གེའི་སྒྲ་མ་དག་པའི་དཀའ་ངལ་མྱོང་དང་མྱོང་བཞིན་ཡོད་པ་དང་།དེང་སྐབས་གངས་ལྗོངས་རིགས་པའི་སྙིང་གཅུས་ཐུབ་བསྟན་ནང་ཆོས་རིང་ལུགས་ཀྱང་དུས་སྐབས་ཀྱི་དགོས་ཁོ་དང་ལྟུན་ཞིང་༧གོང་ས་མཆོག་གི་སྐུའི་ཕྲིན་ལས་དང་བགྲོགས་ཏེ་ལྷོ་གླིང་འདི་ཡི་སྐྱེ་བོ་ས་ཡ་དུ་མར་ཆེས་ལྕི་བའི་སེམས་ངལ་གྱི་ནད་གཅོང་དྲག་པོ་དག་གསོ་བའི་སྨན་མཆོག་ཏུ་སོང་གཤིས་ཡུལ་གཞན་གྱི་སྐྱེ་བོའི་ཁྱུ་མཆོག་དུ་མ་ངང་མོ་པདྨའི་མཚོར་འཇུག་གི་དཔེ་ལྟར་ངང་གི་འདུས་ཤིང་དེ་དང་ཆབས་ཅིག་ཏུ་འདབས་ལྡན་གྱི་ཀུནྡ་རབ་ཏུ་རྒྱས་ཤིང་གསུང་ཞིམ་གྱི་དྲི་བཟང་ཕྱོགས་བརྒྱར་སྤྲོ་བ་ལ་མཐའ་ཀླད་ཀྱི་བུང་བ་ཤོག་ཟུང་གིས་སྐྱོད་དེ་རོ་མངར་ཟིལ་འབྲུའི་རྩི་བཅུད་ལ་རོལ་ཞིང་དགའ་སྐྱིད་ཀྱི་འདབས་གཡོ་དྲི་བཟའ་ཡི་གླུ་གར་ལ་རྩེན་པ་ཇི་བཞིན་བོད་བརྡའི་གཞུང་ལུགས་འདི་ཉིད་ལ་ཡང་སློབ་གཉེར་བྱེད་མི་ཇེ་མང་ནས་ཇེ་མང་དུ་འགྲོ་བར་བརྟེན་དེ་དག་ཀྱང་དངོས་ར་མ་ཕྲོད་པའི་དཀའ་ངལ་དེ་དག་ལས་གྲོལ་ཏེ་རང་འདོད་ལྟར་བོད་རྒྱུད་ནང་བསྟན་ལ་ཐོས་བསམ་ཀྱིས་འཇུག་པ་ལ་ཅུང་ཟད་སྨན་པའི་སླད་དུ་དང་ལྷག་པར་སྤྱང་ལུང་ཆོས་ལྡིངས་དགོན་གྱི་མཁན་རིན་པོ་ཆེ་རྗེ་བཙུན་ངག་དབང་ཀུན་གསལ་གྱི་ཞལ་སྔ་ནས་དང་།གཞན་ཡང་འབྲེལ་ཡོད་ལས་སྣེ་རྣམས་ནས་དེ་ག་དགོན་པའི་རིགས་གནས་སློབ་འཁྲིད་གསར་འཛུགས་མཛད་འཆར་གྱི་སློབ་མའི་དཔེ་དེབ་ལ་ཉེ་བར་ཁོ་བའི་ཚིག་ཚོགས་ཉུང་ལ་གོ་བདེ་བའི་བརྡ་སྤྲོད་ཀྱི་གཞུང་བཤད་གཅིག་དགོས་གལ་འདུག་པ་བཞིན་ཁྱེད་ནས་ངེས་པར་འགྲུབ་ཐུབ་པ་འགྱིད་དགོས་ཞེས་བཀའ་ལྕི་སྤྱི་བོར་ཕེབས་པར་བརྟེན་རིགས་གནས་ལ་ཤིན་ཏུ་ནས་ལྟ་ཐོག་ཞན་པའི་བདག་ལ་མཚོན་ན་ཧ་ཅང་གི་དཀའ་ཁག་ཞིག་ཡིན་རུང་དུས་གསུམ་རྒྱལ་བ་ཀུན་ལས་བཀའ་དྲིན་ལྷག་པར་ཆེ་བའི་རྣལ་འབྱོར་བ་ཆེན་པོ་གསང་བདག་གྲུབ་པའི་དབང་ཕྱུག་སྐྱབས་རྗེ་མཁན་རིན་པོ་ཆེའི་བཀའ་མངགས་དང་གཞན་ཡང་ཆོས་གྲོགས་རྙིང་པ་འགས་ནན་ཆེར་བསྐུལ་བའི་རེ་བ་ཆུ་ཟོས་སུ་མི་འགྲོ་བ་དང་རང་ཡང་གཞུང་འདི་ལ་གོམ་པ་ལྷག་པར་འགྱུར་པའི་ཆེད་དུ་དམིགས་སུམ་ཅུ་བའི་གཞུང་དང་འབྲེལ་བའི་ཡི་གེའི་བཤད་པ་ཉུང་ངུ་རེ་བྱེད་འདོད་ཀྱི་སྤྲོ་བ་བཏད་སོ།། དེ་ན་དེ་ལ་དང་པོ་ཡི་གེའི་སྐྱེ་གནས་བཤད་པ་དང། གཉིས་པ་སྒྲ་ཡི་སྦྱོར་ཚུལ། གསུམ་པ་ཡིག་གཟུགས་ཀྱི་བྱུང་བ་བརྗོད་པ། བཞི་པ་ཡི་གེའི་ངོ་བོ། ལྔ་པ་དབྱེ་བ། དྲུག་པ་ཕྲད་རྣམ་དབྱེ་དང་བཅས་པ་བཤད་པ། བདུན་པ་བཤད་ཀྱི་རྣམ་དབྱེ་ཅུང་ཟད་བཤད་པ། བརྒྱད་པ་སུམ་ཅུ་པའི་གཞུང་གི་རྩ་ཚིགས་ལ་མི་མཐུན་པ་ཇི་ཡོད་ངོས་འཛིན་མདོར་བསྡུས། དགུ་པ་ཡིག་གཟུགས་གཅིག་ལ་དོན་ཐ་དད་པའི་ཁྱད་པར་སྣ་ཚོགས། བཅུ་པ་ཚིག་བསྡུས་ལྷུག་བཀྲོལ་ཉུང་ངུ་། བཅུ་གཅིག་པ་འཇུག་གི་བྱ་བ་བཅས་ཡོད་པ་ལས་ 《དང་པོ་ཡི་གེ་རྣམས་གང་ལས་སྐྱེ་བའི་གནས་བཤད་པ་》སྤྱིར་གནས་ཀྱི་གཙོ་བོ་རྣམས་ལ་ཉེ་རིང་གི་ཕྱེ་ན་དུ་མ་ཕྱེད་དུ་ཡོད་ཀྱང་དེ་རྣམས་ལས་གཙོ་ཆེ་བ་རྣམས་བརྗོད་ན། གཞུང་གཞན་དུ་བརྒྱད་ཡོད་པར་གསུངས་ཏེ།《མགྲིན་པ། སྣ། སྤྱི་བོ། ཁོག་པ། རྐན། ལྕེ། སོ། མཆུ།》བཅས་ཡིན། འོན་ཀྱང་སྐབས་འདིར་གཙོ་ཆེར་དྲུག་གི་ནང་བསྡུ་བ་ཡིན་དེ། 《མགྲིན་པ། སྤྱི་བོ། སྣ། རྐན། སོ། མཆུ།》བཅས་སོ། དེ་ཡང་ཀ་མས་སུམ་ཅུ་པོ་དེ་དག་གནས་དེ་དག་གང་དང་གང་ལས་ཀ་སོགས་གང་དང་གང་འཐོན་པ་ནི་འདི་ལྟར་ མགྲིན་པ་ནས་ཐོན་པ།《ཀ་ཁ་ག་འ་ཧ་ཨ་》དྲུག་དང་། སྤྱི་བོ་ནས་ཐོན་པ། 《ར》གཅིག་དང་། སྣ་ནས་ཐོན་པ།《ང་ཉ་ན་》གསུམ་དང་། རྐན་ནས་ཐོན་པ།《ཅ་ཆ་ཇ་ཙ་ཚ་ཛ་ཞ་ཟ་ཡ་ཤ་》བཅུ་དང་།། སོ་ནས་ཐོན་པ།《ཏ་ཐ་ད་ལ་ས་》ལྔ་དང་། མཆུ་ནས་ཐོན་པ། 《པ་ཕ་བ་མ་ཝ་》ལྔ་བཅས་ཡོད།སྐྱེ་གནས་ཀྱི་ཆ་བགོས་བྱས་པ་འདི་ཡང་།གཙོ་བོའི་ཆ་ནས་ཡི་གེ་ཐམས་ཅད་གནས་དེ་དག་དུ་འདུས་པ་ཙམ་ལས་སྐྱེ་གནས་གཞན་དང་ཅུང་ཙམ་ཡང་མ་འགྲེས་པར་གོང་གི་སྐྱེ་གནས་དེ་དག་རང་རྐྱ་ཁོ་ན་ལས་སྒྲ་འདོན་ཐུབ་པ་མ་ཡིན་ནོ།།དེ་ན་འདིར་ཁོག་པ་དང་ལྕེ་ནས་ཐོན་པ་གཉིས་ཟུར་དུ་མི་བཤད་པའི་རྒྱུ་མཚན་ནི་འོག་ཏུ་འཆད་འདོད་པས་འདིར་ངལ་བ་མ་བྱས་སོ།འོ་ན་སྐྱེ་གནས་དེ་རྣམས་ལས་ཡི་གེའི་སྒྲ་དབྱུང་ཚུལ་ཇི་ལྟར་ཡིན་ཞེས་ན།དེ་ཡང་ཡོད་དེ།ཡི་གེ་རྣམས་རང་གི་སྐྱེ་གནས་གང་ཡིན་དེ་དང་སྐྱེ་གནས་གཞན་དངོས་སུ་འཕྲད་པའམ་ཡང་ན་དེ་དང་ཉེ་བར་སྦྱར་བ་ན་སྒྲ་རྣམས་ཡི་གེ་རང་རང་གི་ངོ་བོ་མཚོན་ནུས་སུ་འབྱིན་ནུས་པ་ཡིན།དེ་ལྟར་སྐྱེ་གནས་རྣམས་སྦྱར་ནས་སྒྲ་འབྱིན་ཚུལ་ནི།འདི་ལྟར་སྐྱེ་གནས་གཙོ་བོ་མགྲིན་པར་ཡོད་པའི་ཡི་གེ་དྲུག་ལས་《ཀ་ཁ་ག་》གསུམ་ནི་ལྕེ་རྩ་མགྲིན་པ་དང་ལྕེ་རྩེ་མས་སོར་སྦྱར་ཏེ་རླུང་ཕྱི་རོལ་དུ་ཅུང་ཟད་ཤུགས་ཆེ་བས་འབུད་ཚེ་《ཀ》གསལ་པོར་ཐོན་ཞིང། དེ་ལས་ཅུང་ཟད་རླུང་ཤུགས་ཆུང་དུ་བཏང་ནས་འབུད་ཚེ་《ཁ》གསལ་བ་དང་།དེ་ལས་ཀྱང་ཅུང་ཟད་ཆུང་བས་འབུད་ན་《ག་》ཡི་སྒྲ་གསལ་པོར་ཐོན་ཐུབ།ལྷག་མ་《འ་ཧ་ཨ་》གསུམ་ནི་མགྲིན་པ་ལྷོད་ཅིང་ལྕེ་ཅུང་ཟད་རྦོམ་པོར་བྱས་ནས་དབུག་ལྷོད་ཀྱིས་ཕྱིར་ཕྱུང་ན་《འ་》དང། དེ་ལས་ མགྲིན་པ་ཅུང་ཟད་དོག་ཅིང་དབུག་ཕྱིར་ཕྱུང་སྐབས་《ཧ་》དང་།དེ་ལས་ཀྱང་མགྲིན་པ་ཅུང་ཟད་དོག་ཅིང་དབུག་ཤུགས་ཅུང་ཆེ་བས་རླུང་ཕྱི་རོལ་དུ་འབུད་ན་《ཨ་》ཡི་སྒྲ་གསལ་པོར་ཐོན་ཐུབ།དེ་ཡང་མདོར་ན་མགྲིན་ཡིག་དྲུག་ལས་དང་པོ་དྲུག་དབུག་ཕྱིར་འབྱིན་སྐབས་སྒྲ་གརྩོལ་ཆེ་རིམ་དང་ཕྱི་མ་གསུམ་ཆུང་རིམ་ནས་ཡིན།སྐྱེ་གནས་ཀྱི་གཙོ་བོ་སྤྱི་བོ་སྟེ་རྩེ་མོ་ཞེས་བྱ་ལ་དེ་ལས་ཐོན་པའི་ཡི་གེ་ནི་《ར་》ཡིག་གཅིག་པོ་ཡིན་ནོ་དེའི་སྒྲ་འབྱིན་ཚུལ་ནི་རྐན་ཕུག་གི་དབུས་དང་ལྕེ་ཡི་དབུས་གཉིས་ཐུག་ལ་ཁད་ཀྱི་སྒོ་ནས་ལྕེ་རྩེ་ནང་དུ་བཀུག་ནས་ཡ་རྐན་ལ་མ་སྦྱར་ཙམ་གྱིས་དབུག་ཅུང་ཤུགས་ཆེ་བས་ཕྱིར་དབྱུང་ན་《ར་》ཡི་སྒྲ་གསལ་པོ་ཐོན་ཡོང་།སྐྱེས་གནས་ཀྱི་གཙོ་བོ་སྣ་ནས་ཐོན་པའི་ཡི་གེ་ནི《ང་ཉ་ན་》གསུམ་ཡིན་སྤྱིར་ན་ཡི་གེ་འདི་གསུམ་སྐྱེ་གནས་གཞན་དུ་བཤད་པ་ཡོད་ཀྱང་སྐབས་འདིར་འདི་དག་གཙོ་བོའི་སྦྱོར་བ་དབུག་འབྱིན་ས་སྣ་ནས་ཡིན་པར་སོང་དེར་བཤད་པ་ཡིན།དེ་ཡང་སྒྲ་སྦྱོར་སྐབས་ཁ་ཡི་ཡ་རྐན་གྱི་ཕུབ་ལ་དུམ་བུ་གསུམ་དང་ལྕེ་ལེབ་ལ་དུམ་བུ་གསུམ་ཕྱེས་བས་རྐན་གྱི་སྦུག་དང་དབུས་མཐའ་གསུམ་ལ་རིམ་པས་ལྕེ་རྩ་ལྕེ་དབུས་ལྕེ་རྩེ་གསུམ་རིམ་བཞིན་སྦྱར་ཙམ་རེ་བྱས་ཏེ་དབུག་སྣ་ནང་ནས་ཕྱི་རོལ་དུ་ཤུགས་ཆེ་རིམ་ནས་ཕྱུང་སྐབས་《ང་ཉ་ན་》གསུམ་གྱི་སྒྲ་རིམ་པས་གསལ་པོར་ཐོན་ཐུབ། སྐྱེ་གནས་གཙོ་བོ་རྐན་ལ་བརྟེན་པའི་ཡི་གེ་ནི་《ཅ་ཆ་ཇ་ཙ་ཚ་ཛ་ཞ་ཟ་ཡ་ཤ་》བཅས་ཡི་གེ་བཅུ་ཐམ་པ་ཡོད་པ་ལས་དེ་དག་གི་སྒྲ་འབྱིན་ཚུལ་ནི་ 《ཅ་ཆ་ཇ་ཞ་ཡ་ཤ་》དྲུག་པོ་ནི་ཡ་ཁའི་རྐན་འབུར་རིམ་པའི་ནང་ངོས་དེར་ལྕེ་དུམ་བུ་གསུམ་དུ་ཕྱེ་བའི་དབུས་མར་ཉེ་བ་སྦྱར་ཏེ་དབུག་ཤུགས་ཅུང་ཟད་ཆེར་བྱས་ནས་ཕྱི་རོལ་དུ་ཕྱུང་ཚེ་ཡི་གེ་《ཅ་》ཡི་སྒྲ་གསལ་པོར་ཐོན་འོང་།ཅ་ལས་གནས་སྦྱར་བ་དང་དབུག་དབྱུང་བ་གཉིས་ཀྱི་བརྩོལ་བ་རྣམས་ཤུགས་ཇེ་ཆུང་ཇེ་ཆུང་དུ་བཏང་ཚེ་ཡི་གེ་《ཆ་ཇ་》གཉིས་ཀྱི་སྒྲ་མ་འདྲེས་པར་སོ་སོར་ཐོན་ཐུབ། དེ་ལས་《ཞ་ཡ་ཤ》་གསུམ་ནི།སྐྱེ་གནས་སྦྱར་ཚུལ་སྔར་བཞིན་ལ་དབུག་དབྱུང་ཚུལ་ཆེ་རིམ་ནས་དབྱུང་ཚེ་《ཞ་ཡ་ཤ་》གསུམ་གྱི་སྒྲ་སོ་སོར་མ་འདྲེས་པར་ཐོན་ཐུབ།དེ་ནས་《ཙ་ཚ་ཛ་ཟ་》བཞི་ནི་རྐན་འབུར་རིམ་པའི་ཕྱི་ངོས་སམ་ཡང་ན་སོ་རྩར་ཉེ་བའི་གནས་དེར་ལྕེ་དུམ་བུ་གསུམ་པའི་དབུས་མ་ཡོལ་ཏེ་ལྕེ་རྩེར་ཧ་ཅང་ཉེ་བའི་གནས་གཉིས་ཅུང་ཟད་ཤུགས་ཆེ་བར་སྦྱར་ནས་དབུག་ཕྱིར་ཕྱུང་ཚེ་《ཙ་》དང་། གནས་གཉིས་དང་དབུག་དབྱུང་བའི་སྦྱོར་བ་གཉིས་དེ་ལས་ཅུང་ཟད་ལྷོད་དུ་ལྷོད་དུ་བཏང་ཏེ་རླུང་ཕྱིར་ཕྱུང་ཚེ་ཡི་གེ་ལྷག་མ་《ཚ་ཛ་ཟ་》རྣམས་ཀྱི་སྒྲ་གསལ་པོར་ཐོན་ཐུབ། སྐྱེ་གནས་ཀྱི་གཙོ་བོ་སོ་ལ་བརྟེན་པའི་ཡི་གེར་《ཏ་ཐ་ད་ལ་ས་》ལྔ་ཡོད་པ་ལས་《ཏ་ཐ་ད་ལ་》བཞི་ནི་སྐྱེ་གནས་སོ་ཡི་ནང་དང་ལྕེ་ཡི་རྩེ་མོའི་གནས་གཉིས་སྦྱར་བ་དང་དབུག་དབྱུང་ཚུལ་རྣམས་སྔ་མ་ལས་ཕྱི་མ་ཅུང་ལྷོད་དུ་ལྷོད་དུ་བཏང་ནས་དབུག་ཕྱིར་དབྱུང་ཚེ་《ཏ་ཐ་ད་ལ་》བཞིའི་སྒྲ་ཐོན་ཅིང་ལྷག་པར་ལར་ལྕེ་གཡས་གཡོན་གཉིས་ནས་དབུག་ཅུང་ཡང་བའི་ཚུལ་གྱིས་གློད་དགོས་དེ་ནས་མས་སོའི་ནང་ངོས་སུ་ལྕེ་རྩེ་སྦྱར་ནས་ལྕེ་དུམ་བུ་གསུམ་པའི་དབུ་མར་ཉེ་བའི་གནས་ཡ་རྐན་གྱི་འབུར་རའི་ནང་ངོས་སུ་ཐུག་ཙམ་དང་ཡས་སོའི་ནང་ངོས་སུ་ཐུག་ལ་ཁས་ཀྱིས་དབུག་འབྲིང་ཙམ་གྱིས་ཕྱིར་ཕྱུང་ན་ཡི་གེ་《ས་》ཡི་སྒྲ་གསལ་པོར་ཐོན་ཐུབ།སྐྱེ་གནས་ཀྱི་གཙོ་བོ་མཆུ་ལ་བརྟེན་པའི་ཡི་གེ་《པ་ཕ་བ་མ་ཝ་》ལྔ་ཡོད་པ་ལས་《པ་ཕ་བ་མ་》བཞི་ནི་ཡས་མས་ཀྱི་མཆུ་གཉིས་སྡམས་ཏེ་དབུག་ཡང་ཅུང་དྲགས་པའི་ཚུལ་གྱིས་ཕྱིར་ཕྱུང་ན་《པ་》ཡི་སྒྲ་ཐོན་ཅིང་། མཆུ་དང་དབུག་དབྱུང་བའི་སྦྱོར་བ་གཉིས་པ་ལས་ཅུང་ཟད་ལྷོད་དུ་ལྷོད་དུ་བཏང་ཚེ་ཕྱི་མ་《ཕ་བ་མ་》གསུམ་རིམ་བཞིན་གསལ་པོར་ཐོན་ཐུབ།དེ་ནས་མཆུ་གཉིས་མ་ཕྲད་པར་སྒོར་མོའི་དབྱིབས་སུ་ཅུང་སྡམས་ཏེ་ཁ་ནང་ཡང་པོར་བྱས་ནས་དབུག་ཕྱིར་ཕྱུང་ན་《ཝ་》ཡིག་གི་སྒྲ་གསལ་པོར་ཐོན་ཐུབ་པ་ཡིན། གཞུང་གཞན་ལས་ཡི་གེའི་སྐྱེ་གནས་བརྒྱད་ཞེས་བཤད་ཡོད་ཀྱང་།སྐབས་འདིར་ཁོ་བོས་དྲུག་ལས་གཞན་ཁོག་པ་དང་ལྕེ་གཉིས་ལས་འཐོན་པའི་ཡི་གེ་ཞེས་ལོགས་སུ་བཤད་པ་བྱས་མེད།དེ་ཡང་ཡི་གེ་ཐམས་ཅད་རླུང་རྒྱུ་བའི་ཁོག་པར་མི་བརྟེན་པ་དང་ལྕེ་ཅུང་ཙམ་ཡང་མ་གཡོས་པར་ཡི་གེ་གང་གི་ཡང་སྒྲ་དབྱུང་དུ་མེད་ལ་དེ་གཉིས་སོ་སོ་ལས་སྐྱེས་པའི་ཡི་གེ་ཞེས་ལོགས་སུ་ཕྱེད་ན་གནས་གཞན་གྱིས་ཐུན་མིན་བརྩོལ་བས་གྲུབ་པའི་ཡི་གེ་ཡང་ལོགས་སུ་བཞགས་ཏུ་མེད་པར་འགྱུར་བས།སྐྱེ་གནས་གཞན་བཤད་མི་དགོས་པའི་སྐྱོན་ཡང་བྱུང་བའི་ཕྱིར་དེ་གཉིས་ལས་སྐྱེད་པའི་ཡི་གེ་ཟུར་དུ་མ་བཤད་པ་དང་གཞུང་གཞན་དུ་ཡང་སྐྱེ་གནས་བརྒྱད་ཞེས་སྤྱིར་དབྱེ་བ་ཙམ་ལས་ཡི་གེ་རྣམས་སྐྱེ་གནས་སོ་སོར་བགོ་བའི་ཚེ་གོང་གི་དྲུག་པོ་དེ་ལས་གཞན་ཁོག་པ་དང་ལྕེ་གཉིས་ལས་སྐྱེ་བའི་ཡི་གེ་ཞེས་བཤད་པ་ཡང་ཕལ་ཆེར་ལ་མི་སྣང་ཞིང་དེ་ལྟར་མི་བཤད་པའི་རྒྱུ་མཚན་བཤད་པ་གཞན་མ་མཐོང་ཡང་གོང་གི་རྒྱུ་མཚན་དེ་ལས་གཞན་ཞིག་མེད་པར་སྙམས་འོ་ན་སྐྱེ་གནས་དེ་གཉིས་ལས་སྐྱེད་པའི་ཡི་གེ་ཟུར་དུ་མི་བཤད་ན་དེ་གཉིས་སྐྱེ་གནས་ཀྱི་གྲངས་སུ་འགྲེན་པ་ཇི་ལྟར་ཡིན་ཞེས་ན་ཡི་གེ་སྐྱེ་བར་སྦྱོར་བས་སྒྲ་འབྱིན་སྐབས་སྐྱེ་གནས་དེ་གཉིས་ལ་ཅུང་ཙམ་ཡང་མ་བརྟེན་པའི་ཡི་གེ་ཕལ་ཆེར་མེད་པར་བརྟེན་དེ་གཉིས་ཡི་གེའི་སྐྱེ་གནས་གཙོ་ཆེ་བའི་གྲས་སུ་བགྲངས་པ་ཡིན་ནོ།། སྐྱེ་གནས་དེ་རྣམས་མདོར་བསྟན་རིའུ་མིག་ལ་སྦྱར་ནས་བཤད་ན་འདི་ལྟར།

སྐྱེ་གནས་། རླུང་ཤུགས་ཆེ་ཆུང་བར་མའི་རིམ་པ། ཆེ་རིམ། ཆུང་རིམ། བར་མ། མགྲིན་པ། ཀ་ཁ་ག་ འ་ཧ་ཨ་ སྤྱི་བོ། ར་ སྣ། ང་ཉ་ན་ རྐན། ཅ་ཆ་ཇ་ཙ་ཚ་ཛ་ཟ་ ཞ་ཡ་ཤ་ སོ། ཏ་ཐ་ད་ལ་ ས་ མཆུ། པ་ཕ་བ་མ་ ཝ་ འདིར《ར་ས་ཝ་》གསུམ་བར་མའི་རླུང་འཐབས་སུ་བཤད་པ་ནི་ ཡི་གེ་དེ་རྣམས་དབུག་ཕྱུང་སྐབས་རང་དང་རིམ་འགྲོས་ཀྱི་གྲོགས་གཞན་མེད་པར་བརྟེན་རིའུ་མིག་ནང་བར་མར་བཤད་པ་ལས་སྐྱེ་གནས་གང་ཡིན་ནི་གོང་དུ་གནས་བགོས་བྱས་པ་ལས་རྟོགས་པར་བྱའོ།

                            མཁས་མཆོག་ཐོན་མིའི་ཐུགས་ཀྱི་རྒྱ་མཚོོའི་རླབས།

རིང་ནས་ཕྱུར་བའི་དགོངས་དོན་ཟིལ་བའི་ཆབས། རིག་པའི་མཁའ་ལ་འཕགས་པའི་ཆར་སྤྲིན་ལས། བློ་དམན་ཀུནྡའི་རྣམ་དཔྱོད་འདབས་བརྒྱ་བསྐྲོལ། ཞེས་བར་སྐབས་ཀྱི་ཚིགས་སུ་བཅས་པའོ།།

《གཉིས་པ་སྒྲ་ཡི་སྦྱོར་ཚུལ་བཤད་པ་ལ།》 དེ་ཡང་མིང་གཞིའི་ཡི་གེ་རྣམས་ཀྱི་སྒྲ་སྦྱོར་ཚུལ་ཇི་ལྟར་ཡིན་པ་ནི་སྔར་ཀྱི་ཡི་གེ་སོ་སོའི་སྐྱེ་གནས་ཀྱི་སྐབས་སུ་བཤད་ཟིན་པ་དེ་ལས་ལོགས་སུ་སྒྲ་སྦྱོར་ཚུལ་ཡང་གཞན་མེད་པས་གོང་དུ་བཤད་པ་དེས་ཆོག་པར་བྱས་ཡོད་ལ།གཞན་མགོ་འདོགས་དབྱངས་དང་བཅས་པའི་ཡི་གེའི་སྒྲ་སྦྱོར་ཚུལ་རྣམས་རིམ་པ་བཞིན་བཤད་པར་བྱ་བ་ལ་དང་པོ། ༄༅།།མགོ་ཅན་གྱི་ཡི་གེའི་སྒྲ་སྦྱོར་ཚུལ། དེ་ཡང་ར་མགོ་ཅན་ལ་སྦྱར་བས་མགོ་ཅན་ ༡༽རྐ་ ༢༽རྒ་ ༣༽རྔ་ ༤༽རྗ་ ༥༽རྙ་ ༦༽རྟ་ ར་ཀ་བཏགས་རྐ་ ར་ག་བཏགས་རྒ་ ར་ང་བཏགས་རྔ་ ར་ཇ་བཏགས་རྗ་ ར་ཉ་བཏགས་རྙ་ ར་ཏ་བཏགས་རྟ་ ༧༽རྡ་ ༨༽རྣ་ ༩༽རྦ ༡༠༽རྨ ༡༡༽རྩ ༡༢༽རྫ ར་ད་བཏགས་རྡ་ ར་ན་བཏགས་རྣ་ ར་བ་བཏགས་རྦ་ ར་མ་བཏགས་རྨ་ ར་ཙ་བཏགས་རྩ་ ར་ཛ་བཏགས་རྫ་ ༡༽ལྐ་ ༢༽ལྒ་ ༣༽ལྔ་ ༤༽ལྕ་ ༥༽ལྗ་ ༦༽ལྟ་ ༧༽ལྡ་ ༨༽ལྤ་ ༩༽ལྦ་ ༡༠༽ལྷ ༡༽སྐ་ ༢༽སྒ་ ༣༽སྔ་ ༤༽སྙ་ ༥༽སྟ་ ༦༽སྡ་ ༧༽སྣ་ ༨༽སྤ་ ༩༽སྦ་ ༡༠༽སྨ་ ༡༡༽སྩ་ གཞན་ལ་རིག་བསྒྲེ་བར་བྱའོ། ༄༅།།འདོགས་ཅན་གྱི་ཡི་གེའི་སྒྲ་སྦྱོར་ཚུལ། ༡༽ ཀྱ་ ༢༽ ཁྱ་ ༣༽ གྱ་ ༤༽ པྱ་ ༥༽ ཕྱ་ ༦༽ བྱ་ ༧༽ མྱ་ ཀ་ཡ་བཏགས་ཀྱ་ ཁ་ཡ་བཏགས་ཁྱ་ ག་ཡ་བཏགས་གྱ་ པ་ཡ་བཏགས་པྱ་ ཕ་ཡ་བཏགས་ཕྱ་ བ་ཡ་བཏགས་བྱ་ མ་ཡ་བཏགས་མྱ ༡༽ ཀྲ་ ༢༽ ཁྲ་ ༣༽གྲ་ ༤༽ཏྲ་ ༥༽ཐྲ་ ༦༽དྲ་ ༧༽ནྲ་ ཀ་ར་བཏགས་ཀྲ་ ཁ་ར་བཏགས་ཁྲ་ ག་ར་བཏགས་གྲ་ ཏ་ར་བཏགས་ཏྲ་ ཐ་ར་བཏགས་ཐྲ་ ད་ར་བཏགས་དྲ་ ན་ར་བཏགས་ནྲ་ ༨༽ པྲ་ ༩༽ ཕྲ་ ༡༠༽ བྲ ༡༡༽ མྲ་ ༡༢༽ སྲ་ ༡༣༽ ཧྲ་ པ་ར་བཏགས་པྲ་ ཕ་ར་བཏགས་ཕྲ་ བ་ར་བཏགས་བྲ་ མ་ར་བཏགས་མྲ་ ས་ར་བཏགས་སྲ་

ཧ་ར་བཏགས་ཧྲ་

༡༽ཀླ་ ༢༽གླ་ ༣༽བླ་ ༤༽ཟླ་ ༥༽རླ་ ༦༽ སླ་ ཀ་ལ་བཏགས་ཀླ་ ག་ལ་བཏགས་གླ་ བ་ལ་བཏགས་བླ་ ཟ་ལ་བཏགས་ཟླ་ ར་ལ་བཏགས་རླ་ ས་ལ་བཏགས་སླ་ ༡༽ཀྭ་ ༢༽ཁྭ་ ༣༽གྭ་ ༤༽ཉྭ་ ༥༽དྭ་ ༦༽ཚྭ་ ཀ་ཝ་ཟུར་ཀྭ ཁ་ཝ་ཟུར་ཁྭ་ ག་ཝ་ཟུར་གྭ་ ཉ་ཝ་ཟུར་ཉྭ་ ད་ཝ་ཟུར་དྭ་ ཚ་ཝ་ཟུར་ཚ ༧༽ ཞྭ་ ༨༽ ཟྭ་ ༩༽ རྭ་ ༡༠༽ལྭ་ ༡༡༽ ཤྭ་ ༡༢༽ ཧྭ ཞ་ཝ་ཟུར་ཞྭ་ ཟ་ཝ་ཟུར་ཟྭ་་ ར་ཝ་ཟུར་རྭ་ ལ་ཝ་ཟུར་ལྭ་ ཤ་ཝ་ཟུར་ཤྭ་ ཧ་ཝ་ཟུར་ཧྭ འདིར་འདོགས་ཅན་གྱི་ཡི་གེ་བཤད་པའི་སྐབས་ར་འདོགས་ལ་ངོས་འཛིན་བྱེད་ཚུལ་ལ་ཅུང་ཟད་མི་འདྲ་བ་འགའ་རེ་འདུག་པ་འདི་ལྟར།མཁས་དབང་ཚེ་རྟན་ཞབས་དྲུང་གི་ཐོན་མིའི་ཞལ་ལུང་ཤེས་རིགས་དཔར་མ་དེབ་གཟུགས་ཤོག་གྲངས་《༡༧》ནང་།ར་འདོགས་ཅན་ངོས་འཛིན་སྐབས།ར་བཏགས་ལ་《མྲ་》འདི་མ་བཤད་པར་《ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་སྲ་ཧྲ་》བཅས་བཅུ་གཅིག་གི་གྲངས་སུ་བྱས་པ་དང་། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཚིག་མཛོད་ཆེན་མོ་བོད་རིག་པ་དཔེ་སྐྲུན་ཁང་ནས་དཔར་བ་དེབ་གཟུགས་སྨད་ཆ་ཤོག་གྲངས་《༡༨༨༡》ནང་ར་བཏགས་ངོས་འཛིན་ལ་《ཏྲ་ཐྲ་》གཉིས་མེད་པར་《ཤྲ་》བསྣན་ཏེ་《ཀྲ་ཁྲ་གྲ་དྲ་པྲ་ཕྲ་བྲ་མྲ་ཤྲ་སྲ་ཧྲ་》སྟེ་བཅུ་གཅིག་གི་གྲངས་འདྲེན་བྱས་པ་དང་། བོད་རྒྱ་ཚིག་མཛོད་ཆེན་མོ་མི་རིགས་དཔེ་སྐྲུན་ཁང་ནས་སྤེལ་བ་དེབ་གཟུགས་སྨད་ཆ་ཤོག་གྲངས་《༢༦༣༥》ནང་།གོང་གི་སྔ་མ་དང་མི་འདྲ་བར་ཐྲ་མི་བཤད་པར་མྲ་བཤད་པ་དང་། གོང་གི་ཕྱི་མ་དང་མི་འདྲ་བར་ཏྲ་བཤད་ཅིང་ཤྲ་མི་བཤད་པར་《ཀྲ་ཁྲ་གྲ་ཏྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཧྲ་》བཅས་བཅུ་གཅིག་ཏུ་གྲངས་འདྲེན་པ་དང་།དག་ཡིག་གསར་བསྒྲིགས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་སྤེལ་བ་དེབ་གཟུགས་ཤོག་གྲངས་《༧༣༥》ནང་ར་བཏགས་ཅན་གྱི་ཡི་གེ་《ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཧྲ་》བཅས་བཅུ་གཉིས་ཀྱི་གྲངས་འདྲེན་བྱས་པ་ནི་གོང་གི་དུང་དཀར་བློ་བཟང་འཕྲིན་ལས་ལགས་ཀྱི་ཤྲ་ཞེས་པ་འདིར་མ་འཁོད་པ་མ་གཏོགས་བཤད་ཚུལ་འདི་ནི་དེ་དག་ཐམས་ཅད་ཀྱི་ཕྱོགས་བསྡོམ་ལྟ་བུ་ཞིག་ཏུ་སྣང་ངོ།།བཤད་ཚུལ་དེ་དག་གི་དང་པོས་འདོགས་ཅན་མྲ་འདི་ཡོད་པར་མ་བཤད་པའི་རྒྱུ་མཚན་གང་ཡིན་གསལ་བཤད་མེད་ཀྱང་འདི་ནི་མེད་པར་ཞལ་གྱིས་ཞེས་མི་རིགས་ཏེ།ཐོན་མིའི་ཞལ་ལུང་རང་ན་འཇུག་མཐར་འདིར་སྨྲས་པ་ཞེས་སོགས་ཀྱིས་མཚོན་པའི་འདོགས་ཅན་མྲ་འདི་ལ་ས་མགོ་བརྩེགས་པ་དུ་མ་ཞིག་འདུག་པ་དེ་དག་ཐམས་ཅད་མཐོང་བཞིན་དུ་གཏན་མེད་དུ་འདོད་མི་རིགས་པའི་ཕྱིར་རོ།བཤད་ཚུལ་གཉིས་པའི་སྐབས་འདོགས་ཅན་ཤྲ་འདི་འདྲ་ཞིག་བཤད་འདུག་ཀྱང་དེ་ནི་མིང་དང་བྱ་ཚིག་སོགས་གང་དུ་སྤྱོད་པའི་ཡུལ་ལ་བརྟག་ཚེ་རྒྱ་གར་གྱི་སྐད་བོད་ཡིག་ཐོག་བྲིས་པའི་ནང་བེད་སྤྱོད་བྱུང་བ་ལས་བོད་སྐད་གཙང་མའི་ནང་བརྡ་གསར་རྙིང་གང་དུ་ཡང་འདོགས་ཅན་དེའི་བེད་སྤྱོད་ཚུལ་གྱི་གསུངས་རབ་ཞིག་མཇལ་ཡུལདུ་མེད་དེ།གལ་ཏེ་ཡོད་ཚེ་རང་ཉིད་ཀྱིས་བཞགས་པའི་ཚིག་དེ་རང་ཉིད་ཀྱིས་བརྩམས་པའི་ཚིག་མཛོད་ནང་ངེས་པར་ཡོད་དགོས་པ་ལས་རང་ཉིད་ཀྱིས་བརྩམས་པའི་ཚིག་མཛོད་ཆེན་མོ་ཤོག་གྲངས་《༢༠༠༥དང་༢༠༠༦》གཉིས་ཀྱི་ནང་ཤྲ་ཞེས་བཤད་དགོས་པའི་སྐབས་སུ་ཤྲི་ཞེས་པའི་ཐ་སྙད་གཉིས་ཤིག་བེད་སྤྱད་ཡོད་པ་ལས་དེ་མིན་མཇལ་ཡུལ་དུ་མེད་ལ།དེ་གཉིས་ཀྱང་<ཤྲི་ཐུ་བོ་བློ་བཟང་བསྟན་པའི་ཉི་མ་>ཞེས་པ་དང་<ཤྲི་དྷ་ནྱ་ཀ་ཏ་ཀར་>ཞེས་པ་གཉིས་ལས་བཀོད་མེད་ལ་དེ་གཉིས་ནི་རྒྱ་གར་གྱི་སྐད་དུ་དཔལ་ཞེས་པའི་དོན་དུ་གནས་ཡོད་པ་ལས་དེ་མིན་པའི་བོད་སྐད་རང་ན་མིང་སོགས་ཀྱི་མགོ་འཇུག་གང་དུ་དེ་ལྟར་བྲིས་པ་ལ་གོ་དོན་གང་ཡང་བཤད་དུ་མེད་པ་མ་ཟད་བོད་སྐད་ཀྱི་བརྡ་རྙིང་ཕལ་ཆེར་བསྡུས་ནས་ཡོད་པའི་དཔལ་ཁང་ཆོས་མཛད་ཀྱི་མཛད་པའི་དག་ཡིག་ངག་སྒྲོན་དང་།ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་ངག་སྒྲོན་གྱི་འགྲེལ་བ་དང་།ལུང་རྟོགས་ཉི་མས་༡༩༨༠་་ལོར་བརྩམས་པའི་བརྡ་དག་ཀ་ཕྲེང་གློག་གི་སྒྲོན་མེ་དང་གཞན་ཡང་བརྡ་གསར་རྙིང་གཉིས་ཀས་ཕྱུག་པ་དག་ཡིག་གསར་བསྒྲིགས་དང་བོད་རྒྱ་ཚིག་མཛོད་ཆེན་མོ་དེ་དག་གང་དུ་ཡང་བོད་སྐད་སོར་བཞག་ལ་ཤ་ལ་འདོགས་ཅན་བྱས་པ་མོ་གཤམ་གྱི་བུའི་ཟླ་ལ་གྱུར་འདུག་གོ།བཤད་ཚུལ་གསུམ་པ་བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་ཐ་ལ་ར་བཏགས་ཡོད་པ་བཤད་མེད་ཀྱང་དེ་ནི་སྐད་གསར་པའམ་ཡང་ན་དེང་སྐབས་སུ་སྤྱོད་བཞིན་པ་མ་ཡིན་ཀྱང་བརྡ་རྙིང་ལ་སྤྱོད་བཞིན་ཡོད་འདུག་དེ་ཡང་རང་ཉིད་ལ་རང་ལོ་དགུ་ནས་བཅུ་གསུམ་བར་བརྡ་དག་སློབ་སྤྲོད་གནང་མཁན་བོད་ཡིག་སློབ་དགེ་ཟླ་བ་ལྷུན་གྲུབ་ལགས་ཞེས་པ་བོད་ཡིག་གི་ཐད་རྐང་འཛིན་པ་ལྟ་བུ་ཞིག་ཡོད་པ་ཁོང་གིས་དམངས་ཁྲོད་ཀྱི་གཞད་མ་གཏམ་སྣ་ཚོགས་ཤིག་སློབ་ཕྲུག་ཚོའི་རྣ་བར་གཏོབ་བཞིན་ཡོད་པའི་ཁྲོད་ལས་དམངས་བཙུག་སློབ་གྲའི་ནག་པང་སྟེང་།《སྟོན་དུས་མཚན་མོའི་རྨིད་ལམ་ཆེས་སྤྲོ་ཡང་།།།ཐྲོག་ཐྲོག་སྒྲ་དེ་སྣ་བར་ཧ་ཅང་ཟན།།》ཞེས་དང་དེ་མིན་སློབ་འཁྲིད་སྐབས་ར་བཏགས་ལ་ཐྲ་ཞེས་པ་ནི་ཁུངས་གང་དུ་ཡོད་གུས་ནས་མ་ཤེས་ཀྱང་རྒྱུན་དུ་ར་བཏགས་ལ་དེ་ལྟར་འབྲི་བ་གནང་ཞིང་མ་ཟད་དཔལ་ཁང་ཆོས་མཛད་ཀྱི་དག་ཡིག་ངག་སྒྲོན་《༡༩༩༦》ལོའི་འཕགས་ཡུལ་བློ་གླིང་དཔར་མ་དེབ་གཟུགས་ཤོག་གྲངས་《༡༧་》ནང་《ཐ་མ་ཐ་ན་ཐྲིག་ཐྲིག་སྒྲ།》ཞེས་དང་དེའི་འགྲེལ་བ་ཁུ་ནུ་བླ་མས་མཛད་པ་ཤེས་རིག་དཔར་མ་དེབ་གཟུགས་ཤོག་གྲངས་་༩༥་་ནང་《ཐྲིག་ཐྲིག་སྒྲ་ལྷམ་གྱི་སྒྲ་ 》ཞེས་དང་།ལུང་རྟོགས་ཉི་མས་བརྩམས་པའི་དག་ཡིག་ཀློག་གི་སྒྲོན་མེ་ཞེས་པ་ཤེས་རིག་དཔར་མ་དེབ་གཟུགས་ཤོག་གྲངས་༤༧་ནང་《ཐྲིག་ཐྲིག་སྒྲ་ལྷམ་གྱི་སྒྲ་ཞིག》ཅེས་བྲིས་འདུག་པ་བཞིན་ཐ་ར་བཏགས་ཀྱི་ཡི་གེ་དེ་ནི་ལྷམ་གྱི་སྒྲ་ཁོ་ན་ཡིན་རུང་མ་ཡིན་རུང་གང་ལྟར་སྒྲའི་བྱེ་བྲག་ཞིག་ལ་འཇུག་པ་གདོན་མི་ཟ་བ་ཡིན་ནོ།།དེས་ན་ཐ་ར་བཏགས་ཀྱི་ཡི་གེ་འདི་ནི་སྐད་གསར་བཅད་དམ་དེང་སྐབས་སྤྱོད་ཚུལ་ཞན་མེད་ཀྱང་བརྡ་རྙིང་ལ་འབྲི་གསོལ་་ཡོད་པས་བོད་ཡིག་ནང་ཡོད་པར་གོ་བཅས་ཆོག་པས་ཡོད་པར་རང་སོར་བཞག་ན་ལེགས་སྙམས་སོ།།དེས་ན་ར་བཏགས་ཅན་གྱི་ཡི་གེ་བཅུ་གཅིག་གི་གྲངས་ངེས་བྱས་པ་ནི་ཐམས་ཅད་མ་འདུས་པའི་སྐྱོན་ཅན་དུ་འགྱུར་བར་བརྟེན།དག་ཡིག་གསར་བསྒྲིགས་ལས་བཤད་པ་བཞིན་བཅུ་གཉིས་ཀྱི་གྲངས་འདྲེན་བྱེད་ལུགས་དེའི་སྟེང་(ནྲ་)འདི་བསྣོན་ནས་བཅུ་གསུམ་གྱི་གྲངས་འདྲེན་བྱེད་དགོས་པར་མཐོང་ཏེ་དག་ཡིག་ངག་སྒྲོན་གོང་དུ་འཁོད་པའི་པར་མ་དེའི་ཤོག་གྲངས་༣༦༡་ནང་<སྣྲེལ་ཞི། འཆོལ་བའམ་གོ་རིམ་སུ་མི་གནས་པ་དང་། འཕྲེད་དམ་ལོགས་ལ་གོ>ཞེས་དང་། བོད་རྒྱ་ཚིག་མཛོད་ཆེན་མོ་གོང་འཁོད་པར་མ་སྟོད་ཆ་ཤོག་གྲངས་༡༦༠༢་ནང་<སྣྲུབས་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་ནང་གསེས་ཤིག་ཅེས་དང་། སྣྲེལ་ཞི། (རྙིང) (1)གོ་རིམ་འཆོལ་བ། (2)འཕྲེད་དམ་ལོགས། སྣྲོན། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་ནང་གསེས་ཤིག་ཅེས་དང་། སྣྲོན་ཟླ་བ། ཧོར་ཟླ་བཞི་པའི་བཅུ་དྲུག་ནས་ལྔ་པའི་ཚེས་བཅོ་ལྔ་བར་དུ་སྣྲོན་ཟླ་བ་ཟེར་ཅེས་དང་། སྣྲོན་གྱི་ཉ་བ། ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ།>ཞེས་བྱུང་ཞིང་། དག་ཡིག་གསར་བསྒྲིགས་གོང་འཁོད་པར་མ་དེ་ཉིད་ཀྱི་ཤོག་གྲངས་༤༥༣་ནང་<སྣྲུབས། རྒྱུ་སྐར་ཉེར་བརྒྱད་ཀྱི་ནང་གི་སྐར་ཚོགས་ཤིག་གི་མིང་། སྣྲེལ་ཞི། འཆོལ་བའམ་ཐོད་རྒལ་བའི་དོན། སྣྲོན། རྒྱུ་སྐར་ཉེར་བརྒྱད་ཀྱི་ནང་གི་སྐར་ཚོགས་ཤིག་གི་མིང་།>ཞེས་དང་། བློ་གླིང་ལྷ་རམས་པ་དགེ་བཤེས་ཚེ་དབང་ཉི་མས་བརྩམས་པའི་<དམ་ཆོས་འདུལ་བ་གཙོ་གྱུར་གྱི་གཞུང་སྣེ་མང་ལས་བཏུས་པའི་ཚིག་མཛོད་མུན་སེལ་སྒྲོན་མེ་ཞེས་བྱ་བ་ལས་།><སྣྲེལ་ཞི། ལོགས་སམ་འཕྲེད་དམ་འཆོལ་པ་གོ་རིམ་དུ་མི་གནས་པའི་དོན་ཏེ།(ལི་ཤིའི་གུར་ཁང)ལས། <སྣྲེལ་ཞི་ནི་ལོགས་སམ་འཕྲེད་དམ་འཆོལ་པ་གོ་རིམས་མི་གནས་པ། >ཞེས་དང། (དབྱངས་ཅན་དགའ་བློའི་བརྡ་དཀྲོལ)ལས། <སྣྲེལ་ཞི་ནི་དོན་འཆོལ་བའམ་གོ་རིམས་སུ་མི་གནས་པ་ལ་བཤད་ཅེས་སྒྲ་རྒྱན་ལས་གསུངས་ཤིང་།> སྣྲེལ་ཞིའི་འཇིག་རྟེན་ཞེས་པ་གྱང་ལོགས་ལ་རྐང་གིས་འགྲོ་བའམ་ཡོད་པར་སྣང་ཞེས་<དག་ཡིག་མིག་དབང་རབ་གསལ་ལས་འབྱུང་ཞེས་གསུངས་>ཞེས་ལུང་ཁུངས་དང་བཅས་པས་བགྲངས་བ་བཞིན་དང་གཞན་ཡང་ཕར་རུ་ཕྱིན་པའི་གཞུང་གི་སྐབས་བསམ་གཟུགས་སྒོམ་ཚུལ་བཤད་སྐབས་ཀྱང་སྣྲེལ་ཞི་འམ་རིམ་པ་འཆོལ་བའི་སྒོམ་ཚུལ་དུ་མ་གསུངས་པ་བཞིན་(ནྲ་)ཞེས་པའི་ར་འདོགས་ཅན་གྱི་ཡི་གེ་ཞིག་ཀྱང་ཁས་མི་ལེན་ཐབས་མེད་དུ་གཞུང་གིས་སྒྲུབ་པ་དེ་དག་ཡིན་པས་དེས་ན་ར་འདོགས་ཅན་ལ་བཅུ་གསུམ་དུ་བཞགས་ཚེ་ཞི་ནས་སྐྱོན་བྲལ་གྱི་ལེགས་བཤད་ཞིག་ཏུ་བསམས་མོད།ད་དུང་དེ་ཙམ་དུ་མ་ཟད་ཕྱི་རབ་ཀྱི་དེབ་ཐེར་གང་ན་ཡང་བྲི་གསོལ་མེད་པའི་ར་བཏགས་ཅན་གྱི་ཡི་གེ་ལ་ཟ་ལ་ར་བཏགས་བྱས་པ་སྔོན་གྱི་ཡིག་རྙིང་ཏུན་ཧོང་ནས་ཐོན་པའི<་བོད་ཀྱི་ལོ་རྒྱུད་ཡིག་ཆ་ཞེས་པ་མི་རིག་དཔེ་སྐྲུན་ཁང་ནས་དཔར་བའི་དེབ་གཟུགས་ཤོག་གྲངས་༡༤་་ནང་དུ་《སྟགྀ་ལོ་ལ་བབ་སྟེ།བཙན་པོ:ཟྲིད་གྱྀ་ལྡུ་ནག་སླད་མ་ན་བཞུགས་ཤྀང།》ཞེེས་དང་དེའི་འོག་ཏུ་《འ་ཞ་ཡུལ་ནས:སླར་འཁོརད་ཏེ།ཟྲིད་མདའར:ཐོང་མྱིག:བྱུང་བར་ལོ་གཆྀག།》ཞེས་བཀོད་འདུག་པར་བརྟགས་ན་འདོགས་ཅན་གྱི་ཡི་གེ་(ཟྲ)་འདི་འདྲ་ཤིག་ཀྱང་ཡོད་པར་མངོན་འདུག་ན་ར་བཏགས་ཅན་ལ་བཅུ་གསུམ་ཙམ་དུའང་གྲངས་ངེས་ཀྱི་ཁ་བཅད་བྱེད་རུང་མི་རུང་མཁས་པ་སོ་སོས་དཔྱད་པར་མཛད་འཚལ་ལོ།། འདིར་ཟ་ལ་ར་འདོགས་གྲངས་སུ་མི་འདྲེན་པ་ནི་ད་ལྟའི་གཞུང་གང་དུའང་བེད་སྤྱོད་དུ་ཡོད་པའི་ཐ་སྙད་ཤིག་གང་གི་ཡང་སྤྱད་མི་འདུག་ཅིང་དེ་མིན་གཞན་ཐམས་ཅད་ད་སྐབས་ཀྱི་ཚད་ལྡན་གྱི་གཞུང་གང་རུང་ནས་བེད་སྤྱོད་བཀོལ་འདུག་པར་བརྟེན་དེ་རྣམས་ལ་གྲངས་སུ་འདྲེན་པ་དང་མི་འདྲེན་པའི་ཁྱད་པར་བྱས་པ་ཡིན་ནོ།། ༄༅།། དབྱངས་ཀྱི་སྒྲ་སྦྱོར་ཚུལ།། ༡༽ ི་ ༢༽ ུ་ ༣༽ ེ་ ༤༽ ོ་ གྱི་གུ་= ( གི་གུ་) ཞབས་ཀྱུ་ འགྲེང་བུ་ ན་རོ་=(རྣ་རོ་ ) =( རྣ་རུ་) ༡༽ ཨི་ ༢༽ ཨུ་ ༣༽ ཨེ་ ༤༽ ཨོ་ ཨ་གྱི་གུ་ཨི་ ཨ་ཞབས་ཀྱུ་ཨུ་ ཨ་འགྲེང་བུ་ཨེ་ ཨ་ན་རོ་ཨོ་ འདིར་དབྱངས་ཀྱི་སྐབས་སུ་ཡང་ལྔ་དང་བཞིའི་གྲངས་འདྲེན་བྱེད་ཚུལ་མི་འདྲ་བ་འདུག་པ་འདི་ལྟར། སྤྱིར་དབྱངས་ལ་བཞིར་བྱེད་པ་ཡོངས་སུ་གྲགས་པ་ལྟར་བརྡ་སྤྲོད་སྨྲ་བ་ཕལ་ཆེར་མཐུན་པ་ཙམ་དུ་མ་ཟད།< རྩ་བར་>ཡང་<ཨ་ལི་གསལ་བྱེད་ཨི་སོགས་བཞི>ཞེས་གྲངས་ངེས་ཁ་གསལ་བཀོད་པ་ལ་དོག་དགོས་པ་མེད་མོད་འོན་ཀྱང་མཁས་པ་དུ་མའི་གསུང་རབ་ལས་དབྱངས་བཞི་ལས་མང་བ་གྲངས་སུ་བགྲངས་གནང་བ་ནི་འདི་ལྟར་<སྨྲ་སྒོ་མཚོན་བྱ་>བོད་གཞུང་ཤེས་རིག་པར་ཁང་གྱིས་སྤྱི་ལོ་༢༠༠༢་ལོར་པར་བའི་དེབ་གཟུགས་ཤོག་གྲངས་༡་ནང་<དྲང་པོ་བསྒྲེང་དང་བཀུག་པ་དང་།། བསྟོད་པ་དང་ནི་རྨད་པ་དང་།།་བསྒྲིམས་དང་ཀློད་པའི་ང་རོ་བྱུང་།། >ཞེས་དབྱངས་ལ་བདུན་གསུངས་ཏེ་<དེའི་འགྲེལ་བ་>གོང་འཁོད་པར་མ་དེའི་ལྷན་འདབས་སུ་ཡོད་པ་ཤོག་གྲངས་༢༡་ལས<་དེ་ལ་དྲང་པོ་ནི་ཨའོ། བསྒྲེངས་པ་ནི་ཨེའོ། བཀུག་པ་ནི་ཨིའོ། བསྟོད་པ་ནི་ཨོའོ། སྨད་པ་ནི་ཨུའོ། བསྒྲིམས་པ་ནི་རིའོ། ཀློད་པ་ནི་ལྀའོ། >ཞེས་བྱུང་ཞིང་། དེ་ནི་བོད་སྐད་ཀྱི་དབང་དུ་བྱས་པ་ལས་རྒྱ་སྐད་ལ་དེ་ཙམ་གྱིས་གྲངས་ངེས་མི་ནུས་ཤིང་མ་ཟད་སྨྲ་སྒོ་ནི་བོད་སྐད་སོར་བཞགས་སུ་གནང་ནས་བརྩམས་པ་ཞིག་ཡིན་པ་མཁས་པ་ཀུན་ཞལ་འཆམ་བྱུང་བས་སོ།། གཞན་ཡང་དཔལ་ཁང་ལོ་རྩཱ་བས་<དག་ཡིག་ངག་གི་སྒྲོན་མ་གོང་འཁོད་པར་མ་དེ་ཉིད་ཤོག་གྲངས་༡+༢་ལས་<བརྗོད་དོན་ཀཱ་ལི་སུམ་བཅུ་ལ། རྐྱང་པ་འཕུལ་དང་མགོ་ཅན་དང་། དབྱངས་ལྔ་ཡ་ར་ལ་ཝའི་འདོགས། རྗེས་འཇུག་དཔེ་སོགས་རིམ་པས་བསྟན།>ཞེས་དབྱངས་ལ་ལྔ་ཡི་གྲངས་འདྲེན་གནང་བ་དང་། མཁས་དབང་ཚེ་བརྟན་ཞབས་དྲུང་གིས་ཀྱང<་ཐོན་མིའི་ཞལ་ལུང་>ཤེས་རིག་པར་ཁང་ནས་སྤྱི་ལོ་༡༩༩༦་ལོར་པར་བའི་དེབ་གཟུགས་ཤོག་གྲངས་༡༦་ནང་དུ་<ལེགས་སྦྱར་གྱི་དབྱངས་བཅུ་དྲུག་ལས་ཨི་ཨུ་ཨེ་ཨོ་བཞིའི་དོད་དུ། གི་གུ། ཞབས་ཀྱུ། འགྲེང་བུ། རྣ་རུ་བཞི་བཟོས་ཤིང་།> ཞེས་དང་། <ཨ་ཡིག་གསལ་བྱེད་ཀྱི་མཐར་སྦྱར་ནས་གསལ་བྱེད་སུམ་ཅུར་བཟོས་>ཞེས་དབྱངས་བཞི་རུ་གསུངས་ཀྱང་། ཁོང་ཉིད་ཀྱི་མཛད་པའི་<སྙན་ངག་སྤྱི་དོན་>འཕགས་ཡུལ་སྒོ་མང་གྲྭ་ཚང་གི་དཔེ་མཛོད་ནས་སྤྱི་ལོ་༢༠༠༧་ལོར་པར་བའི་དེབ་གཟུགས་ཤོག་གྲངས་༡༡༡་ནང་དུ་<དབྱངས་ཨ་ངེས་པའི་བྱ་དཀའ་བ་ཞིག་ཡོད་པ་འདི་ལྟར། ཀ་ནས་ཡང་དག་བླ་མ་སངས་རྒྱས་ལ།། ཞེས་པ་ནས། ཨ་རྐྱང་གདངས་སྙན་ཚངས་དབྱངས་དཔལ་ལ་འགྲན།>ཞེས་པ་འདི་བྱ་དཀའ་བའི་སྙན་ངག་ཏུ་གསུངས་ཤིང་། གཞན་ཡང་སྙན་འགྲེལ་བ་ཕལ་ཆེར་གྱིས་ཐོན་མིའི་ལྗགས་རྩོམ། ཆོས་རྒྱལ་ལ་ཡིག་དུ་ཕུལ་བའི་ཚིགས་བཅད་<ཞལ་རས་གསལ་ལ་རང་གདང་གང་བ་བཟང་།། གདམ་ངག་ཟབ་ལམ་མ་ཆད་ཐ་དད་རང་།། ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ།། འཕགས་པ་མ་ཕམ་ཡང་དག་དམ་པ་ལགས།།>ཞེས་པ་འདི་བྱ་དཀའ་བ་དབྱངས་ཨ་ངེས་པའི་སྙན་ངག་དུ་གསུངས་བཞིན་ཡོད་འདུག་པས་དེ་དག་གིས་ཨ་ཡིག་དབྱངས་སུ་དོན་གྱིས་ཁས་བླངས་པར་སོང་འདུག་གོ་བསྙམས།འོན་ཀྱང་དེ་དག་ནི་ཕལ་ཆེར་གྱིས་མགོ་ལ་རན་པའི་ཞྭ་དང་རྔ་ལ་དཔག་པའི་འཆམ། ཞེས་པ་ལྟར་བོད་རང་གི་སྐད་ལ་ཇི་ལྟར་འཕྲོད་མིན་ལ་མི་ལྟོད་པར་ལེགས་སྦྱར་གྱི་སྐད་དུ་དབྱངས་ཡིག་དེ་ཡི་གེ་གཞན་གྱི་སྲོག་ཏུ་བཞུགས་མ་བཞུག་གི་རྣམ་བཞགས་དེ་དག་བོད་སྐད་ལ་བཙན་ཚུགས་ཀྱིས་ནད་འགོས་པ་ལས་བྱུང་བ་ཞིག་ཡིན་པ་མ་གཏོགས་བོད་སྐད་རང་གི་ལུགས་ལ་དེ་ལྟའི་དབྱངས་ལྔ་ལ་སོགས་པའི་རྣམ་བཞགས་ཐོན་མིས་མཛད་མེད་ལ་གསར་བཅས་སྐད་དུ་ཡང་ཡོང་དགོས་པའི་དགོས་པ་ལྷག་པ་གཞན་མེད་པའི་ཕྱིར་རོ།། ༄༅།། སྔོན་རྗེས་ཡང་འཇུག་མགོ་འདོགས་དབྱང་དང་ལྡན་པའི་ཡི་གེའི་སྒྲ་སྦྱོར་ཚུལ། ༡༽ ཀག་ ༢༽ བཀལ་ ༣༽དཀའ་ ༤༽བསྐམས་ ༥༽ ཀྱང་ ༦༽ བཀྲ་ ༧༽ བསྐྲོགས་ ༨༽ ཀླན་ ཀ་ག་ཀག་ བ་འོག་ཀ་ལ་བཀལ་

ད་འོག་ཀ་འ་དཀའ་

བ་འོག་ས་ཀ་བཏགས་ཀ་མ་ས་བསྐམས་ ཀ་ཡ་བཏགས་ཀྱ་ང་ཀྱང་ བ་འོག་ཀ་ར་བཏགས་བཀྲ་ བ་འོག་ས་ཀ་བཏགས་ཀ་ར་བཏགས་སྐྲ་ན་རོ་སྐྲོ་ག་ས་བསྐྲོགས་ ཀ་ལ་བཏགས་ཀླ་ན་ཀླན་ ༡༽བཀལད་

༢༽བཀགས

བ་འོག་ཀ་ལ་ད་བཀལད་ བ་འོག་ཀ་ག་ས་བཀགས་ དེ་ཡང་སྒྲ་སྦྱོར་དུ་ཡོད་ཚད་འདིར་སྨྲོས་ན་དགོས་པ་ཆེར་མེད་ཁར་ཡིག་ཚོགས་ཡང་ཧ་ཅང་མངས་སུ་དོགས་ནས་འདིར་ཀ་སྡེ་གཅིག་པུར་སྦྱར་བས་གཞན་རྣམས་ལ་རིགས་འགྲོས་ཀྱིས་སྦྱར་ན་ཤེས་པར་ལྷ་བས་འདིར་མཚོན་པ་ཙམ་ལས་མ་སྤྲོས་སོ།།ཡི་གེ་དེ་དག་ལ་སྒྲ་སྦྱོར་ཚུལ་སོ་སོར་ཡོད་ཀྱང་དིང་སྐབས་ཡི་གེ་རྣམས་ངག་ནས་འདོན་སྐབས་སྔོན་བརྗེས་མགོ་འདོགས་དབྱངས་དང་བཅས་པ་ཡོད་ཀྱང་དེ་དག་གི་ཡིག་གཟུགས་མི་མཐུན་ཡང་སྒྲ་ཕལ་ཆེར་མཐུན་པར་གནས་པ་དུ་མ་ཞིག་ཡོད་པ་དེ་རྣམས་ལས་མཚན་གཞི་ཙམ་ཞིག་འདིར་སྨྲོས་ན་དེ་ཡང་སྔོན་འཇུག་དང་མགོ་ཅན་གང་རུང་ཕྲད་ཚེ་སྒྲ་འགྱུར་ངེས་པའི་མིང་གཞིའི་ཡི་གེ་ནི་《ག་ང་ཇ་ཉ་ད་ན་བ་མ་ཡ་》དགུ་དང་། སྔོན་འཇུག་དང་མགོ་ཅན་གང་རུང་ཕྲད་ཀྱང་སྒྲ་ཕལ་ཆེར་མི་འགྱུར་བ་མཐུན་པར་གནས་པའི་མིང་གཞིའི་ཡི་གེ་《ཀ་ཁ་ཅ་ཆ་ཏ་ཐ་པ་ཕ་ཙ་ཚ་ཛ་ཞ་ཟ་ཤ་ས་》ཅོ་ལྔ་དང་།སྔོན་འཇུག་དང་མགོ་ཅན་གང་ཡང་མི་ཐོབ་པའི་མིང་གཞིའི་ཡི་གེ་《ཝ་འ་ལ་ཧ་ཨ་》ལྔ་དང་།འདོགས་ཅན་གསུམ་གང་རུང་དང་ཕྲད་ཚེ་སྒྲ་འགྱུར་ངེས་པའི་མིང་གཞིའི་ཡི་གེ་《ཀ་ཁ་ག་ཏ་ཐ་ད་ན་པ་ཕ་བ་མ་ཟ་ར་ས་ཧ་》ཅོ་ལྔ་དང་། འདོགས་ཅན་གསུམ་གང་ཡང་མི་ཐོབ་པའི་མིང་གཞིའི་ཡི་གེ་《ང་ཅ་ཆ་ཇ་ཉ་ཙ་ཚ་ཛ་ཝ་ཞ་འ་ཡ་ལ་ཤ་ཨ་》ཅོ་ལྔ་དང་། སྔོན་འཇུག་དང་མགོ་ཅན་གང་རུང་ཕྲད་ཚེ་སྒྲ་འགྱུར་བའི་མིང་གཞིའི་ཡི་གེ་དགུ་ཡི་སྒྲ་འགྱུར་བ་རྣམས་ལས་མཚན་གཞི་ཙམ་བཀོས་ན་《ག་》དགའ་྾བགའ་྾མགའ་྾འགའ྾ རྒ་྾ལྒ་྾་སྒ་྾ཡི་གེ་འདི་དག་ཐམས་ཅད་སྔོན་ཚེ་ངག་ནས་འདོན་སྐབས་སྒྲ་ཐ་དད་དུ་ཡིན་ངེས་ཀྱང་དེང་སྐབས་སྒྲ་དེ་དག་ཀུན་གྱིས་གཅིག་གྱུར་དུ་ཁྱད་པར་མེད་པ་ལྟ་བུར་འབྱིན་བཞིན་ཡོད།སྔོན་འཇུག་དང་མགོ་ཅན་གང་དང་ཕྲད་ཀྱང་སྒྲ་གདངས་ཕལ་ཆེར་མཐུན་པར་གནས་པའི་ཡི་གེ་《ཀ་ཁ་ཅ་ཆ་ཏ་ཐ་པ་ཕ་ཙ་ཚ་ཛ་ཞ་ཟ་ར་ཤ་ས་》བཅས་ཅོ་ལྔ་ནི་སྔོན་འཇུག་དང་མགོ་ཅན་གང་དང་ཕྲད་ཀྱང་རྩ་བའི་མིང་གཞི་རང་གི་སྒྲ་ལས་གཞན་དུ་འགྱུར་མེད་པ་ལྟ་བུ་ཡིན།དེ་དག་གི་ལྷག་མ་《ཝ་འ་ལ་ཧ་ཨ》ལྔ་ལ་སྔོན་འཇུག་དང་མགོ་ཅན་གང་ཡང་འཇུག་པ་མེད། ཡ་ར་ལ་ཡི་འདོགས་ཅན་གསུམ་གང་རུང་དང་ཕྲད་ཚེ་སྒྲ་འགྱུར་ངེས་པའི་ཡི་གེ་《ཀ་ཁ་ག་ཏ་ཐ་ད་ན་པ་ཕ་བ་མ་ཟ་ར་ས་ཧ་》བཅས་ཅོ་ལྔ་པོར་འདོགས་ཅན་དེ་གསུམ་གང་རུང་དང་ཕྲད་ཚེ་སྒྲ་འགྱུར་བའི་ཡི་གེའི་མཚན་གཞི་ནི་《ཀ་》ཀྱ་྾ཀྲ་྾ཀླ་྾་་་་《ཁ་》ཁྱ་྾ཁྲ་྾་་་་《ག་》གྱ་྾གྲ་྾གླ྾་་་་《ཏ་》ཏྲ་྾་་་་《ཐ》ཐྲ་྾་་་་《ད་》དྲ་྾་་་་《ན་》ནྲ་྾་་་་《པ་》པྱ་྾པྲ་྾་་་་《ཕ་》ཕྱ་྾ཕྲ་྾་་་་《བ་》བྱ་྾བྲ་྾་་་་《མ་》མྱ་྾མྲ་྾་་་་《ཟ་》ཟླ་྾་་་་《ར་》རླ་྾་་་་《ས་》སླ་྾་་་་《ཧ་》ཧྲ་྾ བཅས་ཡ་ར་ལ་ཡི་འདོགས་ཅན་གསུམ་པོ་གང་རུང་དང་ཕྲད་སྐབས་སྒྲ་འགྱུར་བ་དག་ཡིན།འདོགས་ཅན་དེ་གསུམ་གང་ཡང་མི་ཐོབ་པའི་ཡི་གེ་ཡང་ཡོད་དེ་《ང་ཅ་ཆ་ཇ་ཉ་ཙ་ཚ་ཛ་ཝ་ཞ་འ་ཡ་ལ་ཤ་ཨ་》བཅས་སོ། བརྡ་སྤྲོད་མཁས་པའི་གཞུང་ལུགས་རྒྱ་མཚོའི་ལྟོར།། གབ་པའི་རིན་ཆེན་འཐབས་པའི་ང་རོའི་དབྱངས།། བདག་བློའི་སྤིར་གྱི་རྩེ་མོས་རབ་བསྐུལ་ཏེ།། བློ་ལྡན་རྣ་བའི་བུ་ག་སྦིགས་བྱས་སོ།། ཞེས་བྱ་བ་ནི་ངལ་གསོའི་ཚིགས་སུ་བཅད་པའོ།།

《གསུམ་པ་ཡིག་གཟུགས་ཀྱི་བྱུང་བ་བརྗོད་པ་ནི་》 ཡིག་གཟུགས་ལ་རིམ་པ་ལྟར་གཉིས་ཤིག་བྱུང་ཏེ་གཟུགས་མཚོན་ཡི་གེའི་བྱུང་རིམ་དང་སྒྲ་མཚོན་ཡི་གེའི་བྱུང་རིམ་བཤད་པ་གཉིས་སོ་དེ་ཡང་གཟུགས་མཚོན་ཡི་གེ་ཏེ། གཙོ་བོ་ཕྱི་རོལ་གྱི་དངོས་པོའི་དབྱིབས་གཟུགས་ལས་སྐྱེ་བོའི་བསམ་ཚུལ་རྟོགས་ཐབས་བྱེད་པའི་གཟུགས་རིས་སྣ་ཚོགས་འབྲི་བའི་ཡི་གེ་ཞིག་དང་སྒྲ་མཚོན་གྱི་ཡི་གེ་ཞེས་ཕྱི་རོལ་དངོས་པོའི་དབྱིབས་སོགས་འབྲི་ཤེས་མིན་ལ་ལྟོད་མེད་ཐོག་སྐྱེ་བོའི་བསམ་ཚུལ་མཐའ་དག་ཇི་བཞིན་ཡིག་རིས་སུ་འཕབས་ནུས་པའི་ཡི་གེའི་གཟུགས་གཉིས་བྱུང་ཡོད་དེ་ན་ཡི་གེ་སྔ་ཕྱི་འདི་གཉིས་ལ་མཁས་པ་རྣམས་ཀྱིས་གཟུགས་མཚོན་ཡི་གེ་དང་སྒྲ་མཚོན་ཡི་གེ་ཞེས་མཚན་བཏགས་གནང་ཡོད་དེས་ན་ དང་པོ་གཟུགས་མཚོན་གྱི་ཡི་གེ་བཤད་པ་ནི། དེ་ཡང་གཟུགས་མཚོན་གྱི་ཡི་གེ་ནི་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཡར་སྔོན་ནས་བོད་ཡུལ་དུ་སྤྱོད་བཞིན་པའི་གནའ་རབས་ཀྱི་ཡིག་རྙིང་ཞིག་ཡིན་དེའི་བྱུང་རིམ་ལ་འདི་ལྟར་བཤད་གསྲོལ་ཞིག་ཡོད་དེ་སྔོན་དུས་ཡུལ་ག་གེ་མོ་ཞིག་ན་ལུག་རྫི་ཤིག་ཡོད་པ་རི་མགོར་ལུག་འཚོ་རུ་སྐྱོད་ནས་གཉིད་དུ་ཡུར་བའི་སྐབས་རྨིད་ལམ་དུ་བུད་མེད་ལང་འཚོ་དར་ལ་བབ་ཅིང་ལྷའི་བུ་མོ་ལྟར་མཛེས་ཤིང་ཡིད་དུ་འོང་བ་ཤིག་མཐོང་ཞིང་ཁོང་རྨིད་ལས་སད་དུས་བུད་མེད་དེར་ཤིན་ཏུ་ཆགས་ནས་ཇི་ལྟར་རྨིད་ལམ་དུ་མཐོང་བ་བཞིན་རྡོ་གཡམ་ཞིག་གི་སྟེང་བུད་མེད་དེའི་གཟུགས་བརྙན་རིས་སུ་བྲིས་པ་རྒྱུན་དུ་རང་གི་སྔས་མགོའི་འོག་ཉར་འཚགས་བྱས་པ་ཕྱིས་སུ་གཞན་གྱིས་མཐོང་ནས་འདི་སུ་དང་གང་ཞིག་ཡིན་ཅེས་དྲིས་སྐབས་དེ་ནི་རིའི་བུ་མོ་རེད་བཅེས་བཤད་པས་དེ་ནས་མི་རྣམས་ཀྱིས་རིའི་བུ་མོ་ཞེས་པ་འབོད་བདེར་སྤྱད་དེ་རི་མོ་ཞེས་པ་རྒྱུན་སྤྱོད་དུ་དར་བ་བྱུང་དེ་ནས་གཟུང་མི་རྣམས་ཀྱིས་རང་གི་རྣམ་རྟོག་གི་འཆར་སྣང་སྣ་ཚོགས་རིས་མོར་འཕབ་ཏེ་མི་བརྗེད་པ་བྱེད་བཞིན་པ་ལས་གཟུགས་མཚོན་གྱི་རི་མོ་འམ་གཟུགས་མཚོན་གྱི་ཡི་གེ་དེ་ཉིད་བྱུང་བ་ཞིག་ཡིན་འདིར་ཕྱུགས་རྫི་ལ་རྨི་ལམ་ཙམ་མིན་པར་འཇའ་ཅན་ལྟ་བུའི་ཡལ་ནས་འགྲོ་བའི་བུད་མེད་དངོས་སུམ་པ་ཞིག་མཐོང་ནས་རིས་མོར་བྲིས་ཅེས་བཤད་པ་ཡོད་ཀྱང་དོན་དངོས་ཐོག་དེ་གཉིས་ཀ་ཁ་རྒྱུན་ཙམ་ལས་མ་འདས་པས་གང་བཀོས་ཀྱང་མི་འགལ་བར་མཐོང་ནས་འདིར་རང་ཉིད་ཆུང་དུས་ནས་འདྲེས་སྲོང་ཚོས་བྱི་བ་རྣམས་ལ་མནའ་སྒྲུང་སྣ་ཚོགས་ཤིག་བཤད་པའི་ཁྲོད་ལས་གྲངས་པ་ཞིག་ཡིན་སྲོང་བཙན་སྔོན་ནས་བོད་རང་ན་སྤྱོད་པའི་རི་མོའི་ཡི་གེ་ཞིག་ཡོད་པ་ཡང་དིང་སྐབས་ས་འོག་ནས་འཐོན་བཞིན་པའི་སྲོང་བཙན་མ་བྱོན་སྔོན་གྱི་ཞང་ཞུང་གི་ཡུལ་དུ་དེ་སྐབས་ཀྱི་མངའ་བདག་ཚོས་བཞེང་གནང་བའི་རྡོ་རིང་གི་ཡི་གེ་དེ་དག་ལས་གསལ་སྟོན་བྱེད་བཞིན་ཡོད། སྐབས་དེ་དུས་ཀྱི་ཡི་གེ་ནི་ཐམས་ཅད་དེང་སྐབས་དང་མི་འདྲ་བར་ཐམས་ཅད་གང་བརྗོད་འདོད་ཀྱི་དངོས་པོ་སོ་སོའི་དབྱིབས་རིས་མོར་བྲིས་ཏེ་ཕན་ཚུན་བརྡ་སྤྲོད་བྱེད་ཀྱི་ཡོད་། དེ་ལྟའི་རིས་མོ་དེ་དག་ནི་རིས་མོ་ཙམ་དུ་མ་ཟད་དེ་སྐབས་ཀྱི་བོད་ཡིག་ངོ་མ་དེ་ཡིན་ཞིང་རིས་མོ་ནི་རྩ་་བའི་ཡི་གེ་འབྱུང་སའི་ཁུངས་ཤིག་ཀྱང་ཡིན་དེང་སྐབས་རི་མོ་དང་ཡི་གེ་གཉིས་སོ་སོར་གཤོད་བཞིན་ཡོད་ན་ཡང་ཡི་གེ་ནི་རི་མོའི་ས་མཚམས་ལས་འདས་མེད་ལ་མ་ཟད་དེང་སྐབས་སུ་ཡང་ཡུལ་འགའ་ཞིག་གི་སྐད་བརྡའི་ནང་དུ་ཡི་གེ་འབྲི་བ་ལ་རི་མོ་བྲིས་ཤིག་ཅེས་སྐུལ་བའི་ཚིག་ཏུ་སྤྱོད་བཞིན་པ་དེ་དག་གིས་ནི་སྔར་གྱི་གཟུགས་མཚོན་ཡི་གེ་ནི་སྒྲ་མཚོན་གྱི་ཡི་གེའི་མ་ཡུམ་ལྟ་བུ་ཡིན་པ་གསལ་སྟོན་བྱེད་བཞིན་ཡོད། མ་ཟད་དེང་སྐབས་མཚན་རིགས་ཀྱི་ནུས་པས་ལོ་ངོ་སྟོང་ཕྲག་དུ་མའི་ཡར་སྔོན་གྱི་མནའ་རབས་རིགས་གནས་མང་དག་ཞིག་དེང་སྐབས་སུ་སྐྱེ་བོ་ཁྲི་ཕྲག་དུ་མའི་མིག་སྔར་ལྟར་བཞིན་པ་དང་ལྷན་དུ་རང་རེ་བོད་ཀྱི་རིགས་པའི་གཞུང་ལུགས་དག་ཀྱང་ཇེ་གསལ་ནས་ཇེ་གསལ་དུ་འགྲོ་བཞིན་ཡོད་དེས་ན་སྲོང་བཙན་སྔོན་དུ་ཡི་གེ་ཡོད་ཀྱང་གཟུགས་མཚོན་ལས་སྒྲ་མཚོན་ཡི་གེ་ཐོན་མི་ཉིད་ཀྱིས་མཛད་གནང་བ་ལས་དེའི་ཡར་སྔོན་སྒྲ་མཚོན་ཡི་གེ་འདི་ལྟ་བུ་ཞིག་བྱུང་མེད། འཇང་ཡིག་གམ་སྟོན་པའི་ཡི་གེའི་ཆེད་མཉེར་ཞིབ་འཇུག་པ་ཆེན་པོ་རྒྱ་རིགས་མཁས་དབང་《ཧུ་ཊི་བོ་》ཞེས་པས་ཀྱང་རང་ཉིད་ཀྱི་ཚེ་གང་རིང་ཡིག་རིགས་ཞིབ་འཇུག་བྱས་པའི་བརྗེས་སུ་ད་ལྟ་ནག་ཆེའི་མི་རིགས་ཀྱི་སྤྱོད་བཞིན་པའི་འཇང་ཡིག་གམ་སྟོན་པའི་ཡི་གེ་དེ་ནི་སྲོང་བཙན་སྐབས་སློབ་དཔོན་ཐོན་མིས་སུམ་རྟགས་གཉིས་ཀྱི་གཞུང་བརྩམས་མ་གནང་གོང་དུ་སྤྱོད་བཞིན་པའི་བོད་ཀྱི་ཡི་གེ་རེད་བཅེས་བཤད་ཡོད་ལ་རང་རེའི་བོན་ཕྱོགས་ལ་བཞེན་པའི་མཁས་པ་ལ་ལས་ཀྱང་ཐོན་མིས་སྒྲ་ཡིག་མ་བྱས་པའི་སྔོན་སྨར་ཆེ་ཆུང་གི་ཡི་གེ་ཞིག་ཡོད་པར་ངོས་འཛིན་གནང་བཞིན་ཡོད་ཀྱང་དེ་མི་འཐད་པ་མཁས་པའི་ཁྱུ་མཆོག་ལྟ་བུ་དུ་མས་ལུངས་རིགས་ཀྱིས་བཀགས་པར་མཛད་འདུག་ལགས་ན་གུས་པས་དེ་དག་སླར་ཡང་འགོག་པའི་ངལ་བ་ཕར་མ་བྱས་མེད། གལ་ཏེ་ཐོན་མིའི་ལྗགས་བརྩོམ་སྒྲ་མཚོན་གྱི་ཕྱག་ཡིག་འདིའི་སྔོན་དུ་མཐུས་སྒོ་ཚང་བའི་སྒྲ་ཡིག་གཞན་ཞིག་ཡོད་ཚེ་དེས་ན་《སློབ་དཔོན་པདྨའི་བཀའ་ཐང་ལས་》《རྒྱ་གར་ཆོས་རྣམས་བོད་ལ་བསྒྱུར་བའི་ཚེ༔ རྒྱ་གར་ཡི་གེ་བོད་དུ་བསྒྱུར་མ་བཏུབ༔ 》 བཅེས་གསུངས་མི་དགོས་པར་ཐལ་བ་དང་བོད་དུ་ཀ་མད་གསུམ་བཅུ་ཡི་གེ་གཞན་ནས་དཔེ་རུ་ལེན་དགོས་པའི་ངལ་བ་དུ་མ་མཛད་དོན་མེད་དོ་ཞེས་སོགས་གནས་ལ་འཁེལ་བའི་རྒྱུ་མཚན་དུ་མས་སྒྲུབས་འདུག་པ་བཞིན་འཐད་པར་མཐོང་།ཐོན་མིའི་གོང་དུ་སྨར་ཆེ་ཆུང་གི་ཡི་གེ་ལྟ་བུ་ཤིག་ཡོད་ཚེ་ཐོན་མིས་ཡིག་རིས་རྒྱ་གར་ནས་དཔེ་བླངས་དོན་མེད་དེ་སྨར་ཆེ་ཆུང་གཉིས་ཀར་ཀ་མད་གསུམ་བཅུ་ཚང་བའི་ཡིག་གཟུགས་ཆ་ཚང་བ་འདུག་པའི་ཕྱིར་དང་།གལ་ཏེ་ཐོན་མིའི་ཡིག་རིས་ཀྱང་དེ་དག་ལ་དཔེར་བྱས་སོ་ཤེས་ན་དེ་ཡང་མི་འཐད་དེ་སྔོན་ནས་ད་བར་དུ་ཕྱོགས་ལྷུང་བྲལ་བའི་མཁས་པའི་གཙུག་རྒྱན་དུ་བཞེངས་པ་དེ་དག་ཀུན་མགྲིན་གཅིག་དབྱངས་གཅིག་གིས་ཐོན་མིའི་ཡིག་རིས་རྒྱ་གར་ནས་དཔེར་གནང་བ་མཐུན་གྲུབ་ཡིན་པའི་ཕྱིར་རོ།དེ་ནི་ཁྱེད་ཅག་སྨར་ཆེན་སྨར་ཆུང་གཙིགས་སུ་འཛིན་པ་རྣམས་ཇི་ཙམ་གྱིས་རིག་པས་བསྒྲུབ་ཀྱང་སྒྲུབས་མི་ཐུབ་པ་ནི་རང་ཅག་ཇི་ཙམ་གྱི་རིག་སྟོབས་དང་དཔྱད་རྒྱ་ཆེ་ཡང་སྐབས་དེ་དང་དེའི་ཡུལ་དེ་དང་དེར་གནས་ཚུལ་དང་བྱ་དངོོས་ཇི་འདྲ་ཤིག་བྱུང་མིན་ནི་རང་རེ་ལས་གནས་སྐབས་དེར་ཇི་ཙམ་ཉེ་བའི་མིས་དེ་ཙམ་གྱི་ཡུལ་དུས་དེའི་གནས་ཚུལ་གསལ་ངེས་ལྷག་པོ་ཡོད་དགོས་པ་ནི་ཆོས་ཉིད་ཀྱི་གཤིས་ལུགས་ཤིག་ཡིན་པའི་ཕྱིར་དེས་ན་སྨར་ཆེ་ཆུང་ལ་དཔེར་གནང་བ་མི་འཐད་སྙམས་ཡང་བློ་ལྡན་མཁྱེན་མཛངས་ཡངས་པ་ཚོས་རང་རང་གིས་ཞིབ་འཇུག་མཐར་ཕྱིན་པ་གནང་དགོས་གལ་ཆེར་མཐོང།སྨགས་མུན་བསེལ་བའི་ཀུན་གསལ་གྱི་དབང་པོ་མཁས་ཀུན་གྱི་ཡང་རྩེ་སློབ་དཔོན་ཐོན་མིས་སུམ་རྟགས་ཀྱི་གཞུང་ལྗགས་བརྩོམ་མ་མཛད་སྔོན་བོད་ལ་དེ་ལྟའི་གཟུགས་མཚོན་གྱི་ཡི་གེེ་ཞིག་ཡོད་པ་ནི་གོང་དུ་བཤད་པ་བཞིན་མངའ་རིས་ཁུལ་ཞང་ཞུང་དང་ཏུན་ཧོང་སོགས་ནས་འཐོན་པའི་བྲག་བརྐོས་དང་རྡོ་རིང་། དེ་མིན་སྔོན་གྱི་རྒྱལ་བློན་རྣམས་ཀྱིས་མནའ་དམ་བཅའ་བའི་ཚིག་བོད་སྐད་ཇི་བཞིན་རི་མོའི་གཟུགས་སུ་བརྐོས་ཡོད་པ། དཔེར་ན་ཉི་མ་དང་ཟླ་བ་སོགས་དངོས་པོ་རང་རང་གི་གཟུགས་བརྙན་བྲིས་ཡོད་པ་དང་། བཟང་ངན་སོགས་ལ་ཐིག་དཀར་ནག་གྱིས་ཁྱད་པར་ཕྱེད་ནས་བྲིས་ཡོད་པ་ནི། གནའ་བོའི་ཡིག་ཆ་རྙིང་པ་འདམས་སྒྲིགས་བྱས་ཡོད་པ་ལས་གསལ་རྟོགས་ཐུབ་ངེས་ཡིན། དེས་ན་སྲོང་བཙན་ཡར་སྔོན་ནས་བོད་ལ་ཡི་གེ་ཞིག་ཡོད་ན། འཕགས་ཡུལ་གྱི་གསུང་རབ་བོད་དུ་བསྒྱུར་མ་བཏུབ་པ་ཇི་ལྟར་འཐད་དེ་མི་ཐད་དོ་ཞེས་ན། དེ་ནི་མི་སྐྱོན་ཏེ་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྔོན་དུས་ནས་ཡི་གེ་ཡོད་ཀྱང་། དེ་ནི་གཟུགས་མཚོན་ཡི་གེ་ཞིག་ཡིན་པར་བརྟེན་སྐྱེ་བོའི་མིག་ལམ་དུ་སྣང་ནུས་ཀྱི་གཟུགས་ཅན་རག་པ་དགའ་ཞིག་རྡ་སྤྲོད་བྱེད་ནུས་པ་ལས་ལྡན་མིན་གྱི་དངོས་པོ་དང་། སེམས་འཚོར་ཀྱི་རིགས་དུ་མ་ཞིག་ཇི་བཞིན་གཞན་ལ་བརྡ་སྤྲོད་མི་ནུས་ལ། མ་ཟད་དམ་པའི་གསུང་རབ་ནི་གཙོ་ཆེར་སྐྱེ་བོའི་སེམས་རྒྱུད་དང་འབྲེལ་བའི་གཏམ་ཤ་སྟག་ཡིན་པས་དེ་ཉིད་བོད་དུ་བསྒྱུར་བར་འཐུས་སྒོ་ཚང་བའི་སུམ་རྟགས་ལྟ་བུའི་བརྡ་སྤྲོད་ཀྱི་སྒྲ་གཞུང་ཤིག་མེད་ན་རྒྱལ་བའི་གསུང་རབ་རྣམས་ཀྱང་རྒྱལ་བ་ཉིད་ཀྱི་བཀའ་དགོངས་བཞིན་བསྒྱུར་མི་ཐུབ་བ་དང་།རྒྱལ་ཁབ་ཕན་ཚུན་དབར་གྱི་ཡིག་འབྲེལ་ཡང་། མངའ་བདག་རྒྱལ་བོའི་དགོངས་པ། ཇི་ཡིན་ཇི་བཞིན་བརྡ་སྤྲོད་མི་ནུས་པ་སོགས་ཀྱི་རྐྱེན་གསུང་རབ་བོད་དུ་བསྒྱུར་མ་ཐུབ་པར་གསུངས་པ་ལས། དེ་སྐབས་སུ་བོད་ལ་ཡི་གེ་གཏན་ནས་མེད་པ་ནི་མིན་ནོ། གལ་ཏེ་དེ་ཙམ་ཀྱི་ཡི་གེ་ཡོད་པར་སྒྲུབ་མི་ནུས་ཏེ་དེ་དག་ནི་གཟུགས་བརྙན་ཙམ་ཡིན་པའི་ཕྱིར་རོ་སྙམས་ན་དེང་སྐབས་ཀྱང་ཡི་གེ་མེད་པར་ཧ་ཅང་ཐལ་ཆེ་སྟེ་ད་ལྟ་སྤྱོད་བཞིན་པའི་ཡི་གེ་བྲིས་པ་ཐ་དག་གཟུགསབརྙན་ཙམ་དུ་ཟད་པའི་ཕྱིར་རོ།གལ་ཏེ་གཟུགས་བརྙན་ཡི་གེ་མ་ཡིན་ཏེ་ཡི་གེ་ནི་སྐད་གདངས་ཀྱི་རྣམ་པར་འཇོགས་དགོས་པའི་ཕྱིར་སྙམས་ན་ཡང། ཡི་གེ་ནི་སྐད་གདངས་ཙམ་ལ་བཞག་པས་མི་སྒྲིགས་ཏེ་ཡི་གེ་མིག་གིས་མཐོང་པ་མི་སྲིད་པར་ཐལ་བ་དང་། ཡི་གེ་མེད་པའི་རྒྱལ་ཁབ་དང་ཡི་གེ་གསར་དུ་བཟོས་པའི་དུས་ཀྱང་འཇིག་རྟེན་འདིར་སྟོང་འགྲོ་བས་འཇིག་རྟེན་གྲགས་པ་དང་དངོས་སུ་དགལ་པ་མི་འདོད་བཞིན་ཁས་བླངས་དགོས་པ་འབྱུང་བའི་ཕྱིར་རོ། སྐྱོན་མེད་དེ་དེ་དག་ནི་ཡི་གེའི་གཟུགས་བཟོས་པ་དང་ཡི་གེའི་གཟུགས་མཐོང་བས་དེ་དག་བཟོས་པ་དང་མཐོང་བར་འཇོགས་པ་ཡིན་ནོ་ཟེར་ན་ནི། ཡི་གེ་བྲིས་པ་དང་ཀློག་པ་ཁ་འདོན་སོགས་གང་བྱས་ཐམས་ཅད་ལ། ཡི་གེའི་གཟུགས་བྲིས་པ་དང་ཡི་གེའི་གཟུགས་ཀློགས་པ་ཞེས་སོགས་ཐམས་ཅད་ལ་ཁྱད་པར་དེ་ལྟར་སྦྱོར་དགོས་ན་དེ་ནི་ཤིན་ཏུ་ནས་དོན་མེད་ངལ་བའི་གནས་སུ་རང་གིས་དང་བླངས་ཀྱིས་བཞུགས་པ་ཡིན་ནོ། སྔོན་བྱོན་མཁས་མཆོག་དུ་མས་ཡི་གེའི་ངོ་བོ་འམ་མཚན་ཉིད་འཇོགས་སྐབས་《མིང་ཚིགས་གཉིས་ཀྱི་རྩོམ་གཞིར་གྱུར་བའི་སྐད་ཀྱི་མདངས་ཤིག་ལ་》ཟེར་བ་ཡིན་ཞེས་ཀུན་གྱི་གཅིག་མཐུན་ལྟ་བུར་གསུངས་བཞིན་ཡོད་ཀྱང་དེའི་ཚིག་དོན་ནི་སྐད་མདངས་ཙམ་ཁོ་ན་ཡི་གེར་གསུངས་པ་མ་ཡིན་ཏེ་གལ་ཏེ་དེ་ལྟར་ན་གོང་དུ་བཤད་པའི་སྐྱོན་རྣམས་འབྱུང་བ་མཁས་པའི་ཡང་རྩེར་སོན་པ་དེ་དག་གིས་མ་དགོངས་པ་དང་མ་གཟིགས་པ་ཤིག་ག་ལ་ཡིན་ཏེ་མ་ཡིན་ནོ།འོ་ན་ཡི་གེའི་མཚན་ཉིད་ཀྱི་དོན་ཇི་ལྟར་ཡིན་ཞེས་ན་དེ་ནི་འདི་ལྟར་འཇོག་གོ་སྙམས་ཏེ།《མིང་ཚིག་གཉིས་ཀྱི་བརྩོམ་གཞིར་གྱུར་བའི་སྐད་ཀྱི་མདངས་སམ་སྐད་མདངས་དེ་མཚོན་པའི་ཆ་ནས་བཞགས་པའི་བརྡ་མཚོན་གང་རུངས་སུ་དམིགས་པ་》དེ་ཡི་གེའི་དོན་ནམ་མཚན་ཉིད་དུ་འཇོགས་འགོས་སྙམས་དཔེར་ན་དབྱངས་ཀྱི་སྐབས་《ང་རོའི་རྣམ་པ་ཅན་གྱི་ཆ་ན་བཞགས་པ་》ཞེས་ཆ་བཞགས་སྨྲོས་པ་ལ་གོ་བ་གཉིས་ཤིག་ལེན་བཞིན་ཡོད་པ་བཞིན་ཏེ་འགའ་ཤིག་གིས་ཆ་བཞགས་ཀྱི་དོན་སྒྲ་མདངས་སམ་སྐད་མདངས་ཀྱི་ཆ་ནས་བཞགས་པར་གོ་བ་ལེན་བཞིན་འདུག་ཀྱང་དེ་ནི་མི་ཐད་པར་མཐོང་ཏེ་ང་རོའི་རྣམ་པ་ནི་སྒྲ་མདངས་སམ་སྐད་མདངས་ལ་གོ་འགོས་པས་དེས་ན་ང་རོའི་རྣམ་པ་ཞེས་སྨྲོས་ཟིན་ནས་སླར་ཡང་དེའི་ཆ་ནས་བཞགས་ཞེས་སྨྲས་པ་ནི་ང་རོའི་རྣམ་པ་ང་རོའི་རྣམ་པ་ཅན་ཞེས་པ་དང་གཉིས་སུ་མེད་པས་དགོས་མེད་ཀྱི་སྒྲ་ཟློས་པའི་དོན་ཏུ་སོང་སྟབས་དེའི་ཕྱིར་བཤད་པ་དེ་མི་འོས་སོ།དེས་ན་ཆ་བཞགས་ནི་ངག་དོན་གོ་ནུས་ཀྱི་རིས་མོའི་གཟུགས་བརྙན་དེར་གོ་དགོས་པས་མདོར་ན་《ང་རོའི་རྣམ་པའམ་དེ་མཚོན་པའི་ཆ་ནས་བཞགས་པའི་བརྡ་མཚོན་གང་རུངས་སུ་དམིགས་པ་》དབྱངས་ཀྱི་དོན་དུ་འཇོགས་དགོས་སྙམས་སོ།དེ་ལྟར་དུ་བཞགས་པ་ནི་ཡི་གེ་དང་དབྱངས་ཀྱི་གོ་དོན་ཆ་ཚང་བ་ཐོན་པ་ཡིན་སྙམས་ཤིང་གོ་དོན་དེར་འཇོགས་ན་རང་གཞན་ཐམས་ཅད་ངལ་བའི་གནས་དུ་མ་ལས་གྲོལ་བར་མཐོང་ངོ་།དེང་སྐབས་བོད་བཞུགས་མཁས་དབང་དུ་མས་ལྷན་འཛོམ་དཀའ་སྤྱད་ལས་གྲུབ་པའི་<བོད་རྒྱ་ཚིག་མཛོད་ཆེན་མོའི་>ནང་དུ་ཡང་ཡི་གེའི་ངོ་བའམ་གོ་དོན་འཇོགས་སྐབས་《སྐད་ཀྱི་སྒྲ་གདངས་ཀྱི་གཞི་རྩ་་མཚོན་བྱེད་ཀྱི་བརྡ་》ཞེས་གསུངས་པར་ཡང་གོ་རྒྱུ་ཧ་ཅང་ཆེ་སྙམས་ལྷག་པར་དེང་དུས་འཛམ་གླིང་གང་དུ་ཕྱིན་ཀྱང་འདྲ།ཡང་ན་ཡུལ་ལུང་གཞན་གྱི་མཁས་པ་སུ་ཡིན་ཡང་རང་གི་བསམ་ཚུལ་དག་ཤོག་ངོས་སུ་བརྐོས་པ་འདི་ཐ་དག་ཡི་གེ་ཡིན་པར་ངོས་འཛིན་པ་ལས་འདི་དག་ནི་ཡི་གེའི་གཟུགས་ཡིན་གྱིས་ཡི་གེ་མ་ཡིན་ཞེས་སྨྲ་བ་སུ་ཡང་མི་འདུག་ན་དེང་སྐབས་ཀྱི་འཛམ་གླིང་ནང་ཡི་གེ་གང་ཡིན་ངོས་འཛིན་ཐུབ་པ་རང་ཅག་བོད་ཀྱི་མཁས་པ་གཅིག་པུ་ཡིན་ཞེས་སྨྲ་དགོས་ན་ནི་ཡུལ་ལུང་གཞན་གྱི་མཁས་པ་ཆེན་པོ་དེ་ཐ་དག་ཆེས་བཞད་རྒད་ཀློང་བའི་གཏམ་དུ་འདུག་པས་རང་རེའི་བརྡ་སྤྲོད་སྨྲ་བ་རྣམས་ཀྱིས་ཀྱང་《སློབ་མ་དད་པ་ཅན་གྱིས་བླ་མ་ཟོག་པོར་བཏངས་》ཞེས་པའི་དཔེར་མ་སོང་བར་རང་རེའི་སྔོན་བྱོན་གྱི་མཁས་གྲུབ་དེ་དག་དང་ལྷག་པར་གངས་ཅན་མཁས་མཆོག་ཀུན་གྱི་ཅོད་པན་རྣམ་དཔྱོད་ཀྱི་པིར་རྩེ་ཐོག་ལྟར་རྣོ་བའི་སློབ་དཔོན་ཆེན་པོ་ཐོན་མི་གང་ཉིད་ཀྱི་མཚན་སྙན་དགུང་དུ་སྟེགས་ཏེ་ཕྱི་ནང་མཁས་པ་ཀུན་ཀྱང་ཡིད་ཕྲོག་པའི་གནས་ཞིག་ཏུ་བསྐྲུན་མ་ཐུབ་རུང་ཕྱི་གླིང་མཁས་པ་དག་གི་མདུན་སར་མཚན་སྨད་དུ་འགྲོ་བའི་རྒྱུར་མི་བརྩོན་པའི་རེ་བ་སྙིང་ཁོང་ནས་ཞུ།གཞན་ཡང་ཡིད་ཟབ་དགོས་པ་ཞིག་ལ་དེང་སྐབས་ཀྱི་མཁས་མིང་འཛིན་པ་ཀུན་གྱིས་བརྡ་སྤྲོད་ཀྱི་གཞུང་འདི་གཞན་ལ་སློབ་བཤད་སོགས་གནང་སྐབས་ཀྱང་མ་བརྟགས་མ་དཔྱད་པར་ཚིག་འགྲེལ་ཐེབ་ཐུབ་ཙམ་གྱི་དཔེ་འཁྲིད་ཀྱི་ས་མཚམས་དེ་ལས་ཅུང་ཟད་བརྒལ་ཏེ་སློབ་མར་དགོས་ངེས་ཀྱི་ལེགས་བཤད་གསར་པ་གང་མང་བསྐྲུན་ཐབས་གནང་དགོས་པ་ནི་དུས་ཕྲང་འདིར་གལ་ཆེར་མཐོང་ངོ་།། 《གཉིས་པ་སྒྲ་མཚོན་གྱི་ཡི་གེའི་བྱུང་རིམ་བཤད་པ་ནི་》 དེ་ཡང་བོད་ཀྱི་སྒྲ་མཚོན་གྱི་ཡི་གེ་ནི་<ཏུནཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་>སྤྱི་ལོ་༡༩༩༢་ལོར་མི་རིགས་དཔེ་སྐྲུན་ཁང་ནས་པར་བའི་དེབ་གཟུགས་ཤོག་གྲངས་་༦༠་ནང་(བོད་ལ་སྔ་ན་ཡི་གེ་མྱེད་པ་ཡང་བཙན་པོ་འདི་འྀ་ཚེ་བྱུང་ནས་)ཞེས་འཁོད་པ་བཞིན་དུས་རབས་བདུན་པའི་ནང་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་གོང་དུ་གཟུགས་མཚོན་ཡི་གེའི་སྐབས་སུ་བཤད་པ་བཞིན་འཐུས་སྒོ་ཚང་བའི་སྒྲ་མཚོན་གྱི་ཡི་གེ་ཤིག་མེད་པའི་དཀའ་ཚིགས་དེ་དག་ལ་བརྟེན་འཕགས་མཆོག་འཇིག་རྟེན་དབང་ཕྱུག་མི་ཡི་གར་གྱིས་རྣམ་པར་རོལ་བ་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་ཕྲལ་ཕུགས་ཀྱི་སྤྱན་འགྱང་རིང་དུ་བསྲིངས་ཏེ་འབྱུང་འགྱུར་གྱི་གངས་ལྗོངས་དེ་ཉིད་ཆོས་དང་ཆབ་སྲིད་དཔལ་འབྱོར་རིགས་གནས་གང་ལའང་གཞན་ངོར་ནོང་མི་དགོས་པའི་དགོངས་དཀྱིལ་ཟབ་མོས་བློ་གྲོས་ཀྱི་མཛང་པ་ཕུལ་དུ་ཕྱིན་པའི་བཀའ་ཡི་བློན་པོ་དག་ཕྱོགས་དང་མཚམས་རྣམས་སུ་གངས་ཕྲུག་རྣམ་དཔྱོད་ཅན་དུ་མ་འདེམས་སྒྲུག་ཏུ་མངགས་པ་ལས་གཞོན་ནུ་ཉིད་ནས་མཁྱེན་རབ་ཀྱི་དཔལ་རབ་ཏུ་འབར་ཞིང་དཀའ་སྤྱད་ལ་ཇི་མི་སྙམས་པར་བཟོད་ཐུབ་ཞིང་། གཞན་དོན་སྒྲུབ་པ་ལ་གཅིག་ཏུ་དཔའ་བའི་སློབ་དཔོན་ཆེན་པོ་ཐོན་མི་སམབྷོཊ་ཞེས་པ་མཚན་སྙན་པའི་བ་དན་སྲིད་རྩེར་འདྲེང་བ་དེ་ཉིད་དང་གཞན་ཡང་རྣམ་པར་དཔྱོད་པ་ཤིན་ཏུ་བཀྲ་བའི་གངས་རིའི་བུ་ཕྲུག་དག་དང་། ཁྱོན་སློབ་ཕྲུག་བཅུ་ཕྲག་གཅིག་འདམས་བསྲེས་ཀྱིས་ཤེས་རིགས་ཀྱི་རྒྱ་མཚོ་མཁའ་ལ་ཕྱོ་ཞིང་གངས་ལྗོངས་ཀྱི་ནང་བསྟན་རིགས་པའི་མ་ཡུམ་ཆེན་མོ་བདེན་པ་མངོན་སུམ་དུ་གཟིགས་པའི་སྐྱེ་ཆེན་དམ་པ་དཔག་དུ་མེད་པ་འབྱུང་བའི་གནས་རྒྱ་གར་ཞེས་གྲགས་པའི་ཡུལ་དེར་གསེར་དངུལ་རིན་ཆེན་དར་ཟབ་སོགས་ཀྱི་རྫོངས་པ་བསམ་གྱིས་མི་ཁྱབ་པ་དང་བཅས་གངས་ལྗོངས་མུན་པའི་གླིང་འདིར་ཤེས་རིགས་ཀྱི་འོད་སྣང་སྐྲུན་ཕྱིར་དུ་བཀའ་ཡིས་མངགས་། ཁོང་རྣམས་ལས་གཞན་དག་ཕལ་ཆེར་ནི་ཁ་བའི་བསིལ་རེག་གིིས་སྐྱངས་བའི་ཀུ་མུད་ལ་ཚ་སྡུག་གི་ཉི་མའི་གནོས་འཚེ་ཕོགས་པ་བཞིིན་མི་བཟོད་པའི་ཚ་ཟེར་དྲགས་པོས་བཙན་པས་ཡུན་རིང་མ་འགོར་བར་དགའ་ཞིག་རང་ཡུལ་དུ་ཕྱིར་ཕེབས་དགོས་བྱུང་ཤིང་དགའ་ཞིག་རྒྱ་གར་རང་དུ་ཚད་པས་སྨྱུང་ནས་སྐུ་ཚེ་ཡི་འདུས་བྱས་སོ།འོན་ཀྱང་སྔོན་བསགས་ལས་འབྲེལ་ཀྱི་སྨོན་ལམ་བཟང་པོས་བོད་ཡུལ་མུན་པའི་གླིང་འདིར་ལེགས་པར་མཚམས་སྦྱར་པའི་ཐོན་མི་ཀུན་ཏུ་བཟང་པོ་འདི་ཉིད་ནི་ཁ་བ་གངས་ཅན་པའི་བདེ་སྡུག་ཁོ་ནའི་ཆེད་དམིགས་ཀྱིས་དཀའ་སྡུག་གང་ལའང་ཇི་མི་སྙམས་པར་ལོ་ངོ་བདུན་ཙམ་གྱི་རིང་རྒྱ་གར་ཡུལ་དུ་བཞུགས་ནས་ཡུལ་དེའི་རིགས་གཞུང་སྤྱི་དང་ཁྱད་པར་སྒྲ་ཡི་བསྟན་བཅོས་རྣམས་དང་ཡིག་རིགས་འདྲ་མིན་ཇི་ཡོད་ལ་ཞིབ་འཇུག་མཐར་ཕྱིན་པ་མཛད་དེ་ཕྱིར་བོད་ཡུལ་དུ་ཕེབས་ནས་བོད་རང་གི་དེ་སྐབས་སྤྱོད་བཞིན་པའི་སྐད་ཀྱི་གདངས་དང་ཐ་སྙད་གང་ཡོད་རྣམས་ལ་ངག་ནས་འདོན་སྐབས་སྦྱོར་བ་འབད་བརྩོལ་དྲགས་ཞན་ལས་སྒྲ་ཡི་མཐོ་དམའ་ཇི་འཐོན་ཇི་བཞིན་མ་ནོར་མ་འདྲེས་པར་ཐུགས་རྟོགས་ལེགས་པར་ཕྱུག་ཏེ་རྒྱ་གར་གྱི་ཡི་གེ་དང་བོད་རང་གི་སྐད་གདངས་གཉིས་དཔྱད་བསྡུར་རྣམ་པར་དག་པ་གནང་ནས་གངས་ཅན་པ་རང་གི་སྐད་གདངས་དང་དངོས་པོའི་ཐ་སྙད་སོགས་ལ་ཉེ་བར་འཁོ་བ་བསྡུ་བའི་དབང་དུ་མཛད་དེ་རྒྱ་གར་གྱི་དབྱངས་ཡིག་བཅུ་དྲུག་ཏེ་《ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨ༔》ཡོད་པ་རྣམས་ལས་༼ཨི་ཨུ་ཨེ་ཨོ་༽སྟེ་ཐུང་བའི་དབྱངས་ཡིག་བཞི་མ་གཏོག་པའི་ཨཱ་ཨཱི་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨོ་ཨཽ་ཨཾ་ཨ༔སྟེ་བཅུ་གཉིས་དོར་བ་དང་། གསལ་བྱེད་སོ་བཞི་སྟེ་《ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ་》བཅས་ཡོད་པ་ལས་ གྷ་ཛྷ་ཌྷ་དྷ་བྷ་ཥ་ཀྵ་སྟེ་བདུན་དོར་བའི་ལྷག་མ་ ༼ཀ་ཁ་ག་ང་། ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཡ། ར་ལ་ཤ་ས། ཧ།༽སྟེ་ཉེར་གསུམ་ཡོད་པ་དེའི་སྟེང་དབྱངས་རྣམས་ལས་༼ཨ་༽བསྣན་པས་གསལ་བྱེད་ཀྱི་ཡི་གི་ཉེར་བཞི་དང་དེའི་སྟེང་བོད་སྐད་རང་ལ་ཉེ་བར་འཁོ་བའི་༼ཅ་ཆ་ཇ་ཞ་ཟ་འ་༽སྟེ་དྲུག་བསྣན་པས་ཁྱོན་བོད་ཀྱི་སྐད་ཡིག་ལ་མང་མི་དགོས་ཤིང་ཉུང་ན་མི་བསྡུས་པའི་གསལ་བྱེད་ཀྱི་ཡི་གེ་ ༼ཀ་ནས་ཨ་བར་༽གསུམ་བཅུ་ཐམ་པ་གཏན་ལ་འཕབས་པ་མཛད་ཅིང་དེ་ལྟར་གཏན་ལ་འཕབས་པ་དེ་རྣམས་ལས་ཀྱང་མིང་གཞིའི་རྗེས་སུ་འཇུག་པ་༼ག་ང་ད་ན་བ་མ་འ་ར་ལ་ས་༽བཅུ། སྔོན་དུ་འཇུག་པ་ ༼ག་ད་བ་མ་འ་༽ལྔ།སྔོན་རྗེས་གང་ལའང་མི་འཇུག་པའི་ཡི་གེ་༼ཀ་ཁ་ཅ་ཆ་ཇ་ཉ་ཏ་ཐ་པ་ཕ་ཙ་ཚ་ཛ་ཝ་ཞ་ཟ་ཡ་ཤ་ཧ་ཨ་༽ཉི་ཤུ་ཐམ་པར་ཆ་བགོས་གནང་ནས་དེ་དག་ལ་ཡང་ར་ཡིག་མགོ་ཅན་གྱི་ཡི་གེ་བཅུ་གཉིས།ལ་ཡིག་མགོ་ཅན་གྱི་ཡི་གེ་བཅུ།ས་ཡིག་མགོ་ཅན་གྱི་ཡི་གེ་བཅུ་གཅིག་དང་།དེ་ནས་ཡ་ཡིག་མིང་གཞིའི་འོག་ནས་བཏགས་པ་བདུན།ར་ཡིག་མིང་གཞིའི་འོག་ནས་བཏགས་པ་བཅུ་གསུམ་དང་།ལ་ཡིག་མིང་གཞིའི་འོག་ནས་བཏགས་པ་དྲུག་དང་།ཝ་ཡིག་མིང་གཞིའི་འོག་ནས་ཡར་བཏགས་པ་བཅུ་གཉིས་བཅས།མདོར་ན་གངས་ཅན་བོད་ཀྱི་ཡི་གེ་ཞེས་པ་འཇིག་རྟེན་གྱི་ཁམས་ཆེན་པོ་འདིར་སྔར་ན་མེད་པའི་མུན་བསེལ་གྱི་སྒྲོན་མེ་ཉི་མ་ལས་ཀྱང་ཆེས་ཆེར་གསལ་བ་ཤིག་མཛད་དོ། ས་ཆེན་མུན་པས་ཐིབས་པའི་སྨག་རུམ་ན།། མཁའ་དབྱིངས་འོད་དཀར་ལང་འཚོ་ངོམ་པ་བཞིན།། ཤེས་རྨོང་དྲི་མས་གཡོག་པའི་རྒྱལ་ཁམས་འདིར།། ལྕེ་གཉིས་སྨྲ་བ་ཐོན་མིའི་དྲིན་གྱིས་ཁྱབས།། 《བཞི་པ་ཡི་གེའི་ངོ་བོ་བཤད་པ།》 དེ་ཡང་ཡི་གེ་ཞེས་པ་ནི་གོང་དུ་ཡི་གེའི་བྱུང་བ་བརྗོད་པའི་སྐབས་སུ་བཤད་ཟིན་པ་བཞིན་མིང་དང་ཚིག་གི་རྩོམ་གཞིའམ་འབྱུང་བའི་གནས་རྒྱུ་བདུན་གྱི་བདག་ཉིད་ལས་གྲུབ་པ་ཞིག་ཏེ་《གཞི་ཡི་རྒྱུ། བསྐུལ་བའི་རྒྱུ། སྐྱོད་པར་བྱེད་པའི་རྒྱུ། ཕྲད་པར་བྱེད་པའི་རྒྱུ། ལྷན་ཅིག་འབྱུང་བའི་རྒྱུ། ཀུན་ཏུ་འགྲོ་བའི་རྒྱུ། སྐལ་བ་མཉམ་པའི་རྒྱུ། 》སྟེ་བདུན་ནོ། དེ་རྣམས་ཀྱི་ངོས་འཛིན་མདོ་ཙམ་རེ་འཇོག་ན་འདི་ལྟར། སྒྲ་རྣམས་འབྱུང་བའི་གནས་རྣམས་ནི་《གཞིའི་རྒྱུ།》ནང་གི་རྣམ་པར་རྟོག་པ་ནི་《བསྐུལ་བར་བྱེད་པའི་རྒྱུ།》ཁྱབ་བྱེད་ཀྱི་རླུང་གཡོ་བ་ནི་《སྐྱོད་པར་བྱེད་པའི་རྒྱུ། 》གནས་རྣམས་གཡོ་བྱེད་ཀྱི་རླུང་ནི་《ཕྲད་པར་བྱེད་པའི་རྒྱུ།》སྒྲའི་ཚོགས་དང་འདྲེས་ནས་བྱུང་བའི་རླུང་ནི་《ལྷན་ཅིག་འབྱུང་བའི་རྒྱུ།》ཡི་གེ་ཐམས་ལ་ཁྱད་མེད་དུ་འགྲོ་བའི་དབྱངས་གསལ་གཉིས་ནི་《ཀུན་ཏུ་འགྲོ་བའི་རྒྱུ། 》ནང་གི་རྣམ་པར་རྟོག་པ་ཕྱི་རོལ་གྱི་སྒྲར་སྣང་བའི་གཟུང་བའི་ཆ་ནི་《སྐལ་མཉམ་གྱི་རྒྱུ། 》སྟེ། དེ་ལྟ་བུའི་རྒྱུ་བདུན་གྱི་བདག་ཉིད་ལས་གྲུབ་པ་ཞིག་གོ། མདོར་ན་རང་གི་ཡིད་ངོར་ཤར་བའི་བརྗོད་འདོད་ཐམས་ཅད་གཞན་ངོར་རྒྱུད་སྤྲོད་བྱེད་པར་མཆོག་ཏུ་གྱུར་བའི་ཡོན་ཏན་དང་ལྡན་པའི་ང་རོ་ཞིག་གམ་དེའི་བརྡ་མཚོན་གྱི་རྣམ་པར་བཞགས་པ་ཤིག་ཡིན་ཞིང་འོན་ཀྱང་བོད་སྐད་སོར་བཞགས་བྱས་ཚེ་བརྗོད་པ་ཐམས་ཅད་ཀྱི་གཞིར་གྱུར་ཀྱང་རང་ཉིད་ཡན་གར་བའམ་རེ་རེ་བས་དོན་གང་ཡང་སྟོན་པར་མི་ནུས་ཞིང་དབྱངས་དང་གསལ་བྱེད་ཀྱི་བདག་ཉིད་ཞིག་ཏུ་འཇོག་དགོས་ཤིང་བརྗོད་བྱའི་དོན་སྟོན་པར་མིང་ཚིག་སོགས་གཞན་དག་ཚོགས་པ་ལ་ལྟོས་དགོས་པ་ཞིག་ཡིན་ནོ། དེ་ལྟར་《མཁས་འཇུག་རྩ་བ་》ལས་ཀྱང་། ཝཱ་ཎཱ་དཔར་མ་དེབ་གཟུགས་ཤོག་གྲངས་༡༠ཕྲིང་༣་པར་《དངོས་སུ་བརྗོད་འདོད་མི་སྟོན་ཅིང་། བརྗོད་པ་ཀུན་གྱི་གཞིར་གྱུར་བ།》ཞེས་དང་།དེའི་《རང་འགྲེལ་》ལས་ཡི་གེ་ཞེས་བཤད་ཡི་གེའི་མཚན་ཉིད་ནི་དོན་མི་སྟོན་པའི་སྒྲ་སྤྱི་སྣང་བ་ཞེས་བྱ་བ་ཡིན་ལ། དེའང་དབྱངས་གསལ་བྱེད་ཅེས་བྱ་བ་ཨཱ་ལི་དང་ཀཱ་ལིའི་བདག་ཉིད་དོ།》 ཞེས་གསུངས་སོ། དེས་ན་ 《མིང་ཚིག་གཉིས་ཀྱི་བརྩོམ་གཞིར་གྱུར་བའི་སྐད་ཀྱི་མདངས་སམ་སྐད་མདངས་དེ་མཚོན་པའི་ཆ་ནས་ བཞགས་པའི་བརྡ་མཚོན་གང་རུངས་སུ་དམིགས་པ་》ཡི་གེའི་ངོ་བོའམ་མཚན་ཉིད་དང། 《ང་རོའི་རྣམ་པའམ་དེའི་ཆ་ནས་བཞགས་པའི་བརྡ་མཚོན་གང་རུངས་སུ་དམིགས་པ་》དབྱངས་ཀྱི་མཚན་ཉིད་དུ་ཤེས་པར་བྱའོ།། ལྔ་པ་དབྱེ་བ་བཤད་པ་ལ། སྤྱིར་ན་ཡི་གེ་ལ་དབྱེ་ན་ངོ་བོའི་སྒོ་ནས་དབྱེ་བ་དང་སྐྱེ་གནས་ཀྱི་སྒོ་ནས་དབྱེ་བ་གཉིས་སུ་ཡོད། དང་པོར་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་གཉིས་སུ་འབྱེད་ཅིང་།དེ་ཡང་《རྩ་བ་ལས།》《ཡི་གེ་ཨཱ་ལི་ཀཱ་ལི་གཉིས།།ཨཱ་ལི་གསལ་བྱེ་ཨི་སོགས་བཞི།།ཀཱ་ལི་སུམ་ཅུ་ཐམ་པའོ།།》ཞེས་གསུངས་པ་བཞིན་ཡི་གེ་ལ་སྤྱི་རམ་ངོ་བོས་དབྱེ་ན་ཨཱ་ལི་སྟེ་དབྱངས་དང་ཀཱ་ལི་སྟེ་གསལ་བྱེད་ཀྱི་ཡི་གེ་གཉིས་ཡོད་པ་ལས་ཨཱ་ལི་ཡི་བརྗོད་དོན་གསལ་བར་བྱེད་པ་ལ་ཨི་ལ་སོགས་པ་སྟེ།༼ཨི་ཨུ་ཨེ་ཨོ་༽བཞི་དང་།ཀཱ་ལི་ཡི་བརྗོད་དོན་གསལ་བར་བྱེད་པའི་ཡི་གེ་༼ཀ་ནས་ཨ་༽ཡི་བར་ཡི་གེ་གསུམ་བཅུ་ཐམ་པ་ཡོད་པའོ་ཞེས་གསུངས་ལ།ཀ་ནས་ཨ་ཡི་བར་གྱི་གསལ་བྱེད་ཀྱི་ཡི་གེ་གསུམ་བཅུ་པོ་དེ་ལའང་ནང་སེས་ཀྱི་སྔོན་འཇུག་དང་རྗེས་འཇུག་མི་འཇུག་པའི་ཡི་གེ་ཡང་ཡོད་དེ་《རྩ་བ་ལས་》《དེ་ལས་རྗེས་འཇུག་བཅུ་ཡིན་ཏེ།། དེ་ལས་ལྔ་ནི་སྔོན་དུའང་འཇུག།མི་འཇུག་པ་ནི་ཉི་ཤུའོ།།》ཞེས་གོང་གི་གསལ་བྱེད་ཀྱི་ཡི་གེ་གསུམ་བཅུ་ཡོད་པ་དེ་རྣམས་ལས་མིང་གཞིའི་རྗེས་སུ་འཇུག་པའི་ཡི་གེ་བཅུ་ཡིན་ཏེ་ཞེས་དང་།རྗེས་སུ་འཇུག་པའི་ཡི་གེ་བཅུ་པོ་དེ་རྣམས་ལས་ཀྱང་ལྔ་ནི་མིང་གཞིའི་སྔོན་དུའང་འཇུག་ཅིང་།དེ་དག་གི་ལྷག་མ་སྔོན་རྗེས་གང་ལ་ཡང་མི་འཇུག་པ་ནི་ཉི་ཤུ་ཐམ་པ་ཡོད་པའོ།།ཞེས་གསུངས་པ་བཞིན་གསལ་བྱེད་གསུམ་བཅུ་པོ་དེ་རྣམས་ལས་མིང་གཞིའི་རྗེས་སུ་འཇུག་པའི་ཡི་གེ་བཅུ་དབྱུང་ཚུལ་ནི་《རྩ་བ་ལས་》《ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི།། བཞི་བཞི་དག་ཏུ་ཕྱི་བ་ལས།།དང་པོ་གསུམ་པ་བཞི་པ་ཡི།།མས་གཉིས་དྲུག་པའི་གསུམ་པ་དང།། བདུན་པ་ལ་ནི་ཤ་མ་གཏོགས།།རྗེས་འཇུག་ཡི་གེ་བཅུ་རུ་འདོད།།》ཞེས་ཀཱ་ལི་གསལ་བྱེད་ཀྱི་ཡི་གེ་དེ་རྣམས་སྡེ་མཚན་འདི་ལྟར། <ཀ་སྡེ་དང་།ཅ་སྡེ།ཏ་སྡེ།པ་སྡེ།ཙ་སྡེ།ཞ་སྡེ།ར་སྡེ་>བཅས་བཞི་ཚན་དུ་སྡེབས་པའི་སྒང་པོ་བདུན་དང་<ཧ་སྡེ་>ནི་ཀ་སྡེ་སོགས་ལ་ལྟོད་དེ་ཕྱེད་དུ་བརྩིས་པས་ཁྱོན་སྡེ་པ་ཕྱེད་དང་བརྒྱད་ཀྱི་སྡེ་མཚན་དུ་སྡེབས་ནས་ཡོད་པ་དེ་རྣམས་ནི།སྡེ་པ་རེར་ཡི་གེ་བཞི་བཞི་དག་ཏུ་ཕྱེ་ནས་ཡོད་པ་དེ་རྣམས་ལས་དང་པོ་ཀ་སྡེ་དང་གསུམ་པ་ཏ་སྡེ་བཞི་པ་པ་སྡེ་ཡི་མས་རིམ་ནས་བརྩིས་པའི་ཡི་གེ་གཉིས་རེ་སྟེ་<ག་ང་ད་ན་བ་མ་>སྟེ་དྲུག་དང་དྲུག་པའི་ཞེས་སྡེ་པ་་དྲུག་པ་ཞ་སྡེའི་གསུམ་པ་<འ་>དངབདུན་པ་ར་སྡེ་ལ་ནི་ཤ་ཡིག་མ་གཏོགས་<ར་ལ་ས་>གསུམ་བཅས་ཡོད་པ་ནི་མིང་གཞི་དག་གི་རྗེས་སུ་འཇུག་པའི་ཡི་གེ་བཅུ་རུ་འདོད་དོ་ཞེས་གསུངས་པ་བཞིན་སྡེ་པ་ཕྱེད་དང་བརྒྱད་དུ་གནས་པའི་ཡི་གེ་གསུམ་བཅུ་པོ་དེ་དག་ལས་མིང་གཞིའི་རྗེས་སུ་འཇུག་པ་《ག་ང་ད་ན་བ་མ་འ་ར་ལ་ས་》སྟེ་བཅུ་དང་།རྗེས་འཇུག་བཅུ་པོ་དེ་ལས་མིང་གཞིའི་སྔོན་དུ་འཇུག་པའི་ཡི་གེ་ལྔ་དབྱུང་ཚུལ་ནི་《རྩ་བ་ལས》《རྗེས་འཇུག་ཡི་གེ་བཅུ་ཉིད་ལས།།དང་པོ་གསུམ་པ་ལྔ་པ་དྲུག།བདུན་པ་རྣམས་ནི་སྔོན་དུའང་འཇུག།》ཞེས་རྗེས་འཇུག་གི་ཡི་གེ་བཅུ་ཡོད་པ་དེ་ཉིད་ལས་དང་པོ་<ག་>གསུམ་<ད་>ལྔ་པ་<བ་>དྲུག་པ་<མ་>བདུན་པ་<འ་>རྣམས་ནི་མིང་གཞིའི་རྗེས་སུ་མ་ཟད་སྔོན་དུའང་འཇུག་པ་ཡིན་གསུངས་པ་བཞིན། རྗེས་འཇུག་དེ་དག་ལས་མིང་གཞིའི་སྔོན་དུ་འཇུག་པའི་ཡི་གེ་《ག་ད་བ་མ་འ་》ལྔ་དང་།དེ་གཉིས་ཀྱི་ལྷག་མ་སྔོན་རྗེས་གང་དུའང་མི་འཇུག་པའི་ཡི་གེ་ནི་《རྩ་བ་ལས་》《མིང་གཞི་གཉིས་སམ་གསུམ་སྦྲེལ་ལམ།།དེ་ལ་དབྱངས་ཀྱི་བཞི་ལྡན་ཡང་།།གང་དུའང་འཇུག་མིན་སྦྱར་བའང་མིན།།》ཞེས་སྔོན་རྗེས་ཀྱི་ཡི་གེ་བཅུ་དབྱུང་བའི་ལྷག་མ་ཉི་ཤུ་པོ་རྣམས་ནི་མིང་གཞི་ནང་ཕན་ཚུན་གཉིས་སམ་གསུམ་སྦྲེལ་བའམ་ཡང་ན་དེ་ལ་དབྱངས་ཀྱི་བརྒྱན་ཏེ་ཡི་གེ་བཞི་ལྡན་ཡང་བོད་ཚིག་ལ་གྲགས་པའི་མིང་ཚིག་གི་ཐ་སྙད་གང་དུའང་འཇུག་པ་མིན་ཞིང་དེ་བཞིན་བྱེད་པ་པོས་དངོས་སུ་སྦྱར་དུ་རུང་བའང་མིན་ནོ།ཞེས་གསུངས་པ་བཞིན་སྔོན་རྗེས་གང་དུའང་མི་འཇུག་པའི་ཡི་གེ་《ཀ་ཁ་ཅ་ཆ་ཇ་ཉ་ཏ་ཐ་པ་ཕ་ཙ་ཚ་ཛ་ཝ་ཞ་ཟ་ཡ་ཤ་ཧ་ཨ》བཅས་ཉི་ཤུ་ཐམ་པ་ཡོད་པ་དང།དེ་མིན་མིང་གཞི་རྐྱང་པ་དང་མགོ་ཅན་དང་འདོགས་ཅན་སོགས་ཡོད་ཅིང་གཞན་ཡང་གསལ་བྱེད་ཀྱི་ཡི་གེ་དེ་དག་ལ་ད་དུང་ཡང་ཞིབ་པར་ཕྱེ་ན་ཀ་ལྟ་བུ་གཅིག་ལ་ཡང་དབྱངས་སོགས་དང་སྦྱར་ནས་ནང་སེས་ཀྱི་བརྒྱ་དང་བཅུ་གཅིག་སོགས་ཀྱི་དབྱེ་བ་བྱེད་ཚུལ་རྒྱས་པ་སྨྲ་སྒོ་སོགས་སུ་ལྟ་བར་བྱའོ། དེ་མིན་བརྡ་མཚོན་གྱི་ཡི་གེའམ་བྲིས་པའི་ཡི་གེར་ཡང་དབྱིབས་མི་འདྲ་བ་ལས་མིང་གི་བཏགས་ནས་དབྱེ་བའང་ཡོད་པ་ནི་《དབུ་ཅན་དང་།དབུ་མེད།འབྲུ་ཚ།ཚུགས་ཐུང་།ཚུགས་རིང་། འཁྱུག་ཡིག འཁྱུག་མ་ཚུགས།》བཅས་ཀྱི་རྣམ་བཞགས་ཡང་ཡོད་དོ།།འདིར་རྩ་ཚིག་ལ་དེ་ལ་ཞེས་དང་སྔོན་དུ་ཞེས་མ་འགྲེལ་བར་དེ་ལས་ཞེས་དང་སྔོན་དུའང་འཇུག་ཞེས་བཀོད་པ་ནི་འབྲུ་འགྲེལ་བྱེད་ལུགས་དང་རྒྱུ་མཚན་ཐད་ཆེ་བ་བཤད་ཚུལ་གཞན་ལས་ཅུང་ལེགས་པར་མཐོང་ནས་བཀོད་པའོ།། གཉིས་པ་སྐྱེ་གནས་ཀྱི་སྒོ་ནས་དབྱེ་ཚུལ་ལ་དྲུག་ཡོད་དེ་འདི་ལྟར་མགྲིན་པ་ནས་ཐོན་པ་《ཀ་ཁ་ག་འ་ཧ་ཨ་》དྲུག་དང་། སྤྱི་བོ་ནས་ཐོན་པ། 《ར》གཅིག་དང་། སྣ་ནས་ཐོན་པ།《ང་ཉ་ན་》གསུམ་དང་། རྐན་ནས་ཐོན་པ།《ཅ་ཆ་ཇ་ཙ་ཚ་ཛ་ཞ་ཟ་ཡ་ཤ་》བཅུ་དང་།། སོ་ནས་ཐོན་པ།《ཏ་ཐ་ད་ལ་ས་》ལྔ་དང་། མཆུ་ནས་ཐོན་པ། 《པ་ཕ་བ་མ་ཝ་》ལྔ་བཅས་ཡོད། འདིའི་རྒྱས་བཤད་ནི་གོང་དུ་ཡི་གེའི་སྐྱེ་གནས་བཤད་པའི་སྐབས་ཡི་གེ་རྣམས་སྐྱེ་གནས་གང་ལས་སྐྱེས་པར་ བཤད་པ་ལས་རྟོགས་པར་བྱེད་དགོས་དེ་ནི་ཡི་གེའི་དབྱེ་བ་མདོར་བསྟན་པའོ།། ཁ་བའི་ལྗོངས་སུ་ཤེས་རིགས་ཀུ་མུད་ཚལ།། སྤེལ་ལ་འགྲན་བྲལ་ཐོན་མི་དུང་གི་ཟླ།། བརྒྱ་ཕྲག་མཁས་ཀུན་མཁའ་ལ་རབ་འཕགས་པས།། གངས་ལྗོངས་གོ་ལའི་རྩེ་མོར་སྣང་བས་ཁྱབས།། དྲུག་པ་རྣམ་དབྱེ་དང་ཕྲད་བཤད་པ། རྣམ་དབྱེ་དང་ཕྲད་བཤད་པ་ལས་དང་པོ། རྣམ་དབྱེ་ལ་གོ་དོན་དང་དབྱེ་བ་གཉིས་ལས་གོ་དོན་ནི། མིང་ཚིགས་སམ་གཞི་ཆོས་གང་ཞིག་གི་རྣམ་པ་གཞན་དང་མ་འདྲེས་པར་དབྱེ་བ་སྟེ། དེ་ཡང་རྣམ་པར་དབྱེ་ཚུལ་ལ་ངོ་བོའི་སྒོ་ནས་དང། ཁྱད་པར་གྱི་སྒོ་ནས། རྟེན་དང་བརྟེན་པའི་སྒོ་ནས་རྣམ་པར་དབྱེ་བ་སོགས་རྣམ་གྲངས་དུ་མ་ཞིག་ཡོད་ཀྱང་འདིེར་ནི་ངོ་བོ་དང་ཁྱད་པར་རྟེན་བརྟེན་པ་སོགས་ཀྱི་ཁྱད་པར་འབྱེད་པའི་དབང་དུ་བྱས་པ་མིན་པར་ཆོས་ཅན་སྤྱི་བྱེ་བྲག་གང་དང་གང་གི་བར་རམ་ཐོག་མཐའ་གང་རུང་དུ་འཆད་འགྱུར་གྱི་ཚིག་ཕྲག་དེ་དག་ལས་གང་རུང་ཞིག་ཞུགས་ཏེ་ཆོས་ཅན་གཅིག་གམ་ཐ་དད་གང་ཡིན་རུང་དེ་ཉིད་ཆོས་ཅན་གཞན་དང་མ་འདྲེས་པར་སོ་སོར་རྣམ་པར་དབྱེ་བས་ན་དེ་ལྟར་དུ་བཤད་དོ།། གཉིས་པ་ནི། འདིར་སྐབས་སུ་བབ་་པའི་གཞུང་གིས་དབྱེ་ཚུལ་ལྟར་བྱས་ན་རྣམ་དབྱེ་ལ་ནང་སྲེས་ཀྱི་དབྱེ་བ་བརྒྱད་དེ། རྣམ་དབྱེ་དང་པོ་ངོ་བོ་ཙམ་བརྗོད་པ། གཉིས་པ་ལས་སུ་བྱ་བ། གསུམ་པ་བྱེད་སྒྲྲ། བཞི་པ་དགོས་ཆེད། ལྔ་པ་འབྱུང་ཁུངས། དྲུག་པ་འབྲེལ་སྒྲ། བདུན་པ་བརྟེན་གནས། བརྒྱད་པ་འབོད་སྒྲ། བཅས་ཡོད་པ་ལས། རྣམ་དབྱེ་དང་པོ་འདིར་སྨོས་ནས་གཞན་རྣམས་རང་སྐབས་སུ་ བབས་པའི་ཚིག་ཕྲད་སོ་སོའི་ཐོག་ཏུ་འཆད་པར་འདོད་དོ།། དེ་ཡང་རྣམ་དབྱེ་དང་པོ་བཤད་པ་ལ་དེའི་གོ་དོན་ནི། ཆོས་གང་ཡང་རུང་བའི་ངོ་བོ་ཙམ་བརྗོད་ནས་དེ་ཉིད་ᩚᨕ᫥་ᩖ᪄་གཞན་གྱི་ངོ་བོ་དང་མ་འདྲེས་པར་བྱེད་པ་སྟེ། དཔེར་ན། ཉི་མ། ཟླ་བ། རྟག་པ། དངོས་པོ། ཞེས་པ་ལྟ་བུ་ཆོས་ཅན་དེ་དག་ངག་ནས་བརྗོད་པའི་ཚེ་ངག་ནས་གང་ཐོན་པའི་སྒྲ་དེས་ཆོས་ཅན་དེའི་ངོ་བོ་ཆོས་གཞན་ལ་མ་ནོར་བ་སྟོན་པ་ཙམ་ལས་ཆོས་ཅན་དེའི་ཁྱད་པར་སོགས་གང་ཡང་མི་སྟོན་པ་བཞིན་ནོ།། འདིར་ངོ་བོ་ཙམ་བརྗོད་པ་ᫍᨓ᫥་ཙམ་སྒྲ་སྦྱར་བ་ནི་ངོ་བོ་ལས་གཞན་ཁྱད་པར་བརྗོད་པ་བཅས་པའོ།། གཉིས་པ་ཕྲད་ཀྱི་རྣམ་བཞག་བཤད་པ་ལ། ཕྲད་ཅེས་པ་ནི་རང་ཉིད་རྐྱང་པས་དོན་སྟོན་པར་མི་ནུས་ཀྱང་མིང་ལ་སོགས་པའི་རང་ཚིག་སྔ་ཕྱི་གཉིས་ཕན་ཚུན་ཕྲདཔའམ་མཚམས་སྦྱར་ཏེ་བརྡ་དོན་གསལ་གྲོགས་བྱེད་པའི་ཡི་གེ་ཞིག་ལ་ཕྲད་ཅེས་ཟེར་བ་ཡིན། དེ་ཡང་སུམ་ཅུ་པ་རྩ་བའི་སྐབས་ཚིག་ཕྲད་ཀྱི་གོ་དོན་འདི་ཡིན་ཞེས་པ་དངོས་སུ་གསལ་ཁ་གཏོད་ནས་གསུངས་པ་ཞིག་མེད་ཀྱང་། རྗེས་འཇུག་གི་འཇུག་ཚུལ་ཤེས་པའི་དགོས་པ་བསྟན་པའི་སྐབས་《རྩ་བ་ལས》《མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང་། འབྲེལ་བ་སྨྲ་བའི་མཆོག་ཏུ་འགྱུར།》ཞེས་པའི་ཚིག་རྐང་གཉིས་པོ་འདིས་རྗེས་འཇུག་རྣམས་མིང་གཞི་གང་དང་གང་ལ་སྦྱོར་ཚུལ་ཕྱིན་ཅི་མ་ལོག་པར་ཤེས་ཚེ་ཚིག་དོན་སྔ་ཕྱི་མཚམས་སྦྱོར་བའི་སྒྲ་འམ་ཚིག་ཕྲད་ཀྱི་དོན་སྦྱོར་ཚུལ་ལེགསཔར་ཁོང་དུ་ཆུད་ཅིང་ངག་ཚིག་དུ་མ་འབྲེལ་ཆགས་ཀྱི་སྒོ་ནས་གཞན་ལ་སྨྲ་བའི་མཆོག་ཏུ་འགྱུར་བ་གསུངས་པས་ཚིག་དོན་སྔ་ཕྱི་མཚམས་སྦྱོར་བའི་སྒོ་ནས་བརྡ་དོན་གསལ་གྲོགས་བྱེད་པའི་ཚིག་ཕྲད་ཀྱི་དོན་ཡང་བསྟན་ནམ་སྙམས། སྤྱིར་ཡི་གེ་ཨ་ལ་སོགས་པ་རེ་འགའ་ནི་རེ་རེ་བས་དོན་སྟོན་ཚུལ་དག་ཡིག་འགར་བཤད་པ་ཡོད་ཀྱང་དེ་རྣམས་ནི་རྒྱ་སྐད་ཀྱི་ལྷད་བཞུགས་པ་ཡིན་གྱི་བོད་སྐད་སོར་བཞགས་བྱས་ཚེ་ཚིག་ཕྲད་དེ་རྣམས་རེ་རེ་བ་ཁོ་ནས་དོན་གང་ཡང་སྟོན་མི་ནུས་ཏེ་《སྨྲ་སྒོའི་རང་འགྲེལ་》ཤེས་རིག་དཔར་མ་དེབ་གཟུགས་ཤོག་གྲངས་༧༤་ ཕྲེང་༤་པ་ལས་《ཚིག་གང་ཞིག་རང་ལ་བསྟན་པར་བྱ་བའི་དོན་མེད་ཅིང་གཞན་ལ་ཕན་འདོགས་ཤིང་གསལ་བར་བྱེད་པ་དེ་ནི་ཚིག་གི་ཕྲད་ཅེས་བྱ་སྟེ། དཔེར་ན་ལྕགས་གཉིས་སྦྱོར་བར་བྱེད་པའི་ཚ་ལ་ལྟ་བུའོ། 》ཞེས་གསུངས་སོ།། གཉིས་པ་ཕྲད་ལ་དབྱེ་ན་རྩ་བའི་སྐབས་ཕྲད་སོ་སོར་བཤད་པ་ལས་སྤྱི་སྡོམས་ཀྱིས་དབྱེ་བ་བྱས་པ་མེད་ཀྱང་། རྗེས་འཇུག་མཁས་པ་ཚོས་ཚིག་ཕྲད་དེ་རྣམས་ཡུལ་གང་དུ་འཇུག་སྐབས་རྗེས་འཇུག་གི་སྒྲིགས་གཞི་ལ་ལྟོད་དགོས་པ་རྣམས་ཞན་དབང་ཅན་དངདེ་ལྟར་མི་དགོས་པ་རྣམས་ལ་རང་དབང་ཅན་ཞེས་གཉིས་ཀྱི་ཐ་སྙད་མཛད་དོ།། གཞན་དབང་ཅན་བརྒྱད་དང་རང་དབང་ཅན་དྲུག་ཡོད་པ་ལས། །དང་པོ་གཞན་དབང་ཅན་ནི། སླར་བསྡུ། ལ་དོན། ཨི་ལྡན། རྒྱན་སྡུད། ལྷག་བཅས། འབྱེད་སྡུད། འབྱུང་ཁུངས། འབོད་སྒྲ། བཅས་བརྒྱད་ཡོད། དེ་རྣམས་ལས། དང་པོ་སླར་བསྡུ་བཤད་པ། སླར་བསྡུའི་གོ་དོན་དང་། དེའི་ཕྲད་ཀྱི་དབྱེ་བ། དེ་རྣམས་གང་ལ་འཇུག་པ། དེ་དག་གི་སྦྱོར་ཚུལ་བཞི་ལས། དང་པོ་གོ་དོན་ནི། འདི་ལྟར་སླར་བཤད་རྒྱུའི་དོན་རྣམས་རེ་ཞིག་གམ་གནས་སྐབས་བསྡུས་ཏེ་རྫོགས་པར་བསྟན་པས་ན་སླར་བསྡུ་ཅེས་བྱའོ། འདིའི་མིང་གི་རྣམ་གྲངས་ལ་མཁས་པས་ཐ་སྙད་བྱས་པ་རྫོགས་ཚིག་དང་ཟླ་སྡུད་ཅེས་ཀྱང་འབོད་སྲོལ་ཡོད་དོ། དེ་ཡང་རྫོགས་ཚིག་ནི་སྐབས་བབས་ཀྱི་བཤད་པར་བྱ་བའི་དོན་རྣམས་རེ་ཞིག་རྫོགས་པར་བསྟན་པས་དེ་ལྟར་དུ་བརྗོད་ཅིང་། ཟླ་སྡུད་ནི་ཚིག་གི་ཟླ་བོ་སྟེ་ཚིག་གི་གྲོགས་སྡུད་པ་ལ་ཟེར་བ་ཡིན། གཉིས་པ་དེའི་ཕྲད་ཀྱི་དབྱེ་བ་ནི་། རྩ་བ་ལས་《རྗེས་འཇུག་ཡི་གེ་བཅུ་པོ་ནི། མིང་གང་གི་ནི་མཐར་སྦྱར་བ། དེ་ལ་ཨཱ་ལི་བཞི་པ་སྦྱར།》ཞེས་མིང་གཞིའི་རྗེས་སུ་འཇུག་པའི་ཡི་གེ་བཅུ་པོ་དེ་དག་ནི་མིང་ངམ་ཚིག་གང་ཡང་རུང་བའི་མཐར་སྦྱར་ཡོད་པ་དེ་ལ་ཨཱ་ལི་སྟེ་དབྱངས་བཞི་པ་ཨོ་སྦྱར་པས་《གོ་ངོ་དོ་ནོོ་བོ་མོ་འོ་རོ་ལོ་སོ་》སྟེ་བཅུ་བྱུང་ལ། དེ་རྣམས་ནི་སླར་བསྡུའི་ཚིག་ཕྲད་ཡིན་པར་ཤེས་པར་བྱ་ཞེས་གསུངས་པ་བཞིན། སླར་བསྡུའི་ཚིག་ཕྲད་ཀྱི་དབྱེ་བ་རྩ་བས་དངོས་སུ་བསྟན་པ་བཅུ་དང་། ད་དྲག་གིས་དབང་གིས་ཐོབ་པ་ཏོ་བཅས་ཁྱོན་སླར་བསྡུའི་ཚིག་ཕྲད་བཅུ་གཅིག་ཡོད་དོ། གསུམ་པ་གང་ལ་འཇུག་པ་ནི། 《རྩ་བ་ལས་》《སླར་བསྡུ་བ་ནི་ཤེས་པར་བྱ།》ཞེས་གསུངས་པ་བཞིན་གོང་གི་གོ་ལ་སོགས་པའི་ཚིག་ཕྲད་དེ་དག་ནི་གང་ཞིག་བརྗོད་བཞིན་པའི་གནས་སྐབས་ཀྱི་བརྗོད་བྱ་སླར་བཤད་རྒྱུའི་དོན་རྣམས་གནས་སྐབས་སམ་རེ་ཞིག་བསྡུ་བ་བསྟན་པའི་དོན་ལ་འཇུག་པ་ནི་ཤེས་པར་བྱ་ཞེས་གསུངས་པ་བཞིན་སླར་བསྡུའི་དོན་ལ་འཇུག་གོ། བཞི་པ་ཕྲད་དེ་དག་གི་སྦྱོར་ཚུལ་ནི། གལ་ཏེ་མིང་གཞི་མཐའ་མེད་དེ་རྗེས་འཇུག་དམིགས་གསལ་བྲིས་མེད་པར་སླར་བསྡུའི་ཚིག་ཕྲད་ཀྱིས་རྒྱན་ དགོས་ཚེ་འོ་འབྲི་དགོས་པ། དཔེར་ན། ཆོས་བདེན་པའོ།། དེ་ལ་བསླབ་པར་བྱའོ།། ཞེས་པ་ལྟ་བུ་དང་། ད་དྲག་གམ་ད་ཡང་འཇུག་ཡོད་པ་ཡིན་ཚེ་སླར་བསྡུའི་ཕྲད་བཅུ་གཅིག་ལས་ཏོ་ཡིག་ཉིད་སྦྱོར་དགོས་པ། དཔེར་ན། ལམ་བཀའ་བསྩལད་ཏོ། ཐར་པའི་སར་ཕྱིནད་ཏོ། དངོས་སུ་བསྒྱུརད་ཏོ། ཞེས་པ་ལྟ་བུའོ། དེ་གཉིས་ཀྱི་ལྷག་མའི་ཕྲད་ཐམས་ཅད་མིང་མཐའ་འམ་རྗེས་འཇུག་གང་ཡིན་དེ་དང་མཐུན་པར་སྦྱོར་དགོས་པ། དཔེར་ན། ཡུལ་ན་འདུག་གོ སྤྱོད་ལམ་བཟང་ངོ་། བློ་གྲོས་ཡོད་དོ། ཐབས་ཤེས་ཡིན་ནོ། མྱང་འདས་ཐོབ་བོ། དོན་ལ་བསམ་མོ། དཀོན་མཆོག་ནི་མདའ་འོ། ཀུན་སྤྱོད་འགྱུར་རོ། དྲི་མ་སེལ་ལོ། བཟང་པོ་བྱས་སོ། ཞེས་པ་ལྟ་བུའོ།། གཉིས་པ་ལ་དོན་བཤད་པ་ལ། གོ་དོན། དབྱེ་བ། གང་ལ་འཇུག་པ། གང་ལ་སྦྱོར་ཚུལ་ལོ། དང་པོ་ལ་དོན་གྱི་ཕྲད་ཀྱི་གོ་དོན་ནི། ཚིག་ཕྲད་ལ་ཡིས་ཇི་ལྟར་དོན་སྟོན་པ་དེ་དང་གཉིས་སུ་མེད་པར་དོན་མཐུན་པར་སྟོན་པས་ན་ལ་དོན་ཞེས་བརྗོད་པ་ཡིན། འོན་ཀྱང་ལ་དོན་གྱི་ཚིག་ཕྲད་ཇི་རྙེས་ཡོད་པ་ཐ་དག ལ་གང་དུ་ཡོད་པ་དེར་སྦྱར་དུ་ཡོད་པའི་ངེས་པ་མེད་དེ་ཕྲད་དེ་དག་ཀྱང་རང་གི་འཇུག་ཡུལ་གྱི་རྗེས་འཇུག་ལ་ལྟོད་དགོས་པས་ལ་སྦྱར་རུང་དགའ་ཞིག་ལ་སུ་སྦྱར་རུང་ཡང་རུ་སྦྱར་དུ་མི་རུང་བ་དུ་མ་ཡོད་དེ། དཔེར་ན། དབུས་ལ་ཡོད་ཅེས་པའི་ལ་དོན་གྱི་དོད་དུ་ལ་དོན་སུ་ཡིག་སྦྱར་དུ་རུང་ཡང་སུ་ཡིག་གི་དོད་དུ་རུ་ཡིག་སྦྱར་ན་འབྲིར་མི་བདེ་ཞིང་འདོན་མི་བདེ་པ་ཡོད་ལ་དེ་བཞིན་དུ་ཤར་ལ་ཡོད་ཅེས་པའི་ལ་དོན་ལ་ན་ཡིག་སྦྱར་འོས་ཀྱང་ལ་དོན་ར་དང་སུ་སྦྱར་བ་དེ་བས་མི་བདེ་བ་ཡོད་པས་སོ།། འོ་ན་མཚན་ཉིད་དམ་གོ་དོན་ཀྱི་སྐབས་ལ་དང་གཉིས་སུ་མེད་པ་ཞེས་འཇོག་པ་ཅི་ཡིན་ཞེ་ན། དེ་ནི་གོ་དོན་གཙོ་བོ་བྱས་པའམ་ཕལ་ཆེ་བ་ཞེས་ཁྱབ་ཆེ་བའི་དབང་གིས་དེ་ལྟར་བཤད་ཀྱི་ཐམས་ཅད་ལ་ཁྱབ་པ་བཅས་པའི་དབང་དུ་བྱས་པ་མིན་ནོ། གཉིས་པ་དབྱེ་བ་ནི།《རྩ་བ་ལས་》《རྗེས་འཇུག་ཡི་གེ་བཅུ་རྣམས་ལས། །གང་མིང་མཐའ་ན་བཅུ་པ་གནས། །དེ་ལ་ཨཱ་ལི་གཉིས་པ་སྦྱར།》།ཞེས་མིང་གཞིའི་རྗེས་སུ་འཇུག་པའི་ཡི་གེ་བཅུ་ཡོད་པ་དེ་རྣམས་ལས་མིང་ངམ་ཚིག་གང་ཡང་རུང་བའི་མཐའ་ན་རྗེས་འཇུག་བཅུ་པ་ས་ཡིག་གནས་པའམ་ཡོད་པ་དེ་ལ་ཨཱ་ལི་སྟེ་དབྱངས་ཀྱི་གཉིས་པ་ཨུ་ཡིག་ཏེ་ཞབས་ཀྱུ་སྦྱར་བས་《སུ་》ཡིག་གྲུབ་ཅིང་།དེ་བཞིན་དུ《རྩ་བ་ལས་》《གང་མིང་མཐའ་ན་བརྒྱད་པ་གནས།། དེ་ལ་གཉིས་པ་ཨུ་ཡང་སྦྱར།》ཞེས་མིང་ཚིག་གང་ཡང་རུང་བའི་མིང་མཐའ་ན་རྗེས་འཇུག་ཡི་གེ་བརྒྱད་པ་ར་ཡིག་གནས་ཡོད་པ་དེ་ལ་ཨཱ་ལི་གཉིས་པ་ཞབས་ཀྱུ་སྦྱར་བས་《རུ་》ཡིག་གྲུབ་པ་དང་། ཡང་ཞེས་པ་དེའི་ནུས་པས་རྗེས་འཇུག་གི་བརྒྱད་པ་ར་ཡིག་དེ་ཉིད་དབྱངས་ཀྱིས་མ་རྒྱན་པར་ལ་ཡི་དོན་སྟོན་པའི་ཕྲད་དུ་འགྲོ་མ་ཟད་ར་ཡིག་དེར་གཉིས་པ་ཨུ་སྟེ་ཞབས་ཀྱུ་སྦྱར་བ་ཡང་ལ་དོན་ཡིན་ཞེས་སྟོན་པས་ཡང་གིས་ནུས་པས་《ར་》ཡིག་ཀྱང་ལ་དོན་དུ་དངོས་སུ་བསྟན་པ་ཡིན་ནོ། 《རྩ་བ་ལས་》《གང་མིང་མཐའ་ན་གསུམ་པ་གནས། །དེ་ལ་ཨཱ་ལི་གཉིས་པ་སྦྱར།》 ཞེས་མིང་ཚིག་གང་གི་མིང་མཐའ་ན་རྗེས་འཇུག་གསུམ་པ་ད་གནས་པ་དེ་ལ་ཨཱ་ལི་གཉིས་པ་ཞབས་ཀྱུ་སྦྱར་བས《དུ་》 ཡིག་གི་ཚིག་ཕྲད་འདི་ཉིད་གྲུབ་པ་དང། 《རྩ་བ་ལས་》《བཞི་པ་དགུ་པ་དངོས་ཀྱང་ཏེ།》ཞེས་པ་རྗེས་འཇུག་གི་བཞི་པ་ན་དང་དགུ་པ་ལ་གཉིས་དངོས་ཏེ་ལ་དོན་གྱི་ཡི་གེ་གཞན་རྣམས་དང་མི་འདྲ་བར་དབྱངས་ཀྱིས་རྒྱན་པ་ལ་མི་ལྟོད་པར་རང་གི་ངོ་བོའི་གནས་ཚོད་དེ་རང་ལ་ཡི་དོན་སྟོན་པའི་ཡི་གེ་དངོས་ཡིན་ཞེས་པའོ། ཀྱང་ནི་མ་ཟད་པ་སྟེ། ལ་ཡི་དོན་སྟོན་པར་དབྱངས་ལ་ལྟོད་དགོས་པའི་སུ་རུ་དུ་གསུམ་ཙམ་དུ་མ་ཟད་དབྱངས་ལ་ལྟོད་མི་དགོས་པའི་ན་ལ་གཉིས་ཀྱང་ལ་དོན་དངོས་ཡིན་ཞེས་པའི་དོན་ནོ། ཏེ་ཞེས་པ་ནི་ལྷག་མ་འདྲེན་པ་སྟེ། ལ་དོན་དེ་རྣམས་གང་ལ་འཇུག་པའི་ཡུལ་ངོས་འཛིན་གྱི་ཚིག་ཕྱི་མ་འདྲེན་པ་ཡིན་ནོ། འོན་ཏེ་ན་ལ་གཉིས་དབྱངས་ཀྱིས་མ་རྒྱན་པར་ལ་ཡི་དོན་སྟོན་ནུས་པས་ལ་དོན་དངོས་ཡིན་པར་བཤད་པ་བཞིན་ར་ཡིག་ཀྱང་དབྱངས་ཀྱིས་རྒྱན་མི་དགོས་པར་ལ་ཡི་དོན་སྟོན་ནུས་ཀྱང་ལ་དོན་དངོས་ཡིན་པར་ཇི་ལྟར་མི་བཤད་ཅེ་ན་དེ་ནི་ཤིན་ཏུ་བདེན་པར་གོ་སྟེ་གོང་དུ་ན་ལ་གཉིས་ལ་དེ་ལྟར་དུ་བཤད་པའི་ཕྱིར་རོ། འོན་ཀྱང་ར་ཡིག་དེ་ཉིད་ཀྱིས་ན་ལ་དང་མཚུངས་པའི་དོན་སྟོན་མི་ནུས་པར་བསམ་ནས་ཟུར་དུ་མི་བཤད་པ་མིན་ཞིང་དེ་ནི་གཞུང་རྩ་བས་རྗེས་འཇུག་བརྒྱད་པ་མིང་ཚིག་གང་ཡང་རུང་བའི་མཐར་གནས་ཞེས་དབྱངས་སྦྱར་བ་དང་མ་སྦྱར་གཉིས་ཕྱོགས་གཅིག་ཏུ་བཤད་བདེ་བའི་དབང་གིས་དེ་ལྟར་ཏུ་བཤད་པ་ཡིན་ཅིང་ལ་དོན་གྱིས་ན་ལ་གཉིས་པོར་དབྱངས་དང་མི་བགྲོགས་པས་ལ་དོན་དངོས་ཡིན་པར་གསུང་པ་བཞིན་ར་ཡིག་ལ་ཡང་དོན་དེ་ཚང་བའི་ཕྱིར་ལ་དོན་དངོས་ཡིན་པར་ཐེ་ཚོམ་མི་དགོས་སོ། དེས་ན་གཞུང་རྩ་བས་དངོས་སུ་བསྟན་པའི་ལ་དོན་གྱི་ཕྲད་དྲུག་དང་། རྗེས་འཇུག་དང་ད་དྲག་གིས་སྟེ་དབང་གི་སྦྱོར་དགོས་པ་《ཏུ་》ཡིག་བཅས་ཁྱོན་ལ་དོན་གྱི་ཚིག་ཕྲད་《སུ་ར་རུ་དུ་ན་ལ་ཏུ་》སྟེ་བདུན་ཡོད་དོ། གསུམ་པ་གང་ལ་འཇུག་པའི་ཡུལ་ནི། 《རྩ་བ་ལས་》《ལས་དང་ཆེད་དང་རྟེན་གནས་དང་། །དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན།》ཞེས་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་དང་། བཞི་པ་དགོས་ཆེད་དང་། བདུན་པ་རྟེན་གནས་དང་བཅས་པ་སྟེ་གསུམ་དང་གཞན་ཡང་དེ་ཉིད་དང་ཚེ་སྐབས་ཀྱི་དོན་ལ་འཇུག་པའི་ལ་ཡི་དོན་སྟོན་པའི་སྒྲ་ཡིན་ཞེས་གསུངས་པ་བཞིན་དོན་གྱི་ཡུལ་ལྔ་ལ་འཇུག་པར་བསྟན་པ་ཡིན་ནོ། དེ་ཡང་དང་པོ་རྣམ་དབྱེ་གཉིས་པར་འཇུག་ཚུལ་འཆད་པ་ལ་ཐོག་མར་དེའི་གོ་དོན་ནི། བྱེད་པ་པོ་གང་དག་གིས་བྱ་བའི་ཡུལ་ལ་བྱ་བ་གང་ཞིག་བྱས་པ་གཙོ་བོར་སྟོན་ཅིང་བྱ་ལས་སོ་སོར་འབྱེད་དུ་ཡོད་པའི་ལ་དོན་ཅན་གྱི་རྣམ་དབྱེ་ནི་གཉིས་པ་ཡིན་ཅིང་། དེའི་འཇུག་ཚུལ་ནི། དཔེར་ན། བོད་དུ་ཕྱིན། ཅེས་པ་ལྟ་བུས་བྱ་བ་དང་།བྱེད་པ་པོ།དེས་བྱས་པའི་བྱ་བ་ཕྱིན་པ་གསུམ་ཀ་སྟོན་ཀྱང་དེ་གསུམ་ལས་བྱེད་པ་པོ་གང་ཞིག་གིས་བྱ་བའི་ཡུལ་བོད་དུ་ཕྱིན་པ་གཙོ་བོར་སྟོན་པ་དང་།ས་རུ་བསྡད་ཅེས་པ་བྱ་བའི་ཡུལ་ས་གཞི་དེར་བྱེད་པོ་གང་ཞིག་གིས་བྱ་བ་བསྡད་པ་གཙོ་བོར་སྟོན་པ་ལས་གཞན་ཇི་ལྟར་ཕྱིན་ཚུལ་སོགས་དང་ཇི་འདྲ་བ་ཞིག་གིས་བསྡད་ཚུལ་སོགས་ཁྱད་པར་གཞན་གང་ཡང་མི་སྟོན་པ་བཞིན་ནོ།།ཆེད་དང་ཞེས་རྣམ་དབྱེ་བཞི་པ་དགོས་ཆེད་ལ་འཇུག་ཚུལ་བཤད་པ་ལ།དེའི་གོ་དོན་ནི།བྱེད་པ་པོ་གང་ཞིག་གིས་བྱ་བ་གང་ཞིག་བྱས་པའི་དགོས་པ་གཙོ་བོར་སྟོན་པའི་ལ་དོན་ཅན་གྱི་རྣམ་དབྱེ་ནི་བཞི་པ་ཡིན་ཅིང་།དེའི་འཇུག་ཚུལ་ནི།ཐག་རིང་མཐོང་ཕྱིར་སྐས་སུ་འཛེགས།གྲུབ་འབྲས་ཡོང་ཆེད་གཡོག་ཏུ་བཀོལ།གྲོད་པ་འབྲང་དུ་བཟས་གཡོ།ཞེས་པ་ལྟ་བུ་ལའང་བྱ་བ་དང་བྱ་ཡུལ་བྱེད་པོ་དགོས་པ་བཅས་དུ་མ་སྟོན་ཀྱང་བྱེད་པོ་གང་ཞིག་གིས་བྱ་བ་འཛེགས་པ་དང་བཀོལ་བ་གཡོ་བ་གསུམ་དགོས་པ་གཙོ་བོ་མཐོང་བ་དང་གྲུབ་འབྲས་དང་གྲོད་པ་འབྲང་བ་བཅས་ཀྱི་ཆེད་ཡིན་པ་གཙོ་བོ་སྟོན་པ་བཞིན་ནོ།།འདིའི་མཚན་ཉིད་ཀྱི་སྐབས་སི་ཏུའི་མུ་ཏིག་ཕྲེང་མཛེས་༢༠༠༩་ལོའི་ཤེས་རིག་པར་མ་དེབ་གཟུགས་ཤོག་གྲངས་༥༣་ནང་(བྱ་བ་གང་ཞིག་གིས་བྱ་བའི་ཡུལ་དེའམ། དེ་དང་འབྲེལ་བའི་ལས་ལ་ཕན་འདོགས་པར་འགྱུར་བའི་དོན་གྱི་ཆེད་དུ་བྱ་བའི་ཡུལ་ལ་འཇུག་པ་རྣམ་དབྱེ་བཞི་པ་ནི)ཞེས་དང་སི་ཏུ་ཞལ་ལུངས་ལས་ཀྱང་དེ་ལྟར་བྱུང་ཞིང་དེ་མིན་གྱི་སུམ་ཅུ་པའི་གཞུང་འགའ་རེར་ཡང་བྱ་བ་བྱས་པའི་དགོས་པ་བྱ་བའི་ཡུལ་ལམ་དེ་དང་འབྲེལ་བའི་ལས་ལ་ཕན་འདོགས་པ་ཞེས་གསུངས་འདུག་ཀྱང་རྣམ་དབྱེ་བཞི་པ་གང་ཡིན་ཐམས་ཅད་ལ་རྒྱུ་མཚན་མེད་ཀྱང་དེ་ལྟར་བཙན་གྱིས་སྦྱོར་ན་མ་གཏོགས་རྣམ་དབྱེ་བཞི་པ་ཡིན་པར་ཐེ་ཚོམ་མེད་པ་འགའ་ཞིག་ལ་དེ་ལྟར་ཕན་འདོགས་མིན་གྱི་རྣམ་བཞག་བྱེད་སྐབས་བླུན་པོ་བདག་འདྲ་བའང་རྒད་མོའི་གནས་སུ་གྱུར་བའི་གཏམ་སྣ་ཚོགས་ཤིག་འདུག་གོ།། བྱ་བའི་ཡུལ་ལ་ཕན་འདོགས་དགོས་ན་ཧ་ཅང་ཐལ་བ་ཇི་ཡོད་ཀྱི་རིགས་པ་མཁས་པ་གཞན་གྱི་གཞུང་ལས་ཤེས་པར་བྱ་དགོས་ཤིང་།གལ་ཏེ་སྐྱོན་མེད་མཚན་ཉིད་ཞིག་འཇོག་འདོད་ན་གོང་དུ་བཤད་པ་བཞིན་ངག་དེ་ལ་རྟེན་ནས་བྱ་བ་བྱས་པའི་དགོས་པ་གཙོ་བོར་སྟོན་པའམ་གོ་བའི་ལ་དོན་གྱི་རྣམ་དབྱེ་ཞིག་ངེས་པར་ཡིན་དགོས་སོ།།འོན་ཀྱང་དགོས་པ་གང་ཡིན་ཚིག་ཟིན་ལ་ཆེད་དུ་དང་ཕྱིར་ལྟ་བུ་ཡང་ངེས་པར་ཡོད་མི་དགོས་ཏེ་དཔེར་ན་སྤྲང་པོར་ཟས་སྦྱིན།ཤིང་ལ་ཆུ་འདྲེན་ཞེས་པ་ལྟ་བུ་ལ་ཚིག་ཟིན་ན་དགོས་པ་སྟོན་པའི་ཚིག་མེད་ཀྱང་བསམ་ཤེས་པ་གང་གིས་གོ་ཡང་སྦྱིན་པ་དང་འདྲེན་གཉིས་ཀའང་དེ་གཉིས་ཀྱི་ཆེད་དུ་འཇུག་པ་འཁྲུལ་མེད་དུ་གོ་བ་ཙམ་མ་ཟད་བྱེད་དགོས་དོན་གྱི་གཙོ་བོ་ཡང་དེ་ལས་གཞན་དུ་མི་གོ་བའི་ཕྱིར་རོ།།བདུན་པ་སྟེ་ཞེས་པ་བདུན་པ་བརྟེན་གནས་བཤད་པ་ལ་དེའི་གོ་དོན་ནི།ཆོས་གང་ཞིག་དུས་ལས་གཞན་པ་གང་ལ་གནས་པའམ་བརྟེན་པར་སྟོན་པའི་ལ་དོན་ཅན་གྱི་རྣམ་དབྱེ་བདུན་པ་བརྟེན་གནས་སོ།།དེའི་འཇུག་ཚུལ་ནི།དཔེར་ན།དགོན་པ་ན་དགེ་འདུན་ཡོད་ཞེས་པ་དང་།ལྷ་ཁང་དུ་མཇལ་བ་འདུག་ཅེས་པ་ལྟ་བུས།གཞིའམ་གནས་དགོན་པ་དང་ལྷ་ཁང་ལ་ཆོས་ཅན་དགེ་འདུན་དང་གནས་མཇལ་བ་གཉིས་པོ་གནས་པའམ་བརྟེན་ནས་ཡོད་པ་གཙོ་བོར་སྟོན་པ་ལས་གཞན་དག་བྱ་བ་དང་བྱ་བའི་ཡུལ་བྱེད་པོ་སོགས་རེ་རེ་ནས་བརྗོད་ཀྱང་གཙོ་བོར་མི་སྟོན་པ་བཞིན་ནོ།།དེ་ཉིད་ཚེ་སྐབས་ཞེས་བཤད་པས་རྩ་བའི་རྣམ་དབྱེ་བརྒྱད་པོ་ལས་ལོགས་སུ་དེ་ཉིད་དང་ཚེ་སྐབས་ཞེས་བཤད་པས་རྣམ་དབྱེ་ལ་བརྒྱད་དུ་བཤད་པ་གྲངས་མྱུང་བའི་སྐྱོན་དུ་འགྱུར་རོ་སྙམ་ན་དེ་ནི་དེ་ལྟར་མི་འགྱུར་ཏེ།དེ་ཉིད་རྣམ་དབྱེ་གཉིས་པ་དང་ཚེ་སྐབས་རྣམ་དབྱེ་བཞི་བའི་ཁོངས་སུ་བསྡུ་བའི་ཕྱིར་རོ།།དེ་ཉིད་དང་ཚེ་སྐབས་གཉིས་རྣམ་དབྱེ་མིན་པ་ཡང་མིན་ཏེ་དེ་གཉིས་པོ་ལ་དོན་གྱི་ཚིག་ཕྲད་དང་བགྲོག་པ་ན་སྐབས་བབས་ཀྱི་བརྗོད་བྱ་གང་ཞིག་གི་རང་གི་ངོ་བོའམ་གནས་ཚུལ་དེ་རང་ཡིན་པའམ་གང་ཞིག་གང་ལ་གནས་པར་སྟོན་ཅིང་དེ་ཉིད་གཞི་གཞན་དང་མ་འདྲེས་པར་རྣམ་པར་དབྱེ་བས་ན་དེ་ལའང་རྣམ་དབྱེ་ཞེས་པའི་ཐ་སྙད་དམ་གོ་དོན་ཚང་བས་རྣམ་དབྱེ་ཡིན་པར་བཞག་གོ།འོན་ཀྱང་གོང་དུ་བཤད་པ་བཞིན་རྣམ་དབྱེ་བརྒྱད་ལས་མང་པའི་ཐ་སྙད་མི་བྱེད་དོ།།དེ་ན་དེ་ཉིད་ཀྱི་གོ་དོན་ནི།བྱ་དངོས་གང་ཞིག་གི་ངོ་བོའམ་གནས་ཚུལ་དེ་ཁོ་ན་ཉིད་དུ་སྟོན་ཅིང་བྱ་ལས་སོ་སོར་འབྱེད་དུ་མེད་པའི་ལ་དོན་ཅན་གྱི་རྣམ་དབྱེ་དེ་ཉིད་ཀྱི་དོན་ཏེ། དཔེར་ན། ཉི་འོད་ཤིན་ཏུ་འཚེར།མུན་པ་ཀུན་ན་སྟུག ནམ་ལང་ལ་རན།ཞེས་པ་ལྟ་བུ་བྱ་བ་འཚེར་བ་དང་སྟུག་པ་རན་པ་གསུམ་དང་བྱ་ཡུལ་ཉི་འོད་དང་མུན་པ་ནམ་གསུམ་པོ་ཉི་འོད་ལས་ལོགས་སུ་འཚེར་བ་དང་མུན་པ་ལས་ལོགས་སུ་སྟུག་པ་ནམ་ལས་ལོགས་སུ་རན་པ་རྣམས་སོ་སོ་ནས་འབྱེད་དུ་མེད་པའི་དངོས་པོ་རང་རང་གི་ངོ་བོ་དེ་རང་དུ་སྟོན་པ་བཞིན་ནོ།།ཚེ་སྐབས་ལ་སྒྲ་ཡིན་ཞེས་པའི་ཚེ་སྐབས་ཀྱི་དོན་ནི།བྱ་དངོས་གང་དུ་ལ་དོན་གྱི་ཚིག་ཕྲད་རང་ཉིད་སྦྱར་བའི་མཐུས་གང་དག་དེ་ཉིད་དམ་དེ་འབྲེལ་གྱི་དུས་གཙོ་བོར་སྟོན་པའི་ལ་དོན་ཅན་གྱི་རྣམ་དབྱེ་ནི་ཚེ་སྐབས་རྣམ་དབྱེ་ཞེས་བྱའོ།།དེ་ནི་སྔོན་མ་དེའི་ཚེ་ན།སྔོན་མའི་སྐབས།ཞེས་པའི་ཚེ་དང་སྐབས་གཉིས་པོ་དང་དོན་གཅིག་མཚུངས་སུ་ལ་དོན་གྱི་ཕྲད་ཀྱང་འཇུག་ས་ཡོད་པ་དེ་དག་ལ་ཚེ་སྐབས་ཞེས་འབོད་པ་ཡིན་ཏེེ། དཔེར་ན། བློ་བཟང་སླེབས་པའི་ཚེ་མཉམ་དུ་འགྲོ་ཞེས་དང་རྫོགས་བྱང་ཐོབ་པའི་སྐབས་གཞན་དོན་ལྷུན་གྱི་གྲུབ་ཅེས་པའི་དུས་སྟོན་གྱི་ཚེ་དང་སྐབས་ཞེས་པའི་དོད་དུ་བློ་བཟང་སླེབ་པ་ན་མཉམ་དུ་འགྲོ་ཞེས་པ་དང་རྫོགས་བྱང་ཐོབ་པ་ན་གཞན་དོན་ལྷུན་གྱི་གྲུབ་ཅེས་སྦྱར་བ་ན་གོང་གི་ཚེ་དང་སྐབས་གཉིས་སྦྱར་བ་དང་ཁྱད་མེད་དུ་དུས་སྟོན་པར་འཇུག་པ་བཞིན་ནོ།།འདིར་དེ་ཉིད་རྣམ་དབྱེ་གཉིས་པའི་ནང་ཚན་དང་ཚེ་སྐབས་རྣམ་དབྱེ་བདུན་པའི་ནང་ཚན་དུ་བཤད་པ་ལའང་རྒྱུ་མཚན་ཅུང་ཙམ་᫗ᩏ་᪱ᨓ᩶་᪍་᪱ᨑ᪄་ཏེ།རྣམ་དབྱེ་གཉིས་པའི་གོ་དོན་དུ་སྤྱིར་ཚིག་སྦྱོར་སྣ་ཚོགས་ཤིག་ཡོད་ཀྱང་གོ་དོན་གཙོ་བོ་ནི་བྱ་བའི་ཡུལ་ལ་བྱ་བ་བྱས་པ་གཙོ་བོར་སྟོན་པའི་ལ་དོན་ཅན་གྱི་རྣམ་དབྱེ་ཞེས་བཤད་བཞིན་ཡོད་པ་ནི་བརྡ་སྤྲོད་སྨྲ་པོ་ཐམས་ཅད་ཞལ་འཆམས་ཤིང་དེས་ན་དེ་ཉིད་རྣམ་དབྱེ་ཡང་བྱ་བའི་ཡུལ་ལ་བྱ་བ་བྱས་པ་གཙོ་བོར་སྟོན་པའི་ལ་དོན་ཅན་གྱི་རྣམ་དབྱེ་ཤིག་ཡིན་པར་བརྟེན་གཉིས་པའི་ཁོངས་སུ་བསྡུ་ཞེས་བཤད་པའི་རྒྱུ་མཚན་ཡང་དེ་ཡིན་ནམ་སྙམ།འོན་ཀྱང་འདི་རྣམ་དབྱེ་གཉིས་པ་ཞེས་གདགས་མི་རིགས་ཏེ་རྣམ་གཉིས་པར་བྱ་བྱེད་བྱ་ལས་སོ་སོར་འབྱེད་དུ་ཡོད་པ་ཡིན་ལ་དེ་ཉིད་རྣམ་དབྱེ་ལ་དེ་ལྟར་བྱ་ལས་གཉིས་གཏན་ནས་སོ་སོར་འབྱེད་དུ་མེད་པའི་ཁྱབ་པ་ཡོད་དོ།།འོན་ཏེ་དེ་ཉིད་ཀྱིས་བྱ་བའི་ཡུལ་ལ་བྱ་བ་བྱས་པ་གཙོ་བོར་སྟོན་པ་མི་རིགས་ཏེ་དེས་བྱ་བའི་ཡུལ་མི་སྟོན་པའི་ཕྱིར་སྙམས་ན།དེ་ལ་འདི་ལྟར་དཔྱད་དེ།དཔེར་ན།བརྡ་སྤྲོད་ཀྱི་གཞུང་གྲགས་ཆེ་བ་ཕལ་ཆེར་ན་ཡོངས་སུ་གསལ་དང་འོད་དུ་འཚེར་འོད་དུ་གསལ་ཞེས་པ་མཁས་པ་རང་རང་གི་གཞུང་ན་དེ་དག་ཅི་རིགས་སུ་བཀོད་འདུག་ཅིང་དེ་དག་ནི་དེ་ཉིད་ཀྱི་དཔེར་བརྗོད་ལ་རྩོད་མེད་དུ་འབྲི་བཞིན་འདུག་པས་དེས་ན་དེ་དག་ལ་གང་གིས་གསལ་བར་བྱེད་བའི་གཞི་ཉི་མ་ལྟ་བུ་སྦྱར་བ་ན་ཉི་འོད་ཡོངས་སུ་གསལ་ཉི་འོད་དུ་འཚེར་ཉི་འོད་དུ་གསལ་ཞེས་པ་ཡང་དེ་ཉིད་རང་དུ་གནས་འདུག་པས་དེ་དག་གི་སྐབས་ཉི་འོད་ཡོངས་སུ་གསལ་ཞེས་བརྗོད་པ་ན་བླུན་རྨོང་མིན་པ་ཀུན་གྱི་རྣ་བར་གང་ལ་ཁྱབ་པའི་ས་གཞི་ཆེན་པོ་འདི་འམ་ཡང་ན་སྐབས་སུ་བབས་པ་གང་བརྗོད་བཞིན་པའི་གཞི་དེ་ཡོངས་རྗོགས་ཉི་མས་ཁྱབ་ནས་ཡོད་པ་མི་གོ་བ་སུ་ཡང་མེདཔས་ཉི་འོད་ཡོངས་སུ་གསལ་ཞེས་པས་བྱ་བའི་ཡུལ་ས་གཞི་འམ་དངོས་པོ་གང་ཞིག་ལ་འོད་ཀྱིས་ཁྱབ་སྟེ་བྱ་བ་གསལ་བར་བྱས་པ་གཙོ་བོར་སྟོན་པ་སྨོད་མེད་དུ་གྲུབ་བོ།།གལ་ཏེ་བརྡ་དེ་ལས་བྱ་བའི་ཡུལ་གསལ་བར་གོ་བས་བརྡ་དེས་བྱ་ཡུལ་གསལ་བར་སྟོན་པ་མི་ཁས་ན།བརྡ་སྤྲོད་གཞུང་གྲགས་ཆེན་ཕལ་ཆེ་བས་རྣམ་དབྱེ་བཞི་པ་བཤད་པའི་སྐབས་སུ་རྟར་རྩ་བྱིན།སློང་མོར་ལྟོ་སྦྱིན།དབུལ་ཕོངས་ལ་སྦྱིན་པ་གཏོང་ཞེས་ཅི་རིགས་ཤིག་བཀོད་ནས་དགོས་པ་གཙོ་བོར་སྟོན་པའི་རྣམ་དབྱེ་བཞི་བའི་དཔེར་བརྗོད་དུ་འཇོག་པ་ཀུན་མཐུན་ཞིང་དེ་ཡང་ཆོས་ཕྱོགས་ནས་བཤད་ན་རང་གཞན་གཉིས་ཀའི་ཆེད་དུ་དང་ཆོས་དང་མ་འབྲེལ་བར་བཤད་ནའང་གཞན་ལ་ཕན་པའི་དགོས་པ་གྲུབ་པའི་ཆེད་དུ་འཇུག་པ་ཚིག་ཟིན་དངོས་སུ་གསལ་བར་མ་བསྟན་ཀྱང་ཀུན་གྱི་རྣ་བར་དེ་ལྟར་གོ་བའི་རྒྱུ་མཚན་གྱིས་བཞི་པ་དགོས་ཆེད་དུ་བཤད་པ་ལས་དེ་མིན་རྒྱུ་མཚན་གཞན་མེད་པའི་ཕྱིར་གོང་གི་དེ་ཉིད་རྣམ་དབྱེ་ལ་ཡང་བྱ་བའི་ཡུལ་དེ་ཙམ་ཞིག་ཀུན་གྱི་རྣ་བར་གོ་བ་མྱོང་བས་གྲུབ་བས་སོ།།འོན་ཀྱང་དོན་ལ་བྱ་བྱེད་སོ་སོ་ནས་འབྱེད་རུང་ཙམ་ཡོད་ཀྱང་ཚིག་ཟིན་ལ་བྱ་བྱེད་སོ་སོར་དངོས་གསལ་འབྱེད་དུ་མེད་པར་བརྟེན་རྣམ་དབྱེ་གཉིས་པ་དངོས་ལ་མི་འཇོག་ཅིང་།དེའི་རྒྱུ་མཚན་ནི་གོང་དུ་སོ་སོའི་གོ་དོན་གྱི་སྐབས་བཤད་ཟིན་པ་དེ་བཞིན་དུ་ཤེས་པར་བྱའོ།། དེ་བཞིན་དུ་ཚེ་སྐབས་རྣམ་དབྱེ་ཡང་བདུན་པའི་ཁོངས་གཏོགས་སུ་བཤད་པའི་རྒྱུ་མཚན་ཡང་རྣམ་དབྱེ་བདུན་པ་ནི་གང་ཞིག་གང་ལ་གནས་པར་སྟོན་པའི་ལ་དོན་ཅན་གྱི་རྣམ་དབྱེ་ཞིག་ལ་འཇོག་ཅིང་དེས་ན་ཚེ་སྐབས་ཀྱིས་ཀྱང་དེ་ལྟར་སྟོན་པ་ནི།དཔེར་ན།ཉི་མ་ཤར་བ་ན་འགྲོ།ཆུ་ཚོད་དང་པོ་ཟིན་ན་ཟས་འཁྱེར།ཞེས་པ་ཚེ་སྐབས་ཀྱི་རྣམ་དབྱེ་ཡིན་པ་རྙོན་དུ་མེད་ཅིང་།དེས་ན་འགྲོ་བའི་དུས་དང་ཟས་འཁྱེར་བའི་དུས་གཉིས་པོ་དེ་དུས་གང་ཡིན་ཐམས་ཅད་ལ་འགྲོ་རྒྱུ་དང་འཁྱེར་རྒྱུ་མེད་པར་དུས་བྱེ་བྲག་པ་ཉི་མ་ཤར་བའི་དུས་དང་ཆུ་ཚོད་དང་པོ་ཟིན་པའི་དུས་གཉིས་པོ་དེ་ལ་ཡོད་པར་སྟོན་པས་གང་ཞིག་གང་ལ་ཡོད་པར་སྟོན་རྒྱུ་དེ་དུས་ཚིག་ཡིན་མིན་ལས་བདུན་པ་དང་གང་ལ་གང་ཞིག་བརྟེན་ནས་ཡོད་པར་སྟོན་པ་ཁྱད་པར་མེད་པས་སོ།།འོན་ཀྱང་བདུན་པ་དང་ཚེ་སྐབས་གཉིས་ལ་ཁྱད་པར་མེད་པ་མིན་ཏེ།བདུན་པ་ནི་རྟེན་དང་བརྟེན་པའི་བྱ་དངོས་ཐམས་ཅད་ལ་སྦྱར་དུ་ཡོད་ལ་ཚེ་སྐབས་ནི་དེ་ལྟར་མིན་པ་དུས་ཙམ་ལ་འཇུག་པ་ལས་གཞི་ཐ་དག་ལ་འཇུག་པའི་སྐབས་མེད་དོ།།དེ་གཉིས་ཀྱི་ཁྱད་པར་གཙོ་བོ་ནི་རྟེན་དང་བརྟེན་པ་ཞེས་པའི་རྟེན་ལ་མི་འདྲ་བས་ཡིན་ཏེ་བདུན་པར་གང་ལ་བརྟེན་ས་དུས་དང་དུས་མིན་པ་གཉིས་ལས་དུས་མིན་པ་དང་ཚེ་སྐབས་ལ་གང་ལ་བརྟེན་ས་དུས་ཡིན་དགོས་པ་གཉིས་ཀྱིས་འབྱེད་དགོས་པ་གོང་དུ་མཚན་ཉིད་བཤད་པའི་སྐབས་ལས་རྟོགས་པར་བྱའོ།།འདིར་མཁས་པ་ལ་ལས་དེ་ཉིད་རྣམ་དབྱེ་གཉིས་པ་དང་ཚེ་སྐབས་རྣམ་དབྱེ་བཞི་བའི་ཁོངས་སུ་བསྡུ་བར་བཤད་པ་མི་འཐད་པའི་སྒྲུབ་བྱེད་རྩ་བ་ལས་ལ་དོན་གྱི་འཇུག་ཡུལ་ལྔ་ཞེས་གསུངས་པས་དེ་ཉིད་གཉིས་པ་ལས་ལོགས་ཤིག་ཏུ་གསུངས་པས་གལ་ཏེ་གཉིས་པར་བསྡུས་ན་ལོགས་སུ་བཤད་དགོས་དོན་མེད་སྙམས་པ་རྒྱུ་མཚན་དུ་བཀོད་འདུག་ཀྱང་དེ་ཙམ་གྱི་དེ་ཉིད་གཉིས་པའི་ཁོངས་སུ་བསྡུ་མི་ནུས་པ་སྒྲུབ་མི་ཐུབ་སྟེ།གཞི་གང་ཞིག་ལ་སྤྱི་ཙམ་གྱི་བཤད་པ་བྱས་ནས་དེའི་ནང་ཚན་ནམ་དེའི་བྱེ་བྲག་དགའ་ཞིག་ལ་སྒྲིག་ཚུགས་ཟུར་བའམ་དམིགས་གསལ་གྱི་ཁྱད་ཆོས་མངོན་པའི་ཆེད་དུ་བཤད་པ་གནང་བ་གཞུང་མང་པོ་ན་འདུག་པ་བཞིན་དང་སྒྲུབ་བྱེད་གཞན་དུ་གང་ཞིག་གང་གི་ཁོངས་སུ་བསྡུ་བ་ལ་དེའི་འདྲ་བའི་ཕྱོགས་མང་ཙམ་དགོས་པ་ལས་དེ་ཉིད་ལ་དེ་ལྟར་མི་འདུག་པའི་ཕྱིར་གསུངས་དེ་ནི་མི་རིག་པར་དེ་ཉིད་ཀྱི་དཔེ་བརྗོད་གང་ཞིག་ཡིན་ཡང་གཉིས་པ་དང་ཕྱོགས་འདྲ་བ་གོང་དུ་མཚན་ཉིད་ཀྱི་སྐབས་སུ་བཤད་པ་དེས་ཤེས་པར་བྱའོ།།དེ་བཞིན་དུ་མཁས་དབང་ཚེ་བརྟེན་ཞབས་དྲུང་གིས་ཀྱང་ཚེ་སྐབས་ཀྱང་བདུན་པའི་ཁོངས་སུ་བསྡུ་བ་ལ་ལྡན་མིན་འདུ་བྱེད་གཟུགས་སུ་ཐལ་བར་གསུངས་མོད་ཀྱང་།དེ་ལྟར་མི་འགྱུར་ཏེཁོངས་སུ་བསྡུ་བའི་རྒྱུ་མཚན་བདུན་པའི་མཚན་ཉིད་ཀྱི་ཆ་ཕལ་ཆེ་བ་གོང་དུ་བཀོད་པ་བཞིན་ཚེ་སྐབས་ལ་ཡང་ཚང་བའི་ཕྱིར་དང་།རྟེན་དང་བརྟེན་པར་བཤད་པའི་བརྟེན་དེར་དུས་ལས་གཞན་ཡིན་དགོས་པར་གྲུབ་ན་ཐལ་བ་དེ་ལྟར་འགྲོ་ཡང་དུས་ལ་རྟེན་བརྟེན་པའི་རྣམ་བཞག་གོང་དུ་བཀོད་པ་བཞིན་འཐད་པ་ཚད་གྲུབ་ཡིན་པའི་ཕྱིར་རོ།།དེས་ན་དེ་ཉིད་གཉིས་པ་དང་ཚེ་སྐབས་བཞི་པའི་ཁོངས་སུ་བསྡུ་ཞེས་པའང་དགལ་བ་དེ་ཙམ་མེད་པར་སྙམ་ཡང་མཁས་པའི་ཞེས་ཚུལ་སྣ་ཚོགས་ཤིག་འདུག་པས་རང་གི་རྣམ་དཔྱོད་ལ་དཔག་སྟེ་ཁས་བླངས་ན་བདེ་བའོ།། བཞི་པ་གང་ལ་སྦྱོར་ཚུལ་ནི། དེ་ཡང་རྗེས་འཇུག་ས་ཡི་རྗེས་སུ་《སུ་》དང་ག་བ་ད་དྲག་གི་མཐར《ཏུ་》ང་ད་ན་མ་ར་ལ་རྣམས་ཀྱི་རྗེས་སུ་《དུ་》འ་དང་མཐའ་མེད་དེ་རྗེས་འཇུག་དམིགས་གསལ་བྲིས་མེད་པ་རྣམས་ལ་ཚིག་བསྡུ་དགོས་ཚེ་《ར་》དང་བསྐང་དགོས་ཚེ་《རུ་》སྦྱར་དགོས་ཞེས་སྟོན་པ་ཡིན་ནོ།།ལ་དོན་གྱི་ཚིག་ཕྲད་མདོར་བསྟན་རིའུ་མིག་ ༄༅།།རྗེས་འཇུག་གང་ལ་ཚིག་ཕྲད་གང་ཞིག་སྦྱོར་ཚུལ། ཚིག་ཕྲད། སུ། ར། རུ། དུ། ཏུ། ན་དང་ལ། རྗེས་འཇུག ས། འ་དང་མཐའ་མེད། འ་དང་མཐའ་མེད། ང་ད་ན་མ་ར་ལ། ག་བ་ད་དྲག རྗེས་འཇུག་བཅུ་དང་མཐའ་མེད། གསུམ་པ་ཨི་ལྡན་བཤད་པ། དེ་ཡང་ཨི་ལྡན་ཞེས་པ་ནི་དབྱངས་ལྔ་ཡི་དང་པོ་གྱི་གུ་དང་ལྡན་ཞིང་ཆོས་ཐ་དད་པ་གཉིས་ཕན་ཚུན་འབྲེལ་བ་ཡོད་པར་སྟོན་པ་འམ་ཡང་ན་རྗེས་འཇུག་ས་དང་བཅས་ཚེ་བྱ་བ་གང་ཞིག་བྱེད་པ་པོར་སྟོན་པའི་ཚིག་ཕྲད་ཞིག་ལ་ཨི་ལྡན་གྱི་ཕྲད་ཞེས་བརྗོད་པ་ཡིན། དེ་ཡང་《རྩ་བ་ལས་》《རྗེས་འཇུག་ཡི་གེ་བཅུ་པོ་ལ།། 》《ཨི་དང་མཐུན་ལུགས་འདི་ཞེས་བྱ།། 》ཞེས་མིང་གཞིའི་རྗེས་སུ་འཇུག་པའི་ཡི་གེ་བཅུ་པོ་དེ་རྣམས་ལ་དབྱངས་ཀྱི་དང་པོ་ཨི་སྟེ་གྱི་གུ་སྦྱར་བ་དང་མཐུན་ལུགས་སམ་སྦྱར་ཚུལ་ནི་འདི་ལྟར་ཞེས་སྨྲ་བར་བྱ་སྟེ་ཞེས་སོ།།འདིའི་མཐུན་ལུགས་ལ་འབྲེལ་སྒྲ་དང་།བྱེད་སྒྲ་གཉིས་ལས།དང་པོ་ལ།འབྲེལ་སྒྲའི་ཚིག་ཕྲད་ཀྱི་གོ་དོན་དང་།དབྱེ་བ།གང་ལ་འཇུག་པ།སྦྱོར་ཚུལ་བཞི་ལས།དང་པོ་ནི།གཞི་ཆོས་ཐ་དད་དུ་ཡོད་པ་གཉིས་ཕན་ཚུན་འབྲེལ་བའམ་ཡང་ནཕྱོགས་གཅིག་ཕྱོགས་གཞན་དེར་བརྟེན་ནས་འབྲེལ་བ་ཡོད་པར་སྟོན་པའི་ཨི་ལྡན་གྱི་ཚིག་ཕྲད་ཞིག་ལ་འབྲེལ་སྒྲའི་ཚིག་ཕྲད་ཞེས་འབོད་པ་ཡིན།གཉིས་པ་དབྱེ་བ་བཤད་པ་ལ།རྩ་བས་དངོས་སུ་བསྟན་པའི་《གི་ཀྱི་གྱི་འི་》སྟེ་བཞི་དང་དོན་ཐོབ་ཏུ་ཡོད་པ་《ཡི་》བཅས་ལྔ་ཡོད། གསུམ་པ་གང་ལ་འཇུག་པ་ནི། 《རྩ་བ་ལས་》《དེ་དག་ཨི་སྦྱར་འབྲེལ་བའི་ས།》ཞེས་གསུངས་པ་བཞིན་ཚིག་ཕྲད་ག་ཀྱ་གྱ་འ་ཡ་ལྔ་པོ་དེ་དག་ལ་དབྱངས་ཀྱི་དང་པོ་ཨི་སྟེ་གྱི་གུ་སྦྱར་བས་ན་གང་ཞིག་གང་ལ་འབྲེལ་བ་སྟོན་པའི་སརམ་གཞི་ལ་འཇུག་གོ། ཞེས་པ་བཞིན་འབྲེལ་བ་སྟོན་པར་འཇུག་པ་ཡིན་ནོ།། བཞི་པ་སྦྱོར་ཚུལ་ལམ་མཐུན་ལུགས་ནི་《རྩ་བ་ལས།》《དང་པོ་གཉིས་ལ་དང་པོ་མཐུན།། གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར།། བདུན་པ་ཉིད་ལ་བདུན་པ་སྟེ།། ལྷག་མ་རྣམས་ལ་གྱ་སྦྱར་བ།།》ཞེས་དང་པོ་གཉིས་སྟེ་རྗེས་འཇུག་གི་དང་པོ་<ག་>དང་<ང་>གཉིས་ལ་འབྲེལ་སྒྲའི་ཚིག་ཕྲད་ཀྱི་དང་པོ་<གི་>མཐུན་པ་དང་།རྗེས་འཇུག་གི་གསུམ་པ་<ད་>ལྔ་པ་<བ>་བཅུ་པ་<ས་>གསུམ་མིང་ཚིག་གང་གི་རྗེས་སུ་བཞུགས་པ་དེ་ལ་<ཀྱ་>སྟེ་འབྲེལ་སྒྲའི་<ཀྱི་>སྦྱར་བ་མཐུན་པ་དང་།བདུན་པ་ཉིད་དེ་རྗེས་འཇུག་བདུན་པ་<འ་>མིང་ཚིག་གང་གི་རྗེས་སུ་བཞུགས་པ་དེ་ཉིད་ལ་བདུན་པ་སྟེ་རྗེས་འཇུག་གི་བདུན་པ་<འ་>རང་ཉི་ལ་དབྱངས་ཀྱི་དང་པོ་ཨི་ལྡན་པ་སྦྱར་བ་མཐུན་པ་དང་།རྗེས་འཇུག་《ག་ང་ད་བ་ས་འ་》བཅས་ཀྱི་ལྷག་མ་《ན་མ་ར་ལ་》བཞི་པོ་དེ་རྣམས་ལ་<གྱ་>ལ་དབྱངས་ཀྱི་དང་པོ་ཨི་སྦྱར་བ་མཐུན་པ་དང་། ཚིག་བཅས་ལྷུག་གང་ལ་ཡང་ཁ་སྐོང་དུ་ཉེ་བར་འཁོ་བར་བརྟེན་དོན་གྱི་ཐོབ་པ་རྗེས་འཇུག་ལས་ཕྱུང་བ་མིན་པའི་<ཡ་>ལ་ཨི་སྦྱར་བ་དེ་ཉིད་<འ་>གང་དུ་སྦྱར་བ་དེར་ཚིག་གི་རྐང་པ་བསྐོང་དགོས་ཚེ་<ཡི་>དང་མི་དགོས་ན་ཚེག་མེད་པར་<འི་>སྦྱར་བ་མཐུན་པ་དང་། 《དེ་དག་ཨི་སྦྱར་འབྲེལ་བའི་ས།། 》 ཞེས་པ་ནི་རྩ་བས་དངོས་སུ་བསྟན་པ་དང་དོན་གྱི་ཐོབ་པའི་ཚིག་ཕྲད་ག་ལ་སོགས་པ་ལྔ་པོ་དེ་དག་ལ་དབྱངས་ཀྱི་དང་པོ་ཨི་སྦྱར་བ་ན་ཆོས་གཉིས་འབྲེལ་བ་སྟོན་པར་བྱེད་བའི་རྣམ་དབྱེ་དྲུག་པའི་སའམ་གནས་ཡིན་ནོ་ཞེས་ཚིག་ཕྲད་དེ་དག་གིས་འཇུག་པའི་སའམ་གཞི་བསྟན་པ་ཡིན་ནོ།། འབྲེལ་སྒྲའི་ཚིག་ཕྲད་ཀྱི་མདོར་བསྟན་རིའུ་མིག ༄༅།།རྗེས་འཇུག་གང་ལ་ཕྲད་གང་སྦྱོར་ཚུལ། ཚིག་ཕྲད། གི་ ཀྱི་ གྱི་ འི་ ཡི་ རྗེས་འཇུག ག་ང་ ད་བ་ས་ ན་མ་ར་ལ་ འ་དང་མཐའ་མེད་ འ་དང་མཐའ་མེད་ ཨི་ལྡན་གྱི་ཚིག་ཕྲད་གཉིས་པ་བྱེད་སྒྲ་བཤད་པ།དེ་ལ་གོ་དོན་དང་།དབྱེ་བ།གང་ལ་འཇུག་པ།སྦྱོར་ཚུལ་བཞི་ལས།དང་པོ་གོ་དོན་ནི།བྱ་བ་གང་ཞིག་བྱེད་པ་པོར་གོ་བའམ་སྟོན་པར་བྱེད་པའི་ཨི་ལྡན་གྱི་ཚིག་ཕྲད་ཞིག་ལ་བྱེད་སྒྲའི་ཚིག་ཕྲད་ཞེས་བརྗོད་པ་སྟེ། 《རྩ་བ་ལས་》《དེ་ཉིད་ལ་ནི་བཅུ་པ་སྦྱར།། བྱེད་པའི་སར་ནི་ཤེས་ པར་བྱ།》ཞེས་གོང་གི་རྣམ་དབྱེ་དྲུག་པའི་ཚིག་ཕྲད་རྩ་བས་དངོས་སུ་བསྟན་པ་གི་ལ་སོགས་པ་བཞི་དང་དོན་ཐོབ་ཀྱི་ཡི་བཅས་ལྔ་པོ་དེ་དག་ཉིད་ལ་ནི་རྗེས་འཇུག་གི་བཅུ་པ་ས་ཡིག་སྦྱར་བ་ན་དུས་གསུམ་གྱི་བྱ་བ་གང་ཞིག་བྱེད་པ་པོར་སྟོན་པར་བྱེད་པའི་སར་རམ་གནས་སུ་ནི་ཤེས་པར་བྱ་ཞེས་པའོ།གཉིས་པ་དབྱེ་བ་ལ་ལྔ་སྟེ།གིས་ཀྱིས་གྱིས་འིས་ཡིས་རྣམས་སོ།གསུམ་པ་གང་ལ་འཇུག་པ་ནི།བྱ་བ་གང་ཞིག་བྱེད་པོ་པོར་སྟོན་པའི་དོན་ལ་འཇུག་པ་ཡིན་ནོ།།བཞི་པ་སྦྱོར་ཚུལ་ནི།གོང་དུ་འབྲེལ་སྒྲའི་སྐབས་དང་མཚུངས་པས་རིགས་འགྲོས་ཀྱིས་ཤེས་པར་བྱའོ།། བྱེད་སྒྲའི་ཕྲད་དེ་རྣམས་མདོར་བསྟན་རེའུ་མིག ༄༅།།རྗེས་འཇུག་གང་ལ་ཕྲད་གང་སྦྱོར་ཚུལ། ཚིག་ཕྲད། གིས་ ཀྱིས་ གྱིས་ འིས་ ཡིས་ རྗེས་འཇུག ག་ང་ ད་བ་ས་ ན་མ་ར་ལ་ འ་དང་མཐའ་མེད་ འ་དང་མཐའ་མེད་ བཞི་པ་རྒྱན་སྡུད་བཤད་པ་ལ།གོ་དོན།དབྱེ་བ།གང་ལ་འཇུག་པ།སྦྱོར་ཚུལ་བཞི་ལས།དང་པོ་གོ་དོན་ནི། མཐུན་པ་དང་མི་མཐུན་པའི་ཚིག་སྔ་ཕྱི་རྒྱན་པ་སྟེ་ཁྱད་པར་མཛེས་པར་བྱེད་ཅིང་བརྗོད་པར་བྱ་བའི་དོན་དགའ་ཞིག་གོང་འོག་སོགས་ཀྱིས་བསྡུས་པའི་དོན་ལའང་འཇུག་པའི་ཕྲད་ཞིག་གོ། གཉིས་པ་དབྱེ་བ་ནི། 《རྩ་བ་ལས་》《ཨ་ལི་ཕྱིས་ནས་གཉིས་པ་སྦྱར།།》ཞེས་གོང་གི་འབྲེལ་སྒྲའི་ཀྱི་འི་ཡི་གསུམ་པོ་དེ་དག་གི་ཨ་ལི་སྟེ་གྱི་གུ་ཕྱིས་ནས་དེར་རྗེས་འཇུག་གི་གཉིས་པ་<ང་>སྦྱར་བ་ན་ཀྱང་ཡང་འང་གསུམ་འབྱུང་བར་གསུངས་པ་བཞིན།《ཀྱང་འང་ཡང་》གསུམ་མོ། གསུམ་པ་གང་ལ་འཇུག་པ་ནི། 《རྩ་བ་ལས་》《ཚིག་རྒྱན་གཉིས་དང་སྡུད་པར་འགྱུར།།》ཞེས་ཀྱང་ཡང་འང་གསུམ་པོ་དེ་ཡང་མཐུན་མི་མཐུན་གྱི་ཚིག་རྒྱན་གཉིས་དང་གོང་འོག་སོགས་ཀྱི་བརྗོད་དོན་དགའ་ཞིག་སྡུད་པའི་དོན་ལ་འཇུག་པར་འགྱུར་ཞེས་གསུངས་པ་ལྟར་མཐུན་པའི་ཚིག་རྒྱན་དང་མི་མཐུན་པའི་ཚིག་རྒྱན་སྡུད་པ་བཅས་ཀྱི་དོན་གསུམ་ལ་འཇུག་པ་ཡིན་ནོ།། བཞི་པ་སྦྱོར་ཚུལ་ནི། རྗེས་འཇུག་《ག་ད་བ་ས་ད་དྲགས་》ཀྱི་མཐར་ཀྱང་དང་། 《ང་ན་མ་ར་ལ་》རྣམས་ཀྱི་མཐར་ཡང་། 《འ་དང་མཐའ་མེད་》ཀྱི་མཐར་འང་དང་ཚིག་རྐང་བསྐང་དགོས་ཚེ་ཡང་ཐོབ་པ་ཡིན་ནོ།། རྒྱན་སྡུད་ཀྱི་ཕྲད་སྦྱོར་ཚུལ་མདོར་བསྟན་རིའུ་མིག ༄༅།།རྗེས་འཇུག་གང་ལ་ཕྲད་གང་སྦྱོར་ཚུལ། ཚིག་ཕྲད། ཀྱང་། ཡང་། འང་། རྗེས་འཇུག ག་ད་བ་ས་ད་དྲགས། ང་ན་མ་ར་ལ། འ་དང་མཐའ་མེད། འ་དང་མཐའ་མེད། ལྔ་པ་ལྷག་བཅས་བཤད་པ། དེ་ལ་གོ་དོན་དང་། དབྱེ་བ། གང་ལ་འཇུག་པ། སྦྱོར་ཚུལ་བཞི་ལས། དང་པོ་གོ་དོན་ནི།རང་ཉིད་གང་དུ་སྦྱོར་སའི་མིང་ངམ་ཚིག་གང་ཡིན་དེའི་བརྗོད་དོན་ལྷག་མ་ཡོད་པར་སྟོན་པའི་ཚིག་ཕྲད་ཞིག་གོ། གཉིས་པ་དབྱེ་བ་ནི། 《རྩ་བ་ལས་》《ལ་དོན་སུ་ལ་ཨུ་ཕྱིས་ནས།། དེ་ལ་གསུམ་པའི་དང་པོ་སྦྱར།། དེ་ལ་ཨ་ལི་གསུམ་པ་སྦྱར།།》ཞེས་གོང་གི་ལ་དོན་གྱི་ཕྲད་ཀྱི་འཁྲོད་ནས་སུ་ཡིག་ལ་ཨུ་སྟེ་ཞབས་ཀྱུ་ཕྱིས་ནས་དེ་ལ་ཀ་ཁའི་སྡེ་བ་གསུམ་པའི་དང་པོ་སྟེ་<ཏ་>སྦྱར་ཞིང་དེ་ཉིད་ལ་ཨ་ལི་གསུམ་པ་འགྲེང་བུ་སྦྱར་བས་<སྟེ་>གྲུབ་བར་གསུངས་པ་བཞིན་རྩ་བས་དངོས་སུ་བསྟན་པ་སྟེ་དང་དོན་ཐོབ་ཀྱི་ཡོད་པ་<ཏེ་>དང་<དེ་>གཉིས་བཅས་ཁྱོན་ལྷག་བཅས་ལ་གསུམ་དུ་ཡོད་དོ།། གསུམ་པ་གང་ལ་འཇུག་པ་ནི། 《དེ་ནི་ལྷག་དང་བཅས་པའོ།།》ཞེས་ཚིག་ཕྲད་གསུམ་པོ་དེ་ནི་མིང་དང་ཚིག་སོགས་སྐབས་དོན་གྱི་བརྗོད་པ་གང་དེའི་དོན་ལྷག་མ་དང་བཅས་པ་སྟོན་པའི་དོན་ལ་འཇུག་པའོ།། ཞེས་གསུངས་པ་བཞིན་ལྷག་བཅས་ཀྱི་དོན་ལ་འཇུག་གོ།། བཞི་པ་སྦྱོར་ཚུལ་ནི། རྗེས་འཇུག་ན་ར་ལ་ས་བཞི་དང་ད་དྲགས་ཀྱི་མཐར་ཏེ་གཐོབ་པ་དང་། རྗེས་འཇུག་ད་ཡི་རྗེས་སུ་དེ་སྦྱོར་དགོས། རྗེས་འཇུག་ག་ང་བ་མ་འ་དང་མཐའ་མེད་ཀྱི་རྗེས་སུ་སྟེ་སྦྱོར་དགོས་པ་ཡིན་ནོ།། ལྷག་བཅས་ཀྱི་ཚིག་ཕྲད་མདོར་བསྟན་རིའུ་མིག ༄༅།། རྗེས་འཇུག་གང་ལ་ཚིག་ཕྲད་གང་སྦྱོར་ཚུལ། ཚིག་ཕྲད། ཏེ། དེ། སྟེ། རྗེས་འཇུག ན་ར་ལ་ས། ད་དྲགས། ད། ག་ང་བ་མ་འ་མཐའ་མེད། དྲུག་པ་འབྱེད་སྡུད་བཤད་པ་ལ། གོ་དོན་དང་། དབྱེ་བ། གང་ལ་འཇུག་པ། སྦྱོར་ཚུལ་དང་བཞི་ལས། དང་པོ་གོ་དོན་ནི། གཞི་གཅིག་ལས་རྣམས་གྲངས་དུ་མ་འབྱེད་པ་དང་རྣམ་གྲངས་དུ་མ་གཞི་གཅིག་ཏུ་སྡུད་པའམ་དྲི་བའི་སྒོ་ནས་གདམ་ང་སྟོན་པའི་ཚིག་ཕྲད་ཞིག་གོ། གཉིས་པ་དབྱེ་བ་ནི། 《རྩ་བ་ལས།》《རྗེས་འཇུག་ཡི་གེ་བཅུ་པོ་ལ།།དྲུག་པ་སྦྱར་ན། 》ཞེས་གསུངས་པ་ལྟར། སྤྱིར་གྱི་རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་རྣམས་ལ་རྗེས་འཇུག་རང་གི་དྲུག་པ་མ་ཡིག་སྦྱར་བས་ན་གམ་ངམ་དམ་ནམ་བམ་མམ་འམ་རམ་ལམ་སམ་ཏེ་བཅུ་དང་།གཞན་ཡང་ད་དྲག་གིས་ཤུགས་ཀྱིས་ཐོབ་པ་ཏམ་བཅས་བཅུ་གཅིག་ཡོད་དོ་ཞེས་བསྟན་ཏོ།། གསུམ་པ་གང་ལ་འཇུག་པ་ནི། 《རྩ་བ་ལས།》《འབྱེད་སྡུད་ཡིན།》 ཞེས་གཞི་གཅིག་ལས་དུ་མ་འབྱེད་པ་དང་།ཆོས་ཐ་དད་པ་དུ་མ་གཞི་གཅིག་ཏུ་སྡུད་པའི་དོན་གཉིས་ལ་འཇུག་པ་ཡིན་ཞེས་གསུངས་པ་བཞིན་འབྱེད་པ་དང་སྡུད་པའི་དོན་གཉིས་ལ་འཇུག་པའོ།། བཞི་པ་སྦྱོར་ཚུལ་ནི། ད་དྲག་གི་མཐར་ཏམ་དང་མཐའ་མེད་དེ་རྗེས་འཇུག་མེད་པའི་མཐར་འམ་སྦྱོར་དགོས་ཤིང་གཞན་ལྷག་མ་ཐམས་ཅད་གང་དུ་སྦྱར་སའི་གཞི་དེའི་མིང་མཐའ་གང་ཡིན་དེ་དང་རྗེས་སུ་མཐུན་པར་སྦྱར་དགོས་པ་ཡིན་ནོ།། འབྱེད་སྡུད་ཀྱི་ཚིག་ཕྲད་མདོར་བསྟན་རིའུ་མིག ༄༅།། རྗེས་འཇུག་གང་ལ་ཚིག་ཕྲད་གང་སྦྱོར་ཚུལ། ཚིག་ཕྲད གམ། ངམ། དམ། ནམ། བམ། མམ། འམ། རམ། སམ། ཏམ། རྗེས་འཇུག ག ང་། ད། ན། བ། མ། འ་དང་མཐའ་མེད། ར། ས། ད་དྲཊ།

 བདུན་པ་འབྱུང་ཁུངས་བཤད་པ་ལ།  གོ་དོན་དང་། དབྱེ་བ།  གང་ལ་འཇུག་པ།  སྦྱོར་ཚུལ་དང་བཞི་ལས།  དང་པོ་གོ་དོན་ནི། ཆོས་སམ་དངོས་པོ་གང་ཞིག་གཞི་ཆོས་གང་ཡང་རུང་བ་ཞིག་ལས་འབྱུང་བར་སྟོན་པའི་ཚིག་ཕྲད་ཞིག་ལ་འབྱུང་ཁུངས་སྟོན་པའི་ཕྲད་དུ་འཇོག་གོ།  གཉིས་པ་དབྱེ་བ་ནི། 《རྩ་བ་ལས》《རྗེས་འཇུག་ཡི་གེ་བཅུ་པོ་ཡི།།  བཞི་པ་དགུ་པ་ལ་བཅུ་པ།། སྦྱར་བ།》ཞེས་རྗེས་སུ་འཇུག་པའི་ཡི་གེ་བཅུ་པོ་དེ་ཡི་བཞི་པ་<ན་>དང་དགུ་པ་<ལ>གཉིས་ལ་རྗེས་འཇུག་གི་བཅུ་པ་<ས་>ཡིག་སྦྱར་བ་ནི་ཞེས་གསུངས་པ་ལྟར་ནས་དང་ལས་གཉིས་སོ།གསུམ་པ་གང་ལ་འཇུག་པ་ནི། 《རྩ་བ་ལས》《འབྱུང་ཁུངས་ས་ཡིན་ཏེ།། དགར་དང་སྡུད་པའང་དེ་བཞིན་ཡིན།།》ཞེས་ཆོས་གང་ཞིག་གཞི་གང་ཡང་རུང་བ་གཅིག་ལས་འབྱུང་བར་སྟོན་པའི་འབྱུང་ཁུངས་ཀྱི་སའམ་གནས་ཡིན་ཏེ་ཞེས་དང་འབྱུང་ཁུངས་ཀྱི་ཕྲད་དེ་གཉིས་ནིི་སྤྱིར་ན་ཆོས་གང་ཞིག་གང་ལས་འབྱུང་བར་སྟོན་པའི་ཕྲད་ཙམ་དུ་མ་ཟད།དགར་གཞི་ལས་ལོགས་སུ་དགར་བ་དང་རྣམ་གྲངས་དུ་མ་སྡུད་པའི་དོན་ལ་འཇུག་པའང་འབྱུང་ཁུངས་ཇི་ལྟ་བ་དེ་བཞིན་ཡིན་ཞེས་གསུངས་པ་ལྟར་འབྱུང་ཁུངས་དང་འགར་བ་སྡུད་པ་བཅས་འཇུག་པའི་ཡུལ་གསུམ་དུ་སྟོན་པའོ།།བཞི་པ་སྦྱོར་ཚུལ་ནི།ནས་ལས་ཀྱི་ཕྲད་གཉིས་པོ་འདི་འབྱུང་ཁུངས་ལ་སྦྱར་སྐབས་གང་ལ་སྦྱར་སའི་ཆོས་སམ་འབྱུང་སའི་གཞི་དེ་ཉིད་གང་འབྱུང་བའི་ཆོས་དེའི་འབྱུང་ཁུངས་དངོས་གནས་པ་ཡིན་ཚེ་ནས་དང་ལས་ཀྱི་ཕྲད་གཉིས་གང་བདེར་སྦྱར་རུང་ཞིང་།འོན་ཀྱང་ཤར་ཕྱོགས་ལ་སོགས་པ་དགའ་ཞིག་ལ་འབྱུང་ཁུངས་ཀྱི་ཕྲད་སྦྱར་སྐབས་ནས་ལས་གཉིས་ཡོད་པ་ལས་ནས་སྦྱོར་དགོས་པ་ལས་ལས་སྦྱར་ན་བརྗོད་བདེར་མི་བྱུང་ངོ་། ཡང་དགར་བའི་སྐབས་རྫས་དང་བྱ་བ་ཡོན་ཏན་རིགས་སོགས་གང་རུང་ཕན་ཚུན་མཐུན་པ་ལས་དགར་བ་སྟོན་དགོས་ཚེ་ནས་ཀྱི་ཚིག་ཕྲད་དང་དེ་ལས་ལྡོག་ཏེ་མི་མཐུན་པ་ལས་དགར་བ་སྟོན་དགོས་ཚེ་ལས་ཀྱི་ཕྲད་སྦྱོར་དགོས།སྡུད་པའི་དོན་ལ་འཇུག་པ་ལ་ནས་སྒྲ་ཁོ་ན་ཞེས་ལྗོན་དབང་སོགས་སུ་གསུངས་མོད་ཀྱང་ལས་སྒྲ་སྡུད་པའི་དོན་ལ་འཇུག་པ་སྔོན་གྱི་རྡོ་རིང་སོགས་ཀྱི་ཡིག་རྙིང་དག་ལས་གསལ་སྟོན་བྱས་ཡོད།འོན་ཀྱང་ལྗོན་དབང་སོགས་ཀྱིས་དེ་ལྟར་གསུངས་དོན་ནི་དེང་སྐབས་བོད་སྐད་གང་དུའང་སོགས་པ་དང་ཡང་ན་ལ་སོགས་པ་ཞེས་ལ་དང་སོགས་ཀྱི་བར་ཚིག་འཕྲལ་བ་ལས་མ་འཕྲལ་བ་བེད་སྤྱོད་བྱེད་པ་མ་མཐོང་བའི་དབང་གིས་དེ་ལྟར་གསུངས་སམ་སྙམ།གོང་དུ་བཤད་པ་བཞིན་ལས་སྒྲ་སྡུད་པའི་དོན་ལ་འཇུག་ཚུལ་དགེ་བའི་བཤེས་གཉེན་པྲ་ཏེ་རིན་ཆེན་དོན་གྲུབ་སོགས་ཀྱི་གསུངས་ཡོད་ཀྱང་ཏུན་ཧོང་སོགས་ནས་འཐོན་པའི་ཡིག་རྙིང་དག་ལས་ཀྱང་ལས་སོགས་པ་དང་ལས་སྩོགས་པ་ཞེས་པ་དག་བྱུང་ཡང་ལ་སོགས་པ་ཞེས་པའི་བར་གྱི་ཚིག་མི་མངོན་པར་བྱས་ནས་བྲིས་པ་རྣམས་ཕྱིས་སུ་ཚིག་འཕྲལ་ན་ལ་གཅིག་པུ་འཕྲལ་རྒྱུ་ཡིན་པ་ལ་དེ་ལྟར་མི་འཕྲལ་བར་སོགས་ཀྱི་མིང་གཞི་ས་དེ་ཡང་ལྷན་དུ་སྦྱར་ནས་འབྲི་བའི་སྲོལ་ཞིག་མ་དག་རྒྱུན་བྱམས་སུ་སོང་བ་ཞིག་མིན་ནམ་སྙམས་པའི་དོག་པ་ཞིག་ཀྱང་ཡོང་བཞིན་འདུག་དེ་ཡང་ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་ནང་ཚིག་ཕྲད་མང་པོ་རྗེས་འཇུག་སོགས་ཀྱི་མིང་མཐའ་ལ་བར་གྱི་ཚིག་མི་མངོན་པར་བྱས་ནས་བྲིས་པ་ཡང་དུ་མ་ཞིག་འདུག་པ་འདི་ལྟར་་་་ཐོསྟེ། བླངསྟེ། བཀལྟེ། སོགས་མང་པོ་ཞིག་ལ་དེ་ལྟར་བྲིས་འདུག་པ་བཞིན་གོང་གི་ལས་ཀྱང་དེ་ལྟར་བྱུང་བའི་ཚུལ་ལ་འགྲེལ་རྒྱུ་གཏན་ནས་མེད་པ་ཞིག་མིན་པར་བརྟེན་སྡུད་ལ་ནས་སྒྲ་ཁོ་ན་བཤད་པ་ཡང་རྒྱུན་མཚན་གཏན་ནས་མེད་པ་ཞིག་མིན་ནོ།། དེའི་ཕྱིར་བརྡ་སྤྲོད་ཀྱི་གཞུང་ལ་འཇུག་པ་ཡངས་པའི་སྐལ་ལྡན་ལས་འཕྲོ་ཅན་ཚོས་དཔྱད་པ་མཐར་ཕྱིན་པ་ཡོང་པའི་ཆེད་འདིར་དོག་སློང་ཙམ་དུ་ཞུས་པའོ།།འབྱུང་ཁུངས་དངོས་དང་ཆ་འདྲ་བ་ཞེས་པ་གཉིས་ཀྱི་ཁྱད་པར་ནི་དག་ཡིག་དགའ་རེར་སྤྱིར་ན་ཆོས་གང་ཞིག་ཡོངས་གྲགས་སུ་ཆོས་དེ་ལས་འབྱུང་བའམ་ཡང་ན་ཆོས་དེའི་འབྲས་བུའི་ཐ་སྙད་འདོག་དུ་ཡོད་པ་ལ་འབྱུང་ཁུངས་དངོས་དང་སྤྱིར་དེ་ལྟར་དུ་གྲགས་པའི་ཐ་སྙད་མེད་ཀྱང་སྐབས་ཐོབ་ཀྱི་སྦྱོར་དགོས་པའི་རིགས་ལ་ཆ་འདྲ་བ་ཟེར་ཞེས་བཤད་པ་ཡོད་ཀྱང་།ཨ་ལགས་ཚེ་བརྟན་ཞབས་དྲུང་གི་《ཐོན་མིའི་ཞལ་ལུང་དུ》།གང་འབྱུང་བའི་ཆོས་ངོས་འཛིན་སྐབས་དེ་ལས་ཐ་དད་པའི་འབྱུང་སའི་དངོས་པོ་ངོས་འཛིན་རྒྱུ་ཡོད་པའི་རིགས་རྣམས་འབྱུང་ཁུངས་དངོས་དང་དེ་ལྟར་ངོས་འཛིན་དུ་མེད་པའི་འོ་མ་ལས་བྱུང་བའི་ཞོ་ངོས་འཛིན་སྐབས་འོ་མའི་ངོས་འཛིན་དོར་དགོད་པ་ལྟ་བུ་ནི་འབྱུང་ཁུངས་ཆ་འདྲ་བའི་དོན་ལ་འཇོག་གནང་འདུག་པ་བཞིན་ཐད་དམ་སྙམ་ཏེ་འབྱུང་ཁུངས་ཞེས་འབོད་སྐབས་འབྱུང་ཞེས་པ་ནི་གང་འབྱུང་བའི་ཆོས་དེ་ཉིད་དང་ཁུངས་ཞེས་པ་ནི་གང་ཞིག་འབྱུང་སའི་གཞི་དེར་གོ་དགོས་པས་འབྱུང་ཁུངས་ཞེས་པའི་ཚིག་དེས་འབྱུང་ས་དང་འབྱུང་བ་གཉིས་སོ་སོར་ཐ་དད་དུ་འབྱེད་དུ་ཡོད་པའི་དོན་སྟོན་བཞིན་ཡོད་པར་བརྟེན་འབྱུང་ཁུངས་དངོས་ལ་འབྱུང་ས་དང་འབྱུང་བ་གཉིས་ཀ་ཐ་དད་དུ་འབྱེད་དུ་ཡོད་པ་དང་དེ་ལྟར་འབྱེད་དུ་མེད་པར་འབྱུང་ཁུངས་ཀྱི་ཚིག་ཕྲད་འཇུག་པ་ནི་འབྱུང་ཁུངས་ཆ་འདྲ་བ་ཡིན་ནོ་ཞེས་བཤད་ན་ཅུང་ཟད་ལེགས་སམ་སྙམས་སོ།།  

འབྱུང་ཁུང་གི་ཕྲད་སྦྱོར་ཚུལ་རིའུ་མིག ༄༅།།སྦྱར་གཞི་གང་ལ་ཚིག་ཕྲད་གང་སྦྱོར་ཚུལ། ཚིག་ཕྲད། ནས། ལས། སྦྱར་གཞི། འབྱུང་ཁུངས་དངོས། རིགས་མཐུན་འགར་བ། སྡུད་པ། འབྱུང་ཁུངས་དངོས། རིགས་མི་མཐུན་འགར་བ། སྡུད་པ། བརྒྱད་པ་འབོད་སྒྲ་བཤད་པ་ལ། གོ་དོན་དང་།དབྱེ་བ།གང་ལ་འཇུག་པ།སྦྱོར་ཚུལ་དང་བཞི།དང་པོ་གོ་དོན་ནི་གང་ཟག་གང་ཡང་རུང་བ་ལ་ཉན་པར་སྐུལ་བའི་སྐྱེ་བོའི་མིང་གི་ཐོག་མཐའ་གང་རུང་དུ་སྦྱར་དུ་ཡོད་པའི་ཚིག་ཕྲད་ཞིག་ལ་འཇོག གཉིས་པ་དབྱེ་བ་ལ། 《རྩ་བ་ལས།》《གང་མིང་བརྗོད་པའི་དང་པོ་རུ།། ཀྱེ་སྦྱར་བ་ནི་བོད་པ་ཡིན།》ཞེས་གང་ཟག་གང་ཡང་རུང་བའི་མིང་བརྗོད་པའི་དང་པོ་སྟེ་ཐོག་མ་རུ་ཀྱེ་ཞེས་སྦྱར་ཡོད་བ་ནི་གང་ཟག་དེ་དང་དེར་བོད་པའི་སྒྲ་ཡིན་ཞེས་གསུངས་པ་བཞིན་རྩ་བས་དངོས་སུ་བསྟན་པ་ཀྱེ་དང་དོན་གྱིས་སྦྱར་དགོས་པ་ཀྭ་ཡེ་དང་། ཝ་ཡེ། ཝེ། སྟེ་བཞི་དང་གཞན་ཡང་ཕལ་སྐད་ལ་གྲགས་པ་དུ་མ་འདུག་ཀྱང་ཐམས་ཅད་སྐབས་འདིར་བརྗོད་དགོས་པ་མ་མཐོང་ངོ་།། གསུམ་པ་གང་ལ་འཇུག་པ་ནི། འབོད་པའི་དོན་ཁོ་ན་ལ་འཇུག་པ་ཡིན་ནོ།། བཞི་པ་སྦྱར་ཚུལ་ནི། མཐོ་བའི་རིགས་རྒྱལ་པོ་སོགས་སུ་འབོད་སྐབས་ཀྱེ་དང་། རང་ལས་དམན་པའམ་མཉམ་པར་འབོད་སྐབས་ཀྭ་ཡེ་དང་ཝ་ཡེ་ཝེ་སྟེ་ཅི་རིགས་སུ་སྦྱར་རུང་ངོ་།། གཉིས་པ་རང་དབང་ཅན་བཤད་པ་ལ། ནི་སྒྲ་དང་། དང་སྒྲ། དེ་སྒྲ། སྤྱི་སྒྲ། བདག་སྒྲ། དགག་སྒྲ་སྟེ་དྲུག་ཡོད་པ་ལས། དང་པོ། ནི་སྒྲ་བཤད་པ་ལ། གོ་དོན་དང། གང་ལ་འཇུག་པ། སྦྱོར་ཚུལ་གསུམ་ལས།དང་པོ་གོ་དོན་ནི་ཆོས་གང་ཡང་རུང་བ་ཞིག་དགར་གཞི་ལས་ལོགས་སུ་དགར་བའམ་བྱ་བ་སྐུལ་བ་སོགས་ལ་ནན་ཏན་དུ་བརྣན་པའི་དོན་ལ་འཇུག་པའི་ཚིག་ཕྲད་ཞིག་གོ། 《རྩ་བ་ལས།》 《གང་མིང་མཐའ་དང་མཐུན་པ་ཡི།། བཞི་པ་ལ་ནི་ཨི་སྦྱར་བ།།》ཞེས་ཆོས་གང་ཡང་རུང་བའི་མིང་གི་མཐར་དེ་དང་མཐུན་པ་ཡི་རྗེས་འཇུག་གི་བཞི་པ་ན་ཡིག་ལ་དབྱངས་ཀྱི་དང་པོ་ཨི་སྦྱར་བ་ན་ནི་ཞེས་བྱ་བའི་ཚིག་གི་ཕྲད་དུ་གྲུབ་གསུངས་པའོ།། །གཉིས་པ་གང་ལ་འཇུག་པ་ནི།《རྩ་བ་ལས》《དགར་དང་བརྣན་པའི་ཚིག་ཏུ་འགྱུར།》།ཞེས།ནི་སྒྲའི་ཚིག་ཕྲད་དུ་གྲུབ་ཡོད་པ་དེ་དགར་ཆོས་གང་ཞིག་དགར་གཞི་ལས་ལོགས་སུ་དགར་བའི་དོན་དང་ཟབ་ཅིང་བརྣན་པའི་དོན་གཉིས་ལ་འཇུག་པའི་ཚིག་ཏུ་འགྱུར་རོ་ཞེས་གསུངས་པ་བཞིན། །དགར་བ་དང་བརྣན་པའི་དོན་གཉིས་ལ་འཇུག་གོ །དེ་ཡང་དགར་བ་ནི་རིགས་མཐུན་པ་དང་མི་མཐུན་པ་གང་ཡིན་ཡང་དགར་ཆོས་དེ་དགར་གཞི་དེ་དག་ལས་ལོགས་སུ་དགར་བ་ལ་ཟེར་ཅིང་། །བརྣན་པ་ནི་ཟབ་ནན་གྱི་དོན་ཏེ་ཁྱད་གཞི་གཅིག་ལ་དགོས་ངེས་ཀྱི་རིགས་དུ་མ་ཡོད་ཚེ་དེ་དག་རེ་རེ་ནས་ནི་སྒྲ་དང་སྦྱར་ཏེ་ཚང་བར་སྨྲས་སྐབས་ནན་པོར་བྱས་པའི་དོན་ལ་འཇུག་པ་བཞིན་ནོ།། གསུམ་པ་སྦྱརཚུལ་ནི། རྗེས་འཇུག་སོགས་ཀྱི་སྒྲིགས་གཞི་གཞན་ལ་ལྟོད་མི་དགོས་པར་བརྟེན་མིང་གི་ཐ་སྙད་ཡོད་དོ་ཅོག་གི་མཐར་སྦྱར་རུང་བ་ཡིན་ནོ།། གཉིས་པ་དང་སྒྲ་བཤད་པ་ལ། གོ་དོན་དང་། གང་ལ་འཇུག་པ། སྦྱོར་ཚུལ་གསུམ་ལས།དང་པོ་གོ་དོན་ནི།མིང་གང་ཡང་རུང་བའི་མཚམས་སུ་སྦྱར་ཚེ་བསྡུ་འབྱེད་རྒྱུ་མཚན་དང་ཚེ་སྐབས་གདམས་ངག་སོགས་ཀྱི་དོན་ལ་འཇུག་པའི་བྱེད་ལས་དང་ལྡན་པའི་ཚིག་ཕྲད་ཞིག་གོ།《རྩ་བ་ལས》《མིང་གང་རུང་བའི་བར་མཚམས་སུ།། གསུམ་པ་ལ་ནི་གཉིས་པ་སྦྱར།།》ཞེས་མིང་ཚིག་གང་ཡང་རུང་ བའི་བར་རམ་མཚམས་རྣམས་སུ་རྗེས་འཇུག་གི་གསུམ་པ་ད་ཡིག་དེ་ལ་ནི་རྗེས་འཇུག་གི་གཉིས་པ་ང་ཡིག་སྦྱར་བས་དང་ཞེས་བྱ་བའི་ཚིག་ཏུ་གྲུབ་བོ་ཞེས་གསུངས་པ་བཞིན་ནོ།། གཉིས་པ་གང་ལ་འཇུག་པ་ནི། 《རྩ་བ་ལས》《དེ་ནི་སྡུད་དང་འབྱེད་པ་དང་།། རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ།།》ཞེས་དེ་ལྟར་དང་གི་ཚིག་ཕྲད་དུ་གྲུབ་ཡོད་པ་དེ་ནི་མང་པོ་ཕྱོགས་གཅིག་ཏུ་སྡུད་པ་དང་ཡང་ན་གཞི་གཅིག་ལས་རྣམ་གྲངས་དུ་མ་སོ་སོར་འབྱེད་པ་དང་གཏན་ཚིགས་སོགས་ཀྱི་རྒྱུ་མཚན་དང་དུས་སྟོན་པའི་ཚེ་སྐབས་གཞན་ལ་ཕན་པར་སྐུལ་བའི་གདམས་ངག་སྟེ་འཇུག་པའི་ཡུལ་ལྔའོ་ཞེས་གསུངས་པ་བཞིན།སྡུད་པ་དང་།འབྱེད་པ། རྒྱུ་མཚན།ཚེ་སྐབས།གདམས་ངག་བཅས་དོན་ལྔ་ལ་འཇུག་པ་ཡིན་ནོ།། གསུམ་པ་སྦྱོར་ཚུལ་ནི། །ནི་སྒྲའི་སྐབས་བཞིན་མིང་ཚིག་གི་རྣམ་གྲངས་ཡོད་ཚད་ལ་འཇུག་གོ། གསུམ་པ་དེ་སྒྲ་བཤད་ལ། གོ་དོན་དང་། གང་ལ་འཇུག་པ། སྦྱོར་ཚུལ་གསུམ་ལས། དང་པོ་གོ་དོན་ནི། ཕལ་ཆེར་མིང་རྣམས་ཀྱི་སྔོན་དུ་འབྱུང་ཞིང་འདས་མ་ཐག་པའི་ཐ་སྙད་ཀྱི་དོན་དང་རྣམ་གྲངས་ཀྱི་དངོས་པོ་འདྲེན་པའི་དོན་དུ་འཇུག་པའི་ཚིག་ཕྲད་ཞིག་ལ་འཇོག་གོ།《རྩ་བ་ལས་》《གང་མིང་གི་ནི་ཡ་མཐའ་རུ།། གསུམ་པ་ལ་ནི་ཨེ་སྦྱར་བ།།》ཞེས་གཞི་གང་ཡང་རུང་བའི་མིང་གི་ཡ་མཐའ་ཏེ་ཐོག་མ་རུ་རྗེས་འཇུག་གི་གསུམ་པ་ད་ཡིག་སྦྱར་བ་དེ་ལ་ནི་དབྱངས་ཀྱི་གསུམ་པ་ཨེ་སྟེ་འགྲེང་བུ་སྦྱར་བ་ན་དེ་ཞེས་བྱ་བའི་ཚིག་ཕྲད་དུ་གྲུབ་པོ་ཞེས་གསུངས་པ་བཞིན་ཡིན་ནོ།། གཉིས་པ་གང་ལ་འཇུག་པ་ནི།《རྩ་བ་ལས་》《ཐ་སྙད་དབང་དུ་གསུམ་ཡིན་ཏེ།། དངོས་པོའི་དབང་དུ་བཞིར་རུ་འགྱུར།། དུས་ཀྱི་དབང་དུ་གཉིས་ཡིན་ནོ།།》ཞེས་པ་སྟེ། གང་ཞིག་བརྗོད་པའི་སྐབས་བབ་ཀྱི་དངོས་པོའི་ཆོས་སམ་གཞི་གང་ཞིག་བརྗོད་བཞིན་པའི་ཐ་སྙད་ཀྱི་དབང་དུ་སྟེ་ཐ་སྙད་ཀྱི་དུས་དེར་ལྟོད་ནས་འདས་པ་དང་། ཆོས་རྣམས་སྤྱི་ལ་ཁྱབ་པའི་མིང་གང་རུང་ཞིག་སྨོས་ནས་དེའི་འྷག་མ་ཀུན་ལ་དེ་སྒྲས་མཚོན་ནས་སྨྲས་པ་དངོས་པོ་ནི་རྒྱུ་རྐྱེན་གྱིས་སྐྱེས་པ་ཡིན་ལ་བེམ་པོ་དེ་ཡང་དེ་ཡིན་ཤེས་པ་དེ་ཡང་དེ་ཡིན་ལྡན་མིན་འདུ་བྱེད་དེ་ཡང་དེ་ཡིན་ཞེས་པ་ལྟ་བུ་རྣམ་གྲངས་གཞན་བརྗོད་པའི་དོན་དང་། གཞན་ཡང་ལྷག་བཅས་ཀྱི་དོན་ལ་འཇུག་པ་སྔར་བཤད་ཟིན་པ་བཞིན་གསུམ་ཡོད་ཅིང་། ཏེ་ནི་ཁ་སྐོང་གི་ཚིག་ཏུ་བཤད་དོ།།དངོས་པོའི་དབང་དུ་བྱས་ནས་འཇུག་ཚུལ་བཞི་རུ་འགྱུར་བ་ནི་བྱ་དངོས་གང་དང་གང་ཞིག་ཡིན་རུང་དེ་ཉིད་ཀྱི་ངོ་བོའམ་གནས་ལུགས་དེ་རང་ཡིན་པར་སྟོན་པ་དེ་བཞིན་ཉིད་དང་དེ་རང་ཡིན་ཞེས་པ་ལྟ་བུ་བདེན་པའི་དངོས་པོ་དང་།བྱ་བའམ་དངོས་པོ་གང་ཞིག་གི་གནས་ཚུལ་སྔར་བཤད་ཟིན་པའམ་སོང་ཟིན་པའི་གནས་ཚུལ་དག་སྦད་པའི་ངང་ནས་བྱ་དངོས་དེ་དང་འབྲེལ་མེད་གཞན་ལ་གོ་ཐོས་སུ་མི་འཇུག་པར་སྟོན་པ།དེ་གཞན་ལ་མ་ཤོད་ཅིག་ཅེས་དང་།དེ་གཞན་ལ་མི་སྟོན་ཞེས་པ་ལྟ་བུ་གསང་བའི་དངོས་པོ་དང་། བྱ་དངོས་གང་དག་གི་བྱེད་པ་པོའམ་བདག་པོ་རང་ཉིད་ཡིན་པར་སྟོན་པ།དེ་བདག་གིི་བཟོས།དེ་བདག་གི་ཡིན་ཞེས་པ་ལྟ་བུ་བདག་གི་བའི་དངོས་པོ་དང་།དེ་ལྟ་བུའི་བྱ་དངོས་ཀྱི་རིགས་དེ་དག་རང་ལས་གཞན་ཕ་རོལ་པོའི་ཡིན་པར་སྟོན་པའི་དོན་ལ་འཇུག་པ།དེ་བཀྲིས་ཀྱི་རེད།ཞེས་པ་ལྟ་བུ་ཕ་རོལ་པོའི་དངོས་པོ་བཅས་བཞི་རུ་འཇུག་པར་འགྱུར་བ་དང་།དུས་ཀྱི་དབང་དུ་བྱས་ནས་བྱ་དངོས་གང་ཞིག་ཐལ་ཟིན་པའམ་འདས་པར་སྟོན་པ།ཁ་སང་གི་དེ་ཡག་པོ་བྱུང་འདུག་ཟེར་བ་དང་།ན་ནིང་གི་དེ་ཁྱེར་ཤོག་ཅེས་པ་ལྟ་བུ་འདས་པ་དང་། སང་གི་དུས་དེ་ལ་ཞེས་དང་དུས་སང་ལོ་འཇུག་དེར་ཞེས་པ་ལྟ་བུ་དུས་མ་འོངས་པར་འཇུག་པ་བཅས་གཉིས་ཡིན་ནོ།།ཞེས་གསུངས་པ་བཞིན།ཐ་སྙད་ཀྱི་དབང་དུ་བྱས་པ་དང་།དངོས་པོའི་དབང་དུ་བྱས་པ།དུས་ཀྱི་དབང་དུ་བྱས་པ་བཅས་གསུམ་ལ་འཇུག་གོ།གསུམ་པ་སྦྱོར་ཚུལ་ནི།ལྷག་བཅས་ཀྱི་སྐབས་མིང་གི་ཐ་སྙད་རྣམས་ཀྱི་བར་མཚམས་སུ་སྦྱོར་བ་དང་། དེ་མིན་ཕལ་ཆེ་བ་མིང་རྣམས་ཀྱི་ཐོག་མའམ་མགོར་སྦྱོར་དགོས་སོ།། བཞི་པ་གང་སྒྲ་བཤད་པ་ལ། གོ་དོན་དང་།དབྱེ་བ།གང་ལ་འཇུག་པ།སྦྱོར་ཚུལ་བཞི་ལས།དང་པོ་གོ་དོན་ནི།དྲི་བའི་སྒོ་ནས་ཆོས་ཅན་ཐ་དག་ལ་སྤྱི་ཁྱབ་ཀྱི་ཚུལ་དུ་སྦྱར་དུ་རུང་བའི་ཚིག་ཕྲད་ཞིག་ལ་འཇོག་ཏེ། གཉིས་པ་དབྱེ་བ་ནི། 《རྩ་བ་ལས་》《གང་མིང་བརྗོད་པའི་དང་པོ་རུ།། དང་པོ་ལ་ནི་གཉིས་པ་སྦྱར།།》 ཞེས་ཆོས་ཅན་གང་ཡང་རུང་བའི་ཐ་སྙད་དམ་མིང་ནས་བརྗོད་པའི་དང་པོ་སྟེ་ཐོག་མ་རུ་རྗེས་འཇུག་གི་དང་པོ་ག་གནས་པ་དེ་ལ་ནི་རྗེས་འཇུག་གཉིས་པ་ང་ཡིག་སྦྱར་བས་སྤྱི་ཁྱབ་ཀྱི་སྒྲ་གང་ཞེས་པ་གྲུབ་པ་ཡིན་ནོ།།དེ་ལྟར་རྩ་བས་དངོས་སུ་བསྟན་པ་གང་སྒྲ་དང་།གཞན་ཡང་བརྡ་སྤྲོད་ཀྱི་གཞུང་ཀུན་ཏུ་སྤྱོད་བཞིན་པའི་ཅི་ཇི་སུ་སྟེ་གསུམ་བཅས་བཞིར་དབྱེར་རུང་ངོ་།།གསུམ་པ་གང་ལ་འཇུག་པ་ནི།《རྩ་བ་ལས་》《སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར།།》ཞེས་རྗེས་འཇུག་དང་པོ་ལ་གཉིས་པ་སྦྱར་ནས་གྲུབ་པའི་གང་སྒྲ་དེ་ནི་དངོས་པོ་བྱེ་བྲག་པ་ཞིག་ལ་དམིགས་སུ་བཀར་ནས་མི་བརྗོད་པར་ཆོས་ཅན་སྤྱི་ལ་ཁྱབ་པ་ཉིད་དུ་འཇུག་པར་འགྱུར་རོ་ཞེས་གསུངས་པ་བཞིན་དངོས་པོ་གང་ཞིག་ཅེས་པ་ལྟ་བུའི་སྤྱི་ཁྱབ་ཀྱི་དོན་ལ་འཇུག་པ་ཡིན་ནོ།།བཞི་པ་སྦྱོར་ཚུལ་ནི།གང་སྒྲ་ནི་སྲོག་ཡོད་མེད་ཀྱི་དངོས་པོ་ཀུན་ལ་སྦྱོར་དུ་རུང་ཞིང་ཅི་སྒྲ་ནི་དམིགས་གསལ་གྱི་ཞིག་དང་སྟེ་སླད་འདྲ་ཕྱིར་ཞེས་པའི་ཚིག་དེ་དག་གི་མགོར་སྤྱོད་ཅིང་།དེ་བཞིན་ཇི་སྒྲ་ནི་སྙེད་དང་སྲིད་ལྟར་བཞིན་སྐད་བཅས་ཀྱི་མགོར་འཇུག་ལ།སུ་སྒྲ་ནི་གང་ཟག་ལས་གཞན་སེམས་མེད་ཀྱི་རིགས་ལ་སྤྱོད་ཚུལ་མེད་ལ་སྲོག་ལྡན་ཀུན་ལ་སྦྱར་རུང་དུ་ཡོད་མོད་འོན་ཀྱང་རྒྱུན་སྤྱོད་ལ་སྨྲ་ཤེས་པའི་འགྲོ་བའི་རིགས་ལ་གཙོ་ཆེར་སྤྱོད་པ་བྱུང་ངོ་།། ལྔ་བ་བདག་སྒྲ་བཤད་པ་ལ། གོ་དོན་དང་།དབྱེ་བ།གང་ལ་འཇུག་པ། སྦྱོར་ཚུལ་བཞི་ལས།དང་པོ་གོ་དོན་ནི།བྱ་དངོས་གང་ཡང་རུང་བའི་མིང་གི་མཐར་རང་ཉིད་སྔར་མེད་གསར་བསྣན་བྱས་ཚེ་བྱ་དངོས་དི་ཉིད་གང་ལ་དབང་བའི་གང་ཟག་གམ་བདག་པོ་སྟོན་པའི་ཚིག་ཕྲད་ཞིག་གོ། གཉིས་པ་དབྱེ་བ་ནི། 《རྩ་བ་ལས་》《གང་མིང་གི་ནི་མ་མཐའ་ན། པུ་ལིངྒ་ཡི་སྒྲ་མེད་པ། དེ་ལ་པུ་ལིངྒ་སྦྱར་ན།》།ཞེས་བྱ་དངོས་གང་ཡང་རུང་བ་ཞིག་ལ་མིང་གི་ནི་མ་མཐའ་ཏེ་འཇུག་དེ་ན་པུ་ལིངྒ་སྟེ་སྐྱེས་པའི་རྟགས་དེ་ཡི་སྒྲའམ་ཡི་གེ་སྔར་མེད་པ་དེ་ལ་ཕྱིས་སུ་པུ་ལིངྒ་སྟེ་སྐྱེས་པའི་རྟགས་སྦྱར་བ་ན་ཞེས་གསུངས་པ་བཞིན།པ་སྡེ་ནས་བྱུང་བའམ་ཐོན་པའི་ཡི་གེ་པ་བ་མ་གསུམ་དང་དེ་དག་ལ་ན་རོ་སྦྱར་བའང་བདག་པོ་སྟོན་པའི་ཚིག་ཕྲད་དུ་འཇུག་པས་གཞུང་རྣམས་སུ་ཡོངས་སུ་གྲགས་པའི་བདག་སྒྲའི་ཕྲད་ན་རོ་ཡོད་མེད་ཀྱི་དབང་ལས་ཡི་གེ་པ་པོ་བ་བོ་མ་མོ་སྟེ་དྲུག་ཏུ་ཡོད་དོ།།འདིར་པུ་ལིངྒ་ཞེས་པའི་པུ་ནི་སྒྲ་ཡི་བསྟན་བཅོས་སྐབས་ཀུ་ཙུ་ཊུ་ཏུ་པུ་ཞེས་སྡེ་མཚན་དུ་སྡེབས་པའི་པུ་ཡི་སྡེ་མཚན་ནམ་ཡང་ན་པ་སྡེའི་ཁོང་ནས་ཕྱུང་བ་ཞེས་པའི་དོན་དང་ལིངྒ་རྟགས་ལ་བཤད་ཅིང་དེ་ཡང་པུ་ཡི་སྡེ་མཚན་ནས་ཕྱུང་དགོས་དོན་ནི་སྐྱེས་པ་ཞེས་འདོན་འདོད་ནས་དེ་ལྟར་ཕྱུང་ལ་ལེགས་སྦྱར་དུ་སྐྱེས་པའི་མཚན་དོད་དུ་པུ་རུ་ཥ་ཞེས་འདོགས་པ་བྱེ་བྲག་རྟོགས་བྱེད་ཆེན་པོ་ཤེས་རིགས་དཔར་མ་དེབ་གཟུགས་ཤོག་གྲངས་(༢༩༣+༢༩༤)ཐད་དུ་པུ་རུཥ་སྐྱེས་པ་དང་སྟྲཱི་བུད་མེད་དུ་གསུངས་ཤིང་གོང་དུ་ཤོག་གྲངས་(༡༤༨)ནང་པུམཱན་ཞེས་པ་སྐྱེས་པའམ་ཕོ་ཞེས་གསུངས་ཤིང་ཤོག་གྲངས་(༡༧༢)ན་པུ་ར་ཥ་སྐྱེས་བུ་ལ་ཡང་བཤད་པ་གནང་འདུག་གོ །དེས་ན་པུ་ལིངྒ་ཞེས་པ་སྐྱེས་པའི་རྟགས་ཞེས་པའི་དོན་དུ་གནང་བས་སྐྱེས་བའི་རྟགས་དང་ལྡན་པའི་ཡི་གེ་སྟེ་པ་སྡེའི་ཁོང་ནས་ཕྱུང་བའི་ཡི་གེ་པ་བ་མ་གསུམ་དང་པོ་བོ་མོ་གསུམ་པོ་དེ་དག་གཞི་ཆོས་གང་ཡང་རུང་བའི་མིང་མཐར་སྔར་མེད་ན་ཡང་དེ་དག་གསར་དུ་སྦྱར་ན་བྱ་དངོས་དེ་དག་གང་ཞིག་བྱེད་པ་པོའམ་དེ་ལ་དབང་བར་སྟོན་པའི་ཚིག་ཕྲད་དུ་འགྱུར་བའི་དོན་བསྟན་ཏོ།། གཞན་ཡང་ལིངྒ་རྟགས་སུ་གསུངས་ཀྱང་སྐྱེས་པའི་རྟགས་སམ་ཕོ་རྟགས་སྟེ་མཚན་མའི་སྐད་དོད་ནི་དེ་ལས་གཞན་དུ་བྱེད་བྲག་རྟོགས་བྱེད་གོང་འཁོད་པར་མ་ཤོག་གྲངས་(༢༩༦)ནང་ལཱངྒུལ་ཕོ་མཚན་དུ་གསུངས་པས་དེས་ན་ཕོ་མཚན་དང་ཕོ་རྟགས་ཀྱི་སྐད་དོད་གཉིས་རྣམ་པ་ཐམས་ཅད་དུ་གཅིག་ཏུ་འཛིན་མི་རིགས་སོ་སྙམ་མོ།། བཞི་པ་གང་ལ་འཇུག་པ་ནི། 《རྩ་བ་ལས་》《བདག་པོའི་སར་ནི་ཤེས་པར་བྱ།།》ཞེས་བྱ་དངོས་གང་ཞིག་གང་ལ་དབང་བའི་བདག་པོའི་སར་རམ་གཞི་སྟོན་པའི་དོན་ལ་འཇུག་པ་ནི་ཤེས་པར་བྱ་ཞེས་གསུངས་པ་བཞིན་བདག་པོ་སྟོན་པའི་གཞི་ལ་འཇུག་གོ།ལྔ་པ་སྦྱོར་ཚུལ་ནི།རྗེས་འཇུག་ང་ད་ན་བ་མ་ས་ད་དྲག་གི་མཐར་པ་དང་།ང་འ་ར་ལ་མཐའ་མེད་བཅས་ཀྱི་རྗེས་སུ་གོང་གི་བདག་སྒྲའི་ཚིག་ཕྲད་དེ་དག་ལས་གང་ཡང་རུང་བ་བསྣན་ཚེ་ཚིག་རྐང་དེ་ཉིད་ཡར་གྱུར་བ་ན་བདག་སྒྲ་<བ་>དང་གལ་ཏེ་ཆར་གྱུར་བཞིན་འདུག་ན་<པ་>སྦྱོར་དགོས་སོ།། འོན་ཀྱང་ཆ་དང་ཡར་གྱུར་ཚད་ཐམས་ཅད་ལ་སྦྱོར་ཚུལ་དེ་ལྟར་ངེས་པར་སྦྱོར་དགོས་པ་མི་འདུག་ཏེ་དེ་ལས་ལྡོག་ཏེ་བྲིས་པའང་བརྡ་སྤྲོད་འགར་སྣང་ངོ་།།འདིར་དེ་ལྟར་བཤད་དོན་ནི་སྤྱི་ཡོངས་ནས་དེ་ལྟར་སྦྱར་ན་སྡེབས་ལེགས་པའམབརྗོད་བདེར་བསམ་ནས་ཡིན་ནོ།།མ་ནི་སྤྱིར་བཏང་ནས་འདི་དང་འདི་ལ་སྦྱོར་དགོས་ཞེས་ངེས་པར་བཤད་པ་མེད་ཀྱང་ཕལ་ཆེར་བདག་པོའམ་གང་ལ་དབང་བའི་གང་ཟག་དེ་ཉིད་བུད་མེད་དུ་སྟོན་པའི་རིགས་ལ་སྦྱོར་བཞིན་ཡོད་ལ་ན་རོ་ཡོད་པའི་པོ་བོ་མོ་གསུམ་ཡང་སྦྱོར་ཚུལ་ནི་པ་སྦྱོར་ཚུལ་དང་མཐུན་པ་པོ་དང་དེ་བཞིན་བ་ལ་བོ་མ་ལ་མོ་སྦྱོར་ཚུལ་མཐུན་པས་རང་རང་གི་སྐབས་དང་བསྟུན་ནས་སྦྱོར་དགོས་སོ།། དྲུག་པ་དགག་སྒྲ་བཤད་པ་ལ། གོ་དོན།དབྱེ་པ།གང་ལ་འཇུག་པ།སྦྱོར་ཚུལ་བཞི་ལས། དང་པོ་གོ་དོན་ནི། བྱ་དངོས་གང་ཞིག་གི་མིང་ངམ་ཐ་སྙད་ཀྱི་མགོ་འཇུག་གང་རུང་དུ་ཚིག་ཕྲད་རང་ཉིད་སྔར་མེད་པ་ལ་གསར་དུ་བསྣོན་པའི་ཚེ་གང་བརྗོད་གཞིར་གྱུར་བའིབྱ་དངོས་དེ་ཉིད་ཡིན་པ་སོགས་སུ་འགོག་པའི་ཕྲད་ཞིག་ལ་འཇོག་གོ། གཉིས་པ་དབྱེ་བ་ནི།《རྩ་བ་ལས།》《གང་མིང་བརྗོད་པའི་ཡ་མཐའ་ན།།སྟྲཱི་ལིངྒ་ཡི་སྒྲ་མེད་པ།། དེ་ལ་སྟྲཱི་ལིངྒ་སྦྱར་ན།》ཞེས་བྱ་དངོས་གང་ཡང་རུང་བའི་མིང་ནས་བརྗོད་པའི་ཡ་མཐའ་སྟེ་མགོ་དེ་ན་སྟྲཱི་ལིངྒ་སྟེ་བུད་མེད་ཀྱི་རྟགས་དང་ལྡན་པའི་ཡི་གེ་མ་ལ་སོགས་པ་དེ་ཡི་སྒྲ་སྔར་ནས་མེད་པ་དེ་ལ་ཕྱིས་སུ་སྟྲཱི་ལིངྒ་སྟེ་བུད་མེད་ཀྱི་རྟགས་དང་ལྡན་པའི་ཕྲད་མ་ལ་སོགས་པ་བཞི་པོ་གང་རུང་སྦྱར་བ་ན་ཞེས་གསུངས་པ་བཞིན་རྩ་བའི་ཚིག་གིས་དངོས་སུ་ཟིན་པ་མ་མི་གཉིས་དང་དངོས་སུ་མ་ཟིན་ཀྱང་གྲགས་པའི་དབང་གི་སྦྱོར་དགོས་པ་མིན་མེད་གཉིས་བཅས་བཞི་ཡོད་དོ།། དེ་ཡང་སྟྲཱི་ཞེས་པ་བུད་མེད་ཀྱི་སྒྲར་བཤད་ཅིང་ལིངྒ་ནི་རྟགས་སུ་བྱེ་བྲག་རྟོགས་བྱེད་ཆེན་པོ་གོང་འཁོད་དཔར་མ་དེ་ཉིད་ཤོག་གྲང᫥་(༢༩༤)ལས་གསུངས་ཤིང་ཤོག་གྲངས་(༡༤༨)ནང་ནཱརཱི་དང་མཱཏྲིགྲཱམཿཞེས་པའང་བུད་མེད་ཀྱི་དོན་ལ་གསུངས་འདུག་པས་འདིར་ཡང་བུད་མེད་ཀྱི་སྐད་དོད་སྟྲཱི་ཞེས་པ་གཅིག་ཁོ་ན་འཛིན་མི་རིགས་སོ།། གཞན་ཡང་སྐབས་འདི་དང་འབྲེལ་བའི་བརྡ་སྤྲོད་ཀྱི་གཞུང་ཐམས་ཅད་ན་པུ་ལིངྒ་སྐྱེས་པའི་རྟགས་དང་སྟྲཱི་ལིངྒ་བུད་མེད་ཀྱི་རྟགས་སུ་བཤད་དོ།། སྤྱིར་ཆོས་ཅན་དངོས་ཤུགས་ཀྱི་འཕེན་མ་འཕེན་གྱི་དབང་ལས་མ་ཡིན་དགག་དང་མེད་དགག་སོགས་གོང་གི་དགག་ཚིག་དེ་དག་མ་སྦྱར་ཡང་གང་ཞིག་གང་དག་ཡིན་པ་སོགས་འགོག་ནུས་ཀྱི་ཚིག་དུ་མ་ཡོད་མོད་འདིར་ནི་རྩ་བའི་གཞུང་དུ་གྲགས་པ་གཙོ་བཟུང་བྱས་པ་ཡིན་ནོ།། གསུམ་པ་གང་ལ་འཇུག་པ་ནི། 《རྩ་བ་ལས་》《དགག་པའི་གནས་སུ་ཤེས་པར་བྱ།།》ཞེས་གོང་དུ་བཤད་པའི་བུད་མེད་ཀྱི་རྟགས་དང་ལྡན་པའི་ཚིག་ཕྲད་མ་ལ་སོགས་བཞི་པོ་དེ་དག་ནི་བྱ་དངོས་གང་ཞིག་གང་དག་ཡིན་པ་སོགས་དགག་པར་བྱ་པའི་གནས་སུའམ་གཞིར་འཇུག་པ་ཤེས་པར་བྱ་ཞེས་གསུངས་བཞིན་བྱ་དངོས་གང་ཞིག་གང་དག་ཡིན་པ་སོགས་དགག་པའི་དོན་ལ་འཇུག་གོ།བཞི་པ་སྦྱོར་ཚུལ་ནི།རྩ་བའི་ཚིག་ཟིན་ལ་དངོས་སུ་ཡོད་པའི་དགག་སྒྲ་མ་མི་གཉིས་པོ་ནི་གང་དགག་པར་བྱ་བའི་གཞིའི་ཆོས་སམ་མིང་གི་མགོར་སྦྱོར་དགོས་པ།མ་བྱེད།མི་འདྲ་ཞེས་པ་ལྟ་བུ་དང་དངོས་སུ་རྩ་བའི་ཚིག་གིས་མ་ཟིན་ཀྱང་གཞུང་ཀུན་ན་གྲགས་པའི་མིན་མེད་གཉིས་པོ་ནི་བྱ་དངོས་གང་དག་དེའི་མིང་ངམ་ཚིག་གི་འཇུག་ཏུ་སྦྱོར་དགོས་པ་སྡིག་པ་མིན།ཉོན་མོང་མེད་ཞེས་པ་ལྟ་བུའོ།། བདུན་པ་ཤད་ཀྱི་རྣམ་བཞག་བཤད་པ་ལ། སྤྱིར་ན་ཤད་ཅེས་པ་ནི་ས་དང་ཤིང་དེ་མིན་མིའི་ལུས།གདོང་སོགས་ལ་བྲད་པ་སྟེ་མཚོན་དང་སེན་མོ་སོགས་ཀྱིས་ཐེན་ནས་རི་མོར་ཐོན་པ་ལ་ཤད་ཅེས་ཟེར་བ་དཔེར་ན་གདོང་ལ་སེན་མོས་ཤད་པ་དང་ལག་པ་སེན་མོས་ཤད་ནས་རི་མོར་དོད་པ་ལ་གདོང་དང་ལག་པ་ཤད་བྱུང་ཟེར་བ་ལྟར་བྲད་ནས་ཐད་ཀར་ཐོན་པའི་རི་མོའི་དོན་ལ་འགྲོ་བ་བཞིན་འདིར་ཡང་ཡི་གེའི་མིང་ཚིག་སོགས་མ་འཁྲུགས་པའི་ཆེད་དེ་དག་གི་བར་ན་ཚེག་ལས་གཞན་ཐད་ཀར་ཐེན་པའི་རི་མོ་ལ་ཤད་ཅེས་གཏགས་པ་མིན་ནམ་སྙམས་ཤིང་།སྤྱིར་ན་བོད་ཡིག་གི་ཐ་སྙད་འདི་དང་འདི་འདྲ་མང་པོ་ཞིག་ལ་གྲུབ་རིམ་མམ་རྒྱུད་རིམ་སྣ་ཚོགས་འདུག་པ་རྣམས་རང་རང་གི་བློ་གྲོས་ཀྱིས་བརྟག་ཏེ་དཔྱད་པར་བྱའོ།། དེ་ན་ཤད་ལའང་གཞུང་རྣམས་སུ་རྣམ་གྲངས་དུ་མ་གསུངས་བཞིན་ཡོད་པ་ནི་འདི་ལྟར། ཆིག་ཤད་དང་། ༼་་།༽ཉིས་ཤད། ༼་་།།༽བཞི་ཤད།༼་་།།།།༽ དབུ་ཤད་དམ་དབུ་འཁྱུད།༼༄༅།།༽ སྦྲུལ་ཤད།༼་་༈༽ སྤུང་ཤད། ༼་་༑༽གཏེར་ཤད།༼་་༔༽གཞན་ཡང་།འཕུལ་ཤད། རིན་ཆེན་སྤུང་ཤད། ཅེས་བཤད་བཞིན་ཡོད་ན་ཡང་དེ་གཉིས་ལས་འཕུལ་ཤད་ནི་དབུ་ཁྱུད་ཀྱི་མིང་དངརིན་ཆེན་སྤུང་ཤད་ནི་སྤུང་ཤད་ཀྱི་མིང་ལས་ལོགས་སུ་མེད་པས་ཟུར་དུ་མ་ཤད་དོ།།མདོར་ན་དེ་དག་ནི་སློབ་དཔོན་ཐོན་མི་ཉིད་ཀྱི་རྗེས་སུ་བཀས་བཅས་རིམ་པར་བྱས་པ་དང་ཕྱི་རབས་མཁས་པ་ཚོས་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་འཐོན་པའི་ལེགས་བཤད་ཅིག་མིན་ནམ་སྙམས་ཏེ་སྔོན་གྱི་ཡི་གེ་རྙིང་པ་རྣམས་སུ་ཡིག་འབྲུ་རེ་རེའི་བར་དུ་ཚག་དང་མིང་དང་དོན་ཚན་གྱི་བར་དུ་ཐིག་སྒོརམ་ཚེག་ཉིས་བརྩེགས་དང་ཆིག་ཤད་དང་ཉིས་ཤད་འདྲ་མིན་རེ་བཏབས་པ་ལས་དེ་མིན་རྐང་མཐར་བཞི་ཤད་སོགས་ད་ལྟ་བཞིན་དབྱིབས་གཟུགས་ལེགས་པའི་ཤད་ཀྱི་བྲི་ཚུལ་གཞན་དག་མཐོང་ཡུལ་དུ་མེད་པ་ནི།ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུད་ཡིག་ཆ་ཞེས་པའི་ནང་གསེས་ས་བཅད་གཞུང་དངོས་ཀྱི་ཕྱི་མོ་དཔར་མ་ཞེས་པ་ཤོག་གྲངས་་་་༢༡༣་་ནང་བཀོདཔའི་དཔར་ལོག་རྒྱབ་པའི་རྩ་བའི་དེབ་གཟུགས་ཨང་རྟགས་(pl.554+559)་བར་དུ་བཀོད་པའི་དཔར་གཞི་དེའི་ནང་ཤད་བེད་སྤྱོད་སྐབས་ཆིག་ཤད་དང་ཉིས་ཤད་ལས་མེད་ཅིང་དེ་གཉིས་ལ་གང་ལ་གང་ཐོབ་ཀྱི་སྒྲིགས་ཚུགས་ཀྱང་དམིགས་གསལ་མེད་པར་གང་བྱུང་ལྟ་བུར་ཐེན་འདུག་པ་ལས་བྱ་ཚིག་དང་མིང་ཚིག་སྔོན་རྗེས་སོགས་གང་ལ་ལྟད་ཀྱང་དམིགས་གསལ་གྱི་སྒྲིགས་ཚུགས་ཡོད་པའི་ཁྱད་པར་མངོན་རྒྱུ་མེད་ལ་ཆིག་ཤད་དང་ཉིས་ཤད་ཀྱི་མང་ཉུང་ཡང་ཁྱད་མེད་དུ་སྤྱད་འདུག་གོ།ཡང་དཔར་མ་དངོས་ཀྱི་ཨང་རྟགས་་(pl.559+577)བར་དུ་བཀོད་པའི་ནང་ཆིག་ཤད་ཡོད་ཙམ་ལས་ཕལ་ཆེར་ལ་ཉིས་ཤད་ཤ་སྟག་བཏབས་འདུག་ཅིང་ཆིག་ཤད་རེ་ཟུང་ཡོད་པ་ལའང་མངོན་གསལ་གྱི་སྒྲིགས་ཚུགས་མེད་འདུག་པ་ནི།སྐབས་རེ་སྟེ་ཡི་མཐར་ཆིག་ཤད་རྒྱབ་ཀྱང་སྐབས་གཞན་དགའ་ཞིག་ལ་སྟེ་ལ་ཉིས་ཤད་བཏབས་འདུག་པ་དང་།ཡང་རྗེས་འཇུག་ས་དང་ང་དེ་མིན་རུ་རྣམས་ལ་ཡང་ཆིག་ཤད་རེ་བཏབས་ནས་དེ་དག་སྐབས་འགའ་ཞིག་ལ་ཉིས་ཤད་བཏབས་པ་སོགས་ཆིག་ཤད་ཉུང་ངུ་ཞིག་ལས་མེད་ཀྱང་བཀོད་ཚུལ་གོང་ལྟར་སྒྲིགས་ཚུགས་དམིགས་གསལ་མེད་པར་སྣང་ངོ།།དེ་ནས་རྩ་བའི་ཨང་རྟགས་(pl.578)་་ནང་དཔེ་ཐུང་ཤོག་ལེ་གཉིས་ཀྱི་དཔར་ལས་མེད་ཀྱང་ཉིས་ཤད་མང་ཙམ་ལས་ཤད་སྦྱོར་ཚུལ་གྱི་སྒྲིགས་གཞི་དམིགས་གསལ་མེད་པ་གོང་དང་མཚུངས་སོ།།དེ་ནས་ཡང་རྩ་བའི་ཨང་རྟགས་་(pl.579+592)བར་དུ་བཀོད་པའི་དཔར་དངོས་གཞི་རྣམས་ལ་ཡིག་མགོར་དབུ་ཁྱུད་དམ་ཡང་ན་དབུ་ཤད་དུ་ཁྱི་སྣའི་དབྱིབ་༼༄་་་༽འདི་ལྟ་བུ་གྱེན་དུ་བླང་པ་ལ་ཉིས་ཤད་ཀྱི་བར་ན་ཚེག་ཉིས་བརྩེགས༼།:།༽འདི་ལྟ་བུ་རེ་བཏབས་ནས་ཡོད་ཅིང་དེ་མིན་རྐང་མཐའི་ཤད་གང་ཡིན་ཐམས་ཅད་ཆིག་ཤད་ལས་ཉིས་ཤད་སོགས་ཤད་གཞན་གང་ཡང་མཐོང་རྒྱུ་མི་འདུག་ཅིང་།རྐང་པ་ཅན་གྱི་ཡི་གེ་ག་སོགས་ལ་ཡང་རང་རྐང་གིས་ཤད་ཀྱི་གོ་མི་ཆོད་པར་དེ་དག་ཐམས་ཅད་ཀྱི་མཐར་ཡི་གེ་གཞན་ཀུན་དང་གཅིག་མཚུངས་སུ་ཤད་རེ་བཏབས་འདུག་ཅིང་།ང་དང་ཤད་ཀྱི་བར་ཚེག་བཏབས་ཡོད་མེད་ནི་དཔེ་དེ་དག་ཀུན་ལ་ཁྱད་པར་མེད་པར་རེ་འགར་ཡོད་ལ་རེ་འགར་མེད་པ་མཉམ་ཞིང་།མ་ཟད་རྗེས་འཇུག་ན་ར་ས་དང་རྗེས་འཇུག་མེད་པའི་རུ་དང་རྒྱུ་སོགས་འགའ་རེར་ཡང་ཡིག་ཤད་ཀྱི་བར་ཚེག་བཏབས་པ་མི་ཉུང་བ་ཞིག་འདུག་ཅིང་།ཚེག་གི་ཁྱད་པར་ཡང་མིང་རེ་རེའམ་དོན་རེ་རེའི་མཚམས་སུ་ཐམས་ཅད་ལ་ངེས་པ་མེད་ཀྱང་མང་པོ་ཞིག་ལ་ཚིག་གམ་ཚག་ཉིས་བརྩེགས་འདི་༼:༽འདྲ་རེ་བཏབས་ཏེ་གཅོད་མཚམས་བྱས་འདུག་པ་སྟེ།དཔེར་ན།༼བཙན་པོ:དབྱརད:ཤངས་གྱྀ:སུམ་ཆུ་བོ་ན་བཞུགས:ཅྀང་།༽ཞེས་པ་ལྟ་བུའོ།།དེ་ཡང་ཐམས་ཅད་ལ་ངེས་པ་མེད་པར་གཞན་དུ་སྒྲིགས་ཚུགས་དེ་ལྟ་བུ་མེད་པར་བྲིས་པ་ཡང་དུ་མ་ཞིག་འདུག་གོ།གཞན་ཡང་སྤྱི་ལོ་༡༩༩༨་་ལོའི་བོད་ལྗོངས་ཞིབ་འཇུག་དུས་དེབ་ཤོག་གྲངས་་་༢༦་་ཐོག་སྨད་པའི་དཀོན་མཆོག་སྐྱབས་ཀྱིས་བོད་ཡིག་ལ་དཔྱད་པའི་ཐད་ཡུལ་ཤུལ་རྣམ་པར་སྣང་མཛད་ཀྱི་ལྷ་ཁང་གི་བྲག་བརྐོད་ཐོན་མིའི་ཕྱག་བྲིས་དང་།སྤྱི་ལོ་་༢༠༠༨་ལོའི་ཀྲུང་གོའི་བོད་ལྗོངས་ཞེས་པ་སྤྱིའི་དེབ་གྲངས་་་༩༣པ་ཤོག་གྲངས་་༡༥་པའི་ནང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་བོད་ཀྱི་རྒྱལ་རབ་ཀྱི་སྐོར་བཀོད་པའི་ཐད་དུ་དཔར་བརྐོད་བའི་བསམ་ཡས་ཀྱི་རྡོ་རིང་དཔར་མའི་ཡི་གེ་དང་།ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་༢༠༠༩་་ལོའི་གོང་ཁོད་དུས་དེབ་ཀྱི་དེབ་གྲངས་ཨང་༩༤་པ་ཤོག་གྲངས་༢༠་་དང་་༢༢་་ནང་བོད་ཀྱི་ལོ་རྒྱུད་གླེང་བའི་སྐབས་བཀོད་པའི་བཙན་པོའི་དུས་སྐབས་ཀྱི་བྲག་རིས་ཡི་གེ་དང་དྲིལ་བུའི་ཁ་བྱང་ངམ་དྲིལ་བུའི་ཐོག་ཏུ་བཀོད་པའི་ཡི་གེ་སོགས་དེ་དག་གང་དུ་བལྟད་ཀྱང་ཉིས་ཤད་ལས་མང་བའི་ཤད་ཞིག་མཐོང་ཡུལ་ན་མེད་པས།དེས་ན་བཞི་ཤད་སོགས་ཤད་ལྷག་མ་རྣམས་ནི་བཀས་གསར་བཅས་རིམ་བྱུང་དང་ཡང་ན་ལོ་པཎ་རྣམས་ཀྱི་རིགས་བརྩལ་ལས་འཁྲུངས་པའི་ལེགས་བཤད་ཞིག་ཡིན་པ་འོད་མེད་ཡིན་ཏེ།གལ་ཏེ་བཀས་བཅས་མཛད་པའི་སྔོན་ནས་དེ་ལྟ་བུ་ཤད་ཀྱི་རྣམ་བཞག་ཞིག་ཡོད་ཚེ་ཡི་གེ་དེ་དག་ལ་ཐམས་ཅད་མེད་ཀྱང་ཕྱོགས་ཙམ་ཞིག་ཡོད་དགོས་པ་ལས་གོང་དུ་བཤད་པ་བཞིན་ཉིས་ཤད་ལས་མང་པ་མཐོང་རྒྱུ་མེད་པའི་ཕྱིར་རོ།།དེས་ན་དངོས་གནས་ཀྱི་ཤད་ཀྱི་ཐ་སྙད་བྱེད་ཡུལ་ནི་ཆིག་ཤད་ཉིས་ཤད་བཞི་ཤད་ཞེས་ཐད་ཀར་ཐེན་ནས་ཡོད་པ་དེ་གསུམ་ལས་མེད་པ་ནི་གོང་དུ་ཤད་ཀྱི་བྱུང་བའམ་དེའི་ཐ་སྙད་བྱུང་ཚུལ་ལས་རྟོགས་པར་བྱའོ།། འོ་ན་ཕུར་ཤད་ལས་གཞན་དེ་དག་ལ་ཤད་ཅེས་ཤད་དོན་གང་ཡིན་ཟེར་ན།སྤྱིར་ན་གཞི་གང་ཞིག་ལ་ཐོག་མར་མིང་གིས་སྙད་སྐབས་ངོ་བོ་དང་བྱེད་ལས་རྣམ་པ་སོགས་ཆོས་གང་ཞིག་དེ་དག་གང་རུང་དང་མཚུངས་པར་མཐོང་ནས་དེ་དག་ལ་མིང་གིས་སྙད་པ་དུ་མ་ཡོད་པ་བཞིན་དེས་ན་སྐབས་འདིར་ཡང་ཤད་ཀྱི་དགོས་པའམ་བྱེད་ལས་མཚུངས་པའི་ཆ་ནས་བཏགས་ཅིང་།དེ་ཡང་ཤད་ཀྱི་དགོས་པའམ་བྱེད་ལས་ནི་ཡི་གེའི་མིང་མཚམས་དང་ཡང་ན་དོན་མཚན་དུ་མ་ཡོད་པ་རྣམས་མ་འདྲེས་པར་སོ་སོར་འབྱེད་བའི་ནུས་པ་དེ་ནི་དེ་དག་ལ་ཡང་ཚང་ཤིང་སྔོན་གྱི་ཤད་ལ་མེད་པའི་དགོས་པ་གཞན་དོན་མཚན་ཆེ་ཆུང་དང་སྐབས་སམ་ལིའུ་དང་ཐིག་མགོར་ཡིག་ཚུགས་ཐུབ་པ་སོགས་ཀྱི་ཁྱད་ཆོས་དུ་མ་དང་ལྡན་པས་ཀྱང་དེ་དག་ལ་ཤད་ཞེས་བཏགས་རིགས་སོ་སྙམས།ཤད་དེ་དག་ལ་མིང་འདོགས་ཀྱི་ཁྱད་པར་མི་འདྲ་བ་ནི་དབྱིབས་ཀྱི་སྒོ་ནས་བཏགས་པ་སྟེ།རྩ་བའི་ཤད་རྣམས་ཀྱི་དབྱིབས་ཕུར་གཟུགས་སུ་ཡོད་པར་བརྟེན་ཕུར་ཤད་ཀྱི་མིང་སྨོས་པ་ལས་དེ་དག་ལས་ལོགས་སུ་ཕུར་ཤད་ངོས་འཛིན་དུ་མེད་དོ།།སྦྲུལ་ཤད་ཅེས་པ་ནི་ཤད་ཀྱི་མགོར་ཐིག་རིས་སྦྲུལ་ལྟར་འཁྱོག་ནས་ཡོད་པ་ཞིག་བཏབས་པ་ལས་དེ་ལྟར་བཏགས་ཅིང་།སྤུང་ཤད་ཞེས་བཤད་པའི་དོན་ནི་ཤད་ཀྱི་མགོར་སྒོར་ཐིག་བརྩེགས་པའམ་སྤུང་པས་ན་དེ་ལྟར་བཏགས་ཅིང་དེ་ལྟར་བརྩེགས་པ་ནོར་བུ་རིན་ཆེན་སྤུང་པ་འདྲ་བས་མིང་གཞན་རིན་ཆེན་སྤུང་ཤད་ཞེས་བཤད་པ་ཡང་ཡོད།དབུ་ཤད་ཞེས་བཤད་པ་ནི་ཡི་གེ་རྣམས་ཀྱི་མགོར་རམ་ཐོག་མར་འབྲི་རྒྱུའི་ཡིག་མགོ་འམ་དབུ་ཁྱུད་ལ་ཟེར།བོད་རྒྱ་ཚིག་མཛོད་ཆེན་མོར་འཕུལ་ཤད་ཞེས་བྱུང་བ་ཡང་དབྱུ་ཁྱུད་དམ་དབུ་ཤད་རང་ལ་གོ་དགོས་སྙམ་སྟེ་སུམ་ཅུ་བའི་གཞུང་ལུགས་ཀུན་ན་འཕུལ་ལམ་ཡང་ན་འཕུལ་རྟེན་ཞེས་པ་སྔོན་ལ་འཇུག་པ་དང་མཐའ་རྟེན་ཞེས་པ་རྗེས་ནས་འཇུག་པའི་དོན་དུ་འདོད་པ་བཞིན་འདིར་ཡང་འཕུལ་ཤད་ཞེས་པའི་འཕུལ་ནི་སྔོན་དུ་འགྲོ་བའི་ཤད་ལ་གོ་དགོས་པས་དེས་ན་སྔོན་དུ་སྦྱར་བའི་ཤད་དམ་ཡང་ན་ཡིག་མགོ་མི་འཁྲུག་པའི་རྒྱའམ་ཤད་ནི་དབྱུ་ཁྱུད་ལས་ལོགས་སུ་ངོས་འཛིན་རྒྱུ་སུ་ལའང་མི་བརྙེད་པས་སོ།།གཞན་ཡང་གཏེར་ཤད་ཞེས་བཤད་པ་ནི་གོང་གི་ཤད་དེ་དག་བཞིན་ཡི་གེའི་བར་མཚམས་རྣམས་དང་དོན་ཆེ་འབྲིང་དང་གཞན་ཡང་ལིའུ་སོགས་ཀྱི་མཚམས་གཅོད་བྱེད་དམ་མཚོན་བྱེད་ཙམ་མིན་པར་དེ་ལས་གཞན་དུ་གང་བཀོད་པའི་ཡི་གེ་དེ་དག་གཏེར་ནས་གཏོན་པའི་ཡི་གེ་ཞིག་ཡིན་པར་གོ་བའི་དོན་དུ་ཚིག་ལྷུག་གམ་ཚིག་བཅད་ཀྱི་རྐང་མཐར་སྒོར་ཐིག་ཉིས་བརྩེགས་ཀྱི་བར་འཕྲེད་ཐེན་གྱི་ཚགས་ཀྱིས་བཏབས་པ་༼༔་༽འདི་ལྟ་བུ་ཞིག་ཡོད་པ་ལ་གཏེར་ཤད་ཞེས་པའི་ཐ་སྙད་བྱེད་བཞིན་ཡོད་ལ།འོན་ཀྱང་དེང་སྐབས་སུ་ཤད་དེ་ཡོད་ཚད་ཐམས་ཅད་གཏེར་ནས་བཞེས་པའི་ཡི་གེ་ཡིན་མིན་མཐའ་ཆོད་དཀའ་བར་སྙམ་སྟེ་སྙིང་མའི་གཞུང་གི་ཕྱག་དཔེ་མང་པོར་ཤད་དེ་རིགས་མཇལ་རྒྱུ་འདུག་ཅིང་དེ་དག་ཐམས་ཅད་གཏེར་ཡིག་ཡིན་མིན་ལ་བདག་དོགས་པས་འདིར་ཁྱབ་པ་བཅས་དཀའོ།། བརྒྱད་པ་སུམ་ཅུ་པའི་གཞུང་གི་རྩ་ཚིགས་ལ་མི་མཐུན་པ་ཇི་ཡོད་ངོས་འཛིན་མདོར་བསྡུས་ཙམ་བཤད་པ་ལ། བསྟན་འགྱུར་ནང་བཞུགས་པའི་རྩ་བ་མི་མཐུན་པ་ཁག་དང་། གཞན་ཡང་མཁས་པའི་དབང་པོ་སི་ཏུ་པཎ་ཆེན་བསྟན་པའི་ཉི་མའམ་སི་ཏུ་གཙུག་ལག་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི་མུ་ཏིག་ཕྲེང་མཛེས་དང་མཁས་དབང་པྲ་ཏི་དགེ་བའི་བཤེས་གཉེན་ཆེན་པོ་རིན་ཆེན་དོན་གྲུབ་ཀྱིས་མཛད་པའི་ཀུན་བཟང་དགོང་རྒྱན་གཉིས་ནི་དེང་སྐབས་གྲགས་ཆེ་ཤིང་སློབ་གྲྭ་ཁག་དང་དགོན་སྡེ་མང་པོའི་འཆད་ཉན་ལ་ཧ་ཅང་འཁོ་སྤྱོད་བྱེད་པར་བརྟེན་སློབ་གཉེར་བ་རྣམས་ལ་ཞིབ་འཇུག་གི་ས་བོན་ཙམ་དུ་དམིགས་གཞུང་དེ་གཉིས་ནས་བཤད་པའི་རྩ་བའི་ཚིག་ཟིན་མི་མཐུན་པ་ཇི་ཡོད་ཀྱང་ཞར་བྱུང་དུ་བཀོད་པ་ལ།དེ་ཡང་དང་པོ་བསྟན་འགྱུར་ནང་གི་རྩ་བ་བོད་རིག་པ་དཔེ་བསྐྲུན་ཁང་ནས་པར་བའི་སྡེ་གེ་བསྟན་འགྱུར་ཅོ་དང་ཆོ་གཉིས་ལྷན་འདེབས་ཀྱི་དེབ་གཟུགས་སུ་བསྐྲུན་པ་ཤོག་གྲངས་་་༣༩༧་་ནས་་༤༠༡་་བར་བྱུང་བ་བཞིན་བཀོད་ན་འདི་ལྟར། 《སྡེ་གེ་བསྟན་འགྱུར་》ནང་དུ་བསྟན་བཅོས་སུམ་ཅུ་པ་རྩ་བའི་མཚན་བྱང་དུ་《ལུང་དུ་སྟོན་པའི་རྩ་བ་སུམ་ཅུ་བ་ཞེས་བྱ་བ་》ཞེས་བྱུང་ཤིང་། 《པེ་ཅིང་པར་མ》་ན་མཚན་བྱང་《སུམ་ཅུ་པ་སློབ་དཔོན་ཨ་ནུས་མཛད་པ་བཞུགས》ཞེས་དང་། 《སྣར་ཐང་པར་མ་》ན་མཚན་བྱང་《སུམ་ཅུ་པ་བཞུགས་སོ་》ཞེས་འཁོད་ཡོད། དེ་ན་འདིའི་ལྷག་མ་ཀུན་ལ་བསྟན་བཅོས་སོ་སོའི་མཚན་དོད་དུ་བསྟན་བཅོས་རང་རང་གི་མཚན་གྱི་ཡིག་འབྲུ་དང་པོ་སྨྲོས་ནས་མཚོན་པར་བྱ་འདོད་པས་དེ་ལྟར་དགོངས་མངའ་ཡོད་པ་ཞུ། དེ་ཡང་འགྱུར་ཕྱག་གི་སྐབས་《སྡེ་》《ལུང་སྟོན་པའི་རྩ་བ་སུམ་ཅུ་པ་ཞེས་བྱ་བ་སྨྲ་བའི་དབང་ཕྱུག་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།》《པེ་》《ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་བྱ་བ་སྨྲ་བའི་དབང་ཕྱུག་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།》《སྣ་》《ལུང་སྟོན་པ་རྩ་བ་སུམ་ཅུ་བ་ཞེས་བྱ་བ་སྨྲ་བའི་དབང་ཕྱུག་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།》མཆོད་བརྗོད་ཀྱི་སྐབས་《སྡེ་》《གང་གི་སྒྲ་དབྱངས་སྔོན་གསུངས་པའི་》《པེ་》《གང་གི་སྒྲ་དབྱངས་གསུངས་པ་ཡི་》《སྣ་》《གང་གི་སྒྲ་དབྱངས་གསུངས་པ་ཡི་》《སྡེ་》《གང་གི་མིང་གཞི་སྔོན་གསུངས་པ་》《པེ་》《གང་གི་མིང་གཞི་སྔོན་གསུངས་པའི་》《སྣ་》《གང་གི་མིང་གཞི་སྔོན་གསུངས་པའི་》《སྡེ་》《བླ་མ་རྣམས་ལ་ཕྱག་འཚལ་ནས་》《པེ་》《བླ་མ་ལ་ཡང་ཕྱག་འཚལ་ནས་》《སྣ་》《བླ་མ་ལ་ཡང་ཕྱག་འཚལ་ནས་》 སྔོན་རྗེས་མིང་གསུམ་གང་ལས་གང་དབྱུང་བར་བཤད་པའི་སྐབས་《སྡེ་》《དེ་ལ་རྗེས་འཇུག་བཅུ་ཡིན་ཏེ་》《པེ་》《དེ་ལས་རྗེས་འཇུག་བཅུ་ཡིན་ཏེ་》《སྣ་》《དེ་ལས་རྗེས་འཇུག་བཅུ་ཡིན་ཏེ་》 《སྡེ་》《དེ་ལས་ལྔ་ནི་སྔོན་དུ་འཇུག》《པེ་》《དེ་ལས་ལྔ་ནི་སྔོན་དུའང་འཇུག》《སྣ་》《དེ་ལས་ལྔ་ནི་སྔོན་དུའང་འཇུག》གསལ་བྱེད་གསུམ་བཅུ་སྡེ་ཚན་དུ་དབྱེ་བའི་སྐབས་《སྡེ་》《བཞི་བཞི་དག་ཏུ་དབྱེ་བ་ལས་》《པེ་》《བཞི་བཞི་དག་ཏུ་ཕྱེ་བ་ལས་》《སྣ་》《བཞི་བཞི་དག་ཏུ་ཕྱེ་བ་ལས་》རྗེས་འཇུག་བཤད་པའི་སྐབས་《སྡེ་》《དང་པོ་གསུམ་པ་བཞི་པ་ལ་》《པེ་》《དང་པོ་གསུམ་པ་བཞི་པ་ཡི་》《སྣ་》《དང་པོ་གསུམ་པ་བཞི་པ་ཡི་》མི་འཇུག་པ་བཤད་པའི་སྐབས་ 《སྡེ་》《དེ་ལ་དབྱངས་ཀྱི་བཞིར་ལྡན་ཡང་》《པེ་》《དེ་ལ་དབྱངས་ཀྱི་བཞི་ལྡན་ཡང་》《སྣ་》《དེ་ལ་དབྱངས་ཀྱི་བཞི་ལྡན་ཡང་》ཨི་ལྡན་གྱི་ཕྲད་བཤད་པའི་སྐབས་《སྡེ་》《རྗེས་འཇུག་ཡི་གེ་བཅུ་པོ་ལས་》《པེ་》《རྗེས་འཇུག་ཡི་གེ་བཅུ་པོ་ལ་》《སྣ་》《རྗེས་འཇུག་ཡི་གེ་བཅུ་པོ་ལ་》《སྡེ་》《ཨི་དང་མཐུན་ལུགས་འདི་ཞེས་བྱ་》《པེ་》《ཨི་དང་འཐུན་ལུགས་འདི་ཞེས་བྱ་》《སྣ་》《ཨི་དང་འཐུན་ལུགས་འདི་ཞེས་བྱ་》《སྡེ་》《དང་པོ་གཉིས་ལ་དང་པོ་མཐུན་》《པེ་》《དང་པོ་གཉིས་ལ་དང་པོ་འཐུན་》《སྣ་》《དང་པོ་གཉིས་ལ་དང་པོ་འཐུན་》《སྡེ་》《ལྷག་མ་རྣམས་ལ་གྱི་སྦྱར་བ་》《པེ་》《ལྷག་མ་རྣམས་ལ་གྱ་སྦྱར་བ་》《སྣ་》《ལྷག་མ་རྣམས་ལ་གྱ་སྦྱར་བ་》ལྷག་བཅས་ཀྱི་ཚིག་ཕྲད་སྐབས་《སྡེ་》《དེ་ནི་ལྷག་དང་བཅས་པའོ་》《པེ་》《དེ་ནི་ལྷག་མ་བཅས་པའོ་》《སྣ་》《དེ་ནི་ལྷག་མ་བཅས་པའོ་》འབྱུང་ཁུངས་ཀྱི་ཚིག་ཕྲད་སྐབས་《སྡེ་》《སྦྱོར་བ་འབྱུང་ཁུངས་དག་ཡིན་ཏེ་》《པེ་》《སྦྱར་བ་འབྱུང་ཁུངས་དག་ཡིན་ཏེ་》《སྣ་》《སྦྱར་བ་འབྱུང་ཁུངས་དག་ཡིན་ཏེ་》བོད་པའི་ཚིག་ཕྲད་སྐབས་《སྡེ་》《གང་མིང་བརྗོད་པ་དང་པོ་རུ་》《པེ་》《གང་མིང་བརྗོད་པའི་དང་པོ་རུ་》《སྣ་》《གང་མིང་བརྗོད་པའི་དང་པོ་རུ་》ནི་སྒྲའི་ཚིག་ཕྲད་བཤད་པའི་སྐབས་《སྡེ་》《གང་མིང་མཐའ་ན་མཐུན་པ་ཡི་》《པེ་》《གང་མིང་མཐའ་དང་མཐུན་པ་ཡི་》《སྣ་》《གང་མིང་མཐའ་དང་མཐུན་པ་ཡི་》《སྡེ་》《དགར་དང་བསྣན་པའི་ཚིག་ཏུ་འགྱུར་》《པེ་》《དགར་དང་བརྣན་པའི་ཚིག་ཏུ་འགྱུར་》《སྣ་》《དགར་དང་བརྣན་པའི་ཚིག་ཏུ་འགྱུར་》དེ་སྒྲའི་ཚིག་ཕྲད་བཤད་པའི་སྐབས་《སྡེ་》《གང་མིང་གི་ནི་ཡ་ཐ་རུ་》《པེ་》《གང་མིང་གི་ནི་ཡ་མཐའ་རུ་》《སྣ་》《གང་མིང་གི་ནི་ཡ་མཐའ་རུ་》བདག་སྒྲའི་ཚིག་ཕྲད་བཤད་པའི་སྐབས་《སྡེ་》《མིང་གང་གི་ནི་མ་ཐ་ན་》《པེ་》《མིང་གང་གི་ནི་མ་མཐའ་ན་》《སྣ་》《མིང་གང་གི་ནི་མ་མཐའ་ན་》དགག་སྒྲའི་ཚིག་ཕྲད་བཤད་པའི་སྐབས་《སྡེ་》《མིང་གང་གི་ནི་ཡ་ཐ་ན་》《པེ་》《མིང་གང་གི་ནི་ཡ་མཐའ་ན་》《སྣ་》《མིང་གང་གི་ནི་ཡ་མཐའ་ན་》《སྡེ་》《སྟྲཱི་ལིངྒ་ཡི་སྒྲ་མེད་པ་》《པེ་》《སྟྲཱི་ལིངྒའི་སྒྲ་མེད་པ་》《སྣ་》《སྟྲཱི་ལིངྒའི་སྒྲ་མེད་པ་》གཞུང་གི་འཇུག་བསྡུ་བའི་སྐབས་ཀྱི་ཚིག་བཅས་མི་མཐུན་པ་《སྡེ་》《ཚིགས་སུ་བཅད་པ་མཚམས་སྦྱོར་རྣམས་》《པེ་》《ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས་》《སྣ་》《ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས་》《སྡེ་》《ཨ་ལི་བཞི་ལས་གང་ལྡན་ཡང་》《པེ་》《ཨ་ལི་གཞི་ལས་གང་ལྡན་ཡང་》《སྣ་》《ཨ་ལི་གཞི་ལས་གང་ལྡན་ཡང་》《སྡེ་》《མིང་གཞིའི་ཡི་གེ་གང་ལ་》《པེ་》《མིང་གཞིའི་ཡི་གེ་གང་ཡིན་པ་》《སྣ་》《མིང་གཞིའི་ཡི་གེ་གང་ཡིན་པ་》《སྡེ་》《གཉིས་འབྲེལ་ཡོད་དམ་གསུམ་འབྲེལ་ཡོད་》《པེ་》《ཉིས་འབྲེལ་ཡོད་དམ་གསུམ་འབྲེལ་ཡོད་》《སྣ་》《ཉིས་འབྲེལ་ཡོད་དམ་གསུམ་འབྲེལ་ཡོད་》《སྡེ་》《འདྲི་དང་བཤད་དང་ཀློག་རྣམས་ཀྱི་》《པེ་》《འབྲི་དང་ཀློག་དང་བཤད་རྣམས་ཀྱིས་》《སྣ་》《འབྲི་དང་ཀློག་དང་བཤད་རྣམས་ཀྱིས་》《སྡེ་》《འབྲེལ་པར་སྨྲ་བའི་མཆོག་ཏུ་འགྱུར་》《པེ་》《འབྲེལ་པ་སྨྲ་བའི་མཆོག་ཏུ་འགྱུར་》《སྣ་》《འབྲེལ་པ་སྨྲ་བའི་མཆོག་ཏུ་འགྱུར་》《སྡེ་》《དོན་དང་མཐུན་པའི་སྦྱོར་བ་ཤེས་》《པེ་》《དོན་དང་འཐུན་པའི་སྦྱོར་བ་ཤེས་》《སྣ་》《དོན་དང་འཐུན་པའི་སྦྱོར་བ་ཤེས་》《སྡེ་》《དོན་གྱི་ཐོག་ཏུ་དབབ་པར་བྱ་》《པེ་》《དོན་གྱི་ཐོག་དུ་དབབ་པར་བྱ་》《སྣ་》《དོན་གྱི་ཐོག་དུ་དབབ་པར་བྱ་》《སྡེ་》《ཀློག་གི་ཆེད་དུ་བསླབ་པ་ཡིན་》《པེ་》《ཀློག་གི་ཆེད་དུ་བསླབས་པ་ཡིན་》《སྣ་》《ཀློག་གི་ཆེད་དུ་བསླབས་པ་ཡིན་》《སྡེ་》《མཉན་བསམ་གཏན་པའི་ཆེད་དུ་སྦྱར་》《པེ་》《མཉན་བསམ་བསྟན་པའི་ཆེད་དུ་སྦྱར་》《སྣ་》《མཉན་བསམ་བསྟན་པའི་ཆེད་དུ་སྦྱར་》《སྡེ་》《གང་ཞིག་འབད་པ་ཆུང་ངུས་ཀྱང་》《པེ་》《གང་ཞིག་འབད་པོ་ཆུང་ངུས་ཀྱང་》《སྣ་》《གང་ཞིག་འབད་པོ་ཆུང་ངུས་ཀྱང་》《སྡེ་》《ཤེས་རབ་མྱུར་དུ་འགྲོལ་བར་འགྱུར་》《པེ་》《ཤེས་རབ་མྱུར་དུ་གྲོལ་བར་འགྱུར་》《སྣ་》《ཤེས་རབ་མྱུར་དུ་གྲོལ་བར་འགྱུར་》《སྡེ་》《གཞུང་ཉིད་བླ་མ་རྣམས་ལས་མཉན་》《པེ་》《གཞུང་ཉིད་བླ་མ་རྣམས་ལ་ཉན་》《སྣ་》《གཞུང་ཉིད་བླ་མ་རྣམས་ལ་ཉན་》《སྡེ་》《བྱཱ་ཀ་ར་ཎ་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་དང་པོའི་སྐབས་ཏེ་བརྒྱད་པའོ་》《པེ་》《བྱཱ་ཀ་ར་ཎ་བརྒྱད་པ་ལས་ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་དང་པོའི་སྐབས་ཏེ་ལྔ་པའོ》《སྣ་》《བྱཱ་ཀ་ར་ཎ་བརྒྱད་པ་ལས་ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་དང་པོའི་སྐབས་ཏེ་ལྔ་པའོ》ཞེས་དེ་ལྟར་དུ་བྱུང་ཞིང་། ཞར་བྱུང་པྲ་སི་གཉིས་ཀྱིས་རྩ་བར་མི་མཐུན་པའི་ཚུལ་ཇི་ཡོད་དགོད་པ་ལ། དེ་ཡང་གཞུང་ངོས་འཛིན་ཚུལ་ནི་རྩ་བ་སོ་སོའི་དབུར་མཁས་དབང་གཉིས་པོའི་མཚན་གྱི་དབུ་ཙམ་རེ་སྨྲོས་ནས་གོ་བར་བྱས་ཡོད་པས་དེ་དོན་མཁྱེན་པར་མཛོད།མཚན་དོན་གྱི་སྐབས།<སི་ཏུས།>(རྒྱ་གར་སྐད་དུ།བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ།བོད་སྐད་དུ།ལུང་སྟོན་རྩ་བ་སུམ་ཅུ་པ་ཞེས་བྱ་བ།)<པྲ་ཏིས།>(རྒྱ་གར་སྐད་དུ་བྱཱ་ཀ་ར་ཎ་ཏྲིཾ་ཤད་ནཱ་མ།ལུང་སྟོན་པ་སུམ་ཅུ་པ་ཞེས་བྱ་བ།)འགྱུར་ཕྱག་གི་སྐབས།<སི་>(ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།)<པྲ་>(སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ།།)མཆོད་བརྗོད་ཀྱི་སྐབས།<སི་>(དཀོན་ཅོག་དེ་ལ་ཕྱག་འཚལ་ལོ།།)<པྲ་>(དཀོན་མཆོག་དེ་ལ་ཕྱག་འཚལ་ལོ།།)<སི་>(གང་གིས་སྒྲ་དབྱངས་ཀུན་གསུངས་པའི།།)<པྲ>་(གང་གིས་སྒྲ་དབྱངས་གསུངས་པ་ཡི།།)<སི་>(གང་གིས་མིང་གཞི་སྔོན་གསུངས་པ།།)<པྲ>་(གང་གི་མིང་གཞི་སྔོན་གསུངས་པའི།།རྗེས་འཇུག་བཤད་པའི་སྐབས།)<སི>(དེ་ལ་རྗེས་འཇུག་བཅུ་ཡིན་ཏེ།།<པྲ་>(དེ་ལས་རྗེས་འཇུག་བཅུ་ཡིན་ཏེ།།)རྗེས་འཇུག་བཅུ་པོ་དབྱུང་ཚུལ་བཤད་པའི་སྐབས།<སི་>(དང་པོ་གསུམ་པ་བཞི་པ་ལ།།ཞེས་དང་།རྗེས་འཇུག་ཡི་གེ་བཅུ་རུ་འདོད།།)<པྲ་>(དང་པོ་གསུམ་པ་བཞི་པ་ཡི།།ཞེས་པ་དང་།རྗེས་འཇུག་ཡི་གེ་བཅུ་རུ་བཤད།།)ལ་དོན་གྱི་ཚིག་ཕྲད་སྐབས།<སི་>(རྗེས་འཇུག་ཡི་གེ་བཅུ་རྣམས་ལས།།)<པྲ་>(རྗེས་འཇུག་ཡི་གེ་བཅུ་པོ་ལས།།)ཨི་ལྡན་གྱི་ཚིག་ཕྲད་སྐབས།<སི་>(རྗེས་འཇུག་ཡི་གེ་བཅུ་པོ་ལ།།ཞེས་དང་།བྱེད་པ་པོ་རུ་ཤེས་པར་བྱ།།)<པྲ་>(རྗེས་འཇུག་ཡི་གེ་བཅུ་པོ་ནི།།ཞེས་དང་།བྱེད་པའི་སར་ནི་ཤེས་པར་བྱ།།)ལྷག་བཅས་སྐབས།<སི་>(དེ་ནི་ལྷག་དང་བཅས་པའོ།།)<པྲ་>(དེ་ནི་ལྷག་མ་དང་བཅས་པའོ།།)འབྱུང་ཁུངས་ཀྱི་སྐབས།<སི་>(སྦྱར་བ་འབྱུང་ཁུངས་ས་ཡིན་ཏེ།།དགར་དང་སྡུད་པའང་དེ་བཞིན་ཡིན།།)<པྲ་>(སྦྱར་བ་འབྱུང་ཁུངས་གནས་ཡིན་ཏེ།།དགར་དང་སྡུད་པའང་དེ་བཞིན་ནོ།།)དེ་སྒྲའི་ཚིག་ཕྲད་ཀྱི་འཇུག་པ་བཤད་པའི་སྐབས།<སི་>(དངོས་པོའི་དབང་དུ་བཞི་རུ་འགྱུར།།དུས་ཀྱི་དབང་དུ་གཉིས་ཡིན་ནོ།།)<པྲ་>(དངོས་པོའི་དབང་གིས་བཞི་རུ་འགྱུར།། དུས་ཀྱི་དབང་གིས་གཉིས་ཡོན་ནོ།།)དེ་སྒྲའི་འཇུག་པ་བཤད་པའི་ཚིག་འདི་དག་པྲ་ཏིས་དགག་སྒྲ་བཤད་པའི་འོག་ཏུ་བཀོད་ཡོད། སྤྱི་སྒྲའི་སྐབས།<སི་>(གང་མིང་བརྗོད་པའིོ་དང་པོ་རུ།།)<པྲ་>(མིང་གང་རུང་བའི་དང་པོ་རུ།།) དེའི་རྗེས་ཀྱི་ཚིག་ལ་(སྤྱི་ལ་ཁྱད་པ་ཉིད་དུ་འགྱུར།།)ཞེས་འདུག་ཀྱང་དེ་ཡིག་འབྲི་བས་མ་དག་པར་སེམས་ཏེ་འོག་གི་འགྲེལ་བར་སྤྱི་ལ་ཁྱབ་པའི་སྒྲ་ཉིད་དུ་འགྱུར་ཏེ་ཞེས་པས་ཤེས་སོ།།དགག་སྒྲའི་སྐབས།<སི་>(གང་མིང་བརྗོད་པའི་ཡ་མཐའ་ན།།)<པྲ་>(མིང་གང་རུང་བའི་ཡ་མཐའ་རུ།།)ཚིགས་སུ་བཅད་པ་འགྲོལ་ཚུལ་སྐབས།<སི་>(ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས།།)<པྲ་>(ཚིགས་སུ་བཅད་པའི་སྦྱོར་བ་རྣམས།།)རྗེས་འཇུག་གི་སྦྱོར་བ་མེད་མི་རུང་དུ་བསྟན་པའི་སྐབས།<སི་>(གཉིས་འབྲེལ་ཡོད་དམ་གསུམ་འབྲེལ་ཡོད།།)<པྲ་>(ཉིས་སྦྲེལ་ཡོད་དམ་གསུམ་སྦྲེལ་ཡོད།།)རྗེས་འཇུག་ཤེས་པའི་དགོས་པ་བསྟན་པའི་སྐབས།<སི་>(རྗེས་འཇུག་བཅུ་ཡི་དོན་ཤེས་ན།།འབྲི་དང་ཀློག་དང་བཤད་རྣམས་ཀྱི།།)<པྲ་>(རྗེས་འཇུག་བཅུ་པོའི་དོན་ཤེས་ན།།འབྲི་དང་ཀློག་དང་འཆད་རྣམས་ཀྱི།།) བསླབ་པའི་གོ་རིམ་བསྟན་པའི་སྐབས།<སི་>(སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ།།ཞེས་དང་། མཉན་བསམ་བསྟན་པའི་དོན་དུ་སྦྱར།།ཞེས་དང་།འབྲས་བུའི་ཆེད་དུ་དོན་ལ་དབབ།།ཞེས་དང་།དེ་ནས་རྒྱས་པའང་མཉན་བྱས་ཏེ།། ཞེས་དང་། གཞུང་ཉིད་བླ་མ་དག་ལས་མཉན།།) <པྲ་>(སྔོན་འཇུག་མིང་གཞི་རྗེས་འཇུག་རྣམས།། ཞེས་དང་། ཉན་བསམ་བསྟན་པའི་ཆེད་དུ་སྦྱང་།། ཞེས་དང་། འབྲས་བུའི་ཆེད་དུ་གཏན་ལ་དབབ།། ཞེས་དང་། དེ་ནས་རྒྱས་པའང་མཉན་བྱས་ནས།།ཞེས་དང་།གཞུང་ཉིད་བླ་མ་རྣམས་ལས་མཉན།།)ཞེས་བྱུང་ངོ།།འདིར་བཀོད་པའི་རྩ་བ་གཉིས་ཀྱི་མི་མཐུན་པའི་དཔེ་གཞིར་འཇོག་ས་ནི།སི་ཏུའི་མུ་ཏིག་ཕྲེང་མཛེས་ནི།སྤྱི་ལོ་༢༠༠༩་ལོར་ཤེས་རིགས་པར་ཁང་ནས་པར་བའི་དེབ་གཟུགས་ཤོག་གྲངས་༢༡་ནས་༡༢༠་་་བར་འཁོད་པ་རྣམས་ལས་ཇི་ལྟར་བྱུང་བ་བཞིན་བཀོད་དང་།པྲ་ཏི་ཀུན་བཟང་དགོང་རྒྱན་ནི་འཕགས་ཡུལ་སྒོ་མང་གྲྭ་ཚང་གིས་སྤྱི་ལོ་༡༩༩༧་་ལོར་པར་བའི་དེབ་གཟུགས་ཤོག་གྲངས་་༣་ནས་༧༡་་བར་འཁོད་པ་དེ་ལས་བཀོད་པའོ།།ཞེས་གཞུང་དེ་དག་ལས་བྱུང་བ་རྣམས་གཞན་གྱི་དཔྱད་གཞིར་ཁོ་བར་བསམ་ནས་འདིར་བཀོད་པའོ། དགུ་པ་ཡིག་གཟུགས་གཅིག་ལ་དོན་ཐ་དད་པའི་ཁྱད་པར་སྣ་ཚོགས་བཤད་པ་ལ། ༄༅།། སྒྲ་གདངས་འདོན་ཚུལ་དལ་མགྱོགས་ཀྱིས་དབང་ལས་དོན་འགྱུར་འགྲོ་བའི་ཡིག་གཟུགས་གཅིག་པའི་ཡིག་རིགས་རྣམས།། མཉམ་དུའམ་མགྱོགས་པར་འདོན་པ། སོ་སོར་རམ་དལ་བར་འདོན་པ། 1. ཀུན་འཁོར། ཀུན་བཟང་འཁོར་ལོ་ཞེས་པའི་བསྡུས་མིང་། 2. ཀུན་་་་འཁོར། ཐམས་ཅད་སྐོར་བ་འཁོར་བ། 3. ཀུན་འགྲོ། ཕྱོགས་སམ་གནས་ཐམས་ཅད་དུ་འགྲོ་བ། 4. ཀུན་་་་འགྲོ། ཚང་མའམ་ཐམས་ཅད་འགྲོ་བ། 5. ཀུན་བཏགས།མཚན་ཉིད་གསུམ་གྱི་ནང་མཚན་ཞིག 6. ཀུན་་་་བཏགས། ཐམས་ཅད་འདོགས་པའི་འདས་ཚིག་ཞིག 7. ཀུན་བརྟགས། མཚན་ཉིད་གསུམ་གྱི་ནང་མཚན་བྲི་ཚུལ གཞན་ཞིག 8. ཀུན་་་་བརྟགས། ཐམས་ཅད་ལ་བརྟགས་པ་བྱས་པ། 9. ཀུན་བཏུས། གཞུང་མཚན་དུ་མའི་ཚིག་དོན་སྣ་ཚོགས་བསྒྲུགས་ཏེ་བརྩམས་པའི་གཞུང་། 10. ཀུན་་་་བཏུས། ཐམས་ཅད་དམ་ཚང་མ་བསྒྲུགས་པ། 11. ཀུན་མཐོང་། མེ་ལོང་གི་མིང་། 12. ཀུན་་་་མཐོང་། ཐམས་ཅད་མཐོང་བའམ་རིག་པ། 13. ཀུན་སྤྱོད། སྐྱེ་བོ་གང་དག་གི་བྱ་བའི་སྤྱོད་ཚུལ་གྱི་མིང་། 14. ཀུན་་་་སྤྱོད། ཐམས་ཅད་ལ་ལོངས་སྤྱོད་པ། 15. ཀུན་འབྱུང་། སྡུག་བསྔལ་འབྱུང་བར་བྱེད་པའི་རྒྱུ་ལས་དང་ སྲེད་པའི་མིང་། 16. ཀུན་་་་འབྱུང་། ཐམས་ཅད་འབྱུང་བར་འགྱུར་བ། 17. ཀུན་འཛིན། ས་བྱི་ལོའི་མིང་། 18. ཀུན་་་་འཛིན། ཐམས་ཅད་འཛིན་པའམ་བཟུང་བ། 19. ཀུན་གཟིགས། ཐམས་ཅད་མཁྱེན་པའི་མིང་གི་རྣམ་གྲངས། 20. ཀུན་་་་གཟིགས། ཐམས་ཅད་མཐོང་བའམ་བལྟ་བ། 21. ཀུན་བཟོད། ས་གཞིའི་མིང་གི་མངོན་བརྗོད། 22. ཀུན་་་་བཟོད། སྡུག་བསྔལ་ལམ་དཀའ་ཁག་ཀུན་འཁྱེར་ནུས་པའམ་བཟོད་པ། 23. ཀུན་རིག། རྒྱུད་ཀྱི་ལྷ་ཞིག་གི་མཚན་དུ་སྤྱོད་པ་ཡིན། 24. ཀུན་་་་རིག ཐམས་ཅད་མཐོང་བ། 25. ཀུན་སློང་། འདོད་བྱའི་དོན་གང་ཞིང་ལ་སེམས་སྐྱེད་དུ་འཇུག་པའམ་སེམས་པའི་བློའི་མིང་། 26. ཀུན་་་་སློང། ཐམས་ཅད་སློང་བ། 27. ཀླུ་རྒྱལ། ཀླུ་རིགས་ཀྱི་བདག་པོའམ་རྒྱལ་པོ། 28. ཀླུ་་་་རྒྱལ། ཀླུ་རྣམས་མི་མཐུན་པ་ལས་རྣམ་པར་རྒྱལ་པ། 29. ཀླུ་གཏོར། ཀླུ་ཡི་རིགས་ལ་སྟེར་རྒྱུའི་གཏོར་མ། 30. ཀླུ་་་་གཏོར། ཀླུའམ་དེའི་གནས་རྣམས་འཐོར་ཀླགས་ཏུ་གཏོང་བ། 31. ཀླུ་འབུམ། ཀླུ་མཆོད་པའི་ཆོ་གའི་དཔེ་ཆ་ཞིག་དེར་དཀར་ནག་ཁྲ་གསུམ་ཡོད། 32. ཀླུ་་་་འབུམ། ཀླུ་གྲངས་འབུམ་ལོང་བ། 33. ཀླུ་བཙན། ཀླུ་དང་བཙན་གཉིས་ཀྱི་བསྡུས་པའི་མིང་། 34. ཀླུ་་་་བཙན། ཀླུ་བཙན་པོ་སྟེ་གནོད་རིགས་ཅུང་ཙམ་ཕོག་ན་ མི་སོགས་ལ་གནོད་པ་གཏོང་བ། 35. དཀར་འགྱེད། མར་སོགས་དཀར་ཕྱུར་རིགས་ཀྱི་སྐུ་འགྱེད་ཀྱི་མིང་། 36. དཀར་་་་འགྱེད། དཀར་གྱི་ཕྱུར་བ་སོགས་འགྱེད་རྒྱབས་པ། 37. དཀར་ལོང་། མིག་འབྲས་སྐྱ་སྒྲིབ་ཏུ་གྱུར་བ། 38. དཀར་་་ལོང་། དཀར་ཕྱུར་སོགས་ཀྱི་ཚད་ལོང་བ། 39. དཀར་གསེར། ཁ་མདོག་སེར་སྐྱའི་མིང་། 40. དཀར་་་གསེར། དཀར་པོ་དང་གསེར་པོ་ཞེས་པ་དང་མཚུངས། 41. དཀྱུད་རིང་། རྟ་སོགས་རྒྱུག་པའི་རིང་། 42. དཀྱུད་་་རིང་། སྲིད་དམ་གཞུང་དུ་རིང་བ། 43. བཀའ་བསྟན། བཀའ་བསྟན་འགྱུར་གྱི་སྤྱི་མིང་། 44. བཀའ་་་བསྟན། རྒྱལ་བའི་བཀའ་སོགས་གཞན་ལ་བསྟན་པ། 45. རྐང་ཁྲི། རྐང་པ་སྟེགས་བྱེད་ཀྱི་ཁྲིའམ་རྐང་སྟེགས། 46. རྐང་་་ཁྲི། ཤིང་སོགས་ཉང་མ་ཁྲི་ཡི་གྲངས་ཚད། 47. ཁ་འགྲིལ། གོས་སོགས་ཀྱི་མཐའ་འབྲིལ་གྱི་མིང་། 48. ཁ་་་འགྲིལ། གྲོས་སོགས་ཆམས་ནས་ཁ་གཅིག་ཏུ་འགྲིལ་བ། 49. ཁ་བརྒྱ། ཁ་ནས་སྐད་ཆ་གང་ཐོན་ཤོད་པའི་མི་ཁ་མང་། 50. ཁ་་་་བརྒྱ། ཁ་ཡི་གྲངས་ཚད་མང་པོ། 51. ཁ་ཆ། ཁ་ལན་ནམ་ངག་ལན། 52. ཁ་་་ཆ། ཁ་གཅིག་པའམ་ཁ་ཟུང་། 53. ཁ་ཆེ། ཕྱི་རོལ་ཆོས་ལུགས་ཀྱི་མིང་ཞིག་གམ་ཆོས་ལུགས་དེའི་མི་རིགས་ཀྱི་མིང་། 54. ཁ་་་་ཆེ། སྣོད་སོགས་ཀྱི་ཁ་ཞེང་ཆེ་བ། 55. ཁ་ཐུག ཐད་ཀའམ་དྲང་པོར་ཡོད་པ། 56. ཁ་་་ཐུག བཟའ་ཚང་སོགས་ཕན་ཚུན་ཁ་ཐུག་པ། 57. ཁ་ཐོག ཚིག་ཐོག་དང་འདྲ།ཚིག་ཐོག་དོན་འཁྱོལ་བྱེད་ཅེས་པ་ལྟ་བུ། 58. ཁ་་་ཐོག གཏམ་སོགས་ཁ་ནས་གང་འདོད་དུ་བཤད་མི་ཐུབ་པར་ལུད་ནས་སམ་ཐོག་པ། 59. ཁ་དོག མཚོན་མདོགས་ཀྱི་མིང་གཞན། 60. ཁ་་་དོག སྣོད་སོགས་ཀྱི་ཁ་ཆུང་ཆུང་ངམ་དོག་པོར་ཡོད་པ། 61. ཁ་བ། གངས་ཀྱི་མིང་། 62. ཁ་་་བ། དྲི་སོགས་ཁ་བའམ་འཐུལ་བ། 63. ཁ་བྱང་། ངོ་སྤྲོད་མིང་བྱང་། 64. ཁ་་་་བྱང་། གཏམ་སོགས་སྨྲ་བ་ལ་ཁ་གོམས་པ། 65. ཁ་ཚིག ཁ་བཤད་ཀྱི་གཏམ་མམ་ཚིག 66. ཁ་་་་ཚིག ཆུ་སོགས་ཚ་མོའི་རིགས་ཀྱིས་ཁ་ཚིག་པ། 67. ཁབ་ལེན། ངར་ལྕགས་ཀྱི་མིང་། 68. ཁབ་་་་ལེན། ས་སོགས་སུ་ལྷུང་བའི་ཁབ་ལག་ཏུ་ལེན་པ། 69. ཁལ་དོ། འཁལ་མར་འགེལ་རྒྱུའི་དོ་བོ། 70. ཁལ་་་དོ། འཁལ་གྱི་གྲངས་གཉིས་ལ་ཟེར། 71. ཁེར་འགྲོ། ཁེར་རྐྱང་ངམ་གཅིག་པུར་འགྲོ་བའི་མི། 72. ཁེར་་་་འགྲོ། ཁྱེར་ནས་འགྲོ་བའི་དོན།ཡ་བཏགས་མེད་པའི་སྐད་གསར་བཅས་ཤིག 73. ཁོག་ཆུང་། རྫ་ལས་བཟོས་པའི་ཁོག་ཕྲུག་ཆུང་ཆུང་། 74. ཁོག་་་་ཆུང་། བསམ་ཡངས་མེད་པའི་མི་ཁོག་པ་ཆུང་ཆུང་། 75. ཁྱི་སྤྱང་། ཁྱི་དང་འདྲ་བའི་སྤྱང་ཀིའི་མིང་། 76. ཁྱི་་་་སྤྱང་། ཁྱི་སྤྱང་པོའམ་གྲུང་པོ། 77. ཁྱིམ་ནོར། ཁྱིམ་གྱི་ནོར་རམ་ཁྱིམ་ནང་གི་དངོས་རྫས། 78. ཁྱིམ་་་་ནོར། ཁྱིམ་ཚང་ནོར་ནས་གཞན་ཁྱིམ་ལ་འཛུལ་བ། 79. ཁྲིམས་ཆད། ཁྲིམས་དང་འགལ་བའི་ཉེས་ཆད། 80. ཁྲིམས་་་་་ཆད། སྒྲིག་ཁྲིམས་མ་ལྡངས་བར་ཆད་སྐྱོན་བྱུང་། 81. མཁྱེན་པ། ཤེས་བྱ་མཁྱེན་པའི་ལམ་གྱི་མིང་། 82. མཁྱེན་་་་པ། བྱ་དངོས་སོགས་ཤེས་པའམ་ཧ་གོ་བ། 83. གར་འཆམ། གར་དང་འཆམ་གྱི་བསྡུས་མིང་། 84. གར་་་་འཆམ། གླུ་གར་ཞབས་གྲོ་འཁྲབ་པ། 85. གས་པ། གས་ཁ་དང་གཅིག་ཏེ་ཤིང་སོགས་འགས་པའི་སྲུབ་ཀའི་མིང་། 86. གས་་་་པ། ཤིང་སོགས་མེ་སོགས་ཀྱིས་སྐམ་ནས་གས་པ། 87. གོ་ནོར། གོ་ཚུལ་ནོར་བ། 88. གོ་་་ནོར། གོ་ས་འཆོལ་བའམ་ནོར་བ། 89. གོ་ལོག གོ་དོན་ཕྱིན་ཅི་ལོག་ཏུ་སོང་བ། 90. གོ་་་ལོག མག་པ་སོགས་ཁྱིམ་ཐབས་སུ་མི་གནས་པར་རང་ཁྱིམ་དུ་ལོག་པ། 91. གྲམ་པ། རྒྱུག་ཆུའི་མཐར་ཡོད་པའི་རྡོ་ཧྲུག་གི་མིང་། 92. གྲམ་་་པ། འབྲུ་སོགས་གང་སར་ཁྱབ་པའམ་འཐོར་བ། 93. གྲུ་འཛིན། སྤྱན་རས་གཟིགས་ཀྱི་ཞིང་ཁམས། 94. གྲུ་་་འཛིན། ཀོ་གྲུ་སོགས་བཟུང་བའམ་འཛིན་པ། 95. གྲུ་བཞི། ངོས་བཞི་ཆ་སྙོམས་པའི་དབྱིབས་ཀྱི་མིང་། 96. གྲུ་་་བཞི། གྲུགཟེངས་ཀྱི་གྲངས་བཞི། 97. མགོ་འཛིན། ལས་ཁུངས་སོགས་ཀྱི་མགོ་ཁྲིད། 98. མགོ་་་འཛིན། བྱ་དངོས་གང་ཞིག་གི་ཐོག་མ་ནས་འཛིན་པ། 99. རྒྱལ་བ། སངས་རྒྱས། 100. རྒྱལ་་་བ། མི་མ།ཐུན་ཕྱོགས་སོགས་ལས་རྒྱལ་བ། 101. སྒོ་བྱང་། ཁྱིམ་སྒོའི་མིང་བྱང་། 102. སྒོ་་་བྱང་།ཁྱིམ་སོགས་ཀྱི་སྒོ་ཁ་བྱང་དུ་བསྟེན་པ། 103. སྒྲ་མི་སྙན། གླིང་བཞིའི་ཡ་གྱལ་བྱང་གི་གླིང་། 104. སྒྲ་་་མི་སྙན། ཐོས་པའི་སྒྲ་སྙན་པོ་མེད་པ། 105. སྒྲིབ་པ། སྡིག་སྒྲིབ་སྤྱིའི་མིང་། 106. སྒྲིབ་་་པ། གཡོག་པ་སོགས་ཀྱིས་མི་མངོན་པར་བྱས་པའམ་སྒྲིབ་པ། 107. སྒྲུབ་འཇུག བློས་ཡུལ་ལ་འཇུག་ཚུལ་གྱི་མིང་ཞིག 108. སྒྲུབ་་་འཇུག བྱ་བ་གང་ཞིག་གཞན་ལ་སྒྲུབ་ཏུ་འཇུག་པ། 109. ང་རྒྱལ། ཁེངས་པའི་མིང་། 110. ང་་་རྒྱལ། གཞན་ལས་རང་ཉིད་རྣམ་པར་རྒྱལ་བ། 111. ངེས་མེད། བརྟན་ཁེལ་མེད་པ། 112. ངེས་་་མེད། རྟོགས་མེད་པ། 113. ངོ་ཁེབས། གདོང་གཡོག་གམ་ངོ་རས། 114. ངོ་་་ཁེབས། གདོང་ཡོངས་ལ་ཁྱབ་པ། 115. ལྕགས་སྒྲིལ། ལྕགས་ལས་བཟོས་པའི་སྣོད་ཆད་ཀྱི་མིང་། 116. ལྕགས་་་་སྒྲིལ། ལྕགས་རིགས་རྣམས་གོང་པོར་བཟོ་བ། 117. ངོ་ཚ། གཞན་ངོར་ཚེར་བའི་ཉམས། 118. ངོ་་་ཚ། གདོང་ན་རྨ་སོགས་ཀྱིས་ཚ་བ། 119. དངུལ་ཆད། དངུལ་གྱི་ཆད་པ། 120. དངུལ་་་ཆད། དངུལ་བུན་སོགས་ཆད་ནས་མ་ཚང་བ། 121. དངོས་མེད། དོན་བྱེད་ནུས་སྟོང་། 122. དངོས་་་མེད། གནས་ཡུལ་དངོས་ལ་མེད་པ། 123. རྔ་ཁྲི། རྔ་ཡི་འཇོག་སྟེགས། 124. རྔ་་་ཁྲི། རྔ་ཡི་གྲངས་ཁྲི་ཁྲག་ལོང་བ། 125. རྔ་དབྱུག རྔ་རྡུང་བྱེད་ཀྱི་དབྱུག་པ། 126. རྔ་་་་དབྱུག རྔ་བོར་བའམ་གཡུག་པའི་བྲི་ཚུལ་གཞན། 127. ཅང་ཤེས། རྟ་མཆོག་གི་མིང་། 128. ཅང་་་ཤེས། ཅི་ཡང་ཤེས་པ། 129. ལྕེ་ཤེས། ལྕེའི་རྣམ་ཤེས། 130. ལྕེ་་་ཤེས། ལྕེ་གང་ཡིན་ངོས་འཛིན་ཐུབ་པ། 131. ལྕགས་དབྱུག། ལྕགས་ལས་བཟོས་པའི་དབྱུག་པའི་མིང་། 132. ལྕགས་་་་དབྱུག ལྕགས་འཕེན་པར་བྱེད་པའམ་དབྱུག་པ། 133. ཆ་གསུམ། ཕྱོགས་སྐྱོང་ལ་འབུལ་རྒྱུའི་གཏོར་ཆོག་ཞིག 134. ཆ་་་གསུམ། ཟུང་དུ་གྱུར་བའི་དངོས་པོ་གཉིས་ཤིབས་ཀྱི་གྲངས་གསུམ། 135. ཆགས་པ། འདོད་ཆགས་ཀྱི་མིང་། 136. ཆགས་་་པ། གཞིས་སུ་ཆགས་པ། 137. ཆབ་གཏོར། ཆུ་སྦྱིན་གཏོར་མ། 138. ཆབ་་་གཏོར། གས་ཆུ་སོགས་གཏོར་བ། 139. ཆུ་ཁུར། སྤྲིན་གྱི་མངོན་བརྗོད། 140. ཆུ་་་ཁུར། ཆུ་རྒལ་པ་སོགས་སུ་ཁྱེར་བ། 141. ཆོས་སྐྱོང་། ཆོས་སྲུང་སྤྱིའི་མིང་། 142. ཆོས་་་སྐྱོང་། དམ་ཆོས་ཚུལ་བཞིན་དུ་སྐྱོང་བ། 143. ཆོས་ཁྲི། གླེགས་བམ་མམ་ཆོས་གཏོར་འཇོག་ས། 144. ཆོས་་་ཁྲི། གླེགས་བམ་མམ་ཤེས་བྱའི་གྲངས་ཁྲི་ཡི་མིང 145. ཆོས་གྲགས། སློབ་དཔོན་ཆོས་ཀྱི་གྲགས་པའི་མཚན་བསྡུས་པ། 146. ཆོས་་་གྲགས། ཆོས་ཀྱི་གཏམ་སོགས་ཡོངས་སུ་གྲགས་པ། 147. ཆོས་རྒྱལ། དམ་ཆོས་ཚུལ་བཞིན་སྐྱོང་བའི་རྒྱལ་པོ། 148. ཆོས་་་རྒྱལ། ཆོས་རྣམས་ཆོས་མིན་ལས་རྒྱལ་པ། 149. ཆོས་ཉིད། ཆོས་རྣམས་ཀྱི་ངོ་བོ་དེ་ཁོ་ན་ཉིད་དམ་སྟོང་ཉིད། 150. ཆོས་་་ཉིད། ཆོས་ཁོ་ན་ལས་གཞན་མིན་པ། 151. ཆོས་ནོར། ཆོས་རྫས་སུ་འཁོ་བའི་རྒྱུ་ནོར། 152. ཆོས་་་ནོར། ཆོས་བྱེད་ཚུལ་སོགས་ཕྱིན་ཅི་ལོག་ཏུ་སོང་བ། 153. ཆོས་མཛད། གྲྭ་པ་རྣམས་ཀྱི་གཏོང་སྒོ་བཏང་བ་ལས་ཐོབ་པའི་གོ་མིང་ཞིག 154. ཆོས་་་་མཛད། ཆོས་ཀྱི་གསོལ་གཏོད་པའམ་ཆོས་ཀྱི་བྱ་བ་མཛད་པ། 155. ཆོས་སྲིད། ཆོས་དང་སྲིད་ཀྱི་བསྡུས་མིང་། 156. ཆོས་་་སྲིད། ཆོས་རྣམས་ཡོད་སྲིད་པ། 157. མཆོད་པ། མཆོད་ཡོན་དུ་འབུལ་རྒྱུའི་གཏོར་མ་སོགས་ཀྱི་མིང་། 158. མཆོད་་་པ། གཏོར་མ་སོགས་ཀྱིས་འབུལ་བ་འཕུལ་བ། 159. ཇ་དཀྲུག ཇ་དཀྲུག་བྱེད་ཀྱི་ཐུར་མ་ཞིག 160. ཇ་་་་དཀྲུག ཇ་ནང་མར་སོགས་བླུགས་ནས་དཀྲུག་པའམ་ བསྲུབ་པ། 161. མཇལ་བ། གནས་མཇལ་བའམ་གནས་སྐོར་བ། 162. མཇལ་་་བ། བླ་མའམ་སྐུ་གསུང་ཐུགས་བརྟེན་སོགས་མཇལ་བ། 163. ཉ་གང་། ཚེས་བཅོ་ལྔའི་མིང་། 164. ཉ་་་གང་། ཉ་སྲང་ངམ་ཧར་ཉག་གང་བ། 165. ཉ་སྟོང་། ཚེས་བཅོ་ལྔ་དང་གསུམ་བཅུའི་བསྡུས་མིང་། 166. ཉ་་་སྟོང་། ཉ་ཡི་གྲངས་ཀ་སྟོང་ལོང་བ། 167. གཏམ་སྟོང་། དོན་མེད་དམ་སྟོང་པའི་གཏམ། 168. གཏམ་་་སྟོང་། གཏམ་གྱི་གྲངས་སྟོང་ལོང་བ། 169. གཏིང་མེད། གཏིང་མི་མངོན་པ། 170. གཏིང་་་མེད། གཏིང་དེ་ཙམ་མེད་པ། 171. རྟ་གླ། རྟ་ཡིས་ལས་བྱས་པའི་གླ་ཆ། 172. རྟ་་་གླ། རྟ་གླ་བ། 173. རྟ་གཡོག རྟ་ལ་གཡོག་པོ་རྒྱུག་མཁན། 174. རྟ་་་གཡོག རྟ་ལ་གཡོག་པོ་རྒྱུག་པ། 175. ལྟ་བ། གྲུབ་མཐའ་སོགས་ཀྱི་འདོད་ཚུལ་ལམ་ལྟ་བ། 176. ལྟ་་་བ། མིག་སོགས་ཀྱི་ལྟ་བ། 177. ལྟུང་བ། སྟོན་པའི་བཀའ་བཅས་ལས་འདས་པའི་ཉེས་པ་ཞིག་གི་མིང་། 178. ལྟུང་་་བ། ཐོ་ས་ནས་དམའ་ས་སོགས་སུ་ལྷུང་བ། 179. སྟག་ཚང་། གཅན་གཟན་སྟག་གི་ཚང་། 180. སྟག་་་ཚང་། སྟག་གི་ཁ་གྲངས་ཚང་བ། 181. སྟོད་ཁེབས། ཁོག་སྟོད་དུ་གྱོན་རྒྱུའི་གོས། 182. སྟོད་་་ཁེབས། ཁོག་སྟོད་གོས་སོགས་ཀྱི་ཁེབས་པ། 183. སྟོན་པ། སྟོན་པ་སངས་རྒྱས། 184. སྟོན་་་་པ། གཞན་ལ་ལམ་སོགས་སྟོན་པ། 185. བསྟན་པ། ལུང་རྟོགས་ཀྱི་བསྟན་པ། 186. བསྟན་་་པ། ལམ་སོགས་བསྟན་པ། 187. ཐབ་ཁ། མེ་གཏོང་སའི་ཐབ། 188. ཐབ་་་ཁ། ཐབ་ཀྱི་ཁའམ་ཐབ་སྒོ། 189. ཐབས་ཤེས། བྱ་ཐབས་ཀྱི་མིང་། 190. ཐབས་་་ཤེས། བྱ་བ་སོགས་སྒྲུབ་པའི་ཐབས་ཚུལ་ཤེས་པ། 191. ཐར་པ། ཉོན་མོངས་ལས་བྲལ་བའི་འགོག་པའི་མིང་། 192. ཐར་་་པ། བཀག་རྒྱ་སོགས་ལས་ཐར་པ། 193. ཐལ་བ། ས་རྡུལ་སོགས་ཀྱི་ཕྱེ་མ། 194. ཐལ་་་བ། ཚད་གཞི་ལས་འདས་པའི་དོན། 195. ཐིག་ནག དམྱལ་ཁམས་རྡོ་རྗེ་ཐིག་ནག 196. ཐིག་་་ནག རིས་མོ་སོགས་དྲང་པོ་ཡོང་ཆེད་དུ་བཏབས་པའི་ཐིག་ནག་པོ། 197. ཐིག་ཚད། ཐིག་གི་ཚད་གཞི། 198. ཐིག་་་ཚད། ཐིག་བཏབས་ཏེ་ཚད་གཞི་ལེན་པ། 199. ཐུག་པ། ཁ་ལ་ཐུང་རྒྱུའི་རྩམ་ཐུག་སོགས་ཀྱི་མིང་། 200. ཐུག་་་པ། དངོས་པོ་སོགས་ལ་རེག་པའམ་གང་ཟག་ཕན་ཚུན་འཕྲད་པ། 201. ཐུགས་སྤྲོ། དགའ་སྟོན། 202. ཐུགས་་་སྤྲོ། སེམས་སྐྱིད་པ། 203. ཐུབ་པ། ཤཱཀྱ་ཐུབ་པའི་མཚན། 204. ཐུབ་་་པ། བྱ་བ་སོགས་ནུས་པ། 205. དམ་བཅའ། ཁས་ལེན་གྱི་མིང་། 206. དམ་་་་བཅའ། འདོད་པ་དམ་བཅའ་བ། 207. དར་ཆ། རྒྱལ་དར་སོགས་ཀྱི་མིང་། 208. དར་་་ཆ། རས་དར་སོགས་ཁ་མདོག་མཚུངས་པའམ་གཅིག་པ། 209. དེ་དག རྣམས་ཞེས་པའི་དོན། 210. དེ་་་དག གང་ངོས་འཛིན་པའི་དངོས་པོ་དེ་དག་པའམ་གཙང་མ། 211. དྲན་པ། ཡུལ་ངེས་ལྔའི་ནང་མཚན་གྱི་དྲན་པའི་མིང་ཞིག 212. དྲན་་་པ། སྔར་སོང་བྱ་བ་སོགས་ཡང་ཡང་སེམས་སུ་འཁཽར་བ། 213. འདུ་ཤེས། འདིའོ་སྙམ་དུ་རྟོགས་པའི་ཤེས་པའི་མིང་། 214. འདུ་་་ཤེས། མང་པོ་ཉུང་ངུར་འདུ་ཚུལ་སོགས་ཤེས་པ། 215. འདུལ་བ། དམ་ཆོས་འདུལ་བ་སྟེ་གཞུང་ཆེན་ལྔའི་ནང་ཚན་ཞིག 216. འདུལ་་་་བ། སེམས་སམ་མ་རུང་བའི་ཕྱོགས་འདུལ་བར་བྱེད་པ། 217. རྡོ་བཀྱག རྡོ་ལས་བཟོས་པའི་སྐས་རྫེགས། 218. རྡོ་་་་བཀྱག རྡོ་ཡི་གོང་པོ་དག་ས་ནས་གཏེགས་པའམ་བཀྱག་པ། 219. རྡོ་སྟེགས། རྡོ་ཡི་སྟེགས་བུ། 220. རྡོ་་་སྟེགས། རྡོ་རྣམས་ས་སོགས་ལས་ཡར་སྟེགས་པ། 221. གནམ་གང་། ཚེས་གསུམ་བཅུའི་མིང་། 222. གནམ་་་གང་། ནམ་མཁའ་གང་བ། 223. གནས་བརྟན། བསླབ་པ་རྒན་པའི་དགེ་སློག་ལ་འབོད་པའི་ཚིག 224. གནས་་་བརྟན། སྡོད་གནས་མི་གཡོ་པར་བརྟན་པོ། 225. རྣ་ཆ། རྣ་ཡི་རྒྱན་ཆ། 226. རྣ་་་ཆ། རྣ་ཆེ་ཆུང་སོགས་མེད་པ་གཅིག་མཚུངས་སུ་ཡོད་པ། 227. ཕར་ཕྱིན། ཕར་ཕྱིན་དྲུག་དང་དེ་སྟོན་པའི་གཞུང་། 228. ཕར་་་་ཕྱིན། ཕ་རོལ་དུ་ཕྱིན་པའམ་སོང་བ། 229. བག་ལེབ། བཟའ་བཅའི་ཁུ་ར་སྒོར་དབྱིབས། 230. བག་་་ལེབ། བྲག་ལེབ་མོ་སྟེ།་སྐད་གསར་བཅས་ཀྱི་བརྡ། 231. བག་་ཕྱེ། བཟའ་བཅའི་བག་ལེབ་ཀྱི་ཕྱེའམ་བག་་ཞིབ། 232. བག་་་ཕྱེ། བྲག་སྒོ་སོགས་ཕྱེ་པའམ་དབྱེ་བ། 233. བུ་ལོན། གཞན་དངོས་གཡར་བའི་སྐྱེད་སོགས། 234. བུ་་་ལོན། བུ་ཡི་ན་ཚོད་ལོན་པ། 235. བྱིན་པ། རྐང་པའི་ཉྭ་ཡི་མིང་། 236. བྱིན་་་པ། གཞན་ལ་སྦྱིན་པ་བྱིན་པ 237. དབྱུག་པ། ཤིང་རྒྱུག་སོགས་ཀྱི་མིང་། 238. རྡོ་སོགས་འཕེན་པའམ་དོར་བ། 239. དབུ་མཛད། འདོན་བྱའི་དབུ་སྐུལ་མཁན་དང་གཞད་སོགས་འགོ་ཁྲིད་ནས་སྐུལ་མཁན། 240. དབུ་་་་མཛད། ལས་དོན་གང་ཞིག་གི་ཐོག་མའི་འགོ་བཙུགས་པ། 241. མ་ཕམ་པ། སངས་རྒྱས་བྱམས་པའི་མཚན་གྱི་རྣམ་གྲངས།ཨ 242. མ་་་་ཕམ ་པ། རང་ངམ་གཞན་གྱི་སྐྱེ་མ་དང་རྩོད་པ་སོགས་ཀྱིས་ཕམ་པའམ་དེ་ལས་རྒྱལ་བར་བྱས་པ། 243. མ་ཡིན། བྱ་དངོས་གང་ཞིག་ཡིན་པའི་ལྡོག་ཟླ། 244. མ་་་ཡིན། རང་གཞན་གྱི་སྐྱེས་མ་ཡིན་པ། 245. མ་གཡོག མ་ཆེན་གྱི་ལས་རོགས། 246. མ་་་་གཡོག སྐྱེས་མར་གཡོག་བྱས་པ། 247. མི་ཚང་བ། དངོས་པོ་གང་ཞིག་གི་ཆ་ལག་མ་ཚང་བ། 248. མི་་་་ཚང་བ། མི་རྣམས་ལྷག་ལུས་མེད་པར་ཚང་བ། 249. དམག་དར། དཔུང་དམག་གི་དར་ཆ། 250. དམག་་་དར། དམག་དཔུང་དར་ཕེལ་སོང་བ། 251. རྩིས་པ། རྩིས་རྒྱབ་མཁན་གྱི་མི་དྲུང་ཡིག་སོགས་ལ་གོ 252. རྩིས་་་་པ། དཔྱ་དངོས་སོགས་ཚང་མིན་གྱི་གྲངས་བཤེར་བྱེད་པ། 253. བཙུན་པ། གྲྭ་པ། 254. བཙུན་་་པ། ཀུན་སྤྱོད་བཙུན་པ། 255. ཚེས་པ། ཚེས་གཅིག་སོགས་ཀྱི་མིང་། 256. ཚེས་་་པ། དུས་ཚེས་སོགས་འཆར་བའམ་ཟིན་པ། 257. ཚོགས་པ། གང་ཟག་གམ་དངོས་པོ་དུ་མ་འདུས་ནས་ཡོད་པའི་སྡེ་མཚན་གྱི་མིང་། 258. ཚོགས་་་་པ། གཞི་དུ་མ་གཅིག་ཏུ་འཛོམ་པའམ་འདུས་པ། 259. མཛད་པ། བླ་མ་སོགས་མི་དྲག་རྣམས་ཀྱི་སྤྱོད་ཚུལ་ལ་གོ 260. མཛད་་་་པ། བྱ་བ་གང་ཞིག་བྱས་པ། 261. འཛིན་པ། བློའི་མིང་གི་རྣམ་གྲངས། 262. འཛིན་་་་པ། ཡུལ་སོགས་བཟུང་བ། 263. རྫས་ཡོད། རྫས་སུ་གྲུབ་པའི་མིང་། 264. རྫས་་་་ཡོད། དངོས་རྫས་ཀྱི་རིགས་ཡོད་པ། 265. ཝ་མོ། ཝ་སྐྱེས་སྤྱིའི་མིང་། 266. ཝ་་་་མོ། ཝ་སྐྱེས་མོ། 267. ཞག་རྩི། སྣུམ་སོགས་ཀྱི་ཚིལ་ཁུ། 268. ཞག་་་རྩི། ཉིན་ཞག་ཇི་སོང་རྩི་བ། 269. ཞལ་དཀར། དཀར་ཡོལ་གྱི་མིང་། 270. ཞལ་་་དཀར། གདོང་པ་དཀར་པ། 271. གཞན་རིག ཁ་ཕྱིར་ལྟའི་ཤེས་པ་རྣམས་ཀྱི་མིང་། 272. གཞན་་་་རིག ཆོས་ཅན་གཞན་རིག་པའམ་མཐོང་བ། 273. གཞོན་པ། རྟ་དྲེལ་སོགས་ཀྱི་མིང་། 274. གཞོན་་་་པ། རྟ་དྲེལ་སོགས་གཞོན་པ། 275. ཟག་པ། ཉོན་མོངས་སོགས་ཀྱི་མིང་། 276. ཟག་་་པ། ལྷུང་བ། 277. ཟས་ནོར། ཟ་རྒྱུའི་ནོར་རྫས། 278. ཟས་་་ནོར། ཟ་རྒྱུའི་རྫས་ནོར་བའམ་འཁྲུག་པ། 279. བཟོད་པ། ཕྱིན་དྲུག་གི་ནང་ཚན་གསུམ་པའི་མིང་། 280. བཟོད་་་པ། སྲན་ཐུབ་པའམ་ནུས་པ། 281. འོག་མིན། བསམ་གཏན་གྱི་གནས་ཀྱི་ནང་ཚན་ཞིག 282. འོག་་་མིན། འོག་མ་མིན་པ། 283. འོད་གསལ། གསང་སྔགས་ཀྱི་ཆོས་སྐད་དུ་སྒྱུ་ལུས་ཀྱི་མིང་། 284. འོད་་་གསལ། ཉི་མ་སོགས་ཀྱི་འོད་ཟེར་གསལ་པོ་ཡོད་པ། 285. ཡིད་ཤེས། ཡིད་ཀྱི་རྣམ་ཤེས། 286. ཡིད་་་་ཤེས། སེམས་སམ་ཡིད་ཤེས་པའམ་རྟོགས་པ། 287. རག་པ། རྟ་སོགས་ཀྱི་དམར་སེར་འདྲེས་པའི་སྤུའི་ཁ་མདོག་གི་མིང་། 288. རག་་་་པ། དཔྱ་དངོས་གང་དག་རང་གཞན་གང་རུང་ལ་ཐོབ་པའམ་རག་པ། 289. རིག་པ། ཡུལ་ཅན་བློ་ཡི་མིང་གི་རྣམ་གྲངས་ཤིག 290. རིག་་་་པ། ཡུལ་གང་དག་ཞིག་རིག་པའམ་མཐོང་བ། 291. ལ་ལ་ཕྱིན། སྐྱེས་བུ་སོགས་གང་ཟག་ཁ་ཅིག་སོང་བ། 292. ལ་་་་ལ་ཕྱིན། རི་སོགས་ཀྱི་ལ་རྒྱབས་ནས་ཕྱིན་པ། 293. ལུད་པ། གློ་སོགས་རྒྱབས་པ་ལས་འཐོན་པའི་ཁ་ལུད་དམ་གཤེར་ཁུའི་མིང་། 294. ལུད་་་་པ། སྣོད་སོགས་ཀྱི་ཁ་ནས་འོ་མ་སོགས་ལུད་པའམ་འཕྱོ་བ། 295. ལོ་ཤེས། རྩིས་པ་ཡི་མིང་གི་རྣམ་གྲངས། 296. ལོ་་་་ཤེས། རང་གཞན་གང་རུང་གི་ལོ་གྲངས་ཤེས་པའམ་ཧ་གོ་བ 297. ཤེས་པ། ཡུལ་གང་ཡང་རུང་བ་ཧ་གོ་བའམ་དེར་འཇུག་པའི་བློ་ཡི་མིང་། 298. ཤེས་་་་པ། མ་ངེས་པའི་དོན་རྣམས་ཡིད་ངོར་རྟོགས་པར་བྱས་པ། 299. སད་མེད། དུག་སྦྲུལ་གྱི་མིང་གི་མངོན་བརྗོད། 300. སད་་་་མེད། ཞིང་ལ་སོགས་པ་སད་ཀྱིས་ཐེབས་མེད་པ།

301. སར་ཉལ། མ་ཧེིའི་མིང་གི་མངོན་བརྗོད། 302. སར་་་་ཉལ། ས་ལ་ཉལ་བ། 303. སིལ་སྙན། དཀྲོལ་བྱ་རོལ་མོའི་མིང་། 304. སིལ་་་་སྙན། སིལ་སྙན་གྱི་སྒྲ་སྣ་བར་སྙན་པའི་དོན། 305. གསུམ་ཆ། དངོས་པོ་གང་ཞིག་དུམ་བུ་གསུམ་དུ་བགོས་པའི་ཆ་ཤས་གཅིག་གི་མིང་། 306. གསུམ་་་་ཆ། དངོས་པོ་གང་དག་གྲངས་གསུམ་དབྱིབས་རིགས་སོགས་གཅིག་པའི་དོན། 307. སོ་མང་། སྐྲ་ཤད་དམ་རྒྱུག་ཤད་ཀྱི་མིང་། 308. སོ་་་་མང་། ཁ་རུ་སྐྱེས་པའི་སོགས་མང་བའི་དོན། 309. སྲིད་པ། འཁོར་བའི་མིང་གཞན། 310. སྲིད་་་་པ། རུང་བའམ་ཆོག་པའི་དོན། 311. སྲོག་ཆགས། སེམས་ལྡན་གྱི་འགྲོ་སྤྱིའི་མིང་། 312. སྲོག་་་་ཆགས། གཟུགས་ཅན་གྱི་དངོས་པོ་གང་ཞིག་ལ་རྣམ་ཤེས་བཞུགས་པ་ལ་གོ 313. གསེར་ལྡན། རེ་གཟའ་ལྷག་པའི་མིང་གི་མངོན་བརྗོད། 314. གསེར་་་་ལྡན། གསེར་དང་ལྡན་པ་སྟེ་གསེར་ཡོད་པའི་གནས་སམ་གང་ཟག་ལ་གོ 315. བསླབ་པ། ཏིང་ངེ་འཛིན་སོགས་བསླབ་བྱའི་གནས་ཀྱི་མིང་། 316. བསླབ་་་་པ། ཡོན་ཏན་སོགས་སྦྱང་བྱའི་གནས་ལ་སྦྱང་བར་བྱེད་པའི་དོན། 317. ལྷགས་པ། རྒྱུ་བའི་རླུང་གི་མིང་། 318. ལྷགས་་་་པ། འབྱོར་བའམ་སླེབས་པའི་དོན། 319. ལྷམ་སྒྲོག ལྷམ་གྱི་སྒྲོ་གའི་མིང་། 320. ལྷམ་་་་སྒྲོག ལྷམ་བསྡམ་པའམ་བཅིངས་པའི་དོན། བཅུ་པ་ཚིགས་བསྡུས་ལྷུག་བཀྲོལ་ཉུང་ངུ་བཤད་པ་ལ། ཚིགས་བསྡུས་ལྷུག་བཀྲོལ་རིའུ་མིག། 1)དཀའ་ཐུབ། དཀའ་ལས་ལ་བཟོད་གསན་ཐུབ་པ། 15)མཐའ་བྲལ། མཐའ་ཡི་ཚད་དང་བྲལ་བ། 29)བྱར། བྱ་བར། (བྱ་བར་འོས་ལྟ་བུ་) 2)བཀྲས་སྒོར། བཀྲ་ཤིས་སྒོར་མོ། 16)མཐའ་མེད། མཐའ་གཞལ་དུ་མེད་པ། 30)མྱང་། མྱ་ངན། 3)བཀྲིས། བཀྲ་ཤིས། 17)དག དེ་དག 31)ཚད་མེད། ཚད་དཔག་ཏུ་མེད་པ། 4)གང་དག གང་ཡིན་དེ་དག 18)དེ་ཉིད། དེ་བཞིན་ཉིད། 32)ཞེའོ། ཞེས་བྱ་བ་འོ། (ཞེས་པའོ་) 5)གོ་ཆ། གོ་མཚོན་ལག་ཆ། 19)དེ་ཚེ། དེ་ཡི་ཚེ། 33)འུལ། འུ་ལག (ཁྲལ་འུ་ལག་རྒྱུག་པ་) (ཁྲལ་འུལ་ལྟ་བུ་) 6)གོས་ཆག གོས་ཀྱི་ཆ་ག 20)དེང་། དེ་རིང་། (དེ་རིང་སང་) 34)འོན་ཏེ། འོ་ན་སྟེ། (ཏེ་) ཚིག་ཕྲད་འགྱུར་བའོ། 7)གྲོང་ཆོག གྲོང་མིའམ་གྲོང་ཚོའི་ནང་བྱེད་པའི་བཞབས་རྟེན་ཆོ་ག 21)དེང་སང་། དེ་རིང་སང་ཉིན། 35)ཡིག ཡི་གེ 8)ཆག ཆ་གས་པ། (དུམ་པོར་སོང་བའི་དོན་) 22)དེས་ན། དེ་ཡིས་ན། 36)རག ར་གན། (རག་སྐུ་ཅེས་པ་ལྟ་བུ་) 9)ཆེར། ཆེས་ཆེར། 23)དེས། དེ་ཡིས། 37)རེས། རེ་མོས། 10)ཆེས། ཆེན་པོས། 24)དེས་ན། དེ་བས་ན། 38)ཤེར། ཤེས་རབ། 11)ཆོས་ཉིད། ཆོས་རྣམས་ཀྱི་རང་གཤིས་དེ་ཁོ་ན་ཉིད། 25)དཔག་མེད། དཔག་ཏུ་མེད་པ། 39)སོན། ས་བོན། 12)ཉག ཉ་ག (འདེགས་བྱེད་དམ་ཤུར་གྱི་མིང་) 26)ཕུན། ཕུ་ནུ། (ཕུ་བུ་དང་ནུ་བུ་) (ཕྱིས་སུ་ཕུན་ནས་སྤུན་ཞེས་པར་འགྱུར་བ་འཐེབས་) 40)གསེར་ངང་། གསེར་བྱ་ངང་པ། 13)ཉེ་ཆར། ཉེ་བའི་ཆ་ལ། 27)ཕྲུག ཕྲུག་གུ 41)བསེ་ཀོ རི་དྭགས་བསེ་རུའི་ཀོ་བ། 14)ཉེར། ཉེ་བར། (ཉེ་བ་ལ) (མི་རིང་བར་ ཡོད་པ་) 28)བུན། བུ་ལོན། 42)ཧ་ཡང་། ཧ་ཅང་ཡང་བ། ཚིག་བསྡུས་ཀྱི་སྐབས་སུ་སྔོན་འཇུག་དང་རྗེས་འཇུག་མིང་གཞི་དབྱངས་བྱ་ཚིག་དང་མིང་ཚིག་སོགས་རེ་རེ་བ་དང་དུ་མ་ཚོགས་པ་ཇི་སྙེས་ཤིག་བསྡུ་ཚུལ་ཡོད་འདུག་པས་བསྡུས་ཚིག་གི་གྲངས་མང་དག་ཞིག་ཡོད་ངེས་ཀྱང་འདིར་བཀོད་པ་ནི་རང་ཉིད་རྒྱུན་དུ་ཆོས་འདོན་དང་གཞན་ཡང་དཔེ་ཀློག་འདྲ་མིན་བྱེད་བའི་སྐབས་ཚིག་བསྡུས་འགའ་རེ་གོ་བ་རྣམས་མི་བརྗེད་བའི་ཆེད་ཡི་གེར་བཏབས་པ་ཉུང་ཤས་ཤིག་ཡོད་པ་རྣམས་རང་མཉམ་འགར་ཕན་རེས་འདིར་བཀོད་པའོ།། བཅུ་གཅིག་པ་འཇུག་གི་དོན་ལ།དེ་ལྟར་སུམ་ཅུ་པའི་གཞུང་གི་གནས་རྣམས་ལས་བདག་འདྲའི་བློ་དམན་པ་དག་ལ་ཉེ་བར་འཁོ་བའི་ཡི་གེའི་བྱུང་རིམས་དང་སྐྱེ་གནས་ཀྱི་ངོས་འཛིན་རྣམ་དབྱེའི་གོ་དོན་ཞར་བྱུང་འདོན་པ་འགྱུར་བཏང་ལས་དོན་ཇི་ལྟར་འགྱུར་ཚུལ་དང་རྩ་བའི་ཚིག་རིས་ལ་མི་མཐུན་པ་བྱུང་བ་བཀོད་པ་དང་བཅས་པ་སོགས་རང་བློར་གང་ཤར་གྱི་མདོར་བསྡུས་པའི་ཚུལ་དུ་རེ་ཞིག་བཀྲལ་ཟིན་ཏོ།། འདིར་སྨྲས་པ། གངས་ཅན་གྱི་ལྗོངས་ཆེན་པོ་འདིའི་རིགས་པའི་གཞུང་ལུགས་ནམ་མཁའ་ཁྱབ་པ་ཞིག་ཡོད་ན་ཡང་དེ་དག་ལས་མང་པོཞིག་ནི་དུས་ཀྱི་དབང་ལས་སྐད་འགྱུར་སྣ་ཚོགས་འཐེབ་པར་བརྟེན་དེང་གི་དུས་སུམཁས་པ་རྣམས་ལ་གསོས་སུ་འགྱུར་ཀྱང་བདག་འདྲ་བའི་ཧ་ཅང་བློ་དམན་པ་རྣམས་ལ་སྨན་དུ་མི་འགྱུར་ཞིང་ཡུལ་དུས་འདི་ལ་ཕྱི་རབ་ཀྱི་འགྲེལ་རྩོམ་དུ་མ་ཞིག་འདུག་མོད་མང་པོ་ཞིག་ནི་ཕྱོགས་ལྷུང་གི་ཉ་མྱུང་མཉམ་བསེས་ཀྱི་རང་ཡུལ་གྱི་ཕལ་སྐད་དུ་མ་ཡིག་སྐད་དུ་འགྲུབ་པ་ལ་གཞོལ་ནས་སྔོན་བྱོན་གྱི་མཁས་གྲུབ་དུ་མའི་ལེགས་བཤད་ལ་སྒྲོ་འདོགས་སྣ་ཚོགས་ཀྱིས་ཕྱི་རབ་ཀྱི་སློབ་གཉེར་བ་རྣམས་ལ་ཇེ་དཀའ་རུ་བཏང་དང་གཏོང་བཞིན་འདུག་པ་དེ་དག་ལ་གཏང་མཉོམས་སུ་འཇོག་པ་མི་བཟོད་ཞིང་བཤེས་གཉེན་གོང་མ་རྣམས་ལ་བཀའ་དྲིན་བཟོ་བའི་ཕྱིར་གཞུང་འདིའི་དོན་ལ་ཕྱོགས་སུ་མ་ལྷུང་བའི་སྒོ་ནས་རང་གི་བློ་གྲོས་ཀྱིས་ཅི་ནུས་སུ་དཔྱད་དེ་ཡི་གེར་བཀོད་པ་ལས་ཟོལ་བཅོས་དང་གཞན་གྱི་ཚིག་རིས་ལ་ཞིག་ཏེ་པར་ཤུད་བྱས་པ་ཞིག་མིན་པས་གལ་ཏེ་འདིར་ལྷ་རྫས་སུ་འོས་པའི་མེ་ཏོག་གི་ཕྲེང་བ་རེ་བྱུང་ཡོད་ཚེ་དགྱེས་བཞེད་དང་དེ་ལྟར་མིན་པར་ནོར་འཁྲུལ་གྱི་བཤད་པ་རང་གཞན་ཐ་དག་ལ་གནོད་པའི་དུག་ཏུ་འགྲོ་བཞིན་ཡོད་ན་བདག་ནི་ཀུན་ནས་བསླབ་བྱ་ལེན་པར་སེམས་དབུས་ནས་སྤྲོ་བ་ཤིག་ཡིན་ན་མཁྱེན་དཔྱོད་ཅན་དག་གིས་བླང་དོར་གྱི་བཀའ་སློབ་གནང་སྐྱོང་ཡོང་བ་ཅི་ནས་ཀྱང་རེ་བ་ཞུ་བཞིན་ཡོད། སླར་སྨྲས་པ། བཙན་པོ་ལས་ངན་དུས་སུ་སྨིན་པའི་དུས།། བཙན་པོ་དམ་པས་བཞགས་པའི་ལེགས་བྱད་ཀུན།། བཙན་པོ་ཤར་ཕྱོགས་དམར་པོའི་རྒྱལ་ཐབས་ཀྱིས།། བཙན་པོ་དབང་གི་མུན་པའི་དུས་སྐབས་འདིར།། ཀུན་དགའ་གངས་ཅན་གཞུང་ལུགས་ནམས་མཁའི་ཁམས།། ཀུན་ནས་འགེངས་པའི་བརྡ་སྤྲོད་རྟ་བདུན་དབང་།། ཀུན་དགྱེས་འགྲེལ་ཆེན་འོད་ཟེར་སྟོང་དགོད་པ།། ཀུན་ཀྱང་དུས་སུ་མི་སྨན་མུན་པར་ཟིམས།། སྔོན་བྱོན་ལོ་པཎ་ཟུར་གནས་དཔང་པོའི་གཙོ།། དེང་དུས་སྙིགས་ལྔའི་དུས་འདིར་ཆེས་དབེན་པས།། འཁྲུལ་མེད་ཕྱོགས་ལྷུང་བྲལ་བའི་ལེགས་བཤད་ཞིག། དུས་འདིར་ཉི་ཁྲོད་སྐར་མདའི་ཟླ་ལ་གྱུར།། དེ་ན་དེང་འདིར་བདག་གིས་གང་བཤད་པ།། དུས་འདིར་བསླབ་ལ་བརྩོན་པའི་སྐྱེས་བུ་ལ།། ཉེར་འཁོ་བཤད་གསོལ་རྙིང་མའི་དྲི་བྲལ་ཤིང་།། གཞུང་གི་དགོངས་པ་ལེན་པ་གཙོར་བྱས་སོ།། བསིལ་ལྡན་སྐད་ཀྱི་བརྡ་སྤྲོས་དབྱར་རྔའི་སྒྲ། སྐལ་ལྡན་སྐྱེ་འགྲོ་སྒེག་ལྡན་རྣར་ལྷུང་ཞིང་།། དུས་དེར་ཐུབ་པའི་ལུང་བསྟན་ལྷ་ལམ་ངོས།། ཅི་དགར་རྩེན་པའི་སྐལ་བཟང་ཀུན་ཐོབ་ཤོག ཞེས་སུམ་ཅུ་བའི་གཞུང་གི་རྣམ་བཤད་སྙིང་པོ་མདོར་བསྡུས་རབ་གསལ་ཅེས་བྱ་བ་འདི་ནི་དགེ་སློང་གི་མིང་གཟུགས་འཛིན་པ་སེར་བྱེས་ཚྭ་བ་འཕན་པོ་བ་ངག་དབང་དར་རྒྱས་ཀྱིས་བོད་རྒྱལ་ལོ་༢༡ᨃ༨་་་རབ་བྱུང་༡༧་ལྕགས་མོ་ཡོས་བོད་ཟླ་་་༠༡་་པོའི་ཚེས་་་༡༥་་་རེ་གཟའ་སྤ་བསང་ཆོས་འཕྲུལ་སྨོན་ལམ་ཆེན་མོ་དང་།སྤྱི་ལོ་་༢༠༡༡་་་ལོའི་ཟླ་བ་་་༠༣་་པའི་ཚེས་་་༡༨་་དགེ་བའི་ཉིན་རང་ཤག་ཏུ་རེ་ཞིག་འཇུག་རྫོགས་པར་བྱས་པའོ།།།། འདིས་ཀྱང་རྒྱལ་བསྟན་གཞི་མ་ལུང་གི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་རྒྱས་པའི་རྒྱུར་འགྱུར་ཅིག།དར་རྒྱས་ནས།

"https://bo.wikipedia.org/w/index.php?title=User_talk:Zurchen&oldid=117203"ལས་སླར་རྙེད་སོང།