User talk:ThubtenGyaltsen
བརྗོད་གཞི་ཁ་སྣོན།སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ངོ་སྤྲོད། ༡༩༨༢ལོར་བོད་ཤར་ཕྱོགས་སྨར་ཁམས་སྒང་སྤང་མདའ་དཔོན་གྱི་མངའ་འབངས་ལྷ་འདུས་གོ་མོ་ནང་ས་སྲུང་ཚང་གི་ཁྱིམ་རྒྱུད་དུ་སྐྱེས། རང་ལོ་བརྒྱད་ཐོག་རང་དགོན་རྒྱ་བཀག་གྲྭ་ཚང་བརྩེ་ཆེན་བཤད་སྒྲུབ་ཐེག་མཆོག་གླིང་དུ་ཆོས་སྒོར་ཞུགས་ནས་དབྱངས་གསལ་ཕྱི་མོ་འབྲི་ཀློག་སྦྱངས། རང་ལོ་བཅུ་བཞི་ཐོགས་རབ་འབྱམས་པ་སེ་དམུ་དཔལ་ལྡན་ལ་སོགས་པའི་བཤེས་གཉེན་དུ་མའི་ཞབས་རྡུལ་རེག་ནས་བརྡ་དག་དང་ནང་ཆོས་སོགས་ལ་སྦྱང་པ་ཚུགས། ཕྱི་ལོ་༢༠༠༠་ལོར་འཕགས་ཡུལ་དུ་འབྱོར་ནས་ར་ཛ་སྤུར་ས་སྐྱའི་ཆོས་སྒར་དུ་འཛུལ་ཞུགས་བྱས། ཕྱི་ལོ་༢༠༠༡་ལོར་སྐྱབས་མཆོག་༸གོང་མ་ཡབ་སྲས་རྣམ་པ་དབུ་བཞུགས་ཐོག་ཕུར་སྒྲུབ་འདོན་པ་ཆེན་པོའི་རྒྱུགས་སྤྲོད་ཕུལ་ནས་ཨང་རིམ་རྩེ་གསོན་གྱི་བྱ་དགའ་ཐོབ། ཕྱི་ལོ་༢༠༠༣་ལོ་སྤུ་རུ་ཝ་ལ་དཔལ་ས་སྐྱའི་མ་དགོན་བཤད་གྲྭར་འཛུལ་ཞུགས་བྱས་ནས་༸སྐྱབས་མཆོག་འཁོན་གདུང་སྐུ་བགྲེས་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་དབུས་པའི་བཤེས་གཉེན་མི་ཉུང་བ་ཞིག་ལས་མདོ་སྔགས་རིགས་གནས་དང་བཅས་པར་སྦྱང་པ་བགྱིས་པའི་སྐལ་བ་ཐོབ། ཕྱི་ལོ་༢༠༡༠་ནས་བཤད་གྲྭའི་དགེ་རྒན་དང་སྐྱོར་དཔོན་གྱི་ལས་འགན་ལོ་བཞིའི་རིང་ཁུར་ནས་གཞུང་ཆེན་ཁག་ལ་འཆད་ཁྲིད་བགྱིས། ཕྱི་ལོ་༢༠༡༠་ལོར་དཔལ་ས་སྐྱའི་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་སྤུ་རུ་ཝ་ལ་ས་སྐྱའི་གཞིས་ཆགས་འཛིན་སྐྱོང་སྐབས་བཅུ་བཞི་པའི་འཐུས་མིར་ཐད་སྐོས་ཀྱི་ཕྱག་རྟགས་བསྩལ་ཐོབ་བྱུང་བས་ལོ་གསུམ་རིམ་ཞབས་ཕྱིར་ཞུས། ཕྱི་ལོ་༢༠༡༥་ལོར་བཀའ་བཅུ་པ་དང་སློབ་དཔོན་གྱི་གནས་རིམ་དང་པོའིའི་ཕྱག་ཁྱེར་ཐོབ། གཞན་ཡང་དཔལ་ས་སྐྱའི་སྐྱབས་མཆོག་༸གོང་མ་བདག་ཁྲི་རིན་པོ་མཆོག་གིས་དབུས་པའི་ས་ངོར་གྱི་སྐྱེས་ཆེན་རྣམ་པའི་ཞལ་མངའ་ནས་གསུང་ངག་ལམ་འབྲས་ཀྱི་གཙོས་པའི་རྩ་ཆེའི་དབང་ལུང་མན་ངག་སོགས་ལན་མང་ཞུས། ཕྱི་ལོ་༢༠༡༤ ནས་ལོ་གཉིས་ཀྱི་རིང་སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་ཡན་ལག་ས་སྐྱའི་རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་པའི་ལས་ཀ་བྱས། ཕྱི་ལོ་༢༠༡༦ ལོར་ས་སྐྱའི་ཁོངས་ནས་སྐབས་བཅོ་དྲུག་པའི་སྤྱི་འཐུས་ལ་འོས་འདེམས་བྱུང་ནས་ད་བར་སྤྱི་འཐུས་ཀྱི་ཕྱག་ལས་གནང་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སོ།
Start a discussion with ThubtenGyaltsen
Talk pages are where people discuss how to make content on Wikipedia the best that it can be. Start a new discussion to connect and collaborate with ThubtenGyaltsen. What you say here will be public for others to see.