User talk:Ulpalosal

Page contents not supported in other languages.
ཡོང་ཁུངས་Wikipedia

དབུས་པ་བློ་གསལ་ནི་སྙན་གྲགས་ཅན་གྱི་བོད་ཀྱི་མཁས་པ་ཞིག་རེད། ང་ལ་ཁོང་ལྟ་བུའི་ཁྱད་ཆོས་གང་ཡང་མེད་ཀྱང་ཁོང་བཞིན་ཡུལ་དབུས་སུ་སྐྱེས་པའི་བློ་གསལ་གཞན་ཞིག་ཡིན། དེ་བས་ངས་ཁོང་ལྟར་བོད་ཀྱི་རིག་གནས་ལ་ལེགས་སྐྱེས་འབུལ་བའི་རེ་བ་བྱེད་བཞིན་རང་གི་མིང་དེ་ལྟར་བྲི་བཞིན་ཡོད། ང་རང་ཝེ་ཁེ་རིག་མཛོད་དུ་ཞུགས་དོན་ནི་གནད་དོན་གསར་པ་ཞིག་ཤེས་པའི་ཆེད་དུ་ཡིན། ང་ལྟ་བུའི་གྲྭ་རྐྱང་ཞིག་ལ་མཚོན་ན་ཤེས་བྱའི་གནས་ལུགས་མང་པོ་ཞིག་སྐད་ཡིག་གཞན་གྱི་འཇིག་རྟེན་ན་ལུས་ཏེ་རྟོགས་ཐབས་བྲལ། དེ་བས་ངས་བོད་ཡིག་ཐོག་འབྲེལ་དྲྭ་ཚིགས་འདིའི་ནང་གི་ཟད་མཐའ་མེད་པའི་ཤེས་བྱར་འཇུག་ཐུབ་པའི་རེ་བ་བྱེད་བཞིན་ཡོད། དེ་དག་ནི་ང་རང་ཝེ་ཁེར་ཞུགས་པའི་རྒྱུ་མཚན་ཡིན་ལ། རང་ཉིད་ཀྱི་མཚོན་བྱེད་ཀྱང་ཡིན།

"https://bo.wikipedia.org/w/index.php?title=User_talk:Ulpalosal&oldid=46020"ལས་སླར་རྙེད་སོང།